ཐེག་པ་མཆོག་གི་རྣལ་འབྱོར་པ་བྱ་བྲལ་ཀུན་དགའ་དཔལ་ལྡན་གྱི་རྣམ་ཐར་ངོ་མཚར་བདུད་རྩིའི་སྣང་བ།

From Khyentse Lineage - A Tsadra Foundation Project
DKR-KABUM-01-KA-004
Wylie title theg pa mchog gi rnal 'byor pa bya bral kun dga' dpal ldan gyi rnam thar ngo mtshar bdud rtsi'i snang ba DKR-KABUM-01-KA-004.pdf
Location dil mgo mkhyen brtse bka' 'bum
Volume 1, Text 4, Pages 307-314 (Folios 1a to 8a4)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Associated People ཀུན་དགའ་དཔལ་ལྡན་ (kun dga' dpal ldan)
Citation Khyentse, Dilgo. Theg pa mchog gi rnal 'byor pa bya bral kun dga' dpal ldan gyi rnam thar ngo mtshar bdud rtsi'i snang ba. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 1: 307-314. Delhi: Shechen Publications, 1994.
Genre Biographies - Hagiography - rnam thar
Lotsawa House Link https://www.lotsawahouse.org/tibetan-masters/dilgo-khyentse/biography-of-kunga-palden
Colophon

རྗེ་ཉིད་ཀྱི་སྐུ་ཚེ་རིལ་པོའི་གཟིགས་དཔེ་མཛོད་བདུན་དང་ངལ་གསོ་སྐོར་གསུམ་གྱི་ཕྱག་དཔེ་གནང་ནས་ཚད་མེད་པའི་ཐུགས་རྗེས་རྗེས་སུ་བཟུང་བས་ན་སྒྲོ་སྐུར་དང་བྲལ་བའི་རྣམ་ཐར་ཉུང་ངུ་འདིའང་མངྒ་ལ་ཤྲཱི་བྷཱུ་ཏིའི་དབེན་པའི་གནས་སུ་བྲིས་པ་འགྲོ་ཀུན་ཐེག་མཆོག་རྒྱལ་པོའི་གསེང་ལམ་ལ་འཇུག་སྟེ་དཔལ་ལྡན་བླ་མའི་རྣམ་ཐར་གྱི་རྗེས་སུ་སྙོགས་པའི་རྒྱུར་གྱུར་ཅིག

rje nyid kyi sku tshe ril po'i gzigs dpe mdzod bdun dang ngal gso skor gsum gyi phyag dpe gnang nas tshad med pa'i thugs rjes rjes su bzung bas na sgro skur dang bral ba'i rnam thar nyung ngu 'di'ang mang+ga la shrI b+hU ti'i dben pa'i gnas su bris pa 'gro kun theg mchog rgyal po'i gseng lam la 'jug ste dpal ldan bla ma'i rnam thar gyi rjes su snyogs pa'i rgyur gyur cig

[edit]
༄༅། །ཐེག་པ་མཆོག་གི་རྣལ་འབྱོར་པ་བྱ་བྲལ་ཀུན་དགའ་དཔལ་ལྡན་གྱི་རྣམ་ཐར་ངོ་མཚར་བདུད་རྩིའི་སྣང་བ་བཞུགས། ། ཀ་དག་དབྱིངས་སུ་དགོངས་པའི་བཙན་ས་ཟིན། །ལྷུན་གྲུབ་ཐུགས་རྗེའི་འབྲེལ་ཚད་མཆོག་ལ་སྦྱོར། །ཐེག་མཆོག་སྙིང་པོའི་རྣལ་འབྱོར་རྗེས་དྲན་བཞིན། །དེ་ཚུལ་རྣམ་ཐར་སྒྲོ་བསྐུར་བྲལ་བར་བྲི། །དེ་ཡང་རྗེ་བླ་མ་དམ་པ་འདི་ཉིད་ཆོས་རྒྱལ་སྡེ་དགེ་ལྷུན་གྲུབ་སྟེང་དང་ཐག་ཉེ་བར་དགའ་ཨ་མྱེ་དམ་པས་ཕྱག་བཏབ་དཔལ་ས་སྐྱའི་ཆོས་སྡེ་དགའ་ལེན་སྟེང་ཞེས་པ་དང་ཐག་ཉེ་བ་ཞིག་ཏུ་འཁྲུངས་ནས་ཆོས་སྒོར་ཞུགས་ཀྱང་ཀུན་སྤྱོད་ཤིན་ཏུ་རྩུབ་པས་རྡོ་གོང་ཞིག་པགས་པས་བཏུམས། གཡག་རྩིད་ཀྱི་ལུང་ཡོད་པ་རྐེད་པར་དྲངས་ནས་འཐབ་འཛིང་ཤ་སྟག་མཛད། དགོང་མོ་འཚོགས་གྲོལ་དུས་ཁྱིམ་དུ་ཕེབས་སྐབས་རི་དེའི་རྩེར་མཚམས་པ་གཉིས་ཀྱི་ཁང་པ་དཀར་པོ་ཆུང་ངུ་གཉིས་ཡོད་པ་ལ་ན་བུན་འཁྲིགས་ཤིང་སྤང་ལྗོངས་མཐོང་ཚེ་ང་འདི་ལྟ་བུ་བྱས་ནས་མཚམས་ལ་སྡོད་དགོས་ཡང་ཡང་དྲན། དོན་དུ་གྲྭ་སར་ཕེབས། ཀློག་སློབ་པའི་དགེ་རྒན་ཞིག་ཡོད་པ་དེའི་བསྙེན་རྒྱབ་པ་བྱས་ནས་འབྱུང་འདུལ་གྱི་མཚམས་ཞིག་བཞུགས། ཐུན་གསེང་དུ་རྗེ་བཙུན་མི་ལའི་རྣམ་ཐར་ཀློག་པས་ད་ཆོས་རྣམ་དག་སྒྲུབ་པ་ལ་བླ་མ་མཚན་ལྡན་ཞིག་བསྟེན་དགོས་པར་འདུག་སྙམ་ཡང་ཡང་དྲན། བསྙེན་རྒྱབ་དགེ་རྒན་གྱིས་མི་གཞན་གྱིས་འབྱུང་འདུལ་བསྙེན་པ་ཟླ་བ་རེས་གྲུབ་གྱི་ཡོད། ཁྱོད་རང་དཔེ་ཉོབ་ལ་ཡེངས་ནས་ཟླ་བ་གཉིས་ལའང་གྲུབ་མི་འདུག་གསུངས་བཀའ་བཀྱོན་གནང་ནའང་མི་ལའི་རྣམ་ཐར་ཀྱང་མཇལ། ཕྱག་སྟོང་བསྙེན་བཟླས་ཀྱང་གྲངས་འགྲོ་ངེས་དང་སྦྱིན་སྲེག་ཀྱང་མཛད། དེ་ནས་བླ་མ་སུ་བསྟེན་པ་བཟང་ཡང་ཡང་དྲིས་པས་དཔལ་སྤྲུལ་རིན་པོ་ཆེའི་རྣམ་ཐར་གསན་པས་དེ་མདུན་འགྲོ་མཁན་ཀྱང་འདུག་པས་འགྲོ་རྒྱུ་ཐག་བཅད། གཞན་ལ་གསང་ནས་རང་གི་མ་ལ་རྫ་ཆུ་ཁར་དཔལ་སྤྲུལ་མདུན་འགྲོ་ཚུལ་སྨྲས་པས་མིག་མཆི་མ་ཙ་རེ་བལྟ་བ་ལས་གང་ཡང་མ་ཟེར། དེ་ནས་གྲོ་ཆས་བསྣམས་ནས་བྱོན་པས་ཨ་མས་མིག་ནས་མཆི་མ་གཏོང་བཞིན་འདུག །རྫ་མ་མོའི་མཁར་མདོར་ཕེབས་པས་དཔལ་སྤྲུལ་རིན་པོ་ཆེའི་སྤྱོད་འཇུག་གསུངས་པ་བསྔོ་བའི་ལེའུ་ལ་ཐུག་པས་ཞུས། དེ་ནས་མུ་ར་མཆོག་སྤྲུལ་པདྨ་བདེ་ཆེན་བཟང་པོས་སླར་སྤྱོད་འཇུག་གསུངས་པ་ཞུས་པས་གོ་བ་བརྟན་པོ་མ་རྙེད། དགེ་མང་དབོན་པོ་ཨོ་རྒྱན་བསྟན་འཛིན་ནོར་བུའི་མདུན་ནས་བཤེས་སྤྲིང་ཞུས་པས་གོ་བ་བརྟན་པོ་རྙེད་པ་འདྲ་བྱུང་བས་ངས་བསྟེན་འོས་བླ་མ་དེ་འདི་ཡིན་སྙམ་པའི་ངེས་ཤེས་བྱུང་བས་དབང་ཁྲིད་གདམས་ངག་ཐམས་ཅད་བླ་མ་དེ་ལས་གཞན་ལ་རེ་བ་བྱེད་མ་མྱོང་གསུངས། དབོན་རིན་པོ་ཆེས་ཀྱང་ཁྱེད་རང་དཔེ་ཆ་ཞིག་ལྟོས་དང་ཤེས་ས་རེད་གསུངས། སྤྱིར་དང་པོ་ཐོས་པ་ཁོ་ན་གལ་ཆེ་གསུངས། ཐུགས་བརྩེའི་བསྐྱངས་པ་བཞིན་ལོ་ཤས་དཔེ་སྦྱོང་མཛད་ཀྱང་ཕྲན་སྒྲུབ་པ་ཉམས་ལེན་ལ་རེ་བ་ཆེ་འདུག་ཡང་ཡང་ཞུས། དེ་སྐབས་ས་སྐྱའི་ལམ་དུས་མ་ཆད་པ་དང༌། གཏོར་བསྔོས་རེ་ཡང་ཌཱ་དྲིལ་བཅས་འདོན་ཁུལ་ཡོད་གསུངས། གཞན་ཡང་ངལ་གསོ་སྐོར་གསུམ། ཀློང་ཆེན་མཛོད་བདུན། སྡོམ་གསུམ་རྣམ་ངེས། སྤྱོད་འཇུག །དབུ་མ་རྩ་ཤེར། བྱམས་ཆོས་སྐོར་དང༌། ཀློང་ཆེན་སྙིང་ཐིག་གི་རྩ་པོད་གཉིས་ཀྱི་དབང༌། བསྐྱེད་རིམ། རྩ་རླུང་འཁྲུལ་འཁོར། ཡེ་ཤེས་བླ་མ། ཚིག་གསུམ་གནད་བརྡེག་སོགས་མང་པོ་གསན་སྦྱང་བརྩོན་འགྲུས་ཆེན་པོ་མཛད། ཁྱད་པར་དུ་དབོན་རིན་པོ་ཆེ་རང་གི་སྐུ་ཚེ་གཅིག་ཏུ་ཉམས་ལེན་མཐར་ཕྱིན་པ་མཛད་པ་ཡིན་པས་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་དབང༌། ཟབ་ཁྲིད་ལུང་དང་བཅས་པ་གནང་སྟེ་གཏང་རག་གི་ཉིན་ཕྲན་གྱི་ཕ་རྒན་དིལ་མགོ་བཀྲ་ཤིས་ཚེ་རིང་ནས་ཀུན་མཁྱེན་ཀློང་ཆེན་པའི་ཞལ་ཐང་སྤུས་ལེགས་ཞིག་འབྱོར་པས་རྟེན་འབྲེལ་ཤིན་ཏུ་བཟང་གསུངས་ནས་རྗེ་བླ་མ་ཀུན་དགའ་དཔལ་ལྡན་ལ་གནང༌། ད་ནི་ཁྱོད་རང་དཔེ་ཆ་སྦྱང་བརྩོན་མི་དགོས། སྒྲུབ་པ་ཉམས་ལེན་བྱས་ནས་རི་ཁྲོད་འབའ་ཞིག་ཏུ་སོང༌། ཟས་གང་རྙེད་པ་དེ་ཟོ། གོས་གང་འབྱོར་པ་དེ་གྱོན། གཞན་དད་ཟས་གཤིན་སྐོར་གྲོང་ཆོག་དབང་བསྐུར་སོགས་གང་ཡང་མི་དགོས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དེ་མཇལ། སྒྱུ་མ་ངལ་གསོའི་དོན་ཁྲིད་གཅིག་ཞུས། གཞན་དགའ་འདི་དང་ཐག་ཉེ་སའི་རི་ཁྲོད་གཅིག་ཏུ་སྡོད་ཅེས་བཀའ་གནང་བས་སྒྱུ་མ་ངལ་གསོའི་དོན་ཁྲིད་ང་རང་གི་རྩ་བའི་བླ་མ་དབོན་རིན་པོ་ཆེས་གནང་བ་ལས་ལྷག་མེད་ཀྱང་བླ་མའི་བཀའ་རེད་པས་ཞལ་མཇལ་ཞིག་དང་རྩ་བའི་བཀའ་བཞིན་ཞུ་དགོས་དགོངས་ནས་ཕ་ཡུལ་དུ་སོང༌། དགའ་ལེན་དགོན་གྱི་གྲྭ་ཁ་ཤས་མཁྱེན་བརྩེ་རིན་པོ་ཆེའི་མདུན་མཇལ་དུ་འགྲོ་འདུག་པས་རྫོང་སར་དུ་ཕྱིན། དེ་དག་གིས་ཀྱེ་རྡོར་རྒྱུ་ལམ་གྱི་དབང༌། མཁའ་སྤྱོད་མའི་བྱིན་རླབས་དང་ཁྲིད་རྣམས་རྒྱས་པར་གསུངས། གསུང་བཤད་ཀྱི་བར་དུ་ཞལ་ཁྲིད་འཕྲོས་དོན་ལ། དེང་སང་ཚེ་འདི་བློས་བཏང་གི་བྱ་བྲལ་ཡིན་ཟེར་ང་རྒྱལ་ཅན་མང་པོ་འདུག་སྟེ་ཕྱི་ལིང་བོད་དུ་སླེབས་ནས་ཁྱོད་རང་དཀོན་མཆོག་གསུམ་སྤང་དགོས་ཟེར་ན་དེ་མ་ཐག་ཁས་ལེན་གྱི་རེད། ང་རྣམ་གཡེང་འདུ་འཛིའི་ངང་བསྡད་ཡོད་དེ་ངའི་སྐེ་དེ་གོ་ཐེམ་སྟེང་བཞག་ནས་སྟ་རེ་ཞིག་ཁུར་ཏེ་ཁྱོད་ཀྱིས་དཀོན་མཆོག་གསུམ་མ་སྤངས་ན་སྐེ་སྟ་རེས་གཅོད་ཟེར་ན་དཀོན་མཆོག་གསུམ་ཁ་ཙམ་གྱིས་ཀྱང་མི་སྤང༌། ཁྱེད་རང་སྐེ་ཆོད་ཅེས་དགའ་བཞིན་ཁས་ལེན་གྱི་རེད། དེང་སང་ཆོས་པ་རྣམས་སྐད་གྲགས་ཆེན་པོ་ལས་སྙིང་པོ་གང་ཡང་མེད། གྲོགས་གཞན་རྣམས་འགྲོ་ཁར་ལམ་དུས་ཆག་མེད། མཁའ་སྤྱོད་གཞི་བསྙེན་སོགས་ཁས་ལེན་མང་པོ་ཞུས་སོང༌། ཁོང་གིས་ངས་སྔོན་ཆད་ལམ་དུས། གཏོར་བསྔོས་སོགས་ཆག་མེད་བྱེད་ཀྱི་ཡོད་དེ་ད་ཆད་ནས་ལོ་མང་དུ་སོང༌། རི་ཁྲོད་གཅིག་ཏུ་བླ་མ་ཡང་ཏིག་ཉམས་ལེན་བྱེད་རྒྱུ་ཁས་ལེན་པ་ཡིན་ཞུས་པས། ཨ་ཁ་ཁ། ངས་ཁྱེད་ལ་ཀྱེ་རྡོར་དང་མཁའ་སྤྱོད་དབང་ཁྲིད་འདོན་ཉེས་ཁུར། ས་ལོག་གསུངས་ནས་ཞལ་འགྲམ་འཐེན་པར་མཛད། ཡང་ན་ངས་ཨཥྚ་གཅོད་རོག་དང༌། ཨོཾ་གསུམ་མ་སུམ་ཅུ་རྩ་གསུམ་རེ་ཉིན་བཞིན་མ་ཆད་པ་འདོན་རྒྱུ་ཁས་ལེན་ཞུས་པས་ཁྱོད་རང་ཅི་དགའ་གྱིས་གསུངས་པ་དེ་ནས་ཨཥྚ་དང་མཁའ་སྤྱོད་བསྙེན་པ་མ་ཆད་པར་གསུང་གི་ཡིན་གསུངས། སྒྱུ་མ་ངལ་གསོའི་དོན་ཁྲིད་དཔེ་ཕུལ་ཏེ་ཁྲིད་ལུང་ཞུས་པས་ཁྱོད་རང་གི་རྩ་བའི་བླ་མའི་མདུན་ནས་ཞུས་དང་ཆོག་རེད། སྒྱུ་མ་ངལ་གསོའི་ཁྲིད་ངས་ལྟ་མི་ཤེས་གསུངས་ཏེ་གཏན་ནས་གསུང་མ་མཛད་གསུངས། དེ་ནས་རི་ཁྲོད་དབེན་པ་རྣམ་གཡེང་འདུ་འཛི་མེད་པ་ཁོ་ནར་བཞུགས། བླ་མ་ཡང་ཏིག་གི་དབང་ཁྲིད་གསན་ནས་བླ་མའི་རིམ་པ་དངོས་གྲུབ་རྒྱ་མཚོའི་བླ་མའི་རྣལ་འབྱོར་དང༌། སྙན་བརྒྱུད་ཆུང་ངུ་ཡེ་ཤེས་རང་སྣང་གི་བླ་མའི་རྣལ་འབྱོར་མ་ཆད་ཉམས་ལེན་མཛད་དེ། སྤྲོས་མེད་ནང་གི་རྣལ་འབྱོར་འབའ་ཞིག་ཉམས་ལེན་མཛད། ཡར་མར་གྱི་ཚེས་བཅུའི་ཚོགས་མཆོད་རྒྱས་པ་གནང༌། ན་བཟའ་གསོལ་ཆས་རིན་ཐང་ཅན་གང་ཕུལ་བ་དེ་བཞེས། བསྔོ་རྟེན་དང་སྐྱབས་འཇུག་ཆེ་ཕྲ་གང་ཡོད་ཀྱིས་མདོ་སྡེ་མཛངས་བླུན། ལས་བརྒྱ་པ་སོགས་ཤིང་སྤར་བསྐོས་ནས་རྫོགས་ཆེན་སོགས་སྤར་ཁང་དུ་བཞག །རི་རྒྱ་ཀླུང་རྒྱ་སོགས་ཐབས་སྣ་ཚོགས་ཀྱིས་རི་དྭགས་དང་བྱ་རིགས་བྱམས་པས་བསྐྱངས། གནའ་བ་སོགས་ལ་སྟེར་རྒྱུའི་ཚྭ་མང་པོ་བཞེས་ནས་རི་དྭགས་ལ་སྟེར་བས་རི་དྭགས་རྣམས་སྒོ་ནོར་བཞིན་དུ་བསྐྱངས། སློབ་མ་ཡོད་པ་ཐམས་ཅད་རྒྱང་གྲགས་དང་དཔག་ཚད་ཙམ་དུ་བསམ་གཏན་གྱི་སྤྱིལ་བུ་ལ་ངག་བཅད་དང་སྤྲོས་མེད་ཀྱི་ཉམས་ལེན་ཁོ་ནས་སྡོད་དུ་བཅུག །རྙེད་བཀུར་བསྡུ་བ་དང་དད་ཟས་བསོག་འཇོག་མེད་པར་གྱིས་གསུང༌། བླ་མ་ཡང་ཏིག་དང་མཛོད་བདུན་ཀློང་སྙིང་སྐོར་ཙམ་ལས་དཔེ་ཆ་མང་པོ་མ་ཉར་གསུང༌། མཆོད་ཆས་ཌཱ་དྲིལ་ཙམ་ཡང་མེད། ཚོགས་རྫས་ལའང་བཟའ་བཅའ་བཏུང་བ་ཞིམ་མངར་མང་པོ་བསགས་ནས་བྱ་རི་དྭགས་དབུལ་པོ་ལ་སོགས་ལ་ཕངས་མེད་དུ་སྟེར། སྐྱེ་བོ་ཕལ་པ་མང་དུ་འདུ་སྐབས་ལས་རྒྱུ་འབྲས། སྐྱབས་སེམས། བདེ་བ་ཅན་གྱི་རྒྱུ་བཞི་སོགས་གོ་སླ་གནད་འདུས་རེ་གསུངས་ནས་དགེ་སྦྱོར་ལ་བསྐུལ། བར་ལམ་ཞིག་ཏུ་རྩ་དཀར་གྱི་སྙུན་གཞི་བཞེས་པས་འོ་བརྒྱལ་བྱུང་ཡང་བླ་མ་ཡང་ཏིག་གི་རྟེན་ལུས་ཀྱི་གེགས་སེལ་འབའ་ཞིག་ཉམས་ལེན་མཛད་པ་ལས་སྨན་བཅོས་སོགས་གང་ཡང་མ་གནང་ཡང་སྙུན་ལས་གྲོལ། བླ་མ་ལ་གསོལ་བ་བཏབས་པས་ཡིད་དང་མཐུན་པའི་རི་ཁྲོད་གང་དུ་བསྡད་ཀྱང་འཚོ་བ་སོགས་རང་བཞིན་གྱིས་འབྱུང་ཞིང༌། ཆུ་མེད་པ་རྣམས་ལའང་འདིར་ཆུ་འབྱུང་སྨྲས་ས་ལ་ཡང་བརྐོས་པས་ཆུ་བབ་འོང་གསུངས། ངའི་རིགས་ལ་ཚེ་རིང་པོ་སྡོད་སྲོལ་མེད་ཀྱང་བླ་མ་ཡིད་བཞིན་ནོར་བུའི་ཚེ་སྒྲུབ་བྱས་པས་བགྲང་བྱ་བདུན་ཅུ་ལྷག་ཙམ་བཞུགས། ཚེ་སྒྲུབ་འདིའི་སྐབས་རླུང་སྙིང་གར་བཟུང་དགོས་པ་དེ་ལྟར་བྱས་ཀྱང་སྲོག་རླུང་གི་གེགས་སོགས་འོང་མི་སྲིད། ཕྱག་ལས་གང་གནང་ཀྱང་རྩ་བའི་བླ་མ་དབོན་པོ་ལ་གསོལ་བ་བཏབ་ནས་ཐག་བཅད་པ་ལས་མོ་རྩིས་དང་གཟའ་སྐར་སོགས་གང་ཡང་མི་དགོས་གསུངས། དགའ་ལེན་སྟེང་དུ་སྡེ་དགེ་ཁང་གསར་གཉེར་པ་ཞེས་པའི་དཔོན་ཆེན་པོ་ཞིག་གི་རྫོང་ཕྱིས་སུ་སྟོང་པར་སོང་བ་ཞིག་ཡོད་པ་དེའི་སྦུགས་སུ་འོད་སྣང་གཏན་ནས་མེད་པའི་ཁང་པའི་ནང་བླ་མ་ཡང་ཏིག་གི་མུན་མཚམས་ཞག་བརྒྱ་ཞིག་བཞུགས་པས། དང་པོའི་སྣང་བ་ལ་གཡང་ས་ཆེན་པོ་སྟེང་འོག་གཉིས་ཀར་མུན་པ་འཁྲིགས་ནས་མཐའ་མི་མངོན་པའི་དཀྱིལ་དེར་རྡོ་རྐང་པ་གཉིས་བཞག་ལོ་ཙམ་ལ་རང་ཙོག་པུར་བསྡད། གཡས་གཡོན་དུ་རླུང་དྲག་པོ་རེ་ཕྱུ་རུ་རུ་འོང་དུས་རྩ་འཇག་ཐམས་ཅད་ཤུགས་སྒྲ་བཅས་ལྡེམ་ལྡེམ་དུ་བསྐྱོད་པ། ཕྱེ་ཞིག་པགས་གཡོས་ཏེ་ཟོས་ནས་ཕོར་པའི་ཁ་ནས་སྐྱ་ཐ་ལ་ལ་འཐོར་བའི་སྣང་བས་རང་མལ་དུ་ལྷོད་དེ་བསྡད་ཡོད་ཀྱང་འཇིགས་སྣང་དེས་གཏན་ནས་བག་མི་ཕེབས་པ་དང༌། ཡང་གཡང་ས་དེར་བསྡད་མུར་ཆར་སྤྲིན་ནག་པོ་དང༌། སེར་ནག་གཉིས་འཁྲིགས་པས་སྒྱུ་ལུས་སྟོད་སྨད་སོ་སོར་བཟུང་ནས་འུར་སྒྲ་དྲག་པོ་བཅས་བར་སྣང་དུ་བསྐྱོད་མ་ཐག་བླ་མ་དང་ཐུགས་ཡིད་བསྲེས་ཏེ་ཡོད་པ་དྲན་མ་ཐག་བདེ་ལིང་གིས་འགྲོ་འདུག་པའི་སྔངས་སྐྲག་ཡང་ཡང་བྱུང་ཡང་མཚར་སྣང་ཤར་བ་དང༌། ཡང་དག་མ་དག་པའི་སྣང་ཞིང་གི་བཀོད་པ་མང་པོ་ཤར་སྐབས་ཐིག་ལེ་ཆེ་ཆུང་སེན་ཟླུམ་ཙམ་གྱི་ནང་འགྲོ་བ་རིགས་དྲུག་ཐམས་ཅད་བདེ་སྡུག་བཀོད་པ་མ་འདྲེས་གསལ་རྫོགས་སུ་ཤར་ནས་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་དང་མཛད་པ་གསུངས་པ་དེ་འདི་འདྲ་མིན་སྙམ་སྟེ་ཡིད་ཆེས་ཀྱི་དད་པ་ཡང་ཡང་སྐྱེ་བ་བྱུང༌། ཕྱིས་མུན་མཚམས་གྲོལ་ནས་ཐོད་རྒལ་གྱི་སྣང་ཆ་དེ་ལ་བོགས་ཐོན་བསམ་པ་བྱུང་སྟེ་དེ་ཡང་བོགས་འདོན་འདྲ་བྱུང་མི་འདུག་གསུངས། མུན་མཚམས་ཀྱི་སྣང་བ་འདི་དག་ཁོ་བོ་ལ་བླ་མ་ཡང་ཏིག་གི་སྨིན་ཁྲིད་སྐབས་མུན་པའི་རྣལ་འབྱོར་དུས་ཞལ་འཕྲོས་སུ་གསུངས། མུན་སྣང་འཆར་ཚུལ་འདི་བཤད་ན་རྗེས་སུ་མུན་པའི་རྣལ་འབྱོར་ཉམས་ལེན་བྱེད་དུས་རྒྱུས་ཡོད་གྱུར་པས་ཕན་ཐོག་རྙེད་ནས་ཞུས་པ་ཡིན་གསུངས། རྫོགས་ཆེན་མཁན་ལྷ་རྒྱལ་དང༌། རང་སློབ་གང་དགེ་རྣམས་ཁང་པ་དེར་ཞག་བརྒྱ་རེ་ཉམས་ལེན་བྱས་སོང་ཀྱང་ཁོང་རྣམས་ལ་ནི་རྩུབ་ཉམས་དེ་འདྲ་ཤར་མི་འདུག་པས་སྤྱིར་གང་ཟག་གི་རྩ་རླུང་ཐིག་ལེའི་ཁྱད་པར་ཡིན་འདྲ་གསུངས། བླ་མ་ཡང་ཏིག་ཡིད་བཞིན་ནོར་བུ་ཞེས་ཟབ་ཁྲིད་ཀྱི་སྐབས་སུ་བྱིན་རླབས་ཆེ་བའི་བསྔགས་བརྗོད་ཀྱང་གསུངས། རྗེ་རང་གི་སློབ་མ་རི་ཁྲོད་དུ་སྒྲུབ་པ་བརྩོན་པ་རྣམས་ལའང་སྤྱིར་ཐོས་པ་མེད་ན་བསམ་པ་དང་སྒོམ་པ་ཡང་དག་མི་འབྱུང༌། ཁྱད་པར་དབུ་མ་རྩ་ཤེས་རེ་མ་བལྟས་ན་ཁྲེགས་ཆོད་ཡེ་བབ་སོར་བཞག་གི་གོ་བ་ཤེས་མ་རེད་པས་རྩ་ཤེས་རེ་བལྟ་བ་གལ་ཆེ་གསུངས། ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེས་མདོ་སྔགས་ཀྱི་གཞུང་གསུངས་ཀྱང་སྐབས་དེ་ལས་ཕྱག་དཔེ་ཐུགས་ཉར་གཏན་ནས་གནང་སྲོལ་མེད་ཀྱང་བླ་མ་ཡང་ཏིག་པོད་༡ཕྱིས་དགུང་གྲངས་བརྒྱད་ཅུ་མ་བཞེས་པར་འབྲལ་སྤང་མཛད་པ་རེད། ཁོ་བོས་ཀྱང་བླ་མ་རྗེ་དབོན་རིན་པོ་ཆེ་ལས་དབང་ཁྲིད་ཐོབ་ནས་ད་ལྟའི་ཉམས་ལེན་ཅི་ནུས་སུ་བྱས་ཤིང་ཉམས་རྟོགས་ལྟ་སྒོམ་གྱི་གདིང་ཏིལ་འབྲུ་ཙམ་མེད་ཀྱང་གདམས་ངག་འདིས་བསླུ་འོང་སྙམ་པའི་རྣམ་རྟོག་ཞིག་ཤར་མ་མྱོང་གསུངས་པ་ཙམ་ལས་ས་ལམ་གྱི་དྲོད་རྟགས་ཐུགས་ལ་འཁྲུངས་ཚུལ་སློབ་མ་སུ་ལའང་མི་གསུང༌། རྗེ་རང་གི་མཆེད་གྲོགས་རྫ་རྒྱལ་དགོན་གྱི་མཁན་པོ་སྤྲེལ་ལོས་བླ་མ་ཡང་ཏིག་གི་བཀའ་སྲུང་དམ་ཅན་གྱི་གསང་སྒྲུབ་སྙིང་གི་དུམ་བུ་ལ་བསྙེན་པ་ཞིག་བཏང་བས་བསྙེན་བཀུར་འདུ་བ་ཤིན་ཏུ་མང་པོ་ཞིག་བྱུང་བས་སྲུང་མའི་སྡོང་གྲོགས་སུ་ཤེས་པས་དམ་ཅན་ལ་དཔང་བཅོལ་སྟེ་ངས་ཁྱེད་ཚེ་འདིའི་ཆེད་དུ་སྒྲུབ་པ་མིན། མཆོག་གི་དངོས་གྲུབ་ཀྱི་དོན་དུ་སྒྲུབ་པ་ཡིན་ཞེས་ལན་གསུམ་གསུངས་པས་འདུ་བ་ཡང་ཉུང་དུ་སོང་གསུངས། ཁོ་བོ་རི་ཁྲོད་དང་པོ་གཅིག་པུར་སྡོད་པའི་སྐབས་སུ་ང་ལ་ངོ་འཕྲད་མི་དགོས་པ། ཉིན་མཚན་ཀུན་ཏུ་ཆོས་ལས་བྱེད་རྒྱུ་མེད་པ་སྐྱིད་པོ་ཞིག་ཡོད་ཀྱང༌། བླ་མ་ཀུན་དགའ་དཔལ་ལྡན་ཞེས་པའི་མིང་ཞིག་ཐོག་སོང་ནས་མི་མང་གི་འདུ་བ། ཆོས་ཀྱི་འབྲེལ་པ་སོགས་བྱ་བྱེད་མང་པོ་ཞིག་གིས་གུ་ཡངས་སུ་གཏན་ནས་སྡོད་དུ་མི་སྟེར་བ་འདི་བྱུང་གསུངས། མཁན་ཆེན་གཞན་དགའ་རིན་པོ་ཆེས་ངའི་མི་ཚེ་རིལ་པོར་མདོ་སྔགས་ཀྱི་བཤད་པ་བྱས་པ་རེད་ཀྱང་ཀུན་དགའ་དཔལ་ལྡན་ནས་ལྟ་སྒོམ་གྱི་ཟབ་གནད་རེ་དྲི་འོང་དུས་ལན་དེ་མ་ཐག་འདེབས་རྒྱུ་མེད་པ་བསམ་མནོ་གཏང་དགོས་པ་བྱེད་ཀྱི་འདུག་པ་སྒོམ་པའི་ཤེས་རབ་ཀློང་བརྡོལ་བ་འདྲ་གསུངས། འཇམ་མགོན་རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་ངས་བླ་མ་ཀུན་དགའ་དཔལ་ལྡན་མདུན་ནས་བླ་མ་ཡང་ཏིག་གཉིས་ཀའི་ཡང་ཡིག་གི་ཁྲིད་ལུང་ཞིག་ཞུས་པས་ཉམས་ལེན་གྱི་ཟབ་གནད་ཁྱད་པར་ཅན་མང་པོ་གསུང་རྒྱུ་འདུག་གསུངས། སྐུ་ཚེའི་སྨད་ཟིལ་ཁྲོམ་གངས་ཀྱི་ར་བའི་མདུན་གནས་ཕུ་ཞེས་པའི་རི་ཁྲོད་དུ་བཞུགས་སྟན་ཆགས་ཤིང༌། དཔལ་སྤུངས་སི་ཏུ་པདྨ་དབང་མཆོག་གིས་ཀྱང་བསྟེན་པར་མཛད། ཕྱིས་གྲུབ་དབང་རྫོགས་ཆེན་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་ཐུགས་བརྩེ་ཆེན་པོའི་བསྐྱངས་ཏེ། དགོན་ཕུ་ཚེ་རིང་ལྗོངས་སུ་བཞུགས་ཏེ་རྫོགས་ཆེན་མཁན་སྤྲུལ་ཕལ་མོ་ཆེ་ལ་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུ་གཙོ་བོར་གྱུར་པའི་ཐེག་མཆོག་སྙིང་པོའི་སྨིན་གྲོལ་གྱི་ཆོས་འཁོར་རྒྱུན་མི་ཆད་པ་བསྐོར་ཞིང་སྐུ་ཚེའི་འདུ་བྱེད་ཀྱང་དེར་རྫོགས་པར་གནང་ཞིང༌། གདུང་རུས་ལས་རིང་བསྲེལ་བྱུང་བ་སོགས་ངོ་མཚར་བའི་ལྟས་ཀྱང་གྱུར། དེ་ལྟ་བུའི་བླ་མ་དམ་པ་དེའི་ཁོ་བོ་ལོ་བཅུ་གཅིག་ལོན་དུས་རྐང་པ་ཞུགས་ཀྱིས་ཚིག་སྟེ་འཆི་ཉེ་བྱུང་བ་ན་ཁྲུས་དང་དགེ་བསྙེན་གྱི་སྡོམ་པ་གནང་ཞིང༌། ཚེ་སྒྲུབ་ཟླ་བ་གཅིག་ཏུ་གསུངས། ཁྱད་པར་བླ་མའི་རིམ་པ་དངོས་གྲུབ་རྒྱ་མཚོ་ནས་དབུ་བརྩམས་ཁ་བྱང་བར་ཡང་ཏིག་ཡིད་བཞིན་ནོར་བུ་ཞིབ་རྒྱས་སུ་བཤད་པ་གནང་བཞིན་དང༌། ཀློང་ཆེན་སྙིང་ཐིག་རྩ་རླུང་འཁྲུལ་འཁོར་གྱི་ལག་ཁྲིད་བཅས་ཞུས་ཤིང༌། ཁྱེད་ཀྱང་སྤྱིར་མཛད་པའི་གཙོ་བོ་སྒྲུབ་པ་ཉམས་ལེན་གྱིས། ཞར་བྱུང་ཆོས་འདོད་མཁན་ལ་ཡང་ཆོས་ཁྲིད་རེ་བར་མ་ཆད་པ་གནང་གསུངས། རྗེ་ཉིད་ཀྱི་སྐུ་ཚེ་རིལ་པོའི་གཟིགས་དཔེ་མཛོད་བདུན་དང་ངལ་གསོ་སྐོར་གསུམ་གྱི་ཕྱག་དཔེ་གནང་ནས་ཚད་མེད་པའི་ཐུགས་རྗེས་རྗེས་སུ་བཟུང་བས་ན་སྒྲོ་སྐུར་དང་བྲལ་བའི་རྣམ་ཐར་ཉུང་ངུ་འདིའང་མངྒ་ལ་ཤྲཱི་བྷཱུ་ཏིའི་དབེན་པའི་གནས་སུ་བྲིས་པ་འགྲོ་ཀུན་ཐེག་མཆོག་རྒྱལ་པོའི་གསེང་ལམ་ལ་འཇུག་སྟེ་དཔལ་ལྡན་བླ་མའི་རྣམ་ཐར་གྱི་རྗེས་སུ་སྙོགས་པའི་རྒྱུར་གྱུར་ཅིག །
[edit]

@#/_/theg pa mchog gi rnal 'byor pa bya bral kun dga' dpal ldan gyi rnam thar ngo mtshar bdud rtsi'i snang ba bzhugs/_/ ka dag dbyings su dgongs pa'i btsan sa zin/_/lhun grub thugs rje'i 'brel tshad mchog la sbyor/_/theg mchog snying po'i rnal 'byor rjes dran bzhin/_/de tshul rnam thar sgro bskur bral bar bri/_/de yang rje bla ma dam pa 'di nyid chos rgyal sde dge lhun grub steng dang thag nye bar dga' a mye dam pas phyag btab dpal sa skya'i chos sde dga' len steng zhes pa dang thag nye ba zhig tu 'khrungs nas chos sgor zhugs kyang kun spyod shin tu rtsub pas rdo gong zhig pags pas btums/_g.yag rtsid kyi lung yod pa rked par drangs nas 'thab 'dzing sha stag mdzad/_dgong mo 'tshogs grol dus khyim du phebs skabs ri de'i rtser mtshams pa gnyis kyi khang pa dkar po chung ngu gnyis yod pa la na bun 'khrigs shing spang ljongs mthong tshe nga 'di lta bu byas nas mtshams la sdod dgos yang yang dran/_don du grwa sar phebs/_klog slob pa'i dge rgan zhig yod pa de'i bsnyen rgyab pa byas nas 'byung 'dul gyi mtshams zhig bzhugs/_thun gseng du rje btsun mi la'i rnam thar klog pas da chos rnam dag sgrub pa la bla ma mtshan ldan zhig bsten dgos par 'dug snyam yang yang dran/_bsnyen rgyab dge rgan gyis mi gzhan gyis 'byung 'dul bsnyen pa zla ba res grub gyi yod/_khyod rang dpe nyob la yengs nas zla ba gnyis la'ang grub mi 'dug gsungs bka' bkyon gnang na'ang mi la'i rnam thar kyang mjal/_phyag stong bsnyen bzlas kyang grangs 'gro nges dang sbyin sreg kyang mdzad/_de nas bla ma su bsten pa bzang yang yang dris pas dpal sprul rin po che'i rnam thar gsan pas de mdun 'gro mkhan kyang 'dug pas 'gro rgyu thag bcad/_gzhan la gsang nas rang gi ma la rdza chu khar dpal sprul mdun 'gro tshul smras pas mig mchi ma tsa re blta ba las gang yang ma zer/_de nas gro chas bsnams nas byon pas a mas mig nas mchi ma gtong bzhin 'dug_/rdza ma mo'i mkhar mdor phebs pas dpal sprul rin po che'i spyod 'jug gsungs pa bsngo ba'i le'u la thug pas zhus/_de nas mu ra mchog sprul pad+ma bde chen bzang pos slar spyod 'jug gsungs pa zhus pas go ba brtan po ma rnyed/_dge mang dbon po o rgyan bstan 'dzin nor bu'i mdun nas bshes spring zhus pas go ba brtan po rnyed pa 'dra byung bas ngas bsten 'os bla ma de 'di yin snyam pa'i nges shes byung bas dbang khrid gdams ngag thams cad bla ma de las gzhan la re ba byed ma myong gsungs/_dbon rin po ches kyang khyed rang dpe cha zhig ltos dang shes sa red gsungs/_spyir dang po thos pa kho na gal che gsungs/_thugs brtse'i bskyangs pa bzhin lo shas dpe sbyong mdzad kyang phran sgrub pa nyams len la re ba che 'dug yang yang zhus/_de skabs sa skya'i lam dus ma chad pa dang*/_gtor bsngos re yang DA dril bcas 'don khul yod gsungs/_gzhan yang ngal gso skor gsum/_klong chen mdzod bdun/_sdom gsum rnam nges/_spyod 'jug_/dbu ma rtsa sher/_byams chos skor dang*/_klong chen snying thig gi rtsa pod gnyis kyi dbang*/_bskyed rim/_rtsa rlung 'khrul 'khor/_ye shes bla ma/_tshig gsum gnad brdeg sogs mang po gsan sbyang brtson 'grus chen po mdzad/_khyad par du dbon rin po che rang gi sku tshe gcig tu nyams len mthar phyin pa mdzad pa yin pas bla ma yang tig yid bzhin nor bu'i dbang*/_zab khrid lung dang bcas pa gnang ste gtang rag gi nyin phran gyi pha rgan dil mgo bkra shis tshe ring nas kun mkhyen klong chen pa'i zhal thang spus legs zhig 'byor pas rten 'brel shin tu bzang gsungs nas rje bla ma kun dga' dpal ldan la gnang*/_da ni khyod rang dpe cha sbyang brtson mi dgos/_sgrub pa nyams len byas nas ri khrod 'ba' zhig tu song*/_zas gang rnyed pa de zo/_gos gang 'byor pa de gyon/_gzhan dad zas gshin skor grong chog dbang bskur sogs gang yang mi dgos/_'jam dbyangs mkhyen brtse'i dbang po de mjal/_sgyu ma ngal gso'i don khrid gcig zhus/_gzhan dga' 'di dang thag nye sa'i ri khrod gcig tu sdod ces bka' gnang bas sgyu ma ngal gso'i don khrid nga rang gi rtsa ba'i bla ma dbon rin po ches gnang ba las lhag med kyang bla ma'i bka' red pas zhal mjal zhig dang rtsa ba'i bka' bzhin zhu dgos dgongs nas pha yul du song*/_dga' len dgon gyi grwa kha shas mkhyen brtse rin po che'i mdun mjal du 'gro 'dug pas rdzong sar du phyin/_de dag gis kye rdor rgyu lam gyi dbang*/_mkha' spyod ma'i byin rlabs dang khrid rnams rgyas par gsungs/_gsung bshad kyi bar du zhal khrid 'phros don la/_deng sang tshe 'di blos btang gi bya bral yin zer nga rgyal can mang po 'dug ste phyi ling bod du slebs nas khyod rang dkon mchog gsum spang dgos zer na de ma thag khas len gyi red/_nga rnam g.yeng 'du 'dzi'i ngang bsdad yod de nga'i ske de go them steng bzhag nas sta re zhig khur te khyod kyis dkon mchog gsum ma spangs na ske sta res gcod zer na dkon mchog gsum kha tsam gyis kyang mi spang*/_khyed rang ske chod ces dga' bzhin khas len gyi red/_deng sang chos pa rnams skad grags chen po las snying po gang yang med/_grogs gzhan rnams 'gro khar lam dus chag med/_mkha' spyod gzhi bsnyen sogs khas len mang po zhus song*/_khong gis ngas sngon chad lam dus/_gtor bsngos sogs chag med byed kyi yod de da chad nas lo mang du song*/_ri khrod gcig tu bla ma yang tig nyams len byed rgyu khas len pa yin zhus pas/_a kha kha/_ngas khyed la kye rdor dang mkha' spyod dbang khrid 'don nyes khur/_sa log gsungs nas zhal 'gram 'then par mdzad/_yang na ngas aSh+Ta gcod rog dang*/_oM gsum ma sum cu rtsa gsum re nyin bzhin ma chad pa 'don rgyu khas len zhus pas khyod rang ci dga' gyis gsungs pa de nas aSh+Ta dang mkha' spyod bsnyen pa ma chad par gsung gi yin gsungs/_sgyu ma ngal gso'i don khrid dpe phul te khrid lung zhus pas khyod rang gi rtsa ba'i bla ma'i mdun nas zhus dang chog red/_sgyu ma ngal gso'i khrid ngas lta mi shes gsungs te gtan nas gsung ma mdzad gsungs/_de nas ri khrod dben pa rnam g.yeng 'du 'dzi med pa kho nar bzhugs/_bla ma yang tig gi dbang khrid gsan nas bla ma'i rim pa dngos grub rgya mtsho'i bla ma'i rnal 'byor dang*/_snyan brgyud chung ngu ye shes rang snang gi bla ma'i rnal 'byor ma chad nyams len mdzad de/_spros med nang gi rnal 'byor 'ba' zhig nyams len mdzad/_yar mar gyi tshes bcu'i tshogs mchod rgyas pa gnang*/_na bza' gsol chas rin thang can gang phul ba de bzhes/_bsngo rten dang skyabs 'jug che phra gang yod kyis mdo sde mdzangs blun/_las brgya pa sogs shing spar bskos nas rdzogs chen sogs spar khang du bzhag_/ri rgya klung rgya sogs thabs sna tshogs kyis ri dwags dang bya rigs byams pas bskyangs/_gna' ba sogs la ster rgyu'i tshwa mang po bzhes nas ri dwags la ster bas ri dwags rnams sgo nor bzhin du bskyangs/_slob ma yod pa thams cad rgyang grags dang dpag tshad tsam du bsam gtan gyi spyil bu la ngag bcad dang spros med kyi nyams len kho nas sdod du bcug_/rnyed bkur bsdu ba dang dad zas bsog 'jog med par gyis gsung*/_bla ma yang tig dang mdzod bdun klong snying skor tsam las dpe cha mang po ma nyar gsung*/_mchod chas DA dril tsam yang med/_tshogs rdzas la'ang bza' bca' btung ba zhim mngar mang po bsags nas bya ri dwags dbul po la sogs la phangs med du ster/_skye bo phal pa mang du 'du skabs las rgyu 'bras/_skyabs sems/_bde ba can gyi rgyu bzhi sogs go sla gnad 'dus re gsungs nas dge sbyor la bskul/_bar lam zhig tu rtsa dkar gyi snyun gzhi bzhes pas 'o brgyal byung yang bla ma yang tig gi rten lus kyi gegs sel 'ba' zhig nyams len mdzad pa las sman bcos sogs gang yang ma gnang yang snyun las grol/_bla ma la gsol ba btabs pas yid dang mthun pa'i ri khrod gang du bsdad kyang 'tsho ba sogs rang bzhin gyis 'byung zhing*/_chu med pa rnams la'ang 'dir chu 'byung smras sa la yang brkos pas chu bab 'ong gsungs/_nga'i rigs la tshe ring po sdod srol med kyang bla ma yid bzhin nor bu'i tshe sgrub byas pas bgrang bya bdun cu lhag tsam bzhugs/_tshe sgrub 'di'i skabs rlung snying gar bzung dgos pa de ltar byas kyang srog rlung gi gegs sogs 'ong mi srid/_phyag las gang gnang kyang rtsa ba'i bla ma dbon po la gsol ba btab nas thag bcad pa las mo rtsis dang gza' skar sogs gang yang mi dgos gsungs/_dga' len steng du sde dge khang gsar gnyer pa zhes pa'i dpon chen po zhig gi rdzong phyis su stong par song ba zhig yod pa de'i sbugs su 'od snang gtan nas med pa'i khang pa'i nang bla ma yang tig gi mun mtshams zhag brgya zhig bzhugs pas/_dang po'i snang ba la g.yang sa chen po steng 'og gnyis kar mun pa 'khrigs nas mtha' mi mngon pa'i dkyil der rdo rkang pa gnyis bzhag lo tsam la rang tsog pur bsdad/_g.yas g.yon du rlung drag po re phyu ru ru 'ong dus rtsa 'jag thams cad shugs sgra bcas ldem ldem du bskyod pa/_phye zhig pags g.yos te zos nas phor pa'i kha nas skya tha la la 'thor ba'i snang bas rang mal du lhod de bsdad yod kyang 'jigs snang des gtan nas bag mi phebs pa dang*/_yang g.yang sa der bsdad mur char sprin nag po dang*/_ser nag gnyis 'khrigs pas sgyu lus stod smad so sor bzung nas 'ur sgra drag po bcas bar snang du bskyod ma thag bla ma dang thugs yid bsres te yod pa dran ma thag bde ling gis 'gro 'dug pa'i sngangs skrag yang yang byung yang mtshar snang shar ba dang*/_yang dag ma dag pa'i snang zhing gi bkod pa mang po shar skabs thig le che chung sen zlum tsam gyi nang 'gro ba rigs drug thams cad bde sdug bkod pa ma 'dres gsal rdzogs su shar nas rdul gcig gi steng na rdul snyed kyi sangs rgyas kyi zhing dang mdzad pa gsungs pa de 'di 'dra min snyam ste yid ches kyi dad pa yang yang skye ba byung*/_phyis mun mtshams grol nas thod rgal gyi snang cha de la bogs thon bsam pa byung ste de yang bogs 'don 'dra byung mi 'dug gsungs/_mun mtshams kyi snang ba 'di dag kho bo la bla ma yang tig gi smin khrid skabs mun pa'i rnal 'byor dus zhal 'phros su gsungs/_mun snang 'char tshul 'di bshad na rjes su mun pa'i rnal 'byor nyams len byed dus rgyus yod gyur pas phan thog rnyed nas zhus pa yin gsungs/_rdzogs chen mkhan lha rgyal dang*/_rang slob gang dge rnams khang pa der zhag brgya re nyams len byas song kyang khong rnams la ni rtsub nyams de 'dra shar mi 'dug pas spyir gang zag gi rtsa rlung thig le'i khyad par yin 'dra gsungs/_bla ma yang tig yid bzhin nor bu zhes zab khrid kyi skabs su byin rlabs che ba'i bsngags brjod kyang gsungs/_rje rang gi slob ma ri khrod du sgrub pa brtson pa rnams la'ang spyir thos pa med na bsam pa dang sgom pa yang dag mi 'byung*/_khyad par dbu ma rtsa shes re ma bltas na khregs chod ye bab sor bzhag gi go ba shes ma red pas rtsa shes re blta ba gal che gsungs/_chos rje dpal sprul rin po ches mdo sngags kyi gzhung gsungs kyang skabs de las phyag dpe thugs nyar gtan nas gnang srol med kyang bla ma yang tig pod 1phyis dgung grangs brgyad cu ma bzhes par 'bral spang mdzad pa red/_kho bos kyang bla ma rje dbon rin po che las dbang khrid thob nas da lta'i nyams len ci nus su byas shing nyams rtogs lta sgom gyi gding til 'bru tsam med kyang gdams ngag 'dis bslu 'ong snyam pa'i rnam rtog zhig shar ma myong gsungs pa tsam las sa lam gyi drod rtags thugs la 'khrungs tshul slob ma su la'ang mi gsung*/_rje rang gi mched grogs rdza rgyal dgon gyi mkhan po sprel los bla ma yang tig gi bka' srung dam can gyi gsang sgrub snying gi dum bu la bsnyen pa zhig btang bas bsnyen bkur 'du ba shin tu mang po zhig byung bas srung ma'i sdong grogs su shes pas dam can la dpang bcol ste ngas khyed tshe 'di'i ched du sgrub pa min/_mchog gi dngos grub kyi don du sgrub pa yin zhes lan gsum gsungs pas 'du ba yang nyung du song gsungs/_kho bo ri khrod dang po gcig pur sdod pa'i skabs su nga la ngo 'phrad mi dgos pa/_nyin mtshan kun tu chos las byed rgyu med pa skyid po zhig yod kyang*/_bla ma kun dga' dpal ldan zhes pa'i ming zhig thog song nas mi mang gi 'du ba/_chos kyi 'brel pa sogs bya byed mang po zhig gis gu yangs su gtan nas sdod du mi ster ba 'di byung gsungs/_mkhan chen gzhan dga' rin po ches nga'i mi tshe ril por mdo sngags kyi bshad pa byas pa red kyang kun dga' dpal ldan nas lta sgom gyi zab gnad re dri 'ong dus lan de ma thag 'debs rgyu med pa bsam mno gtang dgos pa byed kyi 'dug pa sgom pa'i shes rab klong brdol ba 'dra gsungs/_'jam mgon rdo rje 'chang chos kyi blo gros rin po ches ngas bla ma kun dga' dpal ldan mdun nas bla ma yang tig gnyis ka'i yang yig gi khrid lung zhig zhus pas nyams len gyi zab gnad khyad par can mang po gsung rgyu 'dug gsungs/_sku tshe'i smad zil khrom gangs kyi ra ba'i mdun gnas phu zhes pa'i ri khrod du bzhugs stan chags shing*/_dpal spungs si tu pad+ma dbang mchog gis kyang bsten par mdzad/_phyis grub dbang rdzogs chen thub bstan chos kyi rdo rje'i thugs brtse chen po'i bskyangs te/_dgon phu tshe ring ljongs su bzhugs te rdzogs chen mkhan sprul phal mo che la bla ma yang tig yid bzhin nor bu gtso bor gyur pa'i theg mchog snying po'i smin grol gyi chos 'khor rgyun mi chad pa bskor zhing sku tshe'i 'du byed kyang der rdzogs par gnang zhing*/_gdung rus las ring bsrel byung ba sogs ngo mtshar ba'i ltas kyang gyur/_de lta bu'i bla ma dam pa de'i kho bo lo bcu gcig lon dus rkang pa zhugs kyis tshig ste 'chi nye byung ba na khrus dang dge bsnyen gyi sdom pa gnang zhing*/_tshe sgrub zla ba gcig tu gsungs/_khyad par bla ma'i rim pa dngos grub rgya mtsho nas dbu brtsams kha byang bar yang tig yid bzhin nor bu zhib rgyas su bshad pa gnang bzhin dang*/_klong chen snying thig rtsa rlung 'khrul 'khor gyi lag khrid bcas zhus shing*/_khyed kyang spyir mdzad pa'i gtso bo sgrub pa nyams len gyis/_zhar byung chos 'dod mkhan la yang chos khrid re bar ma chad pa gnang gsungs/_rje nyid kyi sku tshe ril po'i gzigs dpe mdzod bdun dang ngal gso skor gsum gyi phyag dpe gnang nas tshad med pa'i thugs rjes rjes su bzung bas na sgro skur dang bral ba'i rnam thar nyung ngu 'di'ang mang+ga la shrI b+hU ti'i dben pa'i gnas su bris pa 'gro kun theg mchog rgyal po'i gseng lam la 'jug ste dpal ldan bla ma'i rnam thar gyi rjes su snyogs pa'i rgyur gyur cig_/

Footnotes

Other Information