སངས་རྒྱས་མཉན་སྤྲུལ་དགུ་པའི་རྣམ་ཐར་མདོར་བསྡུས་དད་པའི་ས་བོན།

From Khyentse Lineage - A Tsadra Foundation Project
DKR-KABUM-01-KA-003
Wylie title sangs rgyas mnyan sprul dgu pa'i rnam thar mdor bsdus dad pa'i sa bon DKR-KABUM-01-KA-003.pdf
Location dil mgo mkhyen brtse bka' 'bum
Volume 1, Text 3, Pages 275-306 (Folios 1a to 32a3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Associated People ཀརྨ་བཤད་སྒྲུབ་བསྟན་པའི་ཉི་མ་ (Sangye Nyenpa, 9th)
Citation Khyentse, Dilgo. Sangs rgyas mnyan sprul dgu pa'i rnam thar mdor bsdus dad pa'i sa bon. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 1: 275-306. Delhi: Shechen Publications, 1994.
Genre Biographies - Hagiography - rnam thar
Colophon

།ཅེས་སྒྲུབ་བརྒྱུད་གྲུབ་བརྙེས་ཡོངས་ཀྱི་གཙོ་བོ་སངས་རྒྱས་མཉན་པ་སྐུ་ཕྲེང་དགུ་པ་ཉིད་རབ་རྒྱལ་དགེ་བྱེད་ཆུ་སྟག་ཐ་སྐར་ཟླ་བའི་དམར་ཕྱོགས་ཀྱི་དགའ་བ་གཉིས་པའི་ཉིན་དགོངས་པ་རྫོགས་ཁར་ཕྱི་ཡི་རྣམ་ཐར་རགས་རིམ་འདི་ཉིད་ཞལ་ཆེམས་ཀྱི་ཚུལ་དུ་ཕྱག་བྲིས་སུ་མཛད་ནས་བཞག་པ་ལ་ཞུ་བཅོས་དང༌། ཞལ་བཀོད་དགོས་པ་རྣམས་ཁྱེད་ནས་འབྲི་བར་འོས་ཞེས་རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་གིས་བཀའ་བསྩལ་བ་དང༌། བན་ཆེན་འབྲོང་པ་སྤྲུལ་སྐུ་རིན་པོ་ཆེ་དང༌། བླ་མ་བློ་གྲོས་རབ་གསལ། ཉེ་གནས་བཀྲ་ཤིས་རྣམ་རྒྱལ་བཅས་ནས་ཀྱང་བསྐུལ་བ་ལྟར་རྗེ་དེ་ཉིད་ཀྱི་གཅུང་དུ་སྐྱེས་པ་བཀྲ་ཤིས་དཔལ་འབྱོར་དུ་འབོད་པའི་འཁོས་ཆུང་གྱི་ན་པས་བྲིས་པ་འདིས་ཀྱང་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་བསྟན་དང་བསྟན་འཛིན་འཕེལ་ཞིང་རྒྱས་པའི་རྒྱུར་གྱུར་ཅིག

/ces sgrub brgyud grub brnyes yongs kyi gtso bo sangs rgyas mnyan pa sku phreng dgu pa nyid rab rgyal dge byed chu stag tha skar zla ba'i dmar phyogs kyi dga' ba gnyis pa'i nyin dgongs pa rdzogs khar phyi yi rnam thar rags rim 'di nyid zhal chems kyi tshul du phyag bris su mdzad nas bzhag pa la zhu bcos dang*/_zhal bkod dgos pa rnams khyed nas 'bri bar 'os zhes rgyal dbang yid bzhin nor bu mchog gis bka' bstsal ba dang*/_ban chen 'brong pa sprul sku rin po che dang*/_bla ma blo gros rab gsal/_nye gnas bkra shis rnam rgyal bcas nas kyang bskul ba ltar rje de nyid kyi gcung du skyes pa bkra shis dpal 'byor du 'bod pa'i 'khos chung gyi na pas bris pa 'dis kyang mnyam med dwags po bka' brgyud kyi bstan dang bstan 'dzin 'phel zhing rgyas pa'i rgyur gyur cig

[edit]
༄༅། །སངས་རྒྱས་མཉན་སྤྲུལ་དགུ་པའི་རྣམ་ཐར་མདོར་བསྡུས་དད་པའི་ས་བོན་བཞུགས་སོ། ། ༄༅། །ན་མོ་གུ་ར་ཝེ། །ཕུལ་བྱུང་བརྩོན་པས་ཟུང་འཇུག་རྡོ་རྗེའི་གྲོང༌། །སྐུ་ཚེ་གཅིག་གིས་ལེགས་པར་སོན་པ་ལས། །སྐུ་བཞིའི་ཁྱབ་བདག་གངས་ཅན་གྲུབ་པའི་རྗེ། །སངས་རྒྱས་མཉན་པའི་ཞབས་ལ་ཕྱག་འཚལ་ལོ། །མཆོག་གི་སྒྱུ་འཕྲུལ་སྐྱེས་པ་རབས་ཀྱི་ཕྲེང༌། །རྣམ་ཐར་བཟང་པོ་དག་པའི་གསེར་སྦྱང་ཁམས། །སྙིགས་མས་མ་སྨད་མངོན་སུམ་གསལ་བའི་གཏམ། །ཅུང་ཟད་འཆད་འདི་དད་ལྡན་ཀུན་དགའི་གསོས། །དེ་ཡང་གངས་ཅན་ལྗོངས་སུ་རྒྱལ་བསྟན་རིན་པོ་ཆེའི་སྙིང་པོ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་དུ་གྲགས་པའི་ཡ་གྱལ། ཟུང་འཇུག་གྲུབ་པ་བརྙེས་པའི་སྐྱེས་བུ་ནམ་མཁའི་རྒྱུ་སྐར་དང༌། ས་ཆེན་པོའི་རྡུལ་ལྟ་བུ་ད་ལྟའི་བར་ཟམ་མ་ཆད་པར་བྱོན་པའི་སྒྲུབ་བརྒྱུད་རིན་པོ་ཆེ་ཀརྨ་ཀཾ་ཚང་གི་དོན་བརྒྱུད་གསེར་རིའི་ཕྲེང་བ་ལས་གྲུབ་པའི་དབང་པོ་སངས་རྒྱས་མཉན་པ་ཞེས་ཡོངས་སུ་གྲགས་པ་ནི། གདོད་མ་ཉིད་ནས་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་བརྙེས་ཟིན་ཀྱང་གང་འདུལ་དེར་སྣང་གི་རོལ་པ་འགོག་ཏུ་མེད་པས་རྒྱལ་ཚབ་མ་ཕམ་པ་སོགས་ས་བཅུའི་བྱང་ཆུབ་སེམས་དཔའ་དུ་མར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཅིང་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོར་གྲུབ་ཅིང༌། འགྲོ་བའི་དོན་སྣ་ཚོགས་པར་མཛད་པ་ལས། ༈ རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོ་བདུན་པ་ཆོས་གྲགས་རྒྱ་མཚོའི་ཐུགས་ཀྱི་སྲས་སུ་གྱུར་ཅིང་ཀུན་མཁྱེན་མི་བསྐྱོད་རྡོ་རྗེས་རིགས་ཀྱི་བདག་པོར་དབང་བསྐུར་ཞིང་ཟུང་འཇུག་གསེར་རིའི་ཕྲེང་བར་བཞུགས་སུ་གསོལ་བ་ནས་བཟུང་སངས་རྒྱས་མཉན་པ་གྲུབ་ཆེན་བཀྲ་ཤིས་དཔལ་འབྱོར་ཞེས་ཡོངས་སུ་གྲགས་པ་ཡིན། རྗེ་འདི་ཉིད་ནི། འཁྲུངས་མ་ཐག་ནས་གསུང་སྨྲ་ཞིང༌། ལོ་གཅིག་ནས་དྲན་པས་ཟིན། ངེས་འབྱུང་གིས་རྒྱུད་བསྐུལ་ཏེ། དགུང་ལོ་ལྔ་ནས་གཙུག་ཕུད་རང་གིས་བཅད་དེ་བཙུན་པའི་མཚན་རྟགས་བཞེས། ཀརྨ་པའི་མཚན་གསན་པ་ཙམ་གྱིས་མོས་གུས་ཁྱད་པར་ཅན་འཁྲུངས་ནས། དགུང་ལོ་དྲུག་གི་སྟེང་ཀརྨ་པ་ཆོས་གྲགས་རྒྱ་མཚོའི་དྲུང་དུ་བཅར། མཚན་བཀྲ་ཤིས་དཔལ་འབྱོར་དུ་གསོལ། །དགུང་གྲངས་བརྒྱད་སྟེང༌། བན་སྒར་པ་དང་དགེ་བཤེས་དཔལ་འབྱོར་དོན་འགྲུབ་གཉིས་ལས་རབ་ཏུ་བྱུང༌། ལོ་བདུན་ཙམ་རིང་བླ་མ་འབྲལ་མེད་དུ་བསྟེན་ཅིང་མདོ་སྔགས་གཞུང་སོགས་སྨིན་གྲོལ་གྱི་རིགས་མཐའ་དག་གསན། ཀམ་པོ་གནས་ནང༌། སྤང་ཕུག་མཚུར་ཕུ་སོགས་སུ་གཡོས་པའི་ཟས་མ་གསོལ་བར་ལོ་བརྒྱད་ཀྱི་བར་དུ་རླུང་བཅུད་ལེན་ཁོ་ན་མཛད་པས་མཚོན་ཐོས་བསམ་སྒོམ་གསུམ་ཕྲུག་མར་མཛད། དགུང་གྲངས་ཞེ་གསུམ་གྱི་སྟེང་འདན་ཡུལ་ཆོས་སྡེ་ཆེན་པོ་བཏབ། བསམ་སྦྱོར་ངན་པའི་སྐྱེ་བོ་འགའ་ཞིག་གི་རྩོད་པ་བྱུང་བ་ན། ས་གཡོ་ཆེན་པོས་དེ་དག་གི་སྣོད་བཅུད་ཕལ་ཆེར་བཤིག །རྗེ་དེ་ཉིད་ཁང་པ་ཐོག་བཞིའི་སྟེང་ན་བཞུགས་པའི་སྐབས་ཁང་པ་ཞིག་སྟེ་ནམ་མཁར་འཕུར་བ་ནས་བཟུང་མཉན་པ་གྲུབ་ཐོབ་ཅེས་གྲགས་སོ། །དེ་ནས་དགོན་པ་སྤོས་ཏེ་བྱང་ཆུབ་གླིང་བཏབ། དགེ་འདུན་གྱི་སྡེ་ཆེན་པོ་ཚུགས། རྗེ་བརྒྱད་པའི་རིགས་ཀྱི་བདག་པོ་མཛད་ཅིང་སྨིན་གྲོལ་གྱིས་བསྐྱངས་པ་སོགས་བསྟན་ལ་སྨན་པའི་བྱ་བ་མ་ཚང་བ་མེད་པ་བསྒྲུབས་ཤིང༌། དགུང་ལོ་རེ་ལྔ་བཞེས་སྐབས་དགོངས་པ་མྱ་ངན་ལས་འདས་སོ། །འདི་ཡི་སྤྲུལ་གཞི་ཡང་རྒྱལ་ཚབ་བྱམས་པ། རྒྱ་གར་གྱི་སློབ་དཔོན་དཔལ་ཡེ་ཤེས་སྙིང་པོ། གཡག་ཕྲུག་སངས་རྒྱས་པ་སོགས་ཡིན་པར་གྲགས་ཤིང་ཁྱད་པར་དུ་དམ་པ་དེ་ཉིད་མྱ་ངན་ལས་འདས་ནས་ཞག་བདུན་སོང་བའི་ནུབ་མོ་རྒྱལ་དབང་བརྒྱད་པའི་གཟིམ་ལམ་དུ། ཡེ་ཤེས་མཁའ་འགྲོ་ཞིག་གིས་གླུ་རུ་བླངས་པ་འདི་ལྟར། སྔོན་གྱི་ཚེ་ན་རྒྱལ་བ་བདེ་བའི་གླུ། །སྙིགས་མའི་དུས་ན་དྲན་པ་ཡེ་ཤེས་ཉིད། །ད་ལྟ་བྱང་ཕྱོགས་རྣམ་པར་བཀོད་པ་ན། །དྲུག་འབུམ་བདུན་ཁྲིའི་དགེ་སློང་མདུན་བདར་ཏེ། །འདན་མ་གྲུབ་ཆེན་ཚུལ་ནི་དེ་ལྟར་རོ། །ཞེས་པཎྜི་ཏ་སྨྲྀ་ཏི་གཞན་དོན་དུ་སྲིད་པ་ཉེ་བར་བཟུང་བར་སྣང་ཞེས་ཀུན་མཁྱེན་དྷརྨཱ་ཀ་རས་གསུངས། དེ་ལྟ་བུའི་གྲུབ་བརྙེས་ཀྱི་སྐྱེས་བུ་དེ་ཉིད་མཐོན་མཐིང་ཅོད་པན་འཆང་བ་རིམ་བྱོན་དང་འབྲེལ་བར་གཞན་དོན་དུ་གཟུགས་སྐུར་སྣང་བ་སྟེ། མཉན་པ་གཉིས་པ་ལྷུན་པོ་རབ་བརྟན། དགེ་ལེགས་སྙིང་པོ། དགེ་ལེགས་རྒྱ་མཚོ་འདིས་ད་ལྟ་ཡོངས་སུ་གྲགས་པའི་བན་ཆེན་དགོན་ཆགས་བཏབ། དགེ་ལེགས་སྙིང་པོ། སྒྲུབ་བརྒྱུད་བསྟན་དར། ཤེས་རབ་སྙིང་པོ། བསྟན་འཛིན་གྲུབ་མཆོག་སྟེ་སྐུ་ཕྲེང་རིམ་བྱོན་དེ་དག་ཀྱང་བསྟན་འཛིན་གྱི་སྐྱེས་བུའི་རང་རྟགས་ཀྱིས་འགྲོ་འདུལ་ཕྲིན་ལས་པ་ཆེན་པོ་ཤ་སྟག་ཡིན། དམ་པ་དེའི་སྐུའི་སྐྱེ་ཕྲེང་དགུ་པ་ཀརྨ་བཤད་སྒྲུབ་བསྟན་པའི་ཉི་མ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་རྣམ་པར་ཐར་པ་མདོར་བསྡུས་ཀྱི་རིམ་པ་སྐལ་ལྡན་དད་པའི་གསོས་སུ་སྦྱིན་པ་ལ། དོན་གསུམ། ཐོག་མར་སྐུ་འཁྲུངས་པའི་ངེས་པ་དང་ངོ་མཚར་བའི་རྣམ་པ་ཅི་རིགས་གསལ་བའི་རྣམ་ཐར་འདའ་ཁར་བསྩལ་བ་ཉིད་ཁུངས་སུ་སྨོས། མཁས་བཙུན་བཟང་པོའི་རྣམ་ཐར་བྱེ་བྲག་ཏུ་བཤད་པ། མཐའ་མའི་མཛད་པ་ཇི་ལྟར་བསྟན་པའོ། །དང་པོ་ནི། དམ་པ་དེ་ཉིད་དགུང་གྲངས་དྲུག་ཅུ་རེ་དྲུག་ཏུ་ཕེབས་པ་རབ་རྒྱལ་དགེ་བྱེད་ཆུ་སྟག་ཐ་སྐར་ཟླ་བའི་དམར་ཕྱོགས་ཚེས་ཉེར་གཅིག་ཉིན་དགོངས་པ་རྫོགས་ལ་ཉེ་བའི་སྐབས་རྗེ་ཉིད་ཀྱིས་རྣམ་ཐར་མདོར་བསྡུས་ཕྱག་བྲིས་སུ་བསྩལ་བ་ཞལ་བཤུས་པ་འདི་ལྟ་སྟེ། ཁོ་བོ་རྒན་བུ་ནད་འདིའི་འོག་ནས་ཐར་ཏེ་སྐྱབས་གནས་དཀོན་མཆོག་གི་ཐུགས་རྗེས་ལོ་ཤས་འཚོ་ཡང་སྲིད། མ་འཚོ་ན་ཡང༌། དུས་ལ་བབས་ན་དཔག་བསམ་ཤིང་ཡང་འགྱེལ། །གསུངས་པ་ལྟར་རང་གཞན་ཀུན་ལ་བྱ་ཐབས་མེད་ཅིང༌། རང་ངོས་ནས་བྱ་བ་ཐམས་ཅད་ཚར་བས་འགྱོད་པ་སྤུ་ཙམ་ཡང་མེད། དེས་ན་རྒྱུད་ལས། འདའ་ཀ་འོད་ཀྱི་གོང་བུ་སྒྲ་ཡིས་འཕོ། །ཞེས་པ་ལྟར་འཆི་བ་ལམ་ཁྱེར་གྱི་སྐབས་སུ་བབས་པ་ཡིན། འཇིག་རྟེན་པའི་གཏམ་དཔེ་ལ། འཆི་ཁར་གཏམ་མ་མང༌། ཉལ་ཁར་ཇ་མ་མང་ཞེས་པ་ལྟར་སྨྲ་བ་ཉུང་ན་ལེགས་པས་རང་ལོ་དྲུག་ཅུ་རེ་དྲུག་ཏུ་སོན་པས་ཆོས་དང་འཇིག་རྟེན་གང་གི་བྱ་བ་ལ་བཤད་ཕེར་བ་སྤུ་ཙམ་མེད་ཀྱང༌། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེས། སྐྱེ་སྔ་བའི་ཡོན་ཏན་ཅུང་ཞིག་ཡོད། གསུངས་པ་ལྟར་དེང་སང་གི་དུས་ལ་དཔག་ན་སྐྱེ་སྔ་བའི་སྐལ་བཟང་གི་ཚུལ་ཅུང་ཟད་འདུག་པ་མ་བཅོས་པར་བཤད་ན། སྐྱེས་པའི་ཡུལ་ནི་མདོ་ཁམས་ཤར་ཕྱོགས། གླིང་ཁྲི་གོང་འོག་བར་གསུམ་ལས་བར་པ། མདོ་ཁམས་སྒང་དྲུག་ལས་འབྲི་ཟླ་ཟལ་མོ་སྒང༌། ཆུ་བོ་གསེར་ལྡན་འབབ་པའི་འགྲམ་རྗེ་བཙུན་མྱུར་མ་དཔལ་མོ་དགྱེས་པར་བཞུགས་པའི་སྨན་ལྗོངས་འདན་གླང་ཐང་སྒྲོལ་མ་ཞེས་མཐའ་འདུལ་གྱི་གཙུག་ལག་ཁང་གིས་མཛེས་པའི་མདོ་ཁམས་འདན་ཡུལ་ཞེས་སུ་གྲགས་པ། མདོ་སྨད་གནས་ཆེན་ཉེར་ལྔའི་ནང་ཚན་སྐུ་ཡི་ཐུགས་ཀྱི་གནས་མཆོག་པདྨ་རི་དང༌། ཕྲིན་ལས་འགྲོ་འདུལ་སྤྲུལ་པའི་གནས་བརྒྱད་ཀྱི་བྱེ་བྲག་དྲག་པོའི་གནས་མཆོག་སེངྒེ་གནམ་རྫོང་སོགས་གནས་ཆེན་གནས་ཕྲན་དུ་མས་བསྐོར་ཞིང༌། འདན་མ་རྩེ་མང༌། པཎ་ཆེན་སྨྲྀ་ཏི་ཛྙཱ་ན་སོགས་སྐྱེས་ཆེན་ཉི་ཟླ་ལྟར་གྲགས་པ་དུ་མ་འཁྲུངས་ཤིང་བཞུགས་པའི་ཡུལ་གྱི་སྲིབ་ཕྱོགས། སྔོན་ནས་བདེ་མཆོག་གི་གནས་སུ་གྲགས་ཤིང༌། ཕྱིས་ཀྱི་དུས་འདིར་མི་ཕམ་འཇམ་པའི་དབྱངས་ཀྱིས་ཆེད་དུ་བཀའ་བསྩལ་ཏེ་སྒྲུབ་པ་ཡུན་རིང་མཛད་ཅིང༌། རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་ཆོས་འཁོར་བསྐོར་ཞིང་རི་གླིང་གི་བཀོད་པ་བྱང་ཕྱོགས་ཤམྦྷཱལ་དང་མཚུངས་པར་བསྔགས་ཏེ་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས་པའི་གནས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་གཉིས་པ་གོ་ཐི་བཀྲ་ཤིས་དཔལ་འབར་གླིང་ཞེས་གྲགས་པའི་རི་བོ་ལྷུན་ཆགས་པའི་མདུན་དུ་གངས་ཅན་མཁས་གྲུབ་ཡོངས་ཀྱི་རྒྱལ་པོ་པདྨ་འོད་གསལ་མདོ་སྔགས་གླིང་པའི་གཏེར་ལུང་ལས། རིགས་ནི་གཉོས་ཡིན་རུས་ནི་སྒ། །ཞེས་གསུངས་པ་ལྟར་དིལ་མགོ་ཞེས་རིགས་རུས་སོགས་མཐོ་རིས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་དུ་མས་སྤྲས་པའི་ཁྱིམ་དུ་ཕ་མ་སྟོབས་འབྱོར་བསོད་ནམས་དང་ལྡན་པར་རབ་བྱུང་བཅུ་བཞི་པའི་སྐོར་མེ་མོ་བྱ་ལོར་སྐྱེས། ཆུང་ངུའི་དུས་ནས་དགེ་བའི་བག་ཆགས་ཕྲ་མོ་ཡོད་པ་འདྲ་སྟེ། ཁྱིམ་དེའི་མདུན་རི་ལྷུན་ཆགས་ཤིག་ཡོད་པ་དེའི་ངོས་སུ་ཉི་མ་འཆར་སྡུད་ཀྱི་རྐྱེན་ལས་ཡིན་འདྲ་ཀརྨ་པའི་སྐུ་ཤིན་ཏུ་གསལ་བ་ཞིག་རྟག་པར་མཇལ། རྩེ་གྲོགས་བྱིས་པ་གཞན་ལ་ཞིབ་ཏུ་དྲིས་པས་གཏན་ནས་མཇལ་རྒྱུ་མི་འདུག་ཟེར། སྐུ་མཇལ་བའི་ས་ཕྱོགས་མཐོ་དམན་ཆེ་ཆུང་སོགས་ཞིབ་པར་བཤད་དེ་བལྟ་བར་བསྐུལ་ཀྱང་མི་འདུག་ཟེར་བ་དང༌། རྩེད་མོའི་སྐབས་ལུག་གི་སོག་པ་ལས་བཅོས་པའི་ཌཱ་མ་རུ་ཞིག་དཀྲོལ་ནས་ངག་ཏུ། ཕ་བཀའ་བརྒྱུད་བླ་མ་སྤྲིན་ལྟར་འཁྲིགས་ཞེས་འདོན་པ་དང༌། མཆོག་དམན་ཐམས་ཅད་ལ་མཆོད་སྦྱིན་ཡིད་ཚིམ་པ་ཞིག་རྟག་ཏུ་ཟད་པ་མེད་པར་སྟེར་ནུས་ན་ཅི་མ་རུང་སྙམ་པའི་བག་ཆགས་ཡོད། རྒྱལ་མཆོག་བཅོ་ལྔ་པ་ཆེན་པོར་སངས་རྒྱས་མཉན་པའི་ཡང་སྲིད་ངོས་འཛིན་ཞུས་པས། དག་པའི་གཟིགས་སྣང་ལ་མ་གཅིག་དཔལ་ལྡན་ལྷ་མོའི་ཕྱག་གི་མེ་ལོང་ནང་རྡོ་རྗེ་རྩེ་ལྔ་མཐིང་ནག་ཞིག་ཤར། སླར་ཡང་གཟིགས་པས་འདན་དིལ་མགོའི་ཁང་པ་ཁྲ་ལམ་མེར་གསལ་བས་ཐུགས་ཀྱི་སྤྲུལ་པ་ཞིག་དེར་འཁྲུངས་ཡོད་པར་ངེས་གསུངས་ཏེ་ཐུགས་ཐག་བཅད་པས། ཡབ་ནས་གདན་སར་ཁྲི་བཀོད་དང་སྡོམ་པ་གསུམ་གྱི་རིམ་པ་རྣམས་ཡོངས་སུ་རྫོགས་པའི་ཕྱིར་སྟོན་མཆོག་ཐུབ་པའི་དབང་པོའི་རྒྱལ་ཚབ། མཁན་ཆེན་བླ་མ་བཀྲ་ཤིས་འོད་ཟེར་ཞི་བའི་སྙིང་པོ་ཆེད་དུ་གདན་དྲངས་པ་བཞིན་ཕེབས་ནས་ཡབ་གཞིས་སུ་ན་བཟའ་ངུར་སྨྲིག་གིས་བཀླུབས་ཤིང་བྱབས་ཁྲུས་གནང༌། ཀརྨ་དགེ་ལེགས་གྲུབ་པའི་ཉི་མ་ཕྲིན་ལས་འོད་ཟེར་ཀུན་ཁྱབ་དཔལ་བཟང་པོ་ཞེས་འཇིག་རྟེན་དབང་ཕྱུག་བཅོ་ལྔ་པས་བསྩལ་བ་ཉིད་མིང་དུ་གནང་སྟེ་སངས་རྒྱས་མཉན་པའི་མཆོག་སྤྲུལ་དུ་དྲིལ་བསྒྲགས། རྗེ་མཁན་ཆེན་བླ་མ། རྫ་རྒྱལ་དགོན་གྱི་མཁན་པོ་སྤྲེལ་ལུ། ཡབ་བཅས་གདན་ས་ཆེན་པོ་བན་ཆེན་དགོན་དཔལ་ལྡན་ཕུན་ཚོགས་དར་རྒྱས་གླིང་དུ་རང་ལོ་བརྒྱད་པའི་སྟེང་རྟ་ཐབ་སེར་སྦྲེང་སོགས་ཤིན་ཏུ་རྒྱས་པས་མདུན་བསུས་ཏེ་ཕེབས། འཆི་མེད་འཕགས་པདྨའི་སྙིང་ཐིག་གིས་མངའ་དབུལ་བརྟན་བཞུགས་དང་བཅས་ཏེ་སེངྒེའི་ཁྲི་ལ་བཀོད་པས་རི་ཀླུང་འཇའ་སྤྲིན་གྱིས་ཁེངས་པ་སོགས་རྟེན་འབྲེལ་ལེགས་པ་བྱུང༌། ཡུལ་ལྷ་དང་བཀའ་སྲུང་ཀླུ་རྒྱལ་སྟོབས་རྩལ་ཐོག་མེད་བཅས་ལ་བསང༌། རི་ཁྲུས། རྟེན་འཛུགས་དང་བཅས་པའི་སྒོ་ནས་ཕྲིན་ལས་བཅོལ་གཉེར་དུ་གཏད། འཇམ་དཔལ་བསྟོད་སྒྲུབ་ཀྱི་རིག་གཏད་བསྩལ་ཅིང༌། འབྲི་ཀློག་ཐོག་མར་བསླབས། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་དངོས་སློབ། མཁྱེན་རྟོགས་ཡོན་ཏན་ཚད་མེད་འབྲོང་པ་བླ་མ་བསྟན་འཛིན་ཆོས་རྒྱལ་ཡོངས་འཛིན་དུ་བཞག་པ་དང༌། ཕྱིས་ཨ་ལོ་དཔལ་འབྱོར་དགོན་མཁན་ཆེན་རང་གི་གདན་སར་རྒྱུན་རིང་པོར་བསྡད་ནས་སོ་ཐར་དགེ་ཚུལ་གྱི་བསླབ་པ་ཞུས་ཏེ་ཀརྨ་བཤད་སྒྲུབ་བསྟན་པའི་ཉི་མ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ་ཞེས་པའི་མིང་བསྩལ། སྲོལ་གཉིས་ཀྱི་བྱང་ཆུབ་སེམས་སྡོམ་བསྩལ་ནས་རྒྱལ་སྲས་འཇམ་དབྱངས་བློ་གྲོས་ཕྲིན་ལས་རབ་རྒྱས་ཞེས་དང༌། དཀོན་མཆོག་སྤྱི་འདུས་གུ་རུ་ཞི་དྲག་སེང་གསུམ་གའི་དབང་ཁྲིད་ལུང་བཅས། ཀཾ་ཚང་ཕག་མོ་ལྷ་ལྔའི་དབང་གིས་མཚོན་སྡོམ་པ་གསུམ་ཀ་གནང༌། མཁན་ཆེན་བླ་མ་རིན་པོ་ཆེར་ཉེ་བརྒྱུད་དུ་བཞུགས་པའི་ཐར་མདོའི་ལྗགས་ལུང༌། གཞན་ཡང་ཇོ་ལུགས་སྒྲོལ་དཀར། མངའ་རིས་ཚུལ་ཁྲིམས་བཟང་པོའི་ཡི་གེ་དྲུག་པའི་རིགས་གཏད། ལྷ་བཙུན་དག་སྣང་རཏྣ་ཐོད་ཕྲེང་གྱི་ཚེ་དབང༌། ཤངས་ལུགས་མགོན་པོ་ཕྱག་དྲུག་པའི་སྙིང་ཞུགས། གནོད་སྦྱིན་ཀྵེ་ཏྲ་པཱ་ལའི་བཀའ་གཏད་སོགས་དབང་གི་སྐོར་དང༌། ཕྱག་ཆེན་སྔོན་འགྲོའི་ཁྲིད་ངེས་དོན་སྒྲོན་མེ། ཞྭ་དམར་གྱིས་མཛད་པའི་ཐུབ་པའི་སྨོན་ལམ་ལྔ་བརྒྱའི་ཚིག་བཅད། འཇམ་མགོན་གསུང་སྡོམ་གསུམ་གསོ་སྦྱོང༌། མཁས་དབང་ཀརྨ་ངེས་དོན་གྱི་སྡོམ་གསུམ་སྙིང་པོ་བསྡུས་པ། དེ་ཡི་འགྲེལ་པ་བླ་མ་བཀྲ་འཕེལ་གྱིས་མཛད་པ་སོགས་ལུང་ཁྲིད་སྐོར་རྒྱ་ཆེར་ཞུས། ལུགས་གཉིས་ཀྱི་བསླབ་སྟོན་ཞིབ་པར་བསྩལ་ཅིང་ཐུན་མིན་ཐུགས་བརྩེས་རྗེས་སུ་བཟུང༌། ཀཿཐོག་སི་ཏུ་པཎྜི་ཏ་གདན་ས་དཔལ་འབྱོར་སྒང་དུ་ཕེབས་པ་ལས་ཀཿདམ་པ་བདེ་གཤེགས་ཀྱི་དག་སྣང་འོད་དཔག་མེད་པའི་དབང་ཐོབ། མཁར་མགོ་དགོན་རབ་མཛེས་མཆོག་སྤྲུལ་ལས་འབྲུག་ཀུན་མཁྱེན་པདྨ་དཀར་པོའི་བཀའ་འབུམ་ཡོངས་རྫོགས་ཀྱི་ལུང༌། མཁན་ཆེན་ཞལ་སློབ་བླ་མ་ཀུན་འཇམ་ལས་རྙིང་མ་རྒྱུད་འབུལ་གྱི་ལུང༌། ཁྲུང་སྤྲུལ་ཀརྨ་རྒྱལ་མཚན་ལས་མར་པའི་རྣམ་ཐར། མི་ལའི་རྣམ་ཐར། མགུར་འབུམ་ལུང་སོགས་མཁན་ཆེན་མངྒ་ལ་ཉིད་ཀྱི་བཀའ་ཡིས་བསྐུལ་ཏེ་ཞུས། འབྲོང་པ་བླ་མ་ཀརྨ་བསྟན་འཛིན་ཆོས་རྒྱལ་ལས་བཀའ་བརྒྱུད་སྔགས་མཛོད་ཀྱི་དབང་ཁྲིད་ལུང་བཅས། ཀུན་རིག་སྦྱོང་དཀྱིལ་བཅུ་གཉིས་ཀྱི་དབང་དང༌། གཅིག་ཤེས་ཀུན་གྲོལ་གྱི་རྗེས་གནང༌། རཏ་གླིང་ཕུར་པ། ཇོ་ལུགས་སྒྲོལ་དཀར། ཀཾ་ཚང་རྒྱལ་བ་རྒྱ་མཚོ། ཀཾ་ཚང་བདེ་མཆོག་ལྷ་ལྔ། ཕག་མོ་རྣམས་ཀྱི་དབང་ཁྲིད་ལུང་བཅས། ཇོ་ལུགས་དུས་འཁོར་དབང་ཆེན། ཡོངས་དགེ་མི་འགྱུར་རྡོ་རྗེའི་གཏེར་བྱོན་པདྨ་བཛྲ། གྲོ་ལོད་རྩ་གསུམ་གྱི་དབང་ལུང་སོགས་བཀའ་རྙིང་གི་དབང་ལུང་གནད་ཆེན་དུ་མ་དང༌། ཆོ་ག་ཕྱག་བཞེས། གོས་གྱོན་སྟངས། སྡོད་ཚུལ། གཞན་ལ་སློབ་སྟོན་བྱེད་ཚུལ་ཡན་ཆད་ལེགས་པར་བསླབས་པས་འབྲོང་པ་བླ་མ་འདི་ཉིད་འཇམ་མགོན་རྣམ་གཉིས་ཀྱི་དངོས་སློབ་མཁྱེན་རྟོགས་ཡོན་ཏན་རྒྱ་ཆེ་བ་དང༌། སངས་རྒྱས་མཉན་པ་གོང་མས་བན་ཆེན་དགོན་གྱི་བསྟན་པ་ལ་ཕན་ཐོག་འོང་ཞེས་ཆེད་དུ་བདག་རྐྱེན་མཛད་པས་ངོས་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞིང༌། བན་ཆེན་དགོན་གྱི་བསྟན་པ་ལའང་སྒྲུབ་ཁང་ཁག་བཞི། རྡོར་སེམས་སྒྲུབ་ཆེན། དུས་འཁོར་སྒྲུབ་མཆོད་སོགས་གསར་འཛུགས་ཀྱི་ཕྱག་བཞེས་འགྲན་ཟླ་བྲལ་བར་གནང་བ་ཡིན། རང་ལོ་བརྒྱད་ཀྱི་སྟེང་རུ་དམ་རྫོགས་ཆེན་དགོན་དུ་ཕྱིན་ནས་ནགས་ཆུང་རི་ཁྲོད་དུ་འཇམ་མགོན་ཐམས་ཅད་མཁྱེན་གཟིགས་མི་ཕམ་འཇམ་པའི་དབྱངས་ཀྱི་གསེར་ཞལ་ཐོག་མར་མཇལ། འཇམ་དཔལ་བསྟོད་སྒྲུབ་དང་མཚན་བརྗོད་ཀྱི་ལྗགས་ལུང་གནང༌། སྤྲུལ་སྐུ་འདིས་སྨན་ཞིག་བསླབ་ན་འགྲོ་ཕན་ཆེ་བར་འབྱུང་གསུང༌། དེ་རྗེས་ཁྲ་འགུ་རི་ཁྲོད་དུ་ཐེང་གཅིག་མཇལ་བས་རྗེ་ཉིད་ཀྱིས་མཛད་པའི་མཁས་འཇུག་གི་ཕྱག་དཔེ་ཞིག་བསྩལ་ནས་དབུ་ནས་མཚན་དོན་མཆོད་བརྗོད་བཅས་ཀྱི་ལྗགས་བཤད་ཞིག་གནང་ནས་དེའི་གདམས་གཏད་དང༌། སྟན་དཀར་རྡོ་རྗེའི་རེ་ཁཱ་བཅས་གནང་ནས་རྗེས་ནས་རིམ་གྱིས་བཤད་པ་འབུལ་ཆོག་གསུངས། སླར་འདན་གོ་ཐིའི་རི་ཁྲོད་ནས་དཔལ་དུས་ཀྱི་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་རྒྱལ་པོའི་འགྲེལ་ཆེན་གྱི་བཤད་ཁྲིད་ཟླ་བ་ཕྱེད་གཉིས་ཀྱི་བར་དང༌། ཇོ་ལུགས་སྒྲོལ་དཀར་འོད་ཟེར་དྲུག་སྦྲག་གི་ཁྲིད། རང་ལོ་ཉི་ཤུར་མ་སོན་གྱི་བར་བསླབ་བྱ་ལུང་བསྟན་ལྟ་བུ་བསྩལ་བ་སོགས་ཐུགས་བརྩེས་རྟག་པར་བསྐྱངས་པས་བླུན་པོ་བ་གླང་རྫི་ལྟ་བུ་མ་བྱུང་བ་འདི་རྗེ་བླ་མ་འདིའི་བཀའ་དྲིན་ཡིན། མི་ཕམ་རིན་པོ་ཆེའི་ཉེ་གནས་བླ་མ་འོད་གསལ་ལས་མི་ཕམ་བཀའ་འབུམ་ཕལ་ཆེར་གྱི་ལྗགས་ལུང༌། ཐུགས་དམ་རཏ་གླིང་ཚེ་སྒྲུབ་ཀྱི་དོན་དབང་ལན་མང་དུ་ཐོབ། དཔལ་ཡུལ་སྐུ་ཆེན་ཨོ་རྒྱན་མདོ་སྔགས་ཆོས་ཀྱི་ཉི་མ་ལས་གནམ་ཆོས་སྐོར་ཕལ་ཆེར་དང༌། བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་དབང་ལུང་ཁྲིད་བཅས་བསྩལ་ཞིང་ཕྱིས་སྐུ་གཤེགས་ཁར་ཕྲན་ལ་ཡོད་པའི་དབང་ཁྲིད་ཐམས་ཅད་ཁྱོད་ལ་ཡོངས་སུ་རྫོགས་པའི་དགོངས་པ་གཏད་ཚུལ་ཕྱག་བྲིས་གསུང་རྩོམ་ཚིགས་སུ་བཅད་པ་བཅས་བསྩལ། རྩི་ཀེའི་མཆོག་གླིང་དཀོན་མཆོག་འགྱུར་མེད་བསྟན་པའི་རྒྱལ་མཚན་ལས་གཏེར་གསར་སྒྲོལ་མ་འཇིགས་པ་ཀུན་སེལ་གྱི་དབང་རྒྱས་པ། མཁས་དབང་བླ་མ་ཀརྨ་བཀྲ་ཤིས་ཆོས་འཕེལ་ལས་འཇམ་མགོན་ཡོན་ཏན་རྒྱ་མཚོའི་བཀའ་འབུམ་ཡོངས་རྫོགས་ཀྱི་ལུང༌། དེའི་ནང་བཞུགས་པའི་སངས་རྒྱས་རབ་བདུན་དང་ཉེ་སྲས་བརྒྱད་ཀྱི་རྗེས་གནང༌། ཆོས་སྐྱོང་གློག་ཕྲེང༌། བསྟན་བཅོས་ཤེས་བྱ་ཀུན་ཁྱབ་རྩ་འགྲེལ་གྱི་བཤད་ལུང༌། ནང་བརྟག་རྒྱུད་གསུམ། གཞུང་ཆུང་གཉིས་དང་བཅས་པའི་རྣམ་བཤད། འཇམ་མགོན་རིན་པོ་ཆེས་མཛད་པའི་འགྲེལ་པ་རྣམས་ཀྱི་བཤད་ལུང༌། མཁས་དབང་ཀརྨ་ངེས་དོན་གྱིས་མཛད་པའི་མངོན་པ་མཛོད་འགྲེལ་སོགས་རྒྱ་ཆེར་གནང་ཞིང་ཐུགས་བརྩེ་ཆེན་པོས་བསྐྱངས། རྡོ་རྗེ་འཛིན་པ་རྫ་དགེ་བླ་མ་བཀྲ་ཚེ་ལས་ཉང་གཏེར་བཀའ་བརྒྱད་བདེ་འདུས་དོན་དབང༌། རཏ་གླིང་ཕུར་པ་ཡང་གསང་བླ་མེད་དང༌། སངས་གླིང་དགོངས་འདུས་དོན་དབང་རྣམས་ཐོབ། འཇམ་མགོན་སྐུ་ཚ་བླ་མ་བློ་གྲོས་སེངྒེ་ལས་ཀར་ལུགས་རྩ་གསུམ་དྲིལ་སྒྲུབ། གསང་ཐིག་ཡབ་བཀའ། ཡུམ་བཀའ་རྣམས་ཐོབ། ཁྱད་པར་འོག་མིན་མཚུར་ཕུའི་གདན་སར་ཟླ་དྲུག་གི་བར་རྒྱལ་དབང་ཐམས་ཅད་མཁྱེན་པ་ཀུན་གཟིགས་མཁའ་ཁྱབ་རྡོ་རྗེའི་ཞལ་སྔ་ནས་ཕྱག་ཆེན་ངེས་དོན་རྒྱ་མཚོའི་ཁྲིད་ལུང་ཞིབ་པར་བསྩལ་ཏེ་ངོ་སྤྲོད་མཛད་པས་སེམས་དོན་སྐོར་གྱི་ཞུས་ལན་ད་ལྟ་བཀའ་འབུམ་དུ་གསལ། བཀའ་བརྒྱུད་གསེར་ཕྲེང་རྣམ་ཐར་ཟླ་བ་ཆུ་ཤེལ་གྱི་ལུང༌། ནག་རྒྱ་ཕག་གསུམ་གྱི་གཞུང་པོད། ནཱ་རོ་ཆོས་དྲུག་གི་ཁྲིད་སྐོར་ཡོངས་རྫོགས་རྗེ་ཉིད་ཀྱིས་མཛད་པའི་མགོན་ཕྲིན་རྒྱས་པའི་ལྗགས་ལུང་སོགས་བསྩལ་ནས་མགོན་ཁང་ཁྱད་པར་ཅན་ཞིག་གསར་བཞེངས་ཐུབ་པའི་ཁས་ལེན་ཞུས་པས་ཐུགས་ཤིན་ཏུ་མཉེས་ཚུལ་གྱིས། མགོན་པོ། ལྷ་མོ། དམ་ཅན། ཞིང་སྐྱོང་རྣམས་ཀྱི་བླ་རྡོ་སྲོག་འཁོར་བཅའ་སྒྲུབ་གནང་ནས་ནང་རྟེན་དུ་བསྩལ། ཚེ་སྒྲུབ་གསང་འདུས་དོན་དབང༌། གཏེར་ཆེན་རྡོ་རྗེ་གླིང་པའི་རྫོགས་ཆེན་ཧཱུྃ་སྐོར་སྙིང་ཐིག་མཁྱེན་བརྩེའི་ཉེ་བརྒྱུད་ཅན་སོགས་ཀྱང་ཐོབ། རྒྱལ་དབང་མཆོག་གི་ཞབས་བརྟན་མགོན་པོའི་བསྐང་མདོས་ཀྱི་དབུར་རྡོར་སློབ་དགོས་པར་བཀའ་གནང་བ་ལྟར་བསྒྲུབས་ཏེ་མདོས་ཐོག་ཁར་ཕུལ་དུས་ཁྱེད་ལ་སྐད་ལེགས་པོ་འདུག་པས་ངས་ཁྱེད་རང་བཀའ་བརྒྱུད་པའི་མགོན་བླར་བསྐོས་པ་ཡིན་ཞེས་ཞལ་རྩེད་གནང༌། ཁམས་སུ་འགྲོ་ཁར་རྗེ་ཉིད་ཀྱིས་བཞེས་པའི་ན་བཟའ་ཆ་ཚང་གནང་ཞིང་ཐུགས་འཕྲེང་ཚུལ་མཛད། སྐུ་གཤེགས་ཁར་བསྩལ་བའི་ཕྱག་བྲིས་ནང་ཁོ་བོ་ལ་མཆིས་པའི་དབང་ལུང་མན་ངག་ཐམས་ཅད་ཁྱོད་ལ་རྫོགས་པར་ཐོབ་པ་ཡིན། བཀའ་བརྒྱུད་ཀྱི་བསྟན་པ་ཉག་ཕྲ་བ་ལ་དགོངས་ནས་འཛིན་སྤེལ་སྐྱོང་གསུམ་གལ་ཆེ་ཚུལ་སོགས་ཞལ་ཆེམས་སུ་བསྩལ། དེ་སྐབས་ཟུར་མང་གཏེར་སྟོན་ཟིལ་གནོན་ནམ་མཁའི་རྡོ་རྗེ་མཚུར་ཕུར་ཕེབས་པས་རང་གཏེར་ཚེ་སྒྲུབ་འཆི་མེད་སྲོག་ཏིག་གི་དབང་རྒྱལ་དབང་རྡོ་རྗེ་འཆང་དང་ལྷན་ཅིག་ཞུས། བྱམས་མགོན་ཆོས་ཀྱི་རྒྱལ་པོ་ཀན་ཏིང་ཏཱ་ཡི་སི་ཏུ་པདྨ་དབང་མཆོག་རྒྱལ་པོའི་ཞལ་སྔ་ནས་བཀའ་བརྒྱུད་སྔགས་མཛོད་ཀྱི་དབང་ལུང་ཁྲིད་བཅས། ཀུན་མཁྱེན་མི་བསྐྱོད་རྡོ་རྗེའི་ཁྲིད་ཐུང༌། མགོན་པོ་བེར་ཅན་གྱི་དབང་ཆེན། མ་མགོན་ཞལ་སྦྱོར་གྱི་གཏོར་དབང༌། དྭགས་པོ་པཎྜི་ཏ་བཀྲ་ཤིས་རྣམ་རྒྱལ་གྱི་འོད་ཟེར་སྐོར་གསུམ་གྱི་ལུང༌། ཐུགས་དམ་ཇོ་ལུགས་སྒྲོལ་དཀར་གྱི་རྗེས་གནང་སྔ་ཕྱི་ལན་དུ་མ། བསྙེན་རྫོགས་ཀྱི་བསླབ་པ་ཐོབ་པས་མཚོན་སྨིན་གྲོལ་རྒྱ་ཆེར་དང༌། དཔལ་སྤུངས་ཡིད་དགའ་ཆོས་འཛིན་གྱི་གདན་སར་ལན་དུ་མར་ཕྱིན་ནས་རྒྱུན་རིང་པོར་བསྡད་པས། ལུགས་གཉིས་ཀྱི་ཐུགས་བརྩེའི་བདག་རྐྱེན་ཐུགས་ཀྱི་སྲས་མཆོག་ལྟར་རྗེས་སུ་སྐྱོང་བར་མཛད། སྐུ་གཤེགས་ཁར་སྙུན་གཡོག །གསོལ་སྨན་འབུལ་བ་སོགས་དང༌། འདས་རྗེས་སྐུ་གདུང་རིན་པོ་ཆེར་ཞབས་ཏོག་བཅས་ཞུས་ཤིང༌། དགོངས་པ་རྫོགས་ལ་ཉེ་བའི་སྐབས་སྐུ་རྩེད་ལྟ་བུས་ན་བཟའ་སྐུ་ཡི་དྲོད་ཅན་ཕན་ཚུན་བརྗེ་བ་དང༌། བཞེས་འཕྲོ་ཕན་ཚུན་གནང་བ་སོགས་དུ་མ་མཛད་པས་མཚོན་མཐིང་དམར་ཅོད་པན་འཆང་བ་ཡབ་སྲས་གཉིས་ཀའི་ཐུགས་ཀྱི་བུ་ཆེན་ལྟ་བུར་རྗེས་སུ་བཟུང༌། འཇམ་མགོན་མཆོག་སྤྲུལ་དཔལ་ལྡན་མཁྱེན་བརྩེའི་འོད་ཟེར་ལས་གྲོལ་ཏིག་ཞི་ཁྲོ། བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དབང་ཁྲིད་སྦྲག་མ། རྒྱལ་མཆོག་བཅོ་ལྔ་པའི་བླ་སྒྲུབ་ཀྱི་དབང༌། དེའི་གསུང་མ་མགོན་ཞལ་སྦྱོར་གཏོར་དབང་བཀའ་རྒྱ་ཅན། མགོན་པོའི་གཡང་སྒྲུབ་སྐོར་ལུང༌། ཀར་ལུགས་རྒྱལ་བ་རྒྱ་མཚོའི་རྒྱུན་ཁྱེར། མཆོག་གླིང་པདྨ་སྒྱུ་འཕྲུལ་དྲྭ་བའི་འགྲོ་དོན་ཕྱིའི་སྨིན་གྲོལ་སོགས་ཐོབ། རྒྱལ་མཆོག་ཕྱག་ན་པདྨོ་བཅུ་དྲུག་པ་རང་བྱུང་ཁྱབ་བདག་རིག་པའི་རྡོ་རྗེ་ལས་བཀའ་བརྒྱུད་སྔགས་མཛོད་ཡོངས་རྫོགས་ཀྱི་དབང་ཁྲིད། གདམས་ངག་རིན་པོ་ཆེའི་མཛོད་ཀྱི་དབང་ཁྲིད་ལུང་བཅས་ཞིབ་རྒྱས། ཀཾ་ཚང་རྒྱལ་བ་རྒྱ་མཚོའི་དབང་ཆེན། མགོན་པོ་འཁོར་ལྔ་ཡོངས་རྫོགས་ཀྱི་དབང་བཅས་ཐོབ་ཅིང་ཐུན་མོང་མ་ཡིན་པའི་ཐུགས་བརྩེས་ཤིན་ཏུ་བསྐྱངས་པར་མཛད། ཟུར་མང་དྲུང་རིན་པོ་ཆེ་ཀརྨ་ཆོས་ཀྱི་ཉིན་བྱེད་ལས་ཀཾ་ཚང་བདེ་མཆོག་ལྷ་ལྔ། ཀར་གླིང་ཞི་ཁྲོའི་དོན་དབང་སོགས་ཐོབ། ཁྱུང་པོ་བླ་མ་རིན་ཆེན་ལས་ཚེ་གསང་དོན་དབང༌། རང་བྱུང་རྡོ་རྗེའི་སྙིང་གཏམ་ཚིག་གཅིག་གི་ཁྲིད་དང༌། འདན་རྣམ་གླིང་བླ་མ་རིན་པོ་ཆེ་དམ་ཆོས་ལས་མར་མི་དྭགས་གསུམ་གྱི་བླ་སྒྲུབ་ཀྱི་དབང་ཁྲིད་ལུང་བཅས་དང༌། སྤྱན་སྔ་བླ་མ་འཇམ་དབྱངས་གྲགས་པ་ལས་ལམ་རིམ་ཡེ་ཤེས་སྙིང་པོའི་བཤད་པ། རྣལ་འབྱོར་དབང་ཕྱུག་དྲུང་ལམ་རྒྱལ་སྤྲུལ་རིན་པོ་ཆེ་ལས་མཉམ་མེད་དྭགས་པོའི་ཐར་རྒྱན་གྱི་ཁྲིད་ལུང༌། མཁྱེན་བརྩེ་རིན་པོ་ཆེའི་གཤིན་རྗེ་ཐུགས་ཏིག །ནམ་སྙིང་ཚེ་སྒྲུབ་སོགས་དུ་མ་དང༌། བླ་གྲོའི་མཁས་དབང་འགྱུར་མེད་རྣམ་རྒྱལ་ལས་མ་ཏིའི་འཇམ་དཀར། དམ་པའི་སྨྲ་སེང༌། བྲམ་ཟེ་ཕུར་བུའི་དབྱངས་ཅན་མའི་རྗེས་གནང་རྣམས་ཐོབ། གྲུབ་དབང་རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ལས་དཀོན་མཆོག་སྤྱི་འདུས་ཀྱི་ཚེ་དབང་ལན་དུ་མ་དང༌། རྫོགས་ཆེན་མཁན་རིན་པོ་ཆེ་འཇིགས་མེད་པདྨ་བློ་གསལ་ལས་བླ་མ་ཡང་ཏིག་གི་དབང༌། ཁྲིད་ལུང་བཅས། ཀློང་སྙིང་ཡང་གསང་བླ་སྒྲུབ་ཀྱི་དབང་དང༌། སུམ་རྟགས་སི་ཏུའི་འགྲེལ་ཆེན་དང༌། དབུ་མ་རྩ་བ་ཤེས་རབ། དབུ་མ་འཇུག་པ། སྡོམ་གསུམ་རྣམ་ངེས། འགྲེལ་ཆེན་དཔག་བསམ་སྙེ་མ། མངོན་པ་མཛོད་རྣམས་ཞིབ་ཁྲིད་དུ་བསྩལ་ཞིང་ཐུགས་བརྩེས་ལྷག་པར་བསྐྱངས། སྐུ་མྱ་ངན་ལས་འདས་ཁར་ཐུགས་དམ་ཕྱག་ཕྲེང༌། སྐུ་སྟོད། བྱམས་ཆོས་སྡེ་ལྔ། དབུ་མ་རྩ་ཤེར། ཆོས་དབྱིངས་མཛོད་རྩ་འགྲེལ་བཅས་ཀྱི་ཕྱག་དཔེ་གནང༌། ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ་འགྱུར་མེད་པདྨ་རྣམ་རྒྱལ་ལས་མཉམ་མེད་དྭགས་པོའི་དུས་ཆེན་སྟེང་སྲོལ་གཉིས་ཀྱི་བྱང་སྡོམ། སྔ་འགྱུར་བཀའ་མ་སྒྱུ་འཕྲུལ་ཞི་ཁྲོ། ན་རཀ་དོང་སྤྲུགས། ཡང་དག །ཚོགས་ཆེན་འདུས་པ། སེམས་ཀློང་གཉིས། སྙིང་ཐིག་ཡ་བཞིའི་དབང་ལུང་ཁྲིད་བཅས། བི་མ་སྙིང་ཐིག་མ་བུའི་ཁྲིད་ཡིག་མི་འགྱུར་དཔལ་སྒྲོན་གྱིས་མཛད་པ། བཀའ་གཏེར་བཀའ་བརྒྱད་དོན་དབང་པདྨ་ཤེལ་ཕུག །གུ་རུ་ཆོས་དབང་ཕུར་པ་ཡང་གསང་སྤུ་གྲིའི་དབང༌། དེའི་རྣམ་བཤད་ཉིད་ཀྱིས་མཛད་པའི་ཁྲིད། སྒྲུབ་ཐབས་འདོད་འཇོ་བུམ་བཟང་ཡོངས་རྫོགས་ཀྱི་དབང་ལུང༌། གཉུག་སེམས་སྐོར་གསུམ། གཞུང་སྤྱིའི་དཀའ་གནད་དང་བཅས་པའི་བཤད་ལུང་སོགས་འཇམ་མགོན་མི་ཕམ་རིན་པོ་ཆེའི་བཀའ་འབུམ་ཡོངས་རྫོགས་ཀྱི་ལུང༌། རཏ་གླིང་ཚེ་སྒྲུབ་གསང་འདུས་ཀྱི་དབང་ཆེན། དོན་དབང༌། སྨིན་གཏེར་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་དབང༌། སྔོན་འགྲོ་དངོས་གཞིའི་རྩ་བ་ཡན་ལག་གི་ཁྲིད། རྫོགས་པ་ཆེན་པོ་ཨ་ཏི་ཟབ་དོན་སྙིང་པོའི་དབང་ཁྲིད། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་དབང་ཁྲིད། མགོན་པོ་ཚོགས་བདག་གི་དབང༌། རྒྱལ་ཚབ་རིན་པོ་ཆེ་མཆོག་གི་གསུང་མཆོད་ཆོག་སྐོར་ཡོངས་རྫོགས། བློ་སྦྱོང་གི་ཁྲིད་བདུད་རྩིའི་བུམ་བཟང༌། དཀོན་མཆོག་རྣམ་བཞག །འཇམ་མགོན་གཏེར་བྱོན་གྲོ་ལོད་གསང་སྒྲུབ་ཀྱི་དབང་དང་བསྙེན་ཡིག །མ་ཏིའི་འཇམ་དཀར་དང༌། བྲབ་ཟེ་ཕུར་བུའི་དབྱངས་ཅན་དཀར་མོའི་བསྙེན་ཡིག་སོགས། ཞེ་ཆེན་ཀོང་སྤྲུལ་རིན་པོ་ཆེ་པདྨ་དྲི་མེད་ལས་རྙིང་མ་བཀའ་མ་མདོ་སྒྱུ་དོང་སྤྲུགས་ཡང་དག་སོགས་ཀྱི་སྒྲུབ་དཀྱིལ་གྱི་ལུང༌། རྒྱལ་ཚབ་རིན་པོ་ཆེའི་གསུང་ངེས་དོན་སྙིང་པོའི་བཤད་ལུང་སྐོར་དང༌། ཞེ་ཆེན་རབ་འབྱམས་རིན་པོ་ཆེ་འགྱུར་མེད་ཀུན་བཟང་བསྟན་པའི་ཉི་མ་ལས་སྨིན་གཏེར་གཤིན་རྗེ་དྲེགས་འཇོམས། མཁྱེན་བརྩེའི་དགོངས་གཏེར་གྲུབ་ཐོབ་ཐུགས་ཏིག་བླ་སྒྲུབ། དག་སྣང་ཙཎྜ་ལིའི་ཚེ་དབང་སོགས་དང༌། རྒྱལ་ཚབ་རིན་པོ་ཆེའི་ཡང་སྲིད་འགྱུར་མེད་པདྨ་རྡོ་རྗེ་ལས་སྨིན་གཏེར་འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་དབང་རྣམས་ཐོབ། བསྟན་པའི་ཤིང་རྟ་མཁྱེན་བརྩེ་རིན་པོ་ཆེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ལས་སྲོལ་གཉིས་ཀའི་བྱང་ཆུབ་སེམས་སྡོམ། རྙིང་མ་བཀའ་མ་ཕལ་ཆེར། ཀློང་སྙིང་རྩ་པོད་གཉིས། རྡོར་སེམས་མངོན་དགའི་ཞིང་སྦྱོང་གི་རྩ་བ་ཡན་ལག །སྙིང་ཏིག །ཇོ་ལུགས་སྒྲོལ་དཀར། སྙིང་ཐིག་ལུགས་ཀྱི་སེམས་སྡོམ། མཁྱེན་བརྩེ་རིན་པོ་ཆེའི་སྙན་བརྒྱུད་ཕུར་པའི་དབང་ཁྲིད། ཕུར་པ་རྩ་དུམ་གྱི་འགྲེལ་པ་འཇམ་མགོན་གསུང༌། རྗེས་དྲན་ལྕེ་བཙུན་སྙིང་ཐིག་གི་དབང་ཁྲིད་ལུང་བཅས་དང༌། འཁོན་ལུགས་ཕུར་པ་ཇོ་ནང་རྗེ་བཙུན་རིན་པོ་ཆེའི་ལྗགས་བསྒྲིགས་སྟོད་ལས་སྨད་ལས་ཀྱི་དབང༌། ཀུན་མཁྱེན་འཇིགས་གླིང་རྒྱུད་ཕུར་དབང་ཆེན། ས་ལུགས་མགོན་པོ་གུར་གྱི་དབང་ཆེན། ཞལ་དང་ལྷ་མོའི་རྗེས་གནང༌། ནཱ་རོ་མཁའ་སྤྱོད་མའི་བྱིན་རླབས་ཐུན་མོང་ཐུན་མིན་གཉིས། ཞྭ་ལུ་ལུགས་ཀྱི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན། ཤེར་ཕྱིན་སྡུད་པའི་འགྲེལ་པ་མི་ཕམ་རིན་པོ་ཆེའི་གསུང༌། ཚར་ལུགས་སྒྲོལ་དཀར་གྱི་དབང༌། འཆི་མེད་འཕགས་མའི་སྙིང་ཐིག་གི་དབང༌། བདུད་འཇོམས་མཆོག་སྤྲུལ་རིན་པོ་ཆེ་ལས་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་གཏེར་བྱོན་གྲོ་ལོད་གསང་སྒྲུབ་ཀྱི་དབང༌། བདེ་ཆེན་ཆོས་འཁོར་ཆོས་མགོན་རིན་པོ་ཆེ་ལས་དཀོན་མཆོག་སྤྱི་འདུས་ཀྱི་ཚེ་དབང༌། མདོ་ཁམས་པ་བརྒྱད་པ་དོན་བརྒྱུད་ཉི་མ་ལས་དཀོན་མཆོག་སྤྱི་འདུས་ཀྱི་ཚེ་དབང་ཐོབ། ས་སྐྱ་བདག་ཆེན་ཕུན་ཚོགས་ཕོ་བྲང་ངག་དབང་ཀུན་དགའ་བསོད་ནམས་ལས་ས་ལུགས་དམར་པོ་སྐོར་གསུམ་གྱི་བྱེ་བྲག་རིག་བྱེད་མའི་རྗེས་གནང༌། བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག་༧གོང་ས་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་ལས་ཇོ་བོའི་བྱང་ཆུབ་ལམ་སྒྲོན་གྱི་ལྗགས་ལུང་དང༌། གཙང་པཎ་ཆེན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་ཉི་མ་ལས་གྲུབ་རྒྱལ་ཚེ་དབང༌། དབུ་མ་འཇུག་པའི་བཤད་ལུང་སྡོམ་གཏད་བསྩལ་བས་མཚོན་གྲུབ་མཐའ་རིས་མེད་ཀྱི་མཁས་གྲུབ་རྣམས་ལས་དབང་ཁྲིད་ལུང་བཅས་རྒྱ་ཆེར་ཐོབ་ཅེས་འདི་ཡན་ཆད་རྗེ་ཉིད་ཀྱི་གསུང་སོར་བཞག་ལགས། །གཉིས་པ་ལ་གསུམ། མཁས་པའི་ཡོན་ཏན་ལས་བརྩམས་ཏེ་ཐོས་བསམ་གྱི་ཆེ་བ། བཙུན་པའི་ངོ་མཚར་གྱིས་བརྒྱན་པའི་སྒོམ་རྟོགས་དྲོད་རྟགས་ཀྱི་ཆེ་བ། བཟང་པོའི་ཡོན་ཏན་དང་ལྡན་པའི་མཛད་པ་ཕྱག་རྗེས་ཀྱི་ཆེ་བའོ། །དང་པོ་ནི། ཐོག་མར་དགུང་གྲངས་བརྒྱད་སོན་སྐབས་འབྲི་ཀློག་དབུ་ཚུགས་ཤིང་ཡབ་ལས་ཕྱག་བྲིས་བསླབས། ཕྱིས་འབྲོང་པ་བླ་མ་བསྟན་འཛིན་ཆོས་རྒྱལ་གྱིས་ཀརྨའི་སྒར་བྲིས་སུ་བསྒྱུར། དེ་མཚུངས་ལཉྩ་ཝརྟུ་སོགས་ལེགས་པར་མཁྱེན། ཡབ་རྗེ་དམ་པས་བསྟན་འཛིན་གྱི་སྐྱེས་བུ་ཞེས་ཤེས་བྱ་རིག་པའི་གནས་ཐམས་ཅད་མཁྱེན་པ་ཞིག་དགོས་ཅེས་རྩོལ་བ་ཆེན་པོས་ཡོངས་འཛིན་གདན་འདྲེན་པ་སོགས་ཀྱི་བདག་རྐྱེན་མཛད་པ་ལྟར། ལྔ་རིག་སྨྲ་བ་འགྱུར་མེད་རྒྱ་མཚོ་ལས་སུམ་རྟགས། དག་ཡིག་ངག་སྒྲོན། དཔལ་སྤུངས་བྱང་འདྲེན་བསྟན་འཛིན་རྡོ་རྗེ་ལས་རྟོགས་ལྡན་ལྷག་བསམ་གྱི་སུམ་འགྲེལ། འགྱུར་མེད་རྒྱ་མཚོ་ལས་སྙན་ངག་ལེའུ་བར་པ། སྐར་རྩིས་ལྔ་བསྡུས། གཟའ་ལྔ་དབྱངས་འཆར་བཅས་གསན་ཅིང་ཤིན་ཏུ་བྱང་བར་མཁྱེན། གོང་སྨོས་དཔལ་སྤུངས་བྱང་འདྲེན་པ་ལས་སྙན་ངག་ལེའུ་ཐོག་མཐར་བར་གསུམ་མདོ་ཁམས་པ་ཆེན་པོའི་འགྲེལ་ཆེན་གྱི་སྟེང་ནས་ཞིབ་པར་གསན། དཔེར་བརྗོད་འབྲི་རྩོམ་སོགས་ལ་ཚིག་སྙན་དོན་ཟབ་བརྗོད་པ་ཕུལ་དུ་བྱུང་ཞེས་མཁས་དབང་བླ་མ་བཀྲ་འཕེལ་གྱིས་གསུངས། ཡང་འགྱུར་མེད་རྒྱ་མཚོ་ལས་དགེ་རྩེ་པཎྜི་ཏའི་རྣམ་བཤད་ཀྱི་ཐོག་ནས་དབྱངས་ཅན་སྒྲ་མདོ་ཚང་བར་གསན། ཀུན་བཤད་ཀྱི་མཚན་དུ་དབྱངས་ཅན་དགའ་བའི་གོ་ཆ་ཞེས་འཇམ་མགོན་མི་ཕམ་རིན་པོ་ཆེས་མགུལ་དར་བཅས་བསྩལ། ཡང་བྱང་འདྲེན་བསྟན་རྡོར་ལས་ས་བཟང་པཎ་ཆེན་གྱི་འགྲེལ་པའི་སྟེང་ནས་སྒྲ་ཀཱ་ལ་པ་ཞིབ་ཁྲིད་མཛད། འཇམ་མགོན་མི་ཕམ་རིན་པོ་ཆེའི་དངོས་སློབ་དཔལ་སྤུངས་ཀྱི་འཚོ་མཛད་ཆེན་མོ་ཛི་གང་ག་དགའ་ལས་གསོ་རིག་རྒྱུད་བཞི་ཞིབ་ཁྲིད་མཛད་ཅིང༌། སྨན་སྦྱོར་ཕྱག་བཞེས་གནང་བས་མཆོག་དམན་ཀུན་ལ་ཕན་ཐོག་ཧ་ཅང་ཆེ་བ་བྱུང༌། ལྷ་ཞི་དྲག་གི་རོལ་སྒེག་སོགས་ཉམས་འགྱུར་རྨད་དུ་བྱུང་བ་སྐྱེས་སྟོབས་ཀྱིས་མཁྱེན་ཅིང༌། སྐུའི་ཐིག་ཚད་སོགས་ཞིབ་པར་གཟིགས། སྐུ་འདྲ་ལི་མའི་རྒྱུ་ཁྱད་སྐུ་ཚུགས་སོགས་ལ་མཁྱེན་དཔྱོད་རྒྱ་ཆེ་བས་མཚོན་བཟོ་རིག་པ་ཕུལ་དུ་ཕྱིན། དཔལ་སྤྲུལ་རིན་པོ་ཆེ་དང་དགེ་མང་དབོན་བསྟན་འཛིན་ནོར་བུའི་དངོས་སློབ་རྫ་རྒྱལ་དགོན་གྱི་མཁན་པོ་སྤྲེལ་ལུ་ལས་སྤྱོད་འཇུག །བྱམས་ཆོས་སྡེ་ལྔ་སོགས་དང༌། ཀློང་ཆེན་མཛོད་བདུན་དང་ངལ་གསོ་སྐོར་གསུམ་སོགས་ཀྱང་གསན། དགེ་མང་མཁན་རིན་པོ་ཆེ་ཡོན་ཏན་རྒྱ་མཚོ་ལས། བྱམས་ཆོས་སྡེ་ལྔ། སྡོམ་གསུམ་རྣམ་ངེས་མཆན་འགྲེལ་དེ་ཉིད་ཀྱིས་མཛད་པ། འཇིགས་མེད་གླིང་པའི་ཡོན་ཏན་རིན་པོ་ཆེའི་མཛོད་རྣམས་ཞིབ་པར་གསན། བ་ཐུལ་མཁན་ཐུབ་བསྟན་ཆོས་འཕེལ་ལས་མི་ཕམ་དབུ་མ་རྒྱན་འགྲེལ། མཁས་འཇུག །དབུ་མ་རྩ་བ་ཤེས་རབ། རིགས་ཚོགས་ལྔ། བཞི་བརྒྱ་པ། འཇུག་པ་རྣམས་གསན། མེ་ཉག་མཁན་ཨ་དཔལ་ལས་མངོན་པ་མཛོད་གསན་པས་མཚོན་མདོ་སྔགས་རིག་གཞུང་རྒྱ་མཚོར་སྦྱང་བརྩོན་ལྷུར་བཞེས་པས་སྐུ་ན་ཆུང་ངུའི་དུས་ནས་མཁས་པའི་གྲགས་སྙན་ཕྱོགས་བཅུར་བརྡལ་བར་གྱུར། གཞན་ཡང་བོད་དུ་དར་བའི་གྲུབ་མཐའ་བཞིའི་རིང་ལུགས་འཛིན་པའི་དགེ་བའི་བཤེས་གཉེན་ཁྱད་པར་ཅན་ཀུན་ལ་དད་གུས་རྒྱ་ཆེར་གནང་ཞིང་དེ་དག་གི་བསྟན་རྒྱུན་ལས་བྱུང་བའི་དབང་ཆོས་གང་ཟབ་གསན། དེ་དག་ཀྱང་རྒྱུ་མཚན་ཅི་ཡང་མི་ཤེས་པའི་བླུན་པོ་གྲགས་རྗེས་འབྲང་པ་ཁོ་ན་མ་ཡིན་པར་རྙིང་ཕྱོགས་ཀྱི་བཀའ་གཏེར་ཤིང་རྟ་སྤྱི་དང་ཁྱད་པར་ཉང་གུར་བྱང་གསུམ། འཇའ་ཚོན། སྨིན་གླིང་གཏེར་ཆེན། རོང་ཀློང་སོགས། ས་སྐྱ་གོང་མ་རྣམ་ལྔ། ཚར་ཆེན། ངོར་ཆེན་རྡོ་རྗེ་འཆང་ཞྭ་ལུ་བློ་གསལ་བསྟན་སྐྱོང་སོགས་དང༌། བཀའ་གདམས་ཇོ་འབྲོམ་སྐུ་མཆེད་གསུམ། དགའ་ལྡན་རྗེ་ཡབ་སྲས། རྒྱལ་དབང་ལྔ་པ། པཎ་ཆེན་དགེ་འདུན་གྲུབ་སོགས་སྐྱེས་བུ་ཆེན་པོ་རྣམས་དང༌། འཇམ་མགོན་བླ་མ་རྣམ་གསུམ། རྒྱལ་སྲས་གཞན་ཕན་མཐའ་ཡས། དཔལ་སྤྲུལ་ཆོས་ཀྱི་དབང་པོའི་བསྟན་རྒྱུན་དང་རྣམ་ཐར་ལ་མི་ཕྱེད་པའི་དད་པས་དེ་དག་ལས་བྱུང་བའི་ཆོས་བརྒྱུད་གཙང་མ་གསན་ཅིང༌། རྒྱལ་དབང་རང་བྱུང་རྡོ་རྗེ་དང༌། འཇིགས་བྲལ་པཎྜི་ཏ་མི་ཕམ་རྣམ་པར་རྒྱལ་བའི་བཞེད་དགོངས་ཀྱི་དབུ་མའི་ཟབ་གནད་ལ་ཐུགས་ངེས་ཤེས་འཁྲུངས་ཤིང༌། མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་ལྟ་སྒོམ་སྤྱོད་པའི་གནད་ཀྱི་ཆོས་སྐད་ཆ་ཤས་རེ་ལའང་ཐུགས་མོས་ཤིན་ཏུ་ཆེན་པོ་བཅོས་མིན་དུ་མངའ་ཞིང༌། དེ་དག་གི་གསུང་དང་རྣམ་ཐར་ཕལ་ཆེར་དུས་དང་རྒྱུན་པར་ཐུགས་ཀྱི་དཔལ་བེའུར་བསྟིམས་ཤིང་རྗེས་སུ་སློབ་པར་མཛད་པ་དང༌། གསུང་གི་ཟེགས་མ་རྣམས་ཀྱང་སྡུད་སྤེལ་གྱི་ཐབས་ལ་བརྩོན་པས་མཚོན་ལྷག་པའི་ཐུགས་བསྐྱེད་ཆེ་བ་སོགས་ཐོས་བསམ་གྱི་ངོ་མཚར་གཞལ་བར་དཀའ་བའི་གནས་སོ། །གོང་སྨོས་ཀྱིས་མཚོན་དགེ་བའི་བཤེས་གཉེན་ཀུན་ལ་དག་སྣང་དང༌། བཀའ་དྲིན་དྲན་པའི་བསྔགས་བརྗོད་གསོལ་འདེབས་ཡང་ཡང་མཛད། སྲི་ཞུ་མི་ཆུང་བ་རྩལ་སྤྲུགས་སུ་གནང༌། ཞལ་གདམས་རྣམས་ཐུགས་ལ་བཟུང་ཞིང་ངོ་ལྐོག་མེད་པར་སྒྲུབ་གནང་མཛད་པ་སོགས་ལ་མདོ་རྒྱུད་ནས་འབྱུང་བ་དང་མཐུན་པར་མཛད། གཉིས་པ་ནི། སངས་རྒྱས་མཉན་པ་ཉིད་སྤྲུལ་གཞི་རྒྱལ་ཚབ་བྱམས་མགོན་དུ་གྲགས་པ་དོན་ལ་གནས་པས་སྐུ་ཕྲེང་ཐམས་ཅད་བཙུན་པའི་ཚད་དུ་གྲགས་པ་ལྟར་དམ་པ་འདི་ཡང་འདུལ་ཁྲིམས་གཙང་མའི་ཀུན་སྤྱོད་འབའ་ཞིག་ལ་དགྱེས་ཤིང་ཡོན་བདག་གི་བསྔོས་ཤ་དང༌། ཉ་སྟོང་བརྒྱད་གསུམ་ལ་ཤ་མི་བཞེས་པ་དང༌། སྐུའི་ཉེར་སྤྱད། མཛད་པ་ཐམས་ཅད་འདུལ་བ་དང་མཐུན་པ་ཁོ་ན་གནང༌། སྔགས་ལ་ཁ་གཡར་བའི་དེང་སང་གི་སྤྱོད་པ་རྩིང་པོའི་རིགས་ལ་གཏན་ནས་ཐུགས་མི་མཉེས་པས་ཞལ་གདམས་གསུང་རྩོམ་ཕལ་ཆེར་གྱི་མཇུག་ཏུ་དབེན་པའི་ནགས་ཀྱི་ཤིང་དྲུང་ཞིག་ཏུ་དགེ་སློང་སྦྱངས་པའི་ཡོན་ཏན་ལ་གནས་པ་འབའ་ཞིག་ལ་སྨོན་པ་མཛད། གཞན་དག་ལའང་རང་རེ་ཐུབ་པའི་རྗེས་སུ་འཇུག་པ་རྣམས་ཚུལ་ཁྲིམས་གཙང་མ་རེ་བྱུང་ན་བསྟན་པའི་སྒོར་ཞུགས་པའི་སྙིང་པོ་འདི་ཁོ་ན་ཡིན། རབ་ཏུ་བྱུང་བའི་གཏན་ཆུས་འདི་ཡིན་ཞེས་ཡང་ཡང་གསུངས། ལྷག་པར་རྗེ་ཉིད་དགུང་གྲངས་བཅོ་བརྒྱད་སྐོར་ཡབ་གཞིས་སུ་བཞུགས་སྐབས་ཤིག་ཏུ་ཐོ་རེངས་ཁར་གཟིགས་སྣང་དུ། མཁན་ཆེན་བཀྲ་ཤིས་འོད་ཟེར་དེ་ཉིད་ཕྲུག་གཟན་དམར་ཆེན་ཞིག་བཞེས་ཏེ་བཞུགས་པ་མཇལ་བ་དང་ཤངས་དུ་ཚུལ་ཁྲིམས་ཀྱི་དྲི་ཚོར་བས་ལྷག་པར་དད་མོས་སྐྱེ་བཞིན་དྲུང་དུ་བཞུགས་པས་ཞལ་འཛུམ་ཞིང་ཐུགས་བརྩེ་བའི་ཚུལ་གྱི་ཚུལ་ཁྲིམས་བསྲུང་བའི་ཕན་ཡོན་ཚུལ་འཆལ་གྱི་ཉེས་དམིགས་མང་དུ་གསུངས་ཏེ། དེང་སང་དུས་སྙིགས་མར་བཀའ་བརྒྱུད་པ་འདུལ་བའི་བསྟན་པ་ཉམས་དམའ་བས། ངས་སོ་ཐར་གྱི་བསླབ་པ་ཕོག་པ་ཀུན་ལས་ཟུར་མང་བསྟན་འཛིན་སྤྲུལ་སྐུ་དང༌། ཁྱེད་གཉིས་ལ་རེ་བ་ཆེན་པོ་ཡོད་པས་ཚུལ་ཁྲིམས་རྣམ་པར་དག་པ་མཐར་ཕྱིན་པ་ཞིག་གྱིས་ཞེས་ཕྱག་གཡས་པ་བརྐྱངས་ཏེ་སྐུ་རྒྱབ་ཏུ་རེག་པའི་དྲོད་ཀྱིས་ཚ་ཆེམས་མེར་བྱུང་བའི་རྐྱེན་གྱིས་མནལ་སད། དེ་སྐབས་མཁན་ཆེན་བླ་མ་དགོངས་པ་རྫོགས་ནས་རིང་པོར་མ་ལོན་སྟབས་དྲན་པའི་གདུང་ཤུགས་ཀྱིས་སྤྱན་ཆབ་མང་པོ་བསིལ། ཚུལ་ཁྲིམས་རྣམ་པར་དག་པ་ཞིག་བསྲུང་བའི་དམ་བཅའ་བླངས་པ་ཡིན་གསུངས། དེ་ནས་བཟུང་ཕྱི་ཡི་རྟགས་སུ་སྐུ་དང་ན་བཟའ་སོགས་ལ་ཚུལ་ཁྲིམས་ཀྱི་དྲི་མ་འཐུལ་བ་ཞིག་བྱུང་བ་ནི་ངོ་མཚར་བའི་གནས་གཞལ་བར་དཀའ་བའོ། །གཞི་སོ་ཐར་གྱི་བསླབ་པ་གཙང་མ་དང་ལྡན་པའི་ཐོག །བན་ཆེན་སྒྲུབ་སྡེ་གསང་སྔགས་རིག་པའི་ཕོ་བྲང་དུ་རྒྱལ་དབང་བཅོ་ལྔ་པའི་བཀའ་ལུང་བཞིན་ལོ་གསུམ་ཕྱོགས་གསུམ་གྱི་སྐུ་མཚམས་བཅད་རྒྱ་ཤིན་ཏུ་དམ་པོ་དང༌། གཞན་ཡང་སྔ་རྗེས་ལོ་དུ་མ་སྒྲུབ་པ་མཛད་དེ་ཕྱག་ཆེན་སྔོན་འགྲོ་བཞི་སྦྱོར་སྟེང་ནས་བསགས་སྦྱངས་རྒྱས་པ་དང༌། དེ་ནས་བཟུང་མཧལ་དང༌། སྐུ་ཕྱག་སྐུ་ན་གཞོན་པའི་སྐབས་ཉིན་རེ་བརྒྱ་རྩ། ཕྱིས་སྐུ་ན་སྨིན་ནས་ཀྱང་ཕྱག་ཉི་ཤུ་སྐོར་ཉུང་མཐའ་བྱས་པ་ཆགས་མེད་གནང་བ་དང༌། འཇམ་མགོན་མི་ཕམ་རིན་པོ་ཆེས་ལྷག་པའི་ལྷ་རུ་ལུང་བསྟན་པའི་ཇོ་ལུགས་སྒྲོལ་དཀར་གྱི་དུས་གྲངས་ཀྱི་བསྙེན་པ་རྒྱས་བསྡུས་ལན་དུ་མ་དང༌། མཁྱེན་བརྩེའི་སྙན་བརྒྱུད་གཤིན་རྗེའི་ཐུགས་ཏིག །འཇམ་དཔལ་བསྟོད་སྒྲུབ། སྙན་བརྒྱུད་ཕུར་པ། འཕགས་མའི་སྙིང་ཐིག །རྒྱུད་སྡེ་བཞི་འབྲེལ་སྒྲོལ་མ། འཇམ་མགོན་གྲོ་ལོད་གསང་སྒྲུབ། ཚར་ལུགས་ནཱ་རོ་མཁའ་སྤྱོད། རྒྱལ་ཚབ་བྱམས་པའི་སྒྲུབ་ཐབས། མི་ཕམ་རིན་པོ་ཆེའི་མན་ངག་རྟོག་པ་ལས་གསུངས་པའི་ཀུ་རུ་ཀུལླེ། འཇམ་དབྱངས་མཆོག་སྦྱིན་རྡོ་རྗེ། ཐུབ་ཆོག །ཚིག་བདུན་བླ་སྒྲུབ། རྒྱུད་ལུགས་འཇམ་དཔལ་ཞི་བ་རྣམས་རྩ་བའི་ཐུགས་དམ་བསྙེན་སྒྲུབ་ལན་གྲངས་དང་རྒྱུན་གྱི་ཉམས་བཞེས་ཆག་མེད་གནང༌། གྲུབ་རྒྱལ་ཚེ་སྒྲུབ། དུས་འཁོར་རྒྱུན་ཁྱེར། རཏ་གླིང་ཡང་གསང་གུད་སྦས། དུས་མཁྱེན་ཐུགས་དམ་ཀཾ་ཚང་བདེ་མཆོག་ལྷ་ལྔ། བཀའ་བརྒྱུད་སྔགས་མཛོད་དུ་བཞུགས་པའི་རྭ་ལུགས་འཇིགས་བྱེད། འཇམ་དཔལ་གསང་ལྡན། མགོན་པོ་བེར་ཅན་སོགས་བཀའ་བརྒྱུད་རྒྱུད་སྡེའི་སྐོར་དང༌། གུ་རུ་ཆོས་དབང་ཕུར་པ་ཡང་གསང་སྤུ་གྲི །རཏ་གླིང་ཕྱི་ནང་གི་སྒྲུབ་པ། འཇམ་དཔལ་རྒྱུད་ལུགས་ཀྱི་སྒྲུབ་ཐབས་རྒྱས་པ་ལ་བསྟེན་པའི་བསྙེན་སྒྲུབ། འཇམ་དཔལ་དམར་པོ་ལོངས་སྤྱོད་ཚེ་འཕེལ། རཏྣའི་ཕུར་པ་ཡང་གསང་བླ་མེད། མི་ཕམ་རིན་པོ་ཆེའི་གསུང་བདུད་རྩིའི་འོད་ལྡན་གྱི་བཅུད་ལེན་སོགས་ལ་བརྟེན་ཏེ། བསྙེན་བཟླས་རྒྱས་པར་གནང་བ་དང༌། དཔལ་དུས་ཀྱི་འཁོར་ལོའི་བསྙེན་ཚད། གཅོད་ཀྱི་ཚོགས་བརྒྱ་སོགས་དང༌། དུས་རྟག་པར་ཡར་མར་གྱི་ཚེས་བཅུ་ལ་གུ་རུའི་ཐུགས་སྒྲུབ་གང་རུང་དང༌། མཁའ་འགྲོ་གང་རུང་གི་སྒོ་ནས་ཚོགས་མཆོད་རྒྱས་པ། ཉེར་དགུར་བཀའ་རྙིང་གི་ཆོས་སྲུང་རྣམས་ཀྱི་གསོལ་བསྐང༌། ཚེས་བརྒྱད་ལ་སྨན་ཆོག་རྒྱས་བསྡུས་གང་འོས། བཅོ་ལྔ་གནམ་སྟོང་ལ་གསོ་སྦྱོང་དང༌། བཤགས་སྨོན། མཆོད་འབུལ། རྒྱུན་གྱི་ཞལ་འདོན། ཤེར་ཕྱིན་སྡུད་པ་ཁྲི་ཚར་ལས་མི་ཉུང་བ་དང༌། ཐུབ་ཆོག །ཀཾ་ཚང་སྔོན་འགྲོ །ཐུན་བཞི། གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་རྣམས་ཀྱི་གསོལ་འདེབས་སྨོན་ལམ། རྗེ་ཉིད་ལ་བཀའ་དྲིན་ཆེ་བའི་བླ་མ་རྣམས་ཀྱི་གསོལ་འདེབས། ཞབས་བརྟན། སྔ་དགོང་དུས་སུ་ཆུ་གཏོར། གསུར། ལུས་སྦྱིན་བཅས་རྒྱས་པར་ཆག་མེད་དུ་གནང་ཞིང༌། དེ་དག་གི་སྐབས་སུ་མཆོད་འབུལ་མར་མེ་གཙོར་གྱུར་པ་དང༌། མཎྜལ། ཚོགས། གཏོར་མ་སོགས་རྒྱ་ཆེར་གནང་ཞིང་མཁན་ཆེན་བཀྲ་ཤིས་འོད་ཟེར། འཇམ་མགོན་མི་ཕམ། ཞེ་ཆེན་རྒྱལ་ཚབ། བྱམས་མགོན་སི་ཏུ་རིན་པོ་ཆེ་སོགས་ལ་ལོ་བསྟར་སྐུ་མཆོད་ཚོགས་དང༌། མཆོད་པ་བརྒྱ་རྩ་ལས་མི་ཉུང་བར་མཛད་ཅིང༌། མཆོད་ཚོགས་ཀུན་སྡོམ་ཇོ་བོ་རྗེ་ལྷ་གཅིག་གིས་འཕགས་ཡུལ་གཙུག་ལག་ཁང་དུ་མཆོད་འབུལ་གནང་སྐབས་ལྷ་བཤོས་མི་ཚད་ཙམ་བརྒྱད་སྟོང་བཞེངས་པ་སོགས་ཀྱི་རྣམ་ཐར་བཞིན་བྱེད་དགོས་ཅེས། བཀའ་གདམས་དགེ་བའི་བཤེས་གཉེན་རྣམས་ཀྱི་ཕྱག་བཞེས་ལྟར་རྒྱ་ཆེ་བ། སྤུས་ནོམ་ལྡན་པ། སེར་སྣ་དང་འབགས་བཙོག་གིས་མ་གོས་པར་གཙོ་བོར་ཕྱག་ལེན་དུ་བསྟར་བ་སོགས་སྒོམ་སྒྲུབ་ཀྱི་མཛད་པ་རྨད་དུ་བྱུང་བའོ། །གཞན་ཡང་བློ་སྦྱོང་དོན་བདུན་མ་དང༌། ཕྱག་རྫོགས་ཀྱི་རྣལ་འབྱོར་ལ་རྟག་པར་ཐུགས་གཞོལ་བས་ཉམས་རྟོགས་ཀྱི་དྲོད་ཚད་མཐོན་པོར་འཁྲུངས་པ་འདྲ་སྟེ། ཕྱི་ནང་གི་རྟགས་སུ་འཇིག་རྟེན་ཚེ་འདིའི་ཆེད་དུ་གསོག་འཇོག་དང༌། མཁོ་སྤྱད་ཀྱིས་གཞན་མགོ་བསྐོར་བ་ལ་ཐུགས་གཏན་ནས་མི་མཉེས། ཐབས་མཁས་ཀྱིས་གཞན་ངོ་བསྲུང་བ་དང་ཆེན་པོའི་རིགས་ལ་ངོ་འཛིན་གྱིས་དཀོར་སྡུད་སོགས་རེ་དོགས་ཀྱི་བྱ་བ་ལ་ཆེད་གཉེར་མི་མཛད། ཆོས་བརྒྱད་ལ་རེ་དྭོགས་ཀྱི་ཞེན་པ་ཆུང་བ་མངོན་སུམ་དུ་གྲུབ་པ་དང༌། དངོས་གྲུབ་ཀྱི་མཚན་མ་དངོས་ཉམས་རྨི་ལམ་དུ་བརྙེས་པའི་རྟགས་ཀྱང་དགུང་གྲངས་ཉི་ཤུ་སྐོར་ཕེབས་སྐབས་མི་ཕམ་རིན་པོ་ཆེའི་བཀས་བསྐུལ་སྟེ་རཏ་གླིང་གསང་སྒྲུབ་ཀྱི་ལྗགས་བསྙེན་སྐབས་མེ་ཏོག་ཨུཏྤལ་ལ་སྔོན་པོའི་ཆུན་པོ་གསར་པ་ཞིག་དགེ་སློང་མཐོང་ན་མི་མཐུན་པ་མེད་པའི་སྤྱོད་ལམ་ཅན་གྱིས་སྟེར་བ་དང༌། གཡུ་འབྲུག་ཞིག་ནམ་མཁའི་དབྱིངས་སུ་གྱེན་དུ་འགྲོ་བ་སོགས་ནུབ་རེ་བཞིན་རྨི་ལྟས་ངོ་མཚར་ཅན་རེ་བྱུང་བ་ཟླ་ཐོ་ངོས་རི་མོ་བཀོད་མཛད་འདུག་པ་དང༌། དེ་སྐབས་གཟིམ་ཁང་གི་སྐར་ཁུང་ལས་ཉི་ཟེར་གྱི་སྟེང་འོད་ཀྱི་རྡོ་རྗེ་སྔོན་པོ་རྩེ་ལྔ་ཞིག་སྒྲ་དང་བཅས་ཤར་གྱིས་བྱུང་ནས་ཉིད་ལ་ཐིམ་པ་སོགས་དགེ་མཚན་དུ་མ་བྱུང་ཚུལ་འབྲོང་པ་བླ་མ་ཚེ་དབང་རྒྱ་མཚོ་ལ་གསུངས་པ་དང༌། ཇོ་ལུགས་སྒྲོལ་དཀར་ཐོག་མའི་བསྙེན་སྒྲུབ་སྐབས་ནུབ་རེ་བཞིན་གཞུང་གི་རྟགས་ཚད་དང་མཐུན་པའི་མནལ་ལྟས་ལེགས་པ་རེ་བྱུང་བ་དང་མཐུན་པར་སྒྲོལ་བསྟོད་མཛད། གྲུབ་རྒྱལ་ཚེ་སྒྲུབ་ཀྱི་བསྙེན་པའི་སྐབས་མདུན་དཀྱིལ་བུམ་པའི་རྨ་བྱའི་སྒྲོ་ཐིག་གཅིག་འོད་ལྔའི་ཐིག་ལེར་གྱུར་བའི་ནང་ཚེ་དཔག་མེད་དམར་པོ་ཚོན་གང་བ་ཞིག་ཐོར་ཐུན་གྱི་རིང་བཞུགས་པ་མཇལ་བ་དང༌། བདེ་མཆོག་གི་ལྗགས་བསྙེན་སྐབས་མནལ་ལམ་དུ་གཙུག་ལག་ཁང་ཆེན་པོ་ཞིག་གི་ནང་སོན་པས་སེང་ཁྲི་མཐོན་པོ་ཞིག་གི་རྩེར་ཆོས་རྗེ་ཀརྨ་པ་དུས་གསུམ་མཁྱེན་པ་ན་བཟའ་སྐུ་བེར་སེར་པོ་བཞེས་པ་དང༌། ཕྱག་ཆོས་འཆད་ཀྱི་ཕྱག་སོར་ལྔ་ཡི་རྩེར་མེ་ཏོག་ཁ་དོག་ལྔ་བཀྲ་ལམ་མེར་གསལ་བ་མངོན་སུམ་ལྟ་བུར་གཟིགས་པས་མོས་གུས་ཚད་མེད་པ་འཁྲུངས་པས་ཕྱིར་ཉིན་དཔལ་ལྡན་དུས་གསུམ་མཁྱེན་པ་ལ་སྐུ་བསྟོད་ཞིག་མཛད། ཀརྨ་དགོན་གྱི་དུས་མཁྱེན་གསུང་བྱོན་དང་ཆེ་ཆུང་མཉམ་པའི་གསེར་ཟངས་ཀྱི་ཞལ་རས་དེ་ལས་འདྲ་བསྡུས་བྱས་པ་ཞིག་དང༌། རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་ཕྱག་ཞབས་ཀྱི་རྗེས་ཅན་ལ་མནལ་ལམ་དང་མཐུན་པའི་ཞལ་ཐང་རྣམས་བཞེངས་པར་གནང༌། རྒྱ་གར་གྱི་གྲོང་ཁྱེར་རྡོ་འཇོག་ཅེས་བྲག་རི་ཁོག་སྟོང་ལོགས་བཞིར་སྒོ་བཞི་ཡོད་པ་ཞིག་ཏུ་སྟོན་པ་ཐུབ་པའི་དབང་པོས་བཀའ་འགྱུར་གྱི་ལྗགས་ལུང་བསྩལ་བ་རེད་ཅེས་དགེ་སློང་མང་པོ་འདུས་ཤིང་ཚོགས་པ་ལ། དགེ་སློང་སྐུ་བོང་ཤིན་ཏུ་རིང་པོ་ན་བཟའ་རྡོ་ཚོས་ཅན་ཞིག་བཞེངས་ཏེ་ཡན་ལག་བདུན་པ་ཞིག་ལ་ཁྲུས་གསོལ་བཅས་རྒྱས་པར་གསུངས་པ་སོགས་མནལ་ལམ་ངོ་མཚར་ཅན་བྱུང་གསུངས་ཀྱང་ཞིབ་པར་མ་དྲན། བསམ་ཡས་ཕེབས་སྐབས་གླིང་སྐོར་ལ་བརྐྱང་ཕྱག་མཛད་ནུབ་སྐུ་ངལ་གྱིས་མནལ་མཐུག་པོར་སོང་བ་དབུ་རྩེའི་ཇོ་བོ་བྱང་ཆུབ་ཆེན་པོའི་མདུན་གྱི་མཁན་སློབ་ཆོས་གསུམ་སྐུ་ཚབ་མདུན་ཕེབས་འདུག་པ་ཆོས་རྒྱལ་ཁྲི་སྲོང་གི་སྐུ་དེ་དངོས་སུ་གྱུར་པའི་ཕྱག་གིས་དབུ་ཡི་ལ་ཐོད་ཀྱི་རྩེའི་ནོར་བུ་དེ་བླངས་ནས་མདུན་གྱི་ས་གཞིར་དྲག་ཏུ་བརྒྱབས་པ་དུམ་བུར་འཐོར་བ་བར་སྣང་དུ་གུ་རུའི་སྐུ་ཚབ་ལྔ་ཁྲ་ཆེམ་མེར་གསལ་བར་མཚར་སྣང་སྐྱེས་པ་རྨིས་པས་རྒྱལ་པོ་པེ་ཧར་གྱི་ཆོ་འཕྲུལ་མིན་ན་ང་ཡང་གཏེར་སྟོན་ཞིག་ཡིན་འདྲ་ཞེས་ཞལ་རྩེད་དུ་གསུངས་པ་དང༌། མཁན་ཆེན་བླ་མས་དགེ་ཚུལ་གྱི་བསླབ་པ་ཕོག་སྐབས་སྡོམ་རྟེན་དུ་གནང་བའི་ཐུབ་དབང་གི་སྐུ་རྒྱ་གར་ལི་མ་ཆུང་ངུ་ཞིག་ཡོད་པ་རྟག་པར་འབྲལ་སྤང་ཅན་དེའི་སྐུ་ལས་དངོས་སུ་བདུད་རྩི་བབ་པ་དང༌། ཡང་རྫོགས་ཆེན་མཁན་རིན་པོ་ཆེ་འཇིགས་མེད་པདྨ་བློ་གསལ་དེ་ཉིད་ཐང་ཆེན་པོ་ཞིག་གི་དབུས་ཞལ་རས་ལ་དར་ཞིག་བཀབ་ནས་བཞུགས་འདུག་པ་མདུན་དུ་ཕེབས་པས་དར་བསལ་བས་ཐུགས་དགྱེས་ཚུལ་བསྟན། བསླབ་སྟོན་ཞལ་གདམས་མང་པོ་ཞིག་དང༌། ཁྱད་པར་དེང་སང་དུས་སྙིགས་མ་ཡིན་པས་མི་ལ་ཡང་ཆགས་སྡང་གཉིས་ཀའི་ཕྱོགས་སུ་མ་ལྷུང་བ་ཀྱིས། ས་འདིར་སྟན་ཆགས་ནས་མ་སྡོད། ཁྱེད་རང་ཚེ་སྨད་དུ་ཡེར་པ་ཟླ་བ་ཕུག་ཏུ་སྒྲུབ་པ་ཞིག་གྱིས། ཚེ་ཡི་མཐར་ཤུག་པ་ཐར་ཐོར་སྐྱེས་པའི་རི་ཁྲོད་འདི་ཡིན་སྙམ་པ་ཞིག་འོང་བས་ཤི་ས་དེར་གྱིས་གསུངས་པ་རྨིགས་གསུངས། ཕྱིས་སུ་གུས་བོད་དུ་འོང་སྐབས་ཕྲན་ད་ཡེར་པར་སླེབ་མི་འོང༌། དབུ་སྐྲ་བུབས་གཅིག །ཚེམས་གཅིག་བཅས་བསྐུར་ནས་ཁྱོད་ནས་སྐྲ་འདི་གནས་དེར་གཏོར། ཚེམས་སྒྲུབ་ཕུག་ཏུ་སྦོས་ཤིག་གསུངས་བཞིན་རྩ་གསུམ་གྱི་ཚོགས་སྐོང་ཁྲི་ལྷག་བཅས་བཀའ་བསྩལ་བཞིན་གྲུབ་སོང༌། ཡང་རྒྱལ་དབང་ཐམས་ཅད་མཁྱེན་པ་མཁའ་ཁྱབ་རྡོ་རྗེ་དགོངས་པ་རྫོགས་ནས་ཟླ་བ་གཅིག་ཙམ་མ་ལོན་པའི་སྐབས་ནམ་མཁའ་སྐུའི་འོད་ཀྱིས་ཁྱབ་པའི་དབྱིངས་སུ་སངས་རྒྱས་མཆོག་གི་སྤྲུལ་པའི་སྐུ་ཤཱཀྱའི་དབང་པོ་ལྟ་བུ་ཞིག་གི་སྟེང་ནས་མེ་ཏོག་གི་ཆར་སིལ་མར་བབ་པ་ཞིག་མཇལ། སྐུའི་དྲུང་དུ་ཕེབས་ནས་གསོལ་བ་བཏབ་པས་ཞིང་ཁམས་དེའི་ས་གཞི་ཐམས་ཅད་རིན་པོ་ཆེ་བཻ་ཌཱུརྻ་འབའ་ཞིག་ལས་གྲུབ་པ་ཡིན་འདུག །ད་རེས་དག་པའི་ཞིང་ཁམས་སུ་སྐྱེ་ཐུབ་འདུག་སྙམ་ཤིན་ཏུ་ཉམས་དགའ་བར་གྱུར་པས་སངས་རྒྱས་དེ་ཉིད་རྒྱལ་དབང་མཁའ་ཁྱབ་རྡོ་རྗེ་ཞྭ་ནག་གསེར་མདངས་བཞེས་པ་ཞིག་ཏུ་གྱུར་སོང་བས་སྐྱབས་མགོན་རྡོ་རྗེ་འཆང་འདི་དགོངས་པ་རྫོགས་པས་ཞིང་ཁམས་འདི་གསར་དུ་བཀོད་པ་ཡིན་འདྲ་སྙམ་པ་དང༌། ཞལ་ནས་བུ་ཁྱོད་ད་དུང་འགྲོ་དོན་མ་རྫོགས་པས་རེ་ཞིག་སླར་སོང་ཕྱིས་སུ་འདིར་འོང་ཆོག་གསུངས་བྱུང་བས་སེམས་སྐྱོ་དུང་ངོས་ཕྱིར་འགྲོས་ཀྱིས་ཅུང་ཟད་འོང་བ་དང་མདུན་ནས་མར་ཐེམ་སྐས་རྒྱ་ཆེན་པོ་ཞིག་འདུག་པ་ལ་སྐས་རེ་རེ་བཞིན་ཕྱིར་ནུད་ཀྱིས་བབ་པས་ལྷོ་བྲག་མར་པ་ནཱ་རོ་པ་གྲུབ་ཐོབ་ཕོ་མོས་བསྐོར་བའི་ཚོགས་གྲལ་ལས་བོད་དུ་བྱོན་ཚུལ་དེ་དྲན་ནས་སྐས་ཐེམ་རེར་ཕྱག་རེ་འཚལ་བཞིན་འོང་བས་ཕྱེད་ཙམ་སླེབ་པ་དང་མནལ་སད་སོང་གསུངས་ནས་ཞིང་དེའི་བཀོད་པ་ཞིག་ཕྱག་བྲིས་མཛད་དེ་ཕྲན་ལ་བསྩལ། ཡང་དེ་རྗེས་ཞིག་ལ་མནལ་ལམ་དུ་ཐང་ཆེན་པོ་ཞིག་གི་དབུས་རྒྱ་མཚོ་ཆེན་པོ། མཚོ་དེའི་དབུས་ན་བྲག་རི་ཡ་མཚན་པ་ཅན་ཞིག་འདུག་པའི་མཚོ་ཁར་ཕྱིན་པའི་འདི་བྱང་གནམ་མཚོ་རེད་ཟེར། རེ་ཞིག་ན་མཚོ་དེའི་དཀྱིལ་ནས་རྐྱ་མི་མང་པོ་རྟ་ཕྱུགས་རི་དྭགས་སྣ་ཚོགས་ལ་ཞོན་པའི་སྐྱེས་པ་བུད་མེད་མང་པོ་ཞིག་མདུན་དུ་ཚུར་འོངས་བས་མཚམས་ཞིག་ན་ཆུ་གླང་སྔོ་ཁྲ་རྭ་ཅུང་ཟད་མདུན་དུ་གུག་པ་ལ་ཞོན་པའི་བུད་མེད་མཛེས་སྡུག་ཁྱད་དུ་འཕགས་པ་ཞིག་འདུག །ཞལ་འཛུམ་ནས་ཚུར་གཟིགས་ཏེ་ཁྱེད་སུ་ཡིན་དྲིས་པས་ང་གཡུ་སྒྲོན་མ་ཡིན་གསུངས། ཁྱེད་རྣམས་གང་དུ་ཕེབས་ཞུས་པས་མདོ་ཁམས་ཤར་དུ་རྒྱལ་དབང་ཀརྨ་པ་སྐུ་འཁྲུངས་པས་མཇལ་དུ་འགྲོ་བ་ཡིན་གསུངས། དགའ་དྲགས་ནས་གང་དུ་འཁྲུངས་དྲིས་པས་ཤར་དུ་མཛུབ་མོ་བཙུགས་སོང་བ་ཕྱིར་བལྟ་བྱས་པས་ས་ཆ་ལུང་པ་ངོས་མ་ཟིན་ཀྱང་ཡབ་གཞིས་ཀྱི་ཕོ་བྲང་མིག་ལམ་དུ་ལམ་མེར་ཤར་བྱུང་བས་བློ་བདེ་བ་བྱུང་གསུངས་ནས། ཕྱིར་ཉིན་གཡུ་སྒྲོན་མ་ལ་ཕྲིན་བཅོལ་གསུང་མགུར་གྱི་རྣམ་པ་ཅན་ཞིག་མཛད། ཡང་གཙང་པཎ་ཆེན་རིན་པོ་ཆེ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་རྒྱ་ནག་ནས་དབུས་སུ་ཕེབས་པ་དང༌། བྱང་རྫ་ཆུ་ཁ་སེར་ཤུལ་དགོན་དུ་ཞལ་མཇལ་ཐོག་མར་བྱུང་སྐབས་མཉམ་མེད་དྭགས་པོ་རིན་པོ་ཆེ་སྐུའི་ཆ་བྱད་སྤྱི་ལྟར་ལ་སྐུ་རྒྱབ་ནམ་མཁའ་སྔོ་སང་ངེ་ཡོད་པ་ཞིག་མཇལ་བ་རྨིས་གསུངས། ཡང་བར་ཞིག་ཏུ་ཀུན་མཁྱེན་འཇིགས་མེད་གླིང་པ་རེད་ཟེར་བའི་བླ་མ་ཞིག་མཇལ་ནས་རབ་བྱུང་བཙུན་པའི་ཆ་བྱད་ཅན་དབུ་ཟླུམ་ཞིག་མཇལ་བ་འདི་སྔགས་འཆང་གི་ཆ་བྱད་དུ་མི་འདུག་འཇིགས་མེད་གླིང་པ་མིན་པ་འདྲ་སྙམ་པ་དང༌། བཞད་མོ་ཞིག་མཛད་ནས་ཁྱེད་ཀྱིས་ང་ལ་ལོག་རྟོག་ཞིག་འདུག་པ་སེལ་བའི་ཐབས་སུ་ང་རབ་བྱུང་གི་ཆས་བྱས་པ་ཡིན། ང་རབ་བྱུང་དང་སྔགས་པ་གང་ཡིན་རྒྱུ་བྱས་ཀྱང་འགལ་བ་མེད། ང་འཇིགས་མེད་གླིང་པ་ཡིན་གསུངས་པས་དད་གུས་སྐྱེས་པར་རྨིས་གསུངས། ཡང་དབྱར་ཁ་ཞིག་རྒྱམ་རྒྱལ་རྡོ་ཐིའི་མཁའ་འགྲོ་ཕུ་རུ་ཕེབས་ནས་སྒྲུབ་བརྩོན་བླ་མ་དམ་པ་ཀརྨ་དབང་འབྱོར་དང་ལྷན་ཅིག་རོལ་རྡོར་གཏེར་བྱོན་ཚེ་སྒྲུབ་ལྕགས་བུམ་མའི་ཚོགས་བརྒྱ་ཞིག་ཕུལ་བས་མནལ་ལམ་དུ་གངས་རིའི་ཚད་དང་མཉམ་པའི་ཚེ་དཔག་མེད་ཀྱི་སྐུ་དར་དཔྱང་ལྗང་གུ་ཅན་ཞིག་མངོན་སུམ་ལྟ་བུར་ཤིན་ཏུ་གསལ་བ་མཇལ་བས་ཚེ་སྒྲུབ་འདིའི་ཆོས་བདག་མཉན་པ་དགེ་ལེགས་རྒྱ་མཚོ་རེད་ཟེར་བས་ཡིན་པ་འདྲ་གསུངས། ཡང་མནལ་ལམ་ཞིག་ཏུ་འཇམ་མགོན་མི་ཕམ་རིན་པོ་ཆེ་མཇལ་སྐབས་ཉིད་ཀྱིས་མཛད་པའི་སྔོན་འགྲོའི་ཉམས་ལེན་ཞིག་ཡོད་པས་དེའི་ཁྲིད་ཅིག་གསུངས་པ། ད་ཁོ་བོས་སངས་རྒྱས་སྟོང་སྐུ་གྲུབ་ཟིན། ད་རྟེན་བཞེངས་ག་འདྲ་བྱེད་ཞུས་པས་མཁན་སློབ་ཆོས་གསུམ་གྱི་སྐུ་ཞིག་བཞེངས་གསུངས་པས་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་བཀོད་དང་མཐུན་པའི་སྐུ་ཤིན་ཏུ་སྒྲོས་གཙང་གསུམ་བཞེངས་པར་མཛད། གཞན་བྱམས་མགོན་སི་ཏུ་པདྨ་དབང་ཆེན་གྱི་འཁྲིས་སུ་ཡུན་རིང་བཅར་བའི་བག་ཆགས་ཀྱིས་ཡིན་པ་འདྲ་རྟག་པར་མནལ་ལམ་དུ་མཇལ་བ་དང༌། ཞེ་ཆེན་རྒྱབ་ཚབ་རིན་པོ་ཆེ་སོགས་རང་གི་དད་མོས་ཆེ་བའི་བླ་མ་རྣམས་དང་མཇལ་ཚུལ་མང་དུ་གསུངས། སྐུ་ཆུང་ངུའི་དུས་འབྲུ་ཁོག་ཏུ་ཕེབས་སྐབས་འབྲུའི་དགེ་བསྙེན་ཡིན་ནམ་སྙམ་པའི་ལྷ་གཡག་དཀར་པོ་ཆེན་པོ་ཞིག་དགེ་བསྙེན་གནས་པའི་རི་མདུན་དུ་ཕེབས་པ་དང་བསུ་བའི་ཚུལ་དུ་བྱུང་བ་གྲྭ་འཁོར་དང་བཅས་པས་མཐོང་བ་དང༌། མཉན་པ་དགེ་ལེགས་རྒྱ་མཚོ་བདུད་རྩི་དིལ་ཁྲ་མོའི་རི་ཁྲོད་ནས་བན་ཆེན་དགོན་དུ་གདན་ས་འདེབས་ཕྱིར་ཕེབས་པའི་ཕྱག་ཕྱིར་འབྲང་བར་གྲགས་པའི་ཀླུ་རྒྱལ་སྟོབས་རྩལ་ཐོགས་མེད་རྟེན་མཁར་བཙུགས་པའི་སྐབས་ཆུ་མིག་གི་ནང་དུ་སྦྲུལ་དཀར་པོ་དམར་འོད་ཅན་མཁྱིད་གང་ལྷག་ཙམ་འདུག་པ་ཀུན་གྱིས་མཐོང་བ་དང༌། བོད་དུ་ཕེབས་སྐབས་མར་ལམ་བསམ་གཏན་གང་བཟང་མདུན་དུ་སྒར་བཞུགས་པ་སྲོད་ལ་ཟླ་བ་ཤར་བ་དང་རྟ་གྲ་སེར་ཞིག་ཆིབས་དྲེལ་གྱི་ཁྲོད་དུ་བྱུང་བ་འབྲོག་སྡེ་གཞན་གྱི་རྟ་ཞིག་དེར་བྱུང་བ་རེད་སྙམ་ཡང་དེར་ཉིན་ཁ་ཤས་བསྡད་སྐབས་བདག་པོ་སུ་ཡང་མ་བྱུང་བས། ཕྱིས་བན་ཆེན་གྲྭ་རྒན་རྣམས་ནས་མཉན་པ་སྐུ་ཕྲེང་བོད་ཏུ་གང་བྱོན་ལ་བསམ་གཏན་གང་བཟང་ནས་རྟ་རེ་ཕུལ་སྲོལ་ཡོད་ཟེར་བ་ལྟར་དེ་ཡིན་ངེས་ཅེས་གླེང་བ་བྱུང༌། སྦྱིན་བདག་འབྲོག་པ་ཞིག་གི་འཁྲིས་སུ་བྲག་དིལ་དམར་པོ་ཞིག་འདུག་པ་འདིར་བཙན་གནས་པས་མི་ནོར་ལ་གནོད་པ་འབྱུང་འདུག་པས་ཐུགས་དམིགས་ཞུས་སྐབས། བྲག་ལ་ཕྱག་ནས་གཏོར་བས་རིང་པོར་མ་ལོན་པ་བྲག་རི་ཞིག་པ་སོགས་གྲུབ་པའི་མཚན་མ་ཡིན་ནམ་སྙམ་པ་བྱུང་གསུངས་པ་སོགས་སྒྲོ་སྐུར་མེད་པར་བཀོད་པའོ། །གསུམ་པ་ནི། སྤྱིར་གོང་སྨོས་ལྟར་ཐོས་བསམ་རྒྱུད་ཐོག་ཏུ་འཁེལ་བས་ཐུགས་གཤིས་གཞན་ལ་ཕན་པ་འབའ་ཞིག་ལ་དགྱེས་པ་སོགས་བཟང་པོའི་ཕྲིན་ལས་ལྷུན་གྱིས་གྲུབ། ལྷག་པར་མཆོད་སྦྱིན་རྒྱ་མི་ཆུང་བ་གནང་བ་ཐུགས་དམ་གྱི་མཐིལ་དུ་གནང་བ་དང༌། རྗེས་མཐུན་བསྟན་འགྲོ་ལ་ཕན་པའི་མཛད་པ་ཕྱག་རྗེས་ཀྱི་ཚུལ་ཡང༌། མཉན་པ་དགེ་ལེགས་སྙིང་པོའི་སྐུ་དུས་སུ་བཞེངས་པའི་སངས་རྒྱས་སྟོང་སྐུ་རྩེ་སོར་ལྔ་ལྷག་ཙམ་བཞེངས་འཕྲོ་ལུས་པ་བཞི་བརྒྱ་ཙམ་ཡོད་པ་ཡོངས་རྫོགས་གསར་བཞེངས་གནང་བ་དང༌། དེ་དག་བཞུགས་ཁང་དབྱར་གནས་ལྷ་ཁང་ཀ་བ་སོ་དྲུག །ཡང་ཐུབ་དབང་གི་སྐུ་མདའ་ཚད་ལ་སེང་ཁྲི་རྒྱབ་ཡོལ་ཅན། འཁོར་ཉེ་སྲས་བརྒྱད་ཁྲུ་ཚད་ཤིན་ཏུ་སྤུས་དག་དང༌། གནས་བཅུ་རྒྱ་གར་ལུགས་ཤིན་ཏུ་སྤུས་དག་ཁྲུ་ཚད། མི་ཕམ་རིན་པོ་ཆེའི་བཀའ་ཡིས་བསྐུལ་ཏེ་རྒྱལ་ཚབ་བྱམས་པ་མདའ་ཚད། ཡབ་ཀྱིས་བཞེངས་པའི་སྒྲོལ་མ་ཐོག་ཚད། ཡང་རྒྱ་ནག་ལི་མ་བྱམས་པ་མདའ་ཚད་ལྷག །ཡབ་ཀྱི་མ་ཎི་དུང་ཕྱུར་སྒྲུབ་རྟེན་དུ་བླུས་པའི་སྤྱན་རས་གཟིགས་བཅུ་གཅིག་ཞལ་ཕྱག་སྟོང་མདའ་ཚད་ལྷག །འཇམ་མགོན་མི་ཕམ་རིན་པོ་ཆེའི་སྐུ་ཁྲུ་ཚད་ལྷག །སྒྲོལ་མ་ཉེར་གཅིག །ཀར་རབས་བཅོ་ལྔ། ཞྭ་དམར་སྐུ་ཕྲེང་ཕལ་ཆེ་བའི་སྐུ་བརྙན་དང༌། གཙུག་ལག་ཁང་ཀ་རིང་བཅུ་དྲུག །ཀ་ཐུང་ཆིག་བརྒྱ་རེ་བཞི་བཅས་ཀ་བ་བརྒྱ་དང་བརྒྱད་ཅུ་ཅན་གྱི་དྲི་གཙང་ཁང་དུ་སྟོན་པ་ཐུབ་པའི་དབང་པོ་ཐིག་ཚད་བཟོ་དབྱིབས་འགྲན་བྲལ་ཞལ་བླུགས་པ། གཞན་བརྡུང་བཟོའི་ཐོག་ཚད་ལྔ་དང༌། དེའི་འཁོར་དུ་སངས་རྒྱས་སྨན་བླ། གུ་རུ་རྒྱ་གར་མ། ཀརྨ་པ་དུས་གསུམ་མཁྱེན་པ། ཡབ་ཡུམ་གྱི་སྒྲིབ་སྦྱོང་ཆེད་དུ་དམིགས་པའི་རྡོར་སེམས་རྣམས་ཐོག་ཚད་རེ་རེ་ཅན་ཉེ་བའི་སྲས་ཆེན་བརྒྱད་བླུག་སྐུ་མི་འགྲེང་ཙམ་དང་འཁོར་སངས་རྒྱས་སྟོང་སྐུ་མཁྱིད་གང་ལྷག་ཅན་བླུག་སྐུ་ཁོ་ན་སྟོང་ཕྲག་ལྷག་ཤིན་ཏུ་སྤུས་དག་དཔེ་འོས་ཅན་རྣམས་དང༌། ཐུགས་དམ་གཟིམ་ཆུང་དུ་མགོན་པོ་བེར་ཅན། ཕྱག་བཞི། ལྷ་མོ། ཞིང་སྐྱོང་ཡབ་ཡུམ། སྲིན་མགོན་རྣམས་གསར་བཞེངས། གུར་མགོན་ཏཱ་མིང་ལི་མ། ཕྱག་དྲུག་པའི་སྐུ་ལི་མ་གཉིས། དཔལ་ལྡན་ཟླ་བ་གྲགས་པ། བུ་སྟོན། རྗེ་རིན་པོ་ཆེ་སོགས་ལི་རྙིང་དུ་མ་དང༌། རིས་མེད་ཀྱི་སྐྱེས་ཆེན་དུ་མའི་སྐུ་མཐོ་ཚད་ལས་མི་ཆུང་བ་བཅས་ཕལ་ཆེར་འབྲོང་པ་བླ་མ་བསྟན་འཛིན་ཆོས་རྒྱལ་གྱི་སྐུ་མཆེད་ཚེ་དབང་རྒྱ་མཚོས་བཞེངས་ནས་ཕུལ་བ་རྣམས་དང༌། མགོན་ཁང་ཆེན་པོར་བེར་ཅན་སྐུ་ཤིན་ཏུ་ཁྱད་མཚར་ཐོག་ཚད། ཞིང་སྐྱོང་ཡབ་ཡུམ་མི་ཚད་རྗེ་ཉིད་ཀྱི་ཕྱག་བཟོ། ལྷ་མོ། དམ་ཅན་རྣམས་མི་ཚད་བཅས་ལྡེར་སྐུ་སྤུས་དག །གྲོ་ལོད་མགོན་ཁང་དུ་གུ་རུ་ཞི་བ་མདའ་ཚད་གསེར་ཟངས་ཅན། སྒྲུབ་ཁང་ཁག་བཞིར་སོ་སོའི་ཡི་དམ་དང་ཆོས་སྐྱོང་གི་སྐུ་དུ་མ་དང༌། ཞལ་ཐང་ལ་སྐྱེས་རབས་དཔག་བསམ་འཁྲི་ཤིང་ཆོས་འབྱུང་ཞལ་བཀོད་ཐང་ག་ཉེར་ལྔ་ཅན་ལ་སྟོན་པའི་སྐུའི་སྐྱེ་བ་ཐམས་ཅད་གསེར་དབྱིབས་བྱུག །ཡབ་ཀྱི་སྒྲིབ་སྦྱོང་ཆེད་དམིགས་ཐུབ་སྐུའི་སྐྱེས་རབས་གསར་བཀོད་ཐང་ཤར་དགུ །བདེ་གཤེགས་སྨན་བླ་མཆེད་བརྒྱད་ཀྱི་ཞལ་ཐང་གཡུ་ཐོག་པ་དང་བཅས་དགུ །ཐུབ་དབང་ཉེ་སྲས་བརྒྱད་དང་བཅས་པའི་ཞལ་ཐང་དགུ །འཛམ་གླིང་རྒྱན་དྲུག་གི་ཐང་ཀ་བཀོད་མཛེས་སྟོན་པ་བཅས་དགུ །སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཀྱི་ཐང་ཀ་དགུ །བཀའ་བརྒྱུད་གསེར་ཕྲེང་སི་ཏུ་ཐམས་ཅད་མཁྱེན་པ་ཆོས་ཀྱི་འབྱུང་གནས་ཀྱི་ཕྱག་བྲིས་ལས་བཤུས་པ་ཐང་ཤར་སོ་བརྒྱད། རྡོར་སེམས་གསེར་ཐང་ཐོག་ཚད་ལྷག་ཙམ། ཐུགས་དམ་ཀརྨ་པ་དུས་གསུམ་མཁྱེན་པ་དང༌། འཇམ་མགོན་ཆོས་ཀྱི་འབྱུང་གནས་ཡབ་སྲས་ཕྱག་ཞབས་ཀྱི་རྗེས་ཅན། མཁན་ཆེན་བཀྲ་ཤིས་འོད་ཟེར་ལ་བཀའ་བརྒྱུད་གསེར་ཕྲེང༌། བདེ་ཕག །མ་མགོན་དམ་ཅན་བཅས་དང༌། འཇམ་དབྱངས་སྨྲ་སེང༌། བདེ་མཆོག །ཕག་མོ། རྒྱལ་བ་རྒྱ་མཚོ། ཕུར་པ་དཀྱིལ་འཁོར་ཡོངས་རྫོགས་ཅན། འོད་ཟེར་ཅན་མ། ཀུ་རུ་ཀུལླེ། མགོན་མཆོག་སྦྱིན་རྡོ་རྗེ་རྣམས་དང༌། བན་ཆེན་དགོན་དུ་བཞུགས་སྐབས་རྒྱལ་དབང་ཆོས་དབྱིངས་རྡོ་རྗེའི་ཕྱག་བྲིས་སྟོན་པ་ཉེ་སྲས་དང་བཅས་པའི་ཞལ་ཐང་ཤིན་ཏུ་ཁྱད་མཚར་ལ་ཤན་བཟང་གསེར་མ་སྤུས་ལེགས་ཞལ་ཁེབས་བཅས་གསར་དུ་ཕུལ་བ་དང༌། སྤྲོས་བཅས་ཚེས་བཅུའི་དུས་མཆོད་ཆེན་པོའི་ཞལ་འབག་ཡོངས་རྫོགས་དང༌། འཆམ་གོས་མཆོད་རྫས་ཡོངས་རྫོགས་གསར་བཞེངས་འབའ་ཞིག་དང༌། གསུང་རྟེན་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་སྡེ་དགེའི་མཚལ་པར་རྒྱ་ཤོག་ཐོ་ལོན་ཊ་འབའ་ཞིག་ལ་གླེགས་ཞིང་བརྐོས་མ། སྟོང་སྐུད་ཀྱི་གླེགས་ཐག །གདོང་རས་བཟང་གོས་ཅན་བཅས་ཡབ་ཀྱིས་བཞེངས་ནས་ཕུལ་བ་དང༌། ཡུམ་གྱི་དགེ་རྩར་བསྟན་འགྱུར་སྤུས་དག །སྡེ་དགེའི་གན་ཤོག་སྟེང་མཛོད་ཆེན་རྣམ་ལྔ། འཇམ་མགོན་རིན་པོ་ཆེའི་གསན་ཡིག་གླེགས་བམ། མཁྱེན་བརྩེ་རིན་པོ་ཆེའི་བཀའ་འབུམ་པོད་བཅུ་དྲུག །སྒྲུབ་ཐབས་ཀུན་བཏུས་གླེགས་བམ་བཅུ་གསུམ། མི་ཕམ་རིན་པོ་ཆེའི་བཀའ་འབུམ་ཁམས་སུ་པར་གང་བཞུགས། རྒྱལ་དབང་མི་བསྐྱོད་རྡོ་རྗེའི་དབུ་མ། མཛོད་འདུལ། ཁྲིད་ཐུང༌། རླུང་སེམས་གཉིས་མེད། ཆོས་གྲགས་རྒྱ་མཚོའི་ཚད་མ་སོགས་དཔལ་སྤུངས་སུ་བཀའ་བརྒྱུད་གོང་མའི་གསུང་པར་གསར་བཞེངས་ཐམས་ཅད་དང༌། སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ། རྒྱལ་ཚབ་རིན་པོ་ཆེའི་བཀའ་འབུམ་ཕལ་ཆེར། ཞེ་ཆེན་རིན་པོ་ཆེའི་བཀའ་འབུམ། བཀའ་གདམས་ཕ་ཆོས་སོགས་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་རྣམས་ཀྱི་གསུང་གཞུང་དང་སྒྲུབ་ཐབས་མན་ངག་གི་སྐོར་གང་ཡོད་རྣམས་པར་བཏབ། ཡོན་ཏན་རིན་པོ་ཆེ་སྡུད་པ་དང༌། སྨན་མདོ་རྒྱས་བསྡུས་གསེར་བྲིས། དཔེ་རྒྱུན་དཀོན་རིགས་བྲིས་མ་གསར་བཞེངས་པུསྟི་བརྒྱ་ཕྲག་དང༌། དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་སྒྲུབ་ཆོག །སྐུ་རྣམས་ཀྱི་གཟུངས། རཏ་གླིང་ཚེ་སྒྲུབ་མི་ཕམ་རིན་པོ་ཆེས་ལྗགས་བསྒྲིགས་ཚང་མ། ལྷ་བཙུན་རཏྣ་ཐོད་ཕྲེང་གི་ཚེ་དབང་ཆོ་ག་བཅས་སྤར་གསར་བཞེངས་དང༌། རྔོག་ཞེ་སྡང་རྡོ་རྗེའི་བརྟག་གཉིས་འགྲེལ་པ་དང༌། སངས་རྒྱས་མཉན་པ་བཀྲ་ཤིས་དཔལ་འབྱོར་གསུང་མགུར་བཅས་པར་བཞེངས་ཀྱིས་དཔལ་སྤུངས་གདན་སར་ཕུལ་བ་དང་སྐུ་གདུང་ཆ་བརྒྱད་བླུགས་མ་ཐོག་ཚད་སོགས་ཏེ་དེ་ཐམས་ཅད་ཀྱང་སྤུས་ནོམ་ཁྱད་དུ་གང་ཐོན་རྒྱ་གར་ལི་མ་ཁྱད་འཕགས་བཟོ་དབྱིབས་དང༌། སྤྲུལ་པ་བཟོ་རིག་རྫུ་འཕྲུལ་གྱིས་ཕྱག་བསྐྲུན་རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེ་དང༌། འཇམ་མགོན་བསྟན་པའི་ཉིན་བྱེད་ཀྱི་ཕྱག་བཟོ་རྣམས་ལ་མ་ཕྱི་བྱས་པ་ལྟ་བུ་ཤ་སྟག་དང༌། རྒྱུ་དངོས་གང་སྨར་ཆེད་དུ་བཏང་ཞིང་ལས་བྱེད་རྣམས་ཀྱི་ཡོན་དང་དངོས་པོས་ཡིད་ཚིམས་པ་ཁོ་ན་དང༌། དཔལ་འབྱོར་སྒང་དུ་མཁན་ཆེན་བཀྲ་ཤིས་འོད་ཟེར་གྱི་འདས་མཆོད་ཕག་མོའི་སྒྲུབ་མཆོད། བན་ཆེན་དགོན་དཔལ་ལྡན་ཕུན་ཚོགས་དར་རྒྱས་གླིང་དུ་སྨོན་ལམ་ཆེན་པོ་དང༌། མཆོད་མེ་འབུམ་ཕྲག་གིས་མཚོན་པའི་མཆོད་པ་ཤིན་ཏུ་རྒྱས་པ་དང༌། གཞན་ཡང་རྗེ་བཙུན་མར་པ་ཡབ་སྲས་ཀྱི་སྐུ་མཆོད་རས་འབུད། མགོ་ཟླའི་དམར་ཕྱོགས་མ་མགོན་གྱི་བསྐང་མདོས་ཤིན་ཏུ་རྒྱས་པ། གཙུག་ལག་ཁང་པར་དགེ་འདུན་འདུས་ཚོགས་དང་པོའི་སྐབས་གྲྭ་གྲངས་ཉེར་ལྔ་ལས་མི་ཉུང་བས་གཞི་གསུམ་གྱི་ཆོ་ག་གསར་ཚུགས། ཇོ་ལུགས་དུས་འཁོར་ལྷ་དགུ །འཇམ་མགོན་མི་ཕམ་རིན་པོ་ཆེ་སྐུ་མཆོད་སྨིན་གླིང་རྡོར་སེམས་སྒྲུབ་ཆེན་དང༌། ཀུན་རིག །བཀའ་བརྒྱུད་སྔགས་མཛོད། རྒྱལ་བ་རྒྱ་མཚོ། ཤངས་ཆོས་བཅས་ཀྱི་སྒྲུབ་ཁང་ཁག་བཞིར་གྲྭ་དཔོན་གཡོག་བདུན་རེ་ཅན་གཙོར་འབྲོང་པ་བླ་མ་བསྟན་འཛིན་ཆོས་རྒྱལ་གྱིས་རྒྱུན་བཙུགས་པའི་འཕྲོ་རྗེ་ཉིད་ནས་བསྐྱངས་བ་དང༌། ཐུགས་སྒྲུབ་བར་ཆད་ཀུན་སེལ། བླ་མ་ནོར་ལྷ། བདུད་ཀྱི་གཤེད་ཆེན་རྣམས་དང༌། ཟབ་བདུན་ཕུར་པའི་སྒྲུབ་ཆེན་ལན་ཁ་ཤས། ཚེ་སྒྲུབ་གསང་འདུས་སྟོང་མཆོད་ལན་གྲངས་སོགས་ཀྱི་མཚོན་སྒྲུབ་མཆོད་སྐོར་དང༌། བླ་བྲང་གི་སྒོ་བཤས་གཏན་སྤངས། རིས་མེད་བླ་སྤྲུལ་དགེ་འདུན་འདུས་པར་དུས་དང་རྒྱུན་གྱི་མཆོད་སྦྱིན་རྒྱ་གང་ཆེ་བཅས་མཛད་པས་དོན་གཉིས་ལྷུན་གྲུབ་ཀྱི་ཕྲིན་ལས་རྨད་དུ་བྱུང་པའོ། །གསུམ་པ་མཐའ་མའི་མཛད་པ་ཇི་ལྟར་བསྟན་པ་ནི། དེ་ལྟར་དོན་གཉིས་ལྷུན་གྲུབ་ཀྱི་མཛད་པ་མཐར་ཕྱིན་ནས་དུས་ཀྱི་འགྱུར་བའི་དབང་གིས་དགུང་གྲངས་དོན་གཉིས་སྟེང་བོད་དབུས་གཙང་དང༌། རྒྱལ་དབང་ཡིད་བཞིན་ནོར་བུའི་བཀའ་དྲིན་གྱིས་རྒྱ་གར་དུ་ཕེབས། སྟོན་པ་ཐུབ་པའི་དབང་པོའི་མཛད་པ་བཅུའི་སྟོན་པའི་གནས་ཆེན་ཐམས་ཅད་ལ་ཕེབས། བལ་ཡུལ་མཆོད་རྟེན་རྣམ་གསུམ། ཡང་ལེ་ཤོད་ཀྱི་སྒྲུབ་ཕུག་སོགས་མཇལ། གནས་དེ་རྣམས་སུ་ཕྱག་སྐོར་མཆོད་འབུལ་ཐུགས་ཚིམས་པར་མཛད་ནས་སྦས་ཡུལ་འབྲས་མོ་ལྗོངས་བཀྲ་ཤིས་ལྡིང་དུའང་ཕེབས། མཐར་འབྲས་ལྗོངས་རུམ་བཏེགས་ཀརྨའི་ཆོས་སྒར་དུ་ཕེབས་པ་ནས་བཟུང༌། རྒྱལ་བའི་དབང་པོ་མཆོག་དང་ཐུགས་སྣང་གཅིག་འདྲེས་ཡབ་སྲས་ལྟ་བུར་གྱུར། དགོང་རེ་བཞིན་ལ་མཁྱེན་བརྩེ་རིན་པོ་ཆེའི་ལྟུང་བཤགས་ཆོ་ག་དང་འབྲེལ་བའི་སྐུ་ཕྱག་འཚལ་ཞིང་ནམ་གུང་མ་ཡོལ་བར་གཅིག་པུར་སྦས་པའི་ཚུལ་གྱིས་སྒྲིབ་སྦྱོང་ཁོ་ན་མཛད། ཞལ་ནས་ཕྲན་ན་ཚོད་ནི་རྒས། ཤི་གསོན་གྱི་དཀོར་ནི་མང༌། མིང་ནི་ཆེ། ཡོན་ཏན་ནི་མེད། ད་འཆི་བ་འདི་མགྱོགས་པོ་ཡོང་ན་སྙམ་ད་ལྟ་ནས་དཀོར་གྱི་སྒྲིབ་སྦྱོང་ཡིན། རྟེན་འདི་མ་བོར་ཚེ་གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་སྦྱང་ལ་འབད་ན་སྡིག་ལྟུང་རི་བོ་ཙམ་ཡོད་ཀྱང་དག་པ་སྡིག་པའི་ཡོན་ཏན་ཡིན་སོགས་རྟག་པར་གསུངས། ཆུ་སྟག་ཟླ་བ་དང་པོའི་ནང་སྐུ་ཁམས་ཅུང་མི་བདེ་བ་དང༌། མགུལ་གློ་ཅུང་ཟད་བཞེས་པ་ལྟ་བུའི་བསྙུན་ཚུལ་བསྟན། སྤྱིར་རྒྱ་གར་དུ་ཕེབས་ནས་སྔར་དུས་ཡིན་ན་བསྟན་དགྲ་ལ་དམིགས་པའི་ཆོས་སྐྱོང་གི་དྲག་བསྐུལ་སོགས་བྱེད་ཀྱི་ཡོད་ཀྱང༌། ཕྲན་ནི་ནུས་པ་མེད་ཅིང་ལྟ་དགོངས་དམན་པ་དེ་རིགས་བསམ་ངན་དུ་འདུག །ད་ནི་བྱམས་དང་སྙིང་རྗེ་ལ་བློ་སྦྱོང་གི་ཡོད། ཕ་ཡུལ། དགོན་སྡེ། བླ་བྲང་སོགས་དང་རྒྱ་མིས་ཁ་འཕྲལ་བ་ལ་སེམས་ཕམ་ཅི་ཡང་མི་འདུག །དེ་རིགས་མེད་པ་ཁོ་རང་གི་བཀའ་དྲིན་རེད་པས་མི་ཚེ་དཀོར་ནག་ལ་མི་སྐྱེལ་བ་དབེན་ཁྲོད་ཞིག་ཏུ་ཆོས་གོས་རྣམ་གསུམ་ལས་གསོག་འཇོག་མེད་པའི་བྱ་བཏང་བཀའ་བརྒྱུད་གོང་མ་བཞིན་བྱུང་ན་སྙམ་པའི་རེ་བ་མི་ཚེ་གཅིག་ལ་ཡོད་པ་དེ་འགྲུབ་འདུག་སྙམ་སྟེ་དགའ་སྤྲོ་དང་བློ་བདེའི་ངང་ཡོད་སོགས་གསུང་པས་མཚོན། རྒྱལ་དབང་ཡིད་ནོར་མདུན་དགོངས་ཞུ་ཕེབས་ཁར་རུམ་བཏེགས་ཀྱི་གཙུག་ལག་ཁང་དུ་རྟེན་མཇལ་གནང་སྐབས་ད་ནི་སྟོན་པའི་སྐུ་བརྙན་འདི་ཡང་ཨི་འཇལ་མི་ཤེས་གསུངས་ཏེ་བསང་དུ་ཕེབས། དེ་ནས་བཟུང་སྔར་དང་མི་འདྲ་བར་ཞལ་རྩེད་དང་བཞད་མོ་ཁོ་ན་མཛད་པ་ཞིག་བྱུང༌། དེ་སྐབས་རྒྱལ་དབང་ཡིད་བཞིན་ནོར་བུས་རུམ་བཏེགས་ཆོས་སྒར་དུ་དབྱར་གནས་ཐོག་མར་འཛུགས་བཞེད་ཀྱིས། གཎྜི་གསར་བཟོའི་དབྱིབས་སོགས་གཞུང་མཐུན་དགོས་ཚུལ་ཕེབས་འཕྲལ་ཐུགས་མཉེས་པའི་རྣམ་འགྱུར་དཔག་མེད་དང་འབྲེལ་ཞབས་བརྟན་བསྔགས་བརྗོད་ཀྱི་ཚིགས་སུ་བཅད་པ་ཞིག་འབུལ་བར་མཛད། དེ་ནས་ཁོང་གི་བསྙུན་ཁམས་ཕྱིར་འཁྲུགས་པར་བརྟེན་རྒྱལ་དབང་མཆོག་གི་བཀའ་བསྟུན་སྒང་ཏོག་སྨན་ཁང་དུ་ཕེབས། སྨན་སྦྱོར་འཕྲོད་རྟེན་སོགས་གང་ཟབ་གནང༌། བྱམས་མགོན་སི་ཏུ་རིན་པོ་ཆེས་གྲུབ་རྒྱལ་ཚེ་དབང་ཞིག་གནང༌། རྒྱལ་སྟོན་སྤྲུལ་སྐུ། སི་ཏུའི་མཛོད་བླ་ཅོ་ག་སོགས་ནས་ལོ་ཤས་བཞུགས་དགོས་ཀྱི་བརྟན་བཞུགས་ཕུལ་ཡང་ཞལ་གྱིས་མ་བཞེས་ཤིང༌། བྱམས་མགོན་སི་ཏུ་པདྨ་དོན་ཡོད་ཁྱེད་དྷརྨཱ་ཀ་རའི་མཛད་སྤྱོད་ལྷུར་བཞེས་ཐོག །རྒྱལ་དབང་ཡིད་བཞིན་ནོར་བུ་རིག་པའི་རྡོ་རྗེ་དང་དགོངས་བསྟུན་གྱིས། གདམས་ཟབ་ཀུན་བུམ་པ་གང་བྱོའི་ཚུལ་གྱིས་གསན་ལ། སྔར་བཞིན་དོན་བརྒྱུད་ཡིད་བཞིན་ནོར་བུའི་ཕྲེང་བ་བར་མ་ཆད་པར་མཛོད་དང་དེ་ལས་ལྷག་པ་གང་ཡང་མེད། དད་སློབ་ཀུན་ནས་ཀྱང་དེ་བཞིན་ཞབས་ཞུས་མཛད་དགོས་ཚུལ་གྱི་བསླབ་བྱ་རྒྱ་ཆེར་གནང༌། དེ་སྐབས་ཤིག་ཏུ་རྒྱལ་དབང་མཆོག་གི་ཆོས་ཀྱི་སེང་ཁྲི་གསར་པར་ཞབས་སོར་འཁོད་པའི་རྟེན་འབྱུང་གི་མདུན་མཇལ་དར་དཀར་གཙང་དང༌། གངས་ཅན་ལྗོངས་སུ་ལུང་རྟོགས་ཀྱི་བསྟན་པ་ཉམས་དམའ་བར་གྱུར་པའི་སྐབས་འདིར། དེང་གི་རྟེན་འབྲེལ་ལས་ཆེ་བ་ཡོང་མ་མྱོང༌། དེ་བཞིན་ཡིད་བཞིན་ནོར་བུ་སྐུ་ཚེ་ཞབས་པད་བརྟན་ཅིང་མཛད་ཕྲིན་རྒྱས་པའི་ཐུགས་བསྐྱེད་གནང་གྲུབ་ཞུ་དང༌། རྒན་པོས་ཀྱང་དེ་བཞིན་སྨོན་ལམ་ཞུ་ཡོང་ཞེས་ཞུ་འཕྲིན་ཕུལ། སྐབས་འགར་བསྙུན་ཁམས་ཤིན་དུ་དྭངས་ཏེ་དགྱེས་བཞིན་བཞུགས། ཉིན་གཅིག་སྨན་ཁང་འདིར་ཉིན་མཚན་མེད་པར་སྒོ་ཕྱེ་ཞིང་འགྲོ་མཁན་ཞིག་འདུག་པས། ཀུན་རིག་གི་སྒོ་ནས་ཁྲུས་དང་སྦྱང་བ་ཞིག་དགོས། དེ་ནུབ་དམར་གསུར་ཞིག་གཏོང་དགོས་གསུངས་པ་བཞིན་མཛད། མི་རིང་བར་རྒན་པོ་ན་ཚོད་སྨིན་སྟབས་ཟ་མ་གཏན་ནས་མི་ཞུ་བའི་ཉེན་འདུག་གསུངས་ཏེ་ཉིན་མོར་འོ་མ་དཀར་ཡོལ་གསུམ་རེ་ལས་གཞན་གང་ཡང་མ་བཞེས་ནས་ཉིན་མཚན་དྲུག་ལ་བཞུགས། ཆུ་སྟག་ཟླ་བ་དགུ་པའི་ཚེས་བཅུ་བཞི་ཉིན་ཐུགས་ཉམས་འུར་ཏེ། ད་ནི་རྒན་པོ་འཆི་གྲབས་བྱ་རན། མདང་རྨི་ལམ་དུ་རྒྱལ་དབང་མཁའ་ཁྱབ་རྡོ་རྗེ་དང༌། བྱམས་མགོན་པདྨ་དབང་ཆེན་ཟུང་མཇལ་ཏེ་ད་ནི་ཁྱོད་འདི་རུ་མ་འདུག་པར་ང་ཡི་གན་དུ་ཡོང་རན་པ་ཡིན་པས་ཤོག་ཅིག་གསུངས་ཤིང༌། སྤྱན་ནམ་མཁར་གཟིགས་ནས་བརྡ་ཆོས་མང་དུ་གསུངས། རང་གིས་ཀྱང་ཐུགས་ཡིད་བསྲེས་ཏེ་རང་གི་རྣམ་པར་ཤེས་པ་ནི་བླ་མའི་ཐུགས་ཀར་འཕོ་ཚར། ད་ནི་སྨན་ཁང་དུ་མི་སྡོད། གཞན་དུ་འགྲོ་དགོས་ཞེས་གསུངས། དེ་འཕྲལ་སྒར་མཛོད་དམ་ཡོངས་ཀྱང་ཕེབས། དེས་གཙོས་བན་ཆེན་བསྟན་སྤྲུལ་རིན་པོ་ཆེ་སོགས་ནས་རུམ་བཏེགས་སུ་ཕེབས་བསྐུལ་དང་འབྲེལ། ཕེབས་བསུ་སོགས་གོ་སྒྲིག་ཞུས། སྒར་མཛོད་ནས་མཇལ་དར་ཕུལ་བ་ཕྱིར་བསྩལ་ཞིང༌། ཁྱེད་རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་དུས་ནས་ཞབས་ཏོག་ཞུས་པའི་མི་ཡིན། བླ་མ་དང་སོ་སྐྱེ་མི་འདྲ་བས། དགོངས་ཚོད་དང་བསྟུན་པའི་ཞབས་ཏོག་སྒྲུབ་པར་མཛོད་ཅེས་ཞལ་ཏ་གནང༌། ཕེབས་ལམ་ནས། སངས་རྒྱས་བཅོམ་ལྡན་འདས་རྡོ་རྗེ་གདན་ནས་བྱམས་པ་ཆེན་པོའི་ཏིང་འཛིན་གྱིས་བདུད་སྡེ་ཐམས་ཅད་བཏུལ་ཏེ་མངོན་པར་རྫོགས་པར་སངས་རྒྱས་པ་བཞིན་བདག་གིས་བྱམས་པའི་ཏིང་ངེ་འཛིན་གྱི་ནུས་པས་ནད་མུག་མཚོན་བསྐལ་ཞི་བའི་བདེན་སྨོན་བགྱིད་པ་ཡིན་ཞེས་དང༌། སྐུ་ངལ་གསོའི་སྐབས་ཤིག་འདིར་ཙནྡན་གྱི་སྡོང་པོ་ཆེན་པོ་ཞིག་གི་རྩེར་སངས་རྒྱས་སྟོང་བཞུགས་པ་ཞིག་མཇལ་གསུངས། ཡང་ངན་སོང་གི་གནས་རིས་རྣམས་སུ་སེམས་ཅན་རྣམས་སྐྱེས་པ་མཐོང་ཞིང་བདག་གིས་དེ་དག་ལ་ཕན་ཐོག་པ་འདུག་ཀྱང་གསུངས། རྒྱལ་དབང་རིན་པོ་ཆེའི་གསེར་ཞལ་ཐོག་མར་མཇལ་སྐབས་ཕྱག་མཛུབ་ཤར་གྱི་ནམ་མཁའི་སྤྲིན་དཀར་ལ་གཏད་དེ་བརྡ་ཆོས་ཤིག་ཕུལ། དེ་ནས་རུམ་བཏེགས་སུ་ཡོད་པའི་མཆོག་དམན་ཀུན་གྱིས་མཇལ་ཁ་ཞུས་ཏེ་སྐྱབས་སྨོན་ཐུགས་གཏད་གནང༌། རྗེ་བརྒྱད་པའི་ཕྱག་བཟོ་རྡོ་སྐུ་ཆེན་མོ། རྗེ་ཉིད་ལ་མཁན་ཆེན་བཀྲ་ཤིས་འོད་ཟེར་གྱི་བསྩལ་བའི་སྟོན་པའི་སྐུ་བརྙན། རྗེ་བརྒྱད་པའི་ཕྱག་བླུགས་དུས་གསུམ་མཁྱེན་པའི་འདྲ་སྐུ་སོགས་སྣོད་གཅིག་ཏུ་བཀོད་པའི་མདུན་རྗེ་ཉིད་གཅིག་པུར་ཚུ་ཚོད་གཉིས་ཙམ་དུ་བཞུགས། ཚེས་བཅོ་ལྔའི་ཐོ་རེངས་སྐུ་ལུས་དེ་དྲང་པོར་ཞོག་དང་གསུངས་པ་བཞིན་བྱས་པའི་མོད་གསོ་སྦྱོང་གི་གཎྜིའི་སྒྲ་བསྐུལ་བ་གསན་པས་ཐུགས་ཤིན་ཏུ་དགྱེས་པའི་སྒོ་ནས། ཁོ་བོ་རྒན་པོ་ད་ནི་འཆི་རན་པ་ཡིན། དེ་ཡང་ཇི་སྐད་དུ། ཆོས་སེམས་ཨ་མའི་མངལ་ནས་སྐྱེས། །སྐྱེས་མ་ཐག་ཏུ་འཆི་ཆོས་དྲན། །ཞེས་གསུངས་པ་བཞིན། ཆོས་སེམས་ནི་བྱིས་པ་ཆུང་ངུའི་དུས་ནས་ཡོད། མཁན་ཆེན་ཐམས་ཅད་མཁྱེན་པ་ཀརྨ་བཀྲ་ཤིས་འོད་ཟེར་དང༌། བྱམས་མགོན་རྡོ་རྗེ་འཆང་པདྨ་དབང་ཆེན་ཟུང་གི་བཀའ་དྲིན་གྱིས་དགེ་ཚུལ་སློང་གི་སྡོམ་པ་ནི་ཐོབ། ཐོབ་བཞིན་འཆི་བ་འདི་ཁོ་ན་བསམས་ནས་ཕམ་པ་བཞི་དང༌། ལྷག་མ་བཅུ་གསུམ་གྱིས་དྲན་པས་ཟིན་ངང་དུ་མ་གོས། ཉེས་ལྟུང་གི་ཚོགས་ལ་བཤགས་པ་ཉིན་རེ་ཕུལ་བས་ད་ནི་མཐར་ཕྱིན་སོང༌། སྒྲུབ་པ་དང་ཉམས་ལེན་གྱི་ལག་རྗེས་ཀྱང་འདི་ཁོ་ན་ཡིན། ཁྱེད་རྣམས་ཀྱིས་ཀྱང་འདི་བཞིན་བྱས་ན་འཆི་བ་འདི་སླེབས་ཚེ་སེམས་སྐྱིད་པོ་ཞིག་འབྱུང་རྒྱུ་ཡོད་ཅེས་གསུངས། རྒྱལ་དབང་མཆོག་གིས་གྲུབ་རྒྱལ་ཚེ་དབང་ཞིག་བསྩལ་ཏེ་ལོ་ཤས་བཞུགས་དགོས་པའི་བསྐུལ་མ་གནང་སྐབས། སངས་རྒྱས་ཀརྨ་པ་ཆེན་པོ་ཞེས་མཚན་དང་དོན་མཐུན་པའི་ངེས་ཤེས་ཁྱད་པར་ཅན་བན་རྒན་འཆི་ཁར་རྙེད་པས་བོད་ཡུལ་བསྟན་འགྲོའི་རྒུད་པ་མྱུར་དུ་སེལ་བ་དང༌། བསྟན་པ་རྒྱས་ལ་བསྟན་འཛིན་རྣམས་ཞབས་པད་བརྟན་པ་གལ་ཆེ། ༧གོང་ས་ལྷ་མིའི་རྣམ་འདྲེན་དབུས་རྒྱལ་དབང་མཆོག་སོགས་བཀའ་བརྒྱུད། རྒྱལ་བ་ཡབ་སྲས། ས་སྐྱ་བདག་ཆེན། སྙིང་མའི་རིག་འཛིན་ཁྱད་འཕགས་རྣམས་ཞབས་པད་བརྟན་པའི་ཐུགས་སྨོན་ཞུས་དང༌། བན་རྒན་བསྡད་མ་བསྡད་ཅི་ཡང་མི་འདུག་གསུངས། རྒྱལ་དབང་རིན་པོ་ཆེས་ཁྱེད་རང་ལ་གཟིགས་སྣང་གང་བྱུང་གསུངས་པས། ཁར་སང་ལམ་ནས་ཚུར་འོང་དུས་ནམ་མཁའི་ཁམས་གང་བར་རང་གི་རྩ་བའི་བླ་མ་བཞུགས་ཏེ་རང་ལ་ཐིམ་པས་རང་ཉིད་རྩ་བའི་ཡི་དམ་རྡོ་རྗེ་ཕག་མོའི་སྐུར་གྱུར་པའི་སྣང་བ་ཤར་གསུངས། སྤྱིར་བཀའ་བརྒྱུད་ཀྱི་བསྟན་པ་རྗེ་བཙུན་མི་ལས་མི་དབུས་པ་སྟོན་པ་དང༌། མི་མ་ཡིན་ཚེ་རིང་མས་འཛིན་པར་འདུག་གསུངས་པ་ལྟར། མཉམ་མེད་དྭགས་པོའི་ཐུགས་སྲས་རྗེ་དུས་གསུམ་མཁྱེན་པའི་མཆོག་སྤྲུལ་ཉིད་བཞུགས་པས། མི་མ་ཡིན་ཚེ་རིང་མ་ལ་ཕྲན་ནས་ཀྱང་ཡང་ཡང་བཅོལ་བཞིན་ལ་ཡིད་བཞིན་ནོར་བུས་ཀྱང་དེ་ལྟར་གནང་བར་ཞུ་སོགས། མ་འོངས་བསྟན་དོན་སྐོར་སོགས་ཐུན་མིན་གྱི་ཞུ་བ་ཡང་ཡང་ཕུལ། ཉིན་གཅིག་གཟིམ་ཁང་གི་ཕྱོགས་བཞིར་ཞལ་གྱུ་ནས། ཕྱོགས་བཞི་ཀར་ལྟད་མོ་ཆེན་པོ་འདུག་པས་དེ་ལྟ་བ་ཡིན་གསུངས། སྐབས་ཤིག་ཁོ་བོ་ལོ་འདིར་མི་འཆི་བ་འདུག །དུས་ཆེན་ཞིག་ལ་འཆི་བའི་སྨོན་ལམ་ཡོད་པས་སང་ཟླ་བ་དྲུག་པའི་ནང་དྭོགས་པ་ཅུང་ཡོད། དེ་ལ་ཅི་འགྱུར་མ་ངེས། འོན་ཀྱང༌། ནམ་ཞིག་འཆི་ངེས་ཡིན་པས་རྒན་པོར་འབྲེལ་ཐོག་གི་འགྲོ་བ་ཀུན་ལ་ཅུང་ཟད་རེ་ཕན་པའི་རེ་བ་ཡོད་པས་ཕྲན་ཤི་ནས་ཞེ་དགུ་མ་རྫོགས་པར་བསྟན་དགའ་ཁྱོད་ཀྱིས་རྩ་བའི་བླ་མ་འདི་རྣམས་ཀྱི་མཚན་ལན་གསུམ་རེ་མ་བརྗེད་པར་བོས་ཤོག་དེ་ལས་གལ་ཆེ་བ་མེད་ཅེས། རྒྱལ་དབང་བཅོ་ལྔ་པ་དང༌། བྱམས་མགོན་པདྨ་དབང་ཆེན་སོགས་རྗེ་ཉིད་ཀྱི་རྩ་བའི་བླ་མ་རྣམས་ཀྱི་མཚན་ཐོ་བཀོད་པ་ཞིག་གནང༌། བཀྲ་ཤིས་སྡིངས། རྡོར་གླིང་སོགས་གནས་ཆེན་ཞིག་ལ་ཤེས་རབ་ཀྱི་རལ་གྲིས་བདག་འཛིན་གྱི་ཕུང་པོ་འདི་སྟོང་རོགས་གྱིས། གནས་ལྔའི་རུས་པ་ཞིག་ལོངས་ལ་བན་ཆེན་འདྲ་སླེབས་ན་དེར་ཁྱེར། མ་སླེབས་ན་མཚུར་ཕུར་མཉན་པ་གོང་མའི་དངུལ་གདུང་ཞིག་ཡོད་པས་དེའི་ནང་དུ་ཞོག །གཞན་ཡང་ཁྱེད་རྣམས་ཚུལ་ཁྲིམས་ཀྱི་བསླབ་པ་མཐར་ཕྱིན་པ་དང༌། ཕྱག་རྫོགས་ཀྱི་ཉམས་ལེན་སྙིང་པོ་ཆོས་ཐམས་ཅད་མཉམ་ཉིད་དུ་ཤེས་དགོས་སོགས་ཞལ་གདམས་ཤིག་གནང༌། བན་ཆེན་བསྟན་སྤྲུལ་ནས་རྗེ་ཉིད་ཞིང་ཁམས་གཞན་དུ་ཕེབས་ན། ཡང་སྲིད་བསྟན་འགྲོར་ཕན་ངེས་ཤིག་མྱུར་དུ་ཕེབས་པའི་ཞུ་བ་ཕུལ་བ་བཞིན་བསྟན་འགྲོའི་དོན་ཆེན་འགྲུབ་པའི་སྨོན་ལམ་དང་འབྲེལ་ཡང་སྲིད་ཕེབས་ཡོང་བའི་ཞལ་བཞེས་གནང༌། ཚེས་ཉི་ཤུ་ཉིན། སང་ཉིན་གཟའ་སྐར་གང་འདུག་གསུངས་སྐབས། གཟའ་པ་སངས་སྐར་མ་འཕྲོད་སྦྱོར་སོགས་ལེགས་པོ་འདུག་ཞུས་འབྲེལ། ཉེར་གཉིས་ཉིན་གཟའ་སྤེན་པ་རེད་འདུག །འདི་གཡང་གཟའ་ཡིན་གསུངས། ཚེས་ཉེར་གཅིག་ཉིན་ཕྱེད་ཡོལ་མཚམས་ད་གསོལ་ཀ་འདོན་དགོས་གསུངས་ནས་རྒྱུན་ལྟར་གསུངས། བསྙེན་པའི་ནང་མ་ནིང་གི་ཕྲིན་བཅོལ་ལན་གསུམ་མཛད་དེ་ཕྱག་ཤར་ཕྱོགས་ཀྱི་ནམ་མཁར་སྡིགས་མཛུབ་ཀྱིས་ལན་གསུམ་བསྐོར། བསྟན་སྤྲུལ་ལ། སམ་ཊ་ཁྱེར་ཤོག་གསུངས་ཏེ་ཕུལ་བའི་ངོས་སུ་འདི་ལྟར། ༈ ན་མོ་གུ་རུ་མངྒ་ལ་རསྨི་ཡེ། །ད་ནི། སྨན་པའི་རྒྱལ་པོ་དངོས་སུ་བྱོན་གྱུར་ཀྱང༌། །ཚེ་ཡི་འཕེན་ཟད་སྲོག་ལ་མཐུད་དུ་མེད། །ཅེས་གསུངས་པ་ལྟར་དང༌། མ་ཟད་སྲོག་གཅོད་ལས་ཁུར་སྨིན་པས་ཁྱོད་ལ་མྱ་ངན་གང་ཡང་མེད། རང་གི་གྭའུ་ནང་བླ་མ་རྡོ་རྗེ་འཆང་རྣམས་ཀྱི་གདུང་རུས་དབུ་སྐྲ་སོགས་གསེར་སྲང་འབུམ་རི་བ་ཡོད། དེ་རྗེས་མ་བན་ཆེན་དགོན་ལྷ་ཆེན་འདྲ་ཡོད་ན་ནང་རྟེན་ཞོག །མེད་ན་སྟོན་པའི་སྐུ་བརྙན་ཁྲུ་གང་ཙམ་ལ་སྒྲོས་གཙང་མ་ཅན་ཞིག་བཞེངས་པའི་ནང་བཞུགས་ན་བྱིན་རླབས་མི་ཆུང་བས་དེ་ལྟར་ཡིད་འཇོག་གྱིས་ཞེས་ཕྱག་བྲིས་གནང་སྟེ་བསྟན་སྤྲུལ་ལ་བསྩལ། དེ་ནས་མི་ཕམ་རིན་པོ་ཆེའི་རྫོགས་ཆེན་གྱི་མན་ངག་དེ་ཞིབ་པར་གཟིགས། དེ་ནས་རྒྱལ་དབང་རིན་པོ་ཆེ་དེར་ཕེབས་ཕན་ཚུན་ཐུགས་སྣང་གཅིག་པའི་གསོལ་སྨོན་མཛད་ཅིང་ཡུན་རིང་བར་བཞུགས། ཉི་ནུབ་ཕྱི་ཆ་ཙམ་ལ་བདེ་བར་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཏོ། ༈ འདས་རྗེས་ཀྱི་བྱ་བ་ཡང་བན་ཆེན་བསྟན་སྤྲུལ་རིན་པོ་ཆེ་དང༌། ཞབས་འབྲིང་བ་བཀྲ་ཤིས་རྣམ་རྒྱལ་ཟུང་ནས་བསམ་སྦྱོར་རྣམ་དག་གི་སྒོ་ནས་དགོངས་ཞག་སོ་སོར་བླ་སྤྲུལ་ཁག་གདན་ཞུས་དང་འབྲེལ། རྒྱུད་སྡེ་རྒྱ་མཚོའི་མཆོད་ཆོག་གིས་མཚོན་ཚོགས་གསོག་རྒྱ་གང་ཆེར་བསྒྲུབས། སྐུ་གདུང་ཞུགས་འབུལ་ཉིན་ཕྱོགས་བཞིར་རྒྱུད་སྡེ་བཞིའི་དཀྱིལ་འཁོར་ཞལ་ཕྱེ་ཞིང་བླ་གྲྭ་སུམ་ཅུ་སྐོར་ནས་བསྲེག་སྦྱོང་གི་ཆོ་ག་ཚད་ལྡན་གྱིས་མཐའ་རྒྱས་སུ་གྲུབ་པར་མཛད་པའི་ཉིན་གཅིག་གི་བསྙེན་བཀུར་མཆོད་རྫས་སོགས་རྒྱལ་དབང་དོན་གྱི་བདག་པོ་མཆོག་ནས་བདག་རྐྱེན་མཛད། འདི་སྐབས་འཇའ་སྤྲིན་གྱིས་ནམ་མཁའ་ཁེངས། ལྷག་པར་སྤུར་ཁང་ཐད་ནས་རྒྱལ་དབང་མཆོག་བཞུགས་པའི་གཟིམ་ཆུང་གི་ཐད་བར་འཇའ་སྤྲིན་དཀར་པོ་ལྭ་བ་བརྐྱང་པ་ལྟ་བུས་སྦྲེལ་བ་སོགས་ངོ་མཚར་བའི་ལྟས་ཅི་རིགས་པ་བྱུང་བ་བཅས་ལེགས་པར་གྲུབ། དེ་མཚུངས་སྐུ་རུས་རྣམས་ཀྱང་འཐོར་ཟག་མེད་པར་བསྡུས་ནས་དངུལ་ཀྱི་བྱང་ཆུབ་མཆོད་རྟེན་ཐིག་ཚད་གཞུང་མཐུན་ལ་རྗེ་ཉིད་ཀྱི་གདུས་རུས་གཙོས་རིང་བསྲེལ་རྣམ་བཞི་གཙོ་བོར་གྱུར་པའི་ནང་རྟེན་ཁྱད་པར་ཅན་དུ་མ་དང་སྲོག་ཤིང་འཛུགས་ཆོག །གཟུངས་ཞུགས་སྒྲུབ་འབུལ་བཅས་རྗེ་དབོན་རིན་པོ་ཆེ་ཀརྨ་གྲགས་པ་ཡོངས་འདུ་ནས་ཕྱག་བསྟར་གནང༌། ཡེ་ཤེས་སེམས་དཔའ་ལྷ་གནས་ཀྱི་ཆོ་ག་རྡོ་རྗེ་ཕག་མོའི་སྒྲུབ་དཀྱིལ་ལ་བརྟེན་ནས་རྒྱལ་དབང་ཡིད་བཞིན་ནོར་བུ། ཞྭ་དམར་མཆོག་སྤྲུལ་རིན་པོ་ཆེ་སོགས་མཁན་སྤྲུལ་རིག་པ་འཛིན་པའི་དགེ་འདུན་གྱི་སྡེས་རྒྱས་པར་མཛད་པའི་གདུང་རྟེན་གྱི་ཕྲ་ཚོམ་སོགས་རྒྱལ་དབང་མཆོག་ནས་ཕྱག་བསྩལ་གྱིས་སྤུས་ནོམ་ལྡན་པར་གྱུར་ཅིང་དཀར་ཆག་ཞིབ་པ་ཟུར་གསལ་ལྟར་སྲིད་ཞིའི་མཆོད་སྡོང་དུ་བཞུགས་སུ་གསོལ་བའོ། །སྨྲས་པ། མངོན་སུམ་ཚད་མས་མཐོང་དང་ཐོས་པ་ཡི། །དམ་པའི་མཛད་སྤྱོད་སྒྲོ་དང་སྐུར་བའི་མཐར། །མ་ལྷུང་དྲང་པོར་བརྗོད་པའི་ངག་འདི་ཀོ །སྙིགས་དུས་བསྟན་འགྲོའི་རྒྱན་དུ་མཛེས་པར་སེམས། །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །མཚུངས་མེད་དགེ་བའི་བཤེས་དེའི་མཆེད་གྱུར་ནས། །བྱང་ཆུབ་སྤྱོད་པ་རྒྱ་མཚོ་ལྷན་ཅིག་ཏུ། །སྤྱད་ནས་ཚོམ་བུ་གཅིག་ཏུ་གྲོལ་བར་ཤོག །ཐུགས་རྗེའི་གཏེར་གཅིག་རྒྱལ་མཆོག་བཅུ་དྲུག་པ། །ཡབ་སྲས་གསང་གསུམ་རིན་ཆེན་ལྷུན་པོ་བརྟན། །སྒྲུབ་བརྒྱུད་བསྟན་པའི་ཆུ་གཏེར་རབ་འཕེལ་བས། །དགེ་ལེགས་དཔལ་གྱི་འབྱོར་བ་རྒྱས་གྱུར་ཅིག །ཅེས་སྒྲུབ་བརྒྱུད་གྲུབ་བརྙེས་ཡོངས་ཀྱི་གཙོ་བོ་སངས་རྒྱས་མཉན་པ་སྐུ་ཕྲེང་དགུ་པ་ཉིད་རབ་རྒྱལ་དགེ་བྱེད་ཆུ་སྟག་ཐ་སྐར་ཟླ་བའི་དམར་ཕྱོགས་ཀྱི་དགའ་བ་གཉིས་པའི་ཉིན་དགོངས་པ་རྫོགས་ཁར་ཕྱི་ཡི་རྣམ་ཐར་རགས་རིམ་འདི་ཉིད་ཞལ་ཆེམས་ཀྱི་ཚུལ་དུ་ཕྱག་བྲིས་སུ་མཛད་ནས་བཞག་པ་ལ་ཞུ་བཅོས་དང༌། ཞལ་བཀོད་དགོས་པ་རྣམས་ཁྱེད་ནས་འབྲི་བར་འོས་ཞེས་རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་གིས་བཀའ་བསྩལ་བ་དང༌། བན་ཆེན་འབྲོང་པ་སྤྲུལ་སྐུ་རིན་པོ་ཆེ་དང༌། བླ་མ་བློ་གྲོས་རབ་གསལ། ཉེ་གནས་བཀྲ་ཤིས་རྣམ་རྒྱལ་བཅས་ནས་ཀྱང་བསྐུལ་བ་ལྟར་རྗེ་དེ་ཉིད་ཀྱི་གཅུང་དུ་སྐྱེས་པ་བཀྲ་ཤིས་དཔལ་འབྱོར་དུ་འབོད་པའི་འཁོས་ཆུང་གྱི་ན་པས་བྲིས་པ་འདིས་ཀྱང་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་བསྟན་དང་བསྟན་འཛིན་འཕེལ་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །
[edit]

@#/___/sangs rgyas mnyan sprul dgu pa'i rnam thar mdor bsdus dad pa'i sa bon bzhugs so/_/ @#/___/na mo gu ra we/_/phul byung brtson pas zung 'jug rdo rje'i grong*/_/sku tshe gcig gis legs par son pa las/_/sku bzhi'i khyab bdag gangs can grub pa'i rje/_/sangs rgyas mnyan pa'i zhabs la phyag 'tshal lo/_/mchog gi sgyu 'phrul skyes pa rabs kyi phreng*/_/rnam thar bzang po dag pa'i gser sbyang khams/_/snyigs mas ma smad mngon sum gsal ba'i gtam/_/cung zad 'chad 'di dad ldan kun dga'i gsos/_/de yang gangs can ljongs su rgyal bstan rin po che'i snying po sgrub brgyud shing rta chen po brgyad du grags pa'i ya gyal/_zung 'jug grub pa brnyes pa'i skyes bu nam mkha'i rgyu skar dang*/_sa chen po'i rdul lta bu da lta'i bar zam ma chad par byon pa'i sgrub brgyud rin po che karma kaM tshang gi don brgyud gser ri'i phreng ba las grub pa'i dbang po sangs rgyas mnyan pa zhes yongs su grags pa ni/_gdod ma nyid nas rdzogs pa'i byang chub kyi go 'phang brnyes zin kyang gang 'dul der snang gi rol pa 'gog tu med pas rgyal tshab ma pham pa sogs sa bcu'i byang chub sems dpa' du mar byang chub mchog tu thugs bskyed cing phrin las mi zad pa rgyan gyi 'khor lor grub cing*/_'gro ba'i don sna tshogs par mdzad pa las/_!_rgyal dbang thams cad mkhyen gzigs chen po bdun pa chos grags rgya mtsho'i thugs kyi sras su gyur cing kun mkhyen mi bskyod rdo rjes rigs kyi bdag por dbang bskur zhing zung 'jug gser ri'i phreng bar bzhugs su gsol ba nas bzung sangs rgyas mnyan pa grub chen bkra shis dpal 'byor zhes yongs su grags pa yin/_rje 'di nyid ni/_'khrungs ma thag nas gsung smra zhing*/_lo gcig nas dran pas zin/_nges 'byung gis rgyud bskul te/_dgung lo lnga nas gtsug phud rang gis bcad de btsun pa'i mtshan rtags bzhes/_karma pa'i mtshan gsan pa tsam gyis mos gus khyad par can 'khrungs nas/_dgung lo drug gi steng karma pa chos grags rgya mtsho'i drung du bcar/_mtshan bkra shis dpal 'byor du gsol/_/dgung grangs brgyad steng*/_ban sgar pa dang dge bshes dpal 'byor don 'grub gnyis las rab tu byung*/_lo bdun tsam ring bla ma 'bral med du bsten cing mdo sngags gzhung sogs smin grol gyi rigs mtha' dag gsan/_kam po gnas nang*/_spang phug mtshur phu sogs su g.yos pa'i zas ma gsol bar lo brgyad kyi bar du rlung bcud len kho na mdzad pas mtshon thos bsam sgom gsum phrug mar mdzad/_dgung grangs zhe gsum gyi steng 'dan yul chos sde chen po btab/_bsam sbyor ngan pa'i skye bo 'ga' zhig gi rtsod pa byung ba na/_sa g.yo chen pos de dag gi snod bcud phal cher bshig_/rje de nyid khang pa thog bzhi'i steng na bzhugs pa'i skabs khang pa zhig ste nam mkhar 'phur ba nas bzung mnyan pa grub thob ces grags so/_/de nas dgon pa spos te byang chub gling btab/_dge 'dun gyi sde chen po tshugs/_rje brgyad pa'i rigs kyi bdag po mdzad cing smin grol gyis bskyangs pa sogs bstan la sman pa'i bya ba ma tshang ba med pa bsgrubs shing*/_dgung lo re lnga bzhes skabs dgongs pa mya ngan las 'das so/__/'di yi sprul gzhi yang rgyal tshab byams pa/_rgya gar gyi slob dpon dpal ye shes snying po/_g.yag phrug sangs rgyas pa sogs yin par grags shing khyad par du dam pa de nyid mya ngan las 'das nas zhag bdun song ba'i nub mo rgyal dbang brgyad pa'i gzim lam du/_ye shes mkha' 'gro zhig gis glu ru blangs pa 'di ltar/_sngon gyi tshe na rgyal ba bde ba'i glu/_/snyigs ma'i dus na dran pa ye shes nyid/_/da lta byang phyogs rnam par bkod pa na/_/drug 'bum bdun khri'i dge slong mdun bdar te/_/'dan ma grub chen tshul ni de ltar ro/_/zhes paN+Di ta smr-i ti gzhan don du srid pa nye bar bzung bar snang zhes kun mkhyen d+harmA ka ras gsungs/_de lta bu'i grub brnyes kyi skyes bu de nyid mthon mthing cod pan 'chang ba rim byon dang 'brel bar gzhan don du gzugs skur snang ba ste/_mnyan pa gnyis pa lhun po rab brtan/_dge legs snying po/_dge legs rgya mtsho 'dis da lta yongs su grags pa'i ban chen dgon chags btab/_dge legs snying po/_sgrub brgyud bstan dar/_shes rab snying po/_bstan 'dzin grub mchog ste sku phreng rim byon de dag kyang bstan 'dzin gyi skyes bu'i rang rtags kyis 'gro 'dul phrin las pa chen po sha stag yin/_dam pa de'i sku'i skye phreng dgu pa karma bshad sgrub bstan pa'i nyi ma zhes yongs su grags pa de nyid kyi rnam par thar pa mdor bsdus kyi rim pa skal ldan dad pa'i gsos su sbyin pa la/_don gsum/_thog mar sku 'khrungs pa'i nges pa dang ngo mtshar ba'i rnam pa ci rigs gsal ba'i rnam thar 'da' khar bstsal ba nyid khungs su smos/_mkhas btsun bzang po'i rnam thar bye brag tu bshad pa/_mtha' ma'i mdzad pa ji ltar bstan pa'o/_/dang po ni/_dam pa de nyid dgung grangs drug cu re drug tu phebs pa rab rgyal dge byed chu stag tha skar zla ba'i dmar phyogs tshes nyer gcig nyin dgongs pa rdzogs la nye ba'i skabs rje nyid kyis rnam thar mdor bsdus phyag bris su bstsal ba zhal bshus pa 'di lta ste/_kho bo rgan bu nad 'di'i 'og nas thar te skyabs gnas dkon mchog gi thugs rjes lo shas 'tsho yang srid/_ma 'tsho na yang*/_dus la babs na dpag bsam shing yang 'gyel/_/gsungs pa ltar rang gzhan kun la bya thabs med cing*/_rang ngos nas bya ba thams cad tshar bas 'gyod pa spu tsam yang med/_des na rgyud las/_'da' ka 'od kyi gong bu sgra yis 'pho/_/zhes pa ltar 'chi ba lam khyer gyi skabs su babs pa yin/_'jig rten pa'i gtam dpe la/_'chi khar gtam ma mang*/_nyal khar ja ma mang zhes pa ltar smra ba nyung na legs pas rang lo drug cu re drug tu son pas chos dang 'jig rten gang gi bya ba la bshad pher ba spu tsam med kyang*/_'jam mgon kong sprul rin po ches/_skye snga ba'i yon tan cung zhig yod/_gsungs pa ltar deng sang gi dus la dpag na skye snga ba'i skal bzang gi tshul cung zad 'dug pa ma bcos par bshad na/_skyes pa'i yul ni mdo khams shar phyogs/_gling khri gong 'og bar gsum las bar pa/_mdo khams sgang drug las 'bri zla zal mo sgang*/_chu bo gser ldan 'bab pa'i 'gram rje btsun myur ma dpal mo dgyes par bzhugs pa'i sman ljongs 'dan glang thang sgrol ma zhes mtha' 'dul gyi gtsug lag khang gis mdzes pa'i mdo khams 'dan yul zhes su grags pa/_mdo smad gnas chen nyer lnga'i nang tshan sku yi thugs kyi gnas mchog pad+ma ri dang*/_phrin las 'gro 'dul sprul pa'i gnas brgyad kyi bye brag drag po'i gnas mchog seng+ge gnam rdzong sogs gnas chen gnas phran du mas bskor zhing*/_'dan ma rtse mang*/_paN chen smr-i ti dz+nyA na sogs skyes chen nyi zla ltar grags pa du ma 'khrungs shing bzhugs pa'i yul gyi srib phyogs/_sngon nas bde mchog gi gnas su grags shing*/_phyis kyi dus 'dir mi pham 'jam pa'i dbyangs kyis ched du bka' bstsal te sgrub pa yun ring mdzad cing*/_rgyud kyi rgyal po dpal dus kyi 'khor lo'i chos 'khor bskor zhing ri gling gi bkod pa byang phyogs sham+b+hAl dang mtshungs par bsngags te gzugs sku'i bkod pa dbyings su bsdus pa'i gnas dpal ldan 'bras spungs kyi mchod rten gnyis pa go thi bkra shis dpal 'bar gling zhes grags pa'i ri bo lhun chags pa'i mdun du gangs can mkhas grub yongs kyi rgyal po pad+ma 'od gsal mdo sngags gling pa'i gter lung las/_rigs ni gnyos yin rus ni sga/_/zhes gsungs pa ltar dil mgo zhes rigs rus sogs mtho ris kyi yon tan phun sum tshogs pa du mas spras pa'i khyim du pha ma stobs 'byor bsod nams dang ldan par rab byung bcu bzhi pa'i skor me mo bya lor skyes/_chung ngu'i dus nas dge ba'i bag chags phra mo yod pa 'dra ste/_khyim de'i mdun ri lhun chags shig yod pa de'i ngos su nyi ma 'char sdud kyi rkyen las yin 'dra karma pa'i sku shin tu gsal ba zhig rtag par mjal/_rtse grogs byis pa gzhan la zhib tu dris pas gtan nas mjal rgyu mi 'dug zer/_sku mjal ba'i sa phyogs mtho dman che chung sogs zhib par bshad de blta bar bskul kyang mi 'dug zer ba dang*/_rtsed mo'i skabs lug gi sog pa las bcos pa'i DA ma ru zhig dkrol nas ngag tu/_pha bka' brgyud bla ma sprin ltar 'khrigs zhes 'don pa dang*/_mchog dman thams cad la mchod sbyin yid tshim pa zhig rtag tu zad pa med par ster nus na ci ma rung snyam pa'i bag chags yod/_rgyal mchog bco lnga pa chen por sangs rgyas mnyan pa'i yang srid ngos 'dzin zhus pas/_dag pa'i gzigs snang la ma gcig dpal ldan lha mo'i phyag gi me long nang rdo rje rtse lnga mthing nag zhig shar/_slar yang gzigs pas 'dan dil mgo'i khang pa khra lam mer gsal bas thugs kyi sprul pa zhig der 'khrungs yod par nges gsungs te thugs thag bcad pas/_yab nas gdan sar khri bkod dang sdom pa gsum gyi rim pa rnams yongs su rdzogs pa'i phyir ston mchog thub pa'i dbang po'i rgyal tshab/_mkhan chen bla ma bkra shis 'od zer zhi ba'i snying po ched du gdan drangs pa bzhin phebs nas yab gzhis su na bza' ngur smrig gis bklubs shing byabs khrus gnang*/_karma dge legs grub pa'i nyi ma phrin las 'od zer kun khyab dpal bzang po zhes 'jig rten dbang phyug bco lnga pas bstsal ba nyid ming du gnang ste sangs rgyas mnyan pa'i mchog sprul du dril bsgrags/_rje mkhan chen bla ma/_rdza rgyal dgon gyi mkhan po sprel lu/_yab bcas gdan sa chen po ban chen dgon dpal ldan phun tshogs dar rgyas gling du rang lo brgyad pa'i steng rta thab ser sbreng sogs shin tu rgyas pas mdun bsus te phebs/_'chi med 'phags pad+ma'i snying thig gis mnga' dbul brtan bzhugs dang bcas te seng+ge'i khri la bkod pas ri klung 'ja' sprin gyis khengs pa sogs rten 'brel legs pa byung*/_yul lha dang bka' srung klu rgyal stobs rtsal thog med bcas la bsang*/_ri khrus/_rten 'dzugs dang bcas pa'i sgo nas phrin las bcol gnyer du gtad/_'jam dpal bstod sgrub kyi rig gtad bstsal cing*/_'bri klog thog mar bslabs/_'jam mgon kong sprul rin po che'i dngos slob/_mkhyen rtogs yon tan tshad med 'brong pa bla ma bstan 'dzin chos rgyal yongs 'dzin du bzhag pa dang*/_phyis a lo dpal 'byor dgon mkhan chen rang gi gdan sar rgyun ring por bsdad nas so thar dge tshul gyi bslab pa zhus te karma bshad sgrub bstan pa'i nyi ma phrin las kun khyab dpal bzang po zhes pa'i ming bstsal/_srol gnyis kyi byang chub sems sdom bstsal nas rgyal sras 'jam dbyangs blo gros phrin las rab rgyas zhes dang*/_dkon mchog spyi 'dus gu ru zhi drag seng gsum ga'i dbang khrid lung bcas/_kaM tshang phag mo lha lnga'i dbang gis mtshon sdom pa gsum ka gnang*/_mkhan chen bla ma rin po cher nye brgyud du bzhugs pa'i thar mdo'i ljags lung*/_gzhan yang jo lugs sgrol dkar/_mnga' ris tshul khrims bzang po'i yi ge drug pa'i rigs gtad/_lha btsun dag snang rat+na thod phreng gyi tshe dbang*/_shangs lugs mgon po phyag drug pa'i snying zhugs/_gnod sbyin k+She tra pA la'i bka' gtad sogs dbang gi skor dang*/_phyag chen sngon 'gro'i khrid nges don sgron me/_zhwa dmar gyis mdzad pa'i thub pa'i smon lam lnga brgya'i tshig bcad/_'jam mgon gsung sdom gsum gso sbyong*/_mkhas dbang karma nges don gyi sdom gsum snying po bsdus pa/_de yi 'grel pa bla ma bkra 'phel gyis mdzad pa sogs lung khrid skor rgya cher zhus/_lugs gnyis kyi bslab ston zhib par bstsal cing thun min thugs brtses rjes su bzung*/_kaHthog si tu paN+Di ta gdan sa dpal 'byor sgang du phebs pa las kaHdam pa bde gshegs kyi dag snang 'od dpag med pa'i dbang thob/_mkhar mgo dgon rab mdzes mchog sprul las 'brug kun mkhyen pad+ma dkar po'i bka' 'bum yongs rdzogs kyi lung*/_mkhan chen zhal slob bla ma kun 'jam las rnying ma rgyud 'bul gyi lung*/_khrung sprul karma rgyal mtshan las mar pa'i rnam thar/_mi la'i rnam thar/_mgur 'bum lung sogs mkhan chen mang+ga la nyid kyi bka' yis bskul te zhus/_'brong pa bla ma karma bstan 'dzin chos rgyal las bka' brgyud sngags mdzod kyi dbang khrid lung bcas/_kun rig sbyong dkyil bcu gnyis kyi dbang dang*/_gcig shes kun grol gyi rjes gnang*/_rata gling phur pa/_jo lugs sgrol dkar/_kaM tshang rgyal ba rgya mtsho/_kaM tshang bde mchog lha lnga/_phag mo rnams kyi dbang khrid lung bcas/_jo lugs dus 'khor dbang chen/_yongs dge mi 'gyur rdo rje'i gter byon pad+ma badz+ra/_gro lod rtsa gsum gyi dbang lung sogs bka' rnying gi dbang lung gnad chen du ma dang*/_cho ga phyag bzhes/_gos gyon stangs/_sdod tshul/_gzhan la slob ston byed tshul yan chad legs par bslabs pas 'brong pa bla ma 'di nyid 'jam mgon rnam gnyis kyi dngos slob mkhyen rtogs yon tan rgya che ba dang*/_sangs rgyas mnyan pa gong mas ban chen dgon gyi bstan pa la phan thog 'ong zhes ched du bdag rkyen mdzad pas ngos la bka' drin shin tu che zhing*/_ban chen dgon gyi bstan pa la'ang sgrub khang khag bzhi/_rdor sems sgrub chen/_dus 'khor sgrub mchod sogs gsar 'dzugs kyi phyag bzhes 'gran zla bral bar gnang ba yin/_rang lo brgyad kyi steng ru dam rdzogs chen dgon du phyin nas nags chung ri khrod du 'jam mgon thams cad mkhyen gzigs mi pham 'jam pa'i dbyangs kyi gser zhal thog mar mjal/_'jam dpal bstod sgrub dang mtshan brjod kyi ljags lung gnang*/_sprul sku 'dis sman zhig bslab na 'gro phan che bar 'byung gsung*/_de rjes khra 'gu ri khrod du theng gcig mjal bas rje nyid kyis mdzad pa'i mkhas 'jug gi phyag dpe zhig bstsal nas dbu nas mtshan don mchod brjod bcas kyi ljags bshad zhig gnang nas de'i gdams gtad dang*/_stan dkar rdo rje'i re khA bcas gnang nas rjes nas rim gyis bshad pa 'bul chog gsungs/_slar 'dan go thi'i ri khrod nas dpal dus kyi 'khor lo sdom pa'i rgyud kyi rgyal po'i 'grel chen gyi bshad khrid zla ba phyed gnyis kyi bar dang*/_jo lugs sgrol dkar 'od zer drug sbrag gi khrid/_rang lo nyi shur ma son gyi bar bslab bya lung bstan lta bu bstsal ba sogs thugs brtses rtag par bskyangs pas blun po ba glang rdzi lta bu ma byung ba 'di rje bla ma 'di'i bka' drin yin/_mi pham rin po che'i nye gnas bla ma 'od gsal las mi pham bka' 'bum phal cher gyi ljags lung*/_thugs dam rata gling tshe sgrub kyi don dbang lan mang du thob/_dpal yul sku chen o rgyan mdo sngags chos kyi nyi ma las gnam chos skor phal cher dang*/_bla ma yang tig yid bzhin nor bu'i dbang lung khrid bcas bstsal zhing phyis sku gshegs khar phran la yod pa'i dbang khrid thams cad khyod la yongs su rdzogs pa'i dgongs pa gtad tshul phyag bris gsung rtsom tshigs su bcad pa bcas bstsal/_rtsi ke'i mchog gling dkon mchog 'gyur med bstan pa'i rgyal mtshan las gter gsar sgrol ma 'jigs pa kun sel gyi dbang rgyas pa/_mkhas dbang bla ma karma bkra shis chos 'phel las 'jam mgon yon tan rgya mtsho'i bka' 'bum yongs rdzogs kyi lung*/_de'i nang bzhugs pa'i sangs rgyas rab bdun dang nye sras brgyad kyi rjes gnang*/_chos skyong glog phreng*/_bstan bcos shes bya kun khyab rtsa 'grel gyi bshad lung*/_nang brtag rgyud gsum/_gzhung chung gnyis dang bcas pa'i rnam bshad/_'jam mgon rin po ches mdzad pa'i 'grel pa rnams kyi bshad lung*/_mkhas dbang karma nges don gyis mdzad pa'i mngon pa mdzod 'grel sogs rgya cher gnang zhing thugs brtse chen pos bskyangs/_rdo rje 'dzin pa rdza dge bla ma bkra tshe las nyang gter bka' brgyad bde 'dus don dbang*/_rata gling phur pa yang gsang bla med dang*/_sangs gling dgongs 'dus don dbang rnams thob/_'jam mgon sku tsha bla ma blo gros seng+ge las kar lugs rtsa gsum dril sgrub/_gsang thig yab bka'/_yum bka' rnams thob/_khyad par 'og min mtshur phu'i gdan sar zla drug gi bar rgyal dbang thams cad mkhyen pa kun gzigs mkha' khyab rdo rje'i zhal snga nas phyag chen nges don rgya mtsho'i khrid lung zhib par bstsal te ngo sprod mdzad pas sems don skor gyi zhus lan da lta bka' 'bum du gsal/_bka' brgyud gser phreng rnam thar zla ba chu shel gyi lung*/_nag rgya phag gsum gyi gzhung pod/_nA ro chos drug gi khrid skor yongs rdzogs rje nyid kyis mdzad pa'i mgon phrin rgyas pa'i ljags lung sogs bstsal nas mgon khang khyad par can zhig gsar bzhengs thub pa'i khas len zhus pas thugs shin tu mnyes tshul gyis/_mgon po/_lha mo/_dam can/_zhing skyong rnams kyi bla rdo srog 'khor bca' sgrub gnang nas nang rten du bstsal/_tshe sgrub gsang 'dus don dbang*/_gter chen rdo rje gling pa'i rdzogs chen hU~M skor snying thig mkhyen brtse'i nye brgyud can sogs kyang thob/_rgyal dbang mchog gi zhabs brtan mgon po'i bskang mdos kyi dbur rdor slob dgos par bka' gnang ba ltar bsgrubs te mdos thog khar phul dus khyed la skad legs po 'dug pas ngas khyed rang bka' brgyud pa'i mgon blar bskos pa yin zhes zhal rtsed gnang*/_khams su 'gro khar rje nyid kyis bzhes pa'i na bza' cha tshang gnang zhing thugs 'phreng tshul mdzad/_sku gshegs khar bstsal ba'i phyag bris nang kho bo la mchis pa'i dbang lung man ngag thams cad khyod la rdzogs par thob pa yin/_bka' brgyud kyi bstan pa nyag phra ba la dgongs nas 'dzin spel skyong gsum gal che tshul sogs zhal chems su bstsal/_de skabs zur mang gter ston zil gnon nam mkha'i rdo rje mtshur phur phebs pas rang gter tshe sgrub 'chi med srog tig gi dbang rgyal dbang rdo rje 'chang dang lhan cig zhus/_byams mgon chos kyi rgyal po kan ting tA yi si tu pad+ma dbang mchog rgyal po'i zhal snga nas bka' brgyud sngags mdzod kyi dbang lung khrid bcas/_kun mkhyen mi bskyod rdo rje'i khrid thung*/_mgon po ber can gyi dbang chen/_ma mgon zhal sbyor gyi gtor dbang*/_dwags po paN+Di ta bkra shis rnam rgyal gyi 'od zer skor gsum gyi lung*/_thugs dam jo lugs sgrol dkar gyi rjes gnang snga phyi lan du ma/_bsnyen rdzogs kyi bslab pa thob pas mtshon smin grol rgya cher dang*/_dpal spungs yid dga' chos 'dzin gyi gdan sar lan du mar phyin nas rgyun ring por bsdad pas/_lugs gnyis kyi thugs brtse'i bdag rkyen thugs kyi sras mchog ltar rjes su skyong bar mdzad/_sku gshegs khar snyun g.yog_/gsol sman 'bul ba sogs dang*/_'das rjes sku gdung rin po cher zhabs tog bcas zhus shing*/_dgongs pa rdzogs la nye ba'i skabs sku rtsed lta bus na bza' sku yi drod can phan tshun brje ba dang*/_bzhes 'phro phan tshun gnang ba sogs du ma mdzad pas mtshon mthing dmar cod pan 'chang ba yab sras gnyis ka'i thugs kyi bu chen lta bur rjes su bzung*/_'jam mgon mchog sprul dpal ldan mkhyen brtse'i 'od zer las grol tig zhi khro/_bka' 'dus chos kyi rgya mtsho'i dbang khrid sbrag ma/_rgyal mchog bco lnga pa'i bla sgrub kyi dbang*/_de'i gsung ma mgon zhal sbyor gtor dbang bka' rgya can/_mgon po'i g.yang sgrub skor lung*/_kar lugs rgyal ba rgya mtsho'i rgyun khyer/_mchog gling pad+ma sgyu 'phrul drwa ba'i 'gro don phyi'i smin grol sogs thob/_rgyal mchog phyag na pad+mo bcu drug pa rang byung khyab bdag rig pa'i rdo rje las bka' brgyud sngags mdzod yongs rdzogs kyi dbang khrid/_gdams ngag rin po che'i mdzod kyi dbang khrid lung bcas zhib rgyas/_kaM tshang rgyal ba rgya mtsho'i dbang chen/_mgon po 'khor lnga yongs rdzogs kyi dbang bcas thob cing thun mong ma yin pa'i thugs brtses shin tu bskyangs par mdzad/_zur mang drung rin po che karma chos kyi nyin byed las kaM tshang bde mchog lha lnga/_kar gling zhi khro'i don dbang sogs thob/_khyung po bla ma rin chen las tshe gsang don dbang*/_rang byung rdo rje'i snying gtam tshig gcig gi khrid dang*/_'dan rnam gling bla ma rin po che dam chos las mar mi dwags gsum gyi bla sgrub kyi dbang khrid lung bcas dang*/_spyan snga bla ma 'jam dbyangs grags pa las lam rim ye shes snying po'i bshad pa/_rnal 'byor dbang phyug drung lam rgyal sprul rin po che las mnyam med dwags po'i thar rgyan gyi khrid lung*/_mkhyen brtse rin po che'i gshin rje thugs tig_/nam snying tshe sgrub sogs du ma dang*/_bla gro'i mkhas dbang 'gyur med rnam rgyal las ma ti'i 'jam dkar/_dam pa'i smra seng*/_bram ze phur bu'i dbyangs can ma'i rjes gnang rnams thob/_grub dbang rdzogs chen lnga pa thub bstan chos kyi rdo rje las dkon mchog spyi 'dus kyi tshe dbang lan du ma dang*/_rdzogs chen mkhan rin po che 'jigs med pad+ma blo gsal las bla ma yang tig gi dbang*/_khrid lung bcas/_klong snying yang gsang bla sgrub kyi dbang dang*/_sum rtags si tu'i 'grel chen dang*/_dbu ma rtsa ba shes rab/_dbu ma 'jug pa/_sdom gsum rnam nges/_'grel chen dpag bsam snye ma/_mngon pa mdzod rnams zhib khrid du bstsal zhing thugs brtses lhag par bskyangs/_sku mya ngan las 'das khar thugs dam phyag phreng*/_sku stod/_byams chos sde lnga/_dbu ma rtsa sher/_chos dbyings mdzod rtsa 'grel bcas kyi phyag dpe gnang*/_zhe chen rgyal tshab rin po che 'gyur med pad+ma rnam rgyal las mnyam med dwags po'i dus chen steng srol gnyis kyi byang sdom/_snga 'gyur bka' ma sgyu 'phrul zhi khro/_na raka dong sprugs/_yang dag_/tshogs chen 'dus pa/_sems klong gnyis/_snying thig ya bzhi'i dbang lung khrid bcas/_bi ma snying thig ma bu'i khrid yig mi 'gyur dpal sgron gyis mdzad pa/_bka' gter bka' brgyad don dbang pad+ma shel phug_/gu ru chos dbang phur pa yang gsang spu gri'i dbang*/_de'i rnam bshad nyid kyis mdzad pa'i khrid/_sgrub thabs 'dod 'jo bum bzang yongs rdzogs kyi dbang lung*/_gnyug sems skor gsum/_gzhung spyi'i dka' gnad dang bcas pa'i bshad lung sogs 'jam mgon mi pham rin po che'i bka' 'bum yongs rdzogs kyi lung*/_rata gling tshe sgrub gsang 'dus kyi dbang chen/_don dbang*/_smin gter rdor sems thugs kyi sgrub pa'i dbang*/_sngon 'gro dngos gzhi'i rtsa ba yan lag gi khrid/_rdzogs pa chen po a ti zab don snying po'i dbang khrid/_thugs rje chen po bde gshegs kun 'dus kyi dbang khrid/_mgon po tshogs bdag gi dbang*/_rgyal tshab rin po che mchog gi gsung mchod chog skor yongs rdzogs/_blo sbyong gi khrid bdud rtsi'i bum bzang*/_dkon mchog rnam bzhag_/'jam mgon gter byon gro lod gsang sgrub kyi dbang dang bsnyen yig_/ma ti'i 'jam dkar dang*/_brab ze phur bu'i dbyangs can dkar mo'i bsnyen yig sogs/_zhe chen kong sprul rin po che pad+ma dri med las rnying ma bka' ma mdo sgyu dong sprugs yang dag sogs kyi sgrub dkyil gyi lung*/_rgyal tshab rin po che'i gsung nges don snying po'i bshad lung skor dang*/_zhe chen rab 'byams rin po che 'gyur med kun bzang bstan pa'i nyi ma las smin gter gshin rje dregs 'joms/_mkhyen brtse'i dgongs gter grub thob thugs tig bla sgrub/_dag snang tsaN+Da li'i tshe dbang sogs dang*/_rgyal tshab rin po che'i yang srid 'gyur med pad+ma rdo rje las smin gter 'chi med yang snying kun 'dus kyi dbang rnams thob/_bstan pa'i shing rta mkhyen brtse rin po che 'jam dbyangs chos kyi blo gros las srol gnyis ka'i byang chub sems sdom/_rnying ma bka' ma phal cher/_klong snying rtsa pod gnyis/_rdor sems mngon dga'i zhing sbyong gi rtsa ba yan lag_/snying tig_/jo lugs sgrol dkar/_snying thig lugs kyi sems sdom/_mkhyen brtse rin po che'i snyan brgyud phur pa'i dbang khrid/_phur pa rtsa dum gyi 'grel pa 'jam mgon gsung*/_rjes dran lce btsun snying thig gi dbang khrid lung bcas dang*/_'khon lugs phur pa jo nang rje btsun rin po che'i ljags bsgrigs stod las smad las kyi dbang*/_kun mkhyen 'jigs gling rgyud phur dbang chen/_sa lugs mgon po gur gyi dbang chen/_zhal dang lha mo'i rjes gnang*/_nA ro mkha' spyod ma'i byin rlabs thun mong thun min gnyis/_zhwa lu lugs kyi dpal dus kyi 'khor lo'i dbang chen/_sher phyin sdud pa'i 'grel pa mi pham rin po che'i gsung*/_tshar lugs sgrol dkar gyi dbang*/_'chi med 'phags ma'i snying thig gi dbang*/_bdud 'joms mchog sprul rin po che las 'jam mgon kong sprul rin po che'i gter byon gro lod gsang sgrub kyi dbang*/_bde chen chos 'khor chos mgon rin po che las dkon mchog spyi 'dus kyi tshe dbang*/_mdo khams pa brgyad pa don brgyud nyi ma las dkon mchog spyi 'dus kyi tshe dbang thob/_sa skya bdag chen phun tshogs pho brang ngag dbang kun dga' bsod nams las sa lugs dmar po skor gsum gyi bye brag rig byed ma'i rjes gnang*/_bstan pa yongs rdzogs kyi mnga' bdag 7gong sa thams cad mkhyen pa ngag dbang blo bzang bstan 'dzin rgya mtsho las jo bo'i byang chub lam sgron gyi ljags lung dang*/_gtsang paN chen rin po che blo bzang chos kyi nyi ma las grub rgyal tshe dbang*/_dbu ma 'jug pa'i bshad lung sdom gtad bstsal bas mtshon grub mtha' ris med kyi mkhas grub rnams las dbang khrid lung bcas rgya cher thob ces 'di yan chad rje nyid kyi gsung sor bzhag lags/__/gnyis pa la gsum/_mkhas pa'i yon tan las brtsams te thos bsam gyi che ba/_btsun pa'i ngo mtshar gyis brgyan pa'i sgom rtogs drod rtags kyi che ba/_bzang po'i yon tan dang ldan pa'i mdzad pa phyag rjes kyi che ba'o/_/dang po ni/_thog mar dgung grangs brgyad son skabs 'bri klog dbu tshugs shing yab las phyag bris bslabs/_phyis 'brong pa bla ma bstan 'dzin chos rgyal gyis karma'i sgar bris su bsgyur/_de mtshungs lany+tsa wartu sogs legs par mkhyen/_yab rje dam pas bstan 'dzin gyi skyes bu zhes shes bya rig pa'i gnas thams cad mkhyen pa zhig dgos ces rtsol ba chen pos yongs 'dzin gdan 'dren pa sogs kyi bdag rkyen mdzad pa ltar/_lnga rig smra ba 'gyur med rgya mtsho las sum rtags/_dag yig ngag sgron/_dpal spungs byang 'dren bstan 'dzin rdo rje las rtogs ldan lhag bsam gyi sum 'grel/_'gyur med rgya mtsho las snyan ngag le'u bar pa/_skar rtsis lnga bsdus/_gza' lnga dbyangs 'char bcas gsan cing shin tu byang bar mkhyen/_gong smos dpal spungs byang 'dren pa las snyan ngag le'u thog mthar bar gsum mdo khams pa chen po'i 'grel chen gyi steng nas zhib par gsan/_dper brjod 'bri rtsom sogs la tshig snyan don zab brjod pa phul du byung zhes mkhas dbang bla ma bkra 'phel gyis gsungs/_yang 'gyur med rgya mtsho las dge rtse paN+Di ta'i rnam bshad kyi thog nas dbyangs can sgra mdo tshang bar gsan/_kun bshad kyi mtshan du dbyangs can dga' ba'i go cha zhes 'jam mgon mi pham rin po ches mgul dar bcas bstsal/_yang byang 'dren bstan rdor las sa bzang paN chen gyi 'grel pa'i steng nas sgra kA la pa zhib khrid mdzad/_'jam mgon mi pham rin po che'i dngos slob dpal spungs kyi 'tsho mdzad chen mo dzi gang ga dga' las gso rig rgyud bzhi zhib khrid mdzad cing*/_sman sbyor phyag bzhes gnang bas mchog dman kun la phan thog ha cang che ba byung*/_lha zhi drag gi rol sgeg sogs nyams 'gyur rmad du byung ba skyes stobs kyis mkhyen cing*/_sku'i thig tshad sogs zhib par gzigs/_sku 'dra li ma'i rgyu khyad sku tshugs sogs la mkhyen dpyod rgya che bas mtshon bzo rig pa phul du phyin/_dpal sprul rin po che dang dge mang dbon bstan 'dzin nor bu'i dngos slob rdza rgyal dgon gyi mkhan po sprel lu las spyod 'jug_/byams chos sde lnga sogs dang*/_klong chen mdzod bdun dang ngal gso skor gsum sogs kyang gsan/_dge mang mkhan rin po che yon tan rgya mtsho las/_byams chos sde lnga/_sdom gsum rnam nges mchan 'grel de nyid kyis mdzad pa/_'jigs med gling pa'i yon tan rin po che'i mdzod rnams zhib par gsan/_ba thul mkhan thub bstan chos 'phel las mi pham dbu ma rgyan 'grel/_mkhas 'jug_/dbu ma rtsa ba shes rab/_rigs tshogs lnga/_bzhi brgya pa/_'jug pa rnams gsan/_me nyag mkhan a dpal las mngon pa mdzod gsan pas mtshon mdo sngags rig gzhung rgya mtshor sbyang brtson lhur bzhes pas sku na chung ngu'i dus nas mkhas pa'i grags snyan phyogs bcur brdal bar gyur/_gzhan yang bod du dar ba'i grub mtha' bzhi'i ring lugs 'dzin pa'i dge ba'i bshes gnyen khyad par can kun la dad gus rgya cher gnang zhing de dag gi bstan rgyun las byung ba'i dbang chos gang zab gsan/_de dag kyang rgyu mtshan ci yang mi shes pa'i blun po grags rjes 'brang pa kho na ma yin par rnying phyogs kyi bka' gter shing rta spyi dang khyad par nyang gur byang gsum/_'ja' tshon/_smin gling gter chen/_rong klong sogs/_sa skya gong ma rnam lnga/_tshar chen/_ngor chen rdo rje 'chang zhwa lu blo gsal bstan skyong sogs dang*/_bka' gdams jo 'brom sku mched gsum/_dga' ldan rje yab sras/_rgyal dbang lnga pa/_paN chen dge 'dun grub sogs skyes bu chen po rnams dang*/_'jam mgon bla ma rnam gsum/_rgyal sras gzhan phan mtha' yas/_dpal sprul chos kyi dbang po'i bstan rgyun dang rnam thar la mi phyed pa'i dad pas de dag las byung ba'i chos brgyud gtsang ma gsan cing*/_rgyal dbang rang byung rdo rje dang*/_'jigs bral paN+Di ta mi pham rnam par rgyal ba'i bzhed dgongs kyi dbu ma'i zab gnad la thugs nges shes 'khrungs shing*/_mnyam med dwags po bka' brgyud kyi lta sgom spyod pa'i gnad kyi chos skad cha shas re la'ang thugs mos shin tu chen po bcos min du mnga' zhing*/_de dag gi gsung dang rnam thar phal cher dus dang rgyun par thugs kyi dpal be'ur bstims shing rjes su slob par mdzad pa dang*/_gsung gi zegs ma rnams kyang sdud spel gyi thabs la brtson pas mtshon lhag pa'i thugs bskyed che ba sogs thos bsam gyi ngo mtshar gzhal bar dka' ba'i gnas so/_/gong smos kyis mtshon dge ba'i bshes gnyen kun la dag snang dang*/_bka' drin dran pa'i bsngags brjod gsol 'debs yang yang mdzad/_sri zhu mi chung ba rtsal sprugs su gnang*/_zhal gdams rnams thugs la bzung zhing ngo lkog med par sgrub gnang mdzad pa sogs la mdo rgyud nas 'byung ba dang mthun par mdzad/_gnyis pa ni/_sangs rgyas mnyan pa nyid sprul gzhi rgyal tshab byams mgon du grags pa don la gnas pas sku phreng thams cad btsun pa'i tshad du grags pa ltar dam pa 'di yang 'dul khrims gtsang ma'i kun spyod 'ba' zhig la dgyes shing yon bdag gi bsngos sha dang*/_nya stong brgyad gsum la sha mi bzhes pa dang*/_sku'i nyer spyad/_mdzad pa thams cad 'dul ba dang mthun pa kho na gnang*/_sngags la kha g.yar ba'i deng sang gi spyod pa rtsing po'i rigs la gtan nas thugs mi mnyes pas zhal gdams gsung rtsom phal cher gyi mjug tu dben pa'i nags kyi shing drung zhig tu dge slong sbyangs pa'i yon tan la gnas pa 'ba' zhig la smon pa mdzad/_gzhan dag la'ang rang re thub pa'i rjes su 'jug pa rnams tshul khrims gtsang ma re byung na bstan pa'i sgor zhugs pa'i snying po 'di kho na yin/_rab tu byung ba'i gtan chus 'di yin zhes yang yang gsungs/_lhag par rje nyid dgung grangs bco brgyad skor yab gzhis su bzhugs skabs shig tu tho rengs khar gzigs snang du/_mkhan chen bkra shis 'od zer de nyid phrug gzan dmar chen zhig bzhes te bzhugs pa mjal ba dang shangs du tshul khrims kyi dri tshor bas lhag par dad mos skye bzhin drung du bzhugs pas zhal 'dzum zhing thugs brtse ba'i tshul gyi tshul khrims bsrung ba'i phan yon tshul 'chal gyi nyes dmigs mang du gsungs te/_deng sang dus snyigs mar bka' brgyud pa 'dul ba'i bstan pa nyams dma' bas/_ngas so thar gyi bslab pa phog pa kun las zur mang bstan 'dzin sprul sku dang*/_khyed gnyis la re ba chen po yod pas tshul khrims rnam par dag pa mthar phyin pa zhig gyis zhes phyag g.yas pa brkyangs te sku rgyab tu reg pa'i drod kyis tsha chems mer byung ba'i rkyen gyis mnal sad/_de skabs mkhan chen bla ma dgongs pa rdzogs nas ring por ma lon stabs dran pa'i gdung shugs kyis spyan chab mang po bsil/_tshul khrims rnam par dag pa zhig bsrung ba'i dam bca' blangs pa yin gsungs/_de nas bzung phyi yi rtags su sku dang na bza' sogs la tshul khrims kyi dri ma 'thul ba zhig byung ba ni ngo mtshar ba'i gnas gzhal bar dka' ba'o/_/gzhi so thar gyi bslab pa gtsang ma dang ldan pa'i thog_/ban chen sgrub sde gsang sngags rig pa'i pho brang du rgyal dbang bco lnga pa'i bka' lung bzhin lo gsum phyogs gsum gyi sku mtshams bcad rgya shin tu dam po dang*/_gzhan yang snga rjes lo du ma sgrub pa mdzad de phyag chen sngon 'gro bzhi sbyor steng nas bsags sbyangs rgyas pa dang*/_de nas bzung mahal dang*/_sku phyag sku na gzhon pa'i skabs nyin re brgya rtsa/_phyis sku na smin nas kyang phyag nyi shu skor nyung mtha' byas pa chags med gnang ba dang*/_'jam mgon mi pham rin po ches lhag pa'i lha ru lung bstan pa'i jo lugs sgrol dkar gyi dus grangs kyi bsnyen pa rgyas bsdus lan du ma dang*/_mkhyen brtse'i snyan brgyud gshin rje'i thugs tig_/'jam dpal bstod sgrub/_snyan brgyud phur pa/_'phags ma'i snying thig_/rgyud sde bzhi 'brel sgrol ma/_'jam mgon gro lod gsang sgrub/_tshar lugs nA ro mkha' spyod/_rgyal tshab byams pa'i sgrub thabs/_mi pham rin po che'i man ngag rtog pa las gsungs pa'i ku ru kul+le/_'jam dbyangs mchog sbyin rdo rje/_thub chog_/tshig bdun bla sgrub/_rgyud lugs 'jam dpal zhi ba rnams rtsa ba'i thugs dam bsnyen sgrub lan grangs dang rgyun gyi nyams bzhes chag med gnang*/_grub rgyal tshe sgrub/_dus 'khor rgyun khyer/_rata gling yang gsang gud sbas/_dus mkhyen thugs dam kaM tshang bde mchog lha lnga/_bka' brgyud sngags mdzod du bzhugs pa'i rwa lugs 'jigs byed/_'jam dpal gsang ldan/_mgon po ber can sogs bka' brgyud rgyud sde'i skor dang*/_gu ru chos dbang phur pa yang gsang spu gri_/rata gling phyi nang gi sgrub pa/_'jam dpal rgyud lugs kyi sgrub thabs rgyas pa la bsten pa'i bsnyen sgrub/_'jam dpal dmar po longs spyod tshe 'phel/_rat+na'i phur pa yang gsang bla med/_mi pham rin po che'i gsung bdud rtsi'i 'od ldan gyi bcud len sogs la brten te/_bsnyen bzlas rgyas par gnang ba dang*/_dpal dus kyi 'khor lo'i bsnyen tshad/_gcod kyi tshogs brgya sogs dang*/_dus rtag par yar mar gyi tshes bcu la gu ru'i thugs sgrub gang rung dang*/_mkha' 'gro gang rung gi sgo nas tshogs mchod rgyas pa/_nyer dgur bka' rnying gi chos srung rnams kyi gsol bskang*/_tshes brgyad la sman chog rgyas bsdus gang 'os/_bco lnga gnam stong la gso sbyong dang*/_bshags smon/_mchod 'bul/_rgyun gyi zhal 'don/_sher phyin sdud pa khri tshar las mi nyung ba dang*/_thub chog_/kaM tshang sngon 'gro_/thun bzhi/_grub mtha' ris med kyi skyes chen rnams kyi gsol 'debs smon lam/_rje nyid la bka' drin che ba'i bla ma rnams kyi gsol 'debs/_zhabs brtan/_snga dgong dus su chu gtor/_gsur/_lus sbyin bcas rgyas par chag med du gnang zhing*/_de dag gi skabs su mchod 'bul mar me gtsor gyur pa dang*/_maN+Dal/_tshogs/_gtor ma sogs rgya cher gnang zhing mkhan chen bkra shis 'od zer/_'jam mgon mi pham/_zhe chen rgyal tshab/_byams mgon si tu rin po che sogs la lo bstar sku mchod tshogs dang*/_mchod pa brgya rtsa las mi nyung bar mdzad cing*/_mchod tshogs kun sdom jo bo rje lha gcig gis 'phags yul gtsug lag khang du mchod 'bul gnang skabs lha bshos mi tshad tsam brgyad stong bzhengs pa sogs kyi rnam thar bzhin byed dgos ces/_bka' gdams dge ba'i bshes gnyen rnams kyi phyag bzhes ltar rgya che ba/_spus nom ldan pa/_ser sna dang 'bags btsog gis ma gos par gtso bor phyag len du bstar ba sogs sgom sgrub kyi mdzad pa rmad du byung ba'o/_/gzhan yang blo sbyong don bdun ma dang*/_phyag rdzogs kyi rnal 'byor la rtag par thugs gzhol bas nyams rtogs kyi drod tshad mthon por 'khrungs pa 'dra ste/_phyi nang gi rtags su 'jig rten tshe 'di'i ched du gsog 'jog dang*/_mkho spyad kyis gzhan mgo bskor ba la thugs gtan nas mi mnyes/_thabs mkhas kyis gzhan ngo bsrung ba dang chen po'i rigs la ngo 'dzin gyis dkor sdud sogs re dogs kyi bya ba la ched gnyer mi mdzad/_chos brgyad la re dwogs kyi zhen pa chung ba mngon sum du grub pa dang*/_dngos grub kyi mtshan ma dngos nyams rmi lam du brnyes pa'i rtags kyang dgung grangs nyi shu skor phebs skabs mi pham rin po che'i bkas bskul ste rata gling gsang sgrub kyi ljags bsnyen skabs me tog ut+pal la sngon po'i chun po gsar pa zhig dge slong mthong na mi mthun pa med pa'i spyod lam can gyis ster ba dang*/_g.yu 'brug zhig nam mkha'i dbyings su gyen du 'gro ba sogs nub re bzhin rmi ltas ngo mtshar can re byung ba zla tho ngos ri mo bkod mdzad 'dug pa dang*/_de skabs gzim khang gi skar khung las nyi zer gyi steng 'od kyi rdo rje sngon po rtse lnga zhig sgra dang bcas shar gyis byung nas nyid la thim pa sogs dge mtshan du ma byung tshul 'brong pa bla ma tshe dbang rgya mtsho la gsungs pa dang*/_jo lugs sgrol dkar thog ma'i bsnyen sgrub skabs nub re bzhin gzhung gi rtags tshad dang mthun pa'i mnal ltas legs pa re byung ba dang mthun par sgrol bstod mdzad/_grub rgyal tshe sgrub kyi bsnyen pa'i skabs mdun dkyil bum pa'i rma bya'i sgro thig gcig 'od lnga'i thig ler gyur ba'i nang tshe dpag med dmar po tshon gang ba zhig thor thun gyi ring bzhugs pa mjal ba dang*/_bde mchog gi ljags bsnyen skabs mnal lam du gtsug lag khang chen po zhig gi nang son pas seng khri mthon po zhig gi rtser chos rje karma pa dus gsum mkhyen pa na bza' sku ber ser po bzhes pa dang*/_phyag chos 'chad kyi phyag sor lnga yi rtser me tog kha dog lnga bkra lam mer gsal ba mngon sum lta bur gzigs pas mos gus tshad med pa 'khrungs pas phyir nyin dpal ldan dus gsum mkhyen pa la sku bstod zhig mdzad/_karma dgon gyi dus mkhyen gsung byon dang che chung mnyam pa'i gser zangs kyi zhal ras de las 'dra bsdus byas pa zhig dang*/_rgyal dbang mkha' khyab rdo rje'i phyag zhabs kyi rjes can la mnal lam dang mthun pa'i zhal thang rnams bzhengs par gnang*/_rgya gar gyi grong khyer rdo 'jog ces brag ri khog stong logs bzhir sgo bzhi yod pa zhig tu ston pa thub pa'i dbang pos bka' 'gyur gyi ljags lung bstsal ba red ces dge slong mang po 'dus shing tshogs pa la/_dge slong sku bong shin tu ring po na bza' rdo tshos can zhig bzhengs te yan lag bdun pa zhig la khrus gsol bcas rgyas par gsungs pa sogs mnal lam ngo mtshar can byung gsungs kyang zhib par ma dran/_bsam yas phebs skabs gling skor la brkyang phyag mdzad nub sku ngal gyis mnal mthug por song ba dbu rtse'i jo bo byang chub chen po'i mdun gyi mkhan slob chos gsum sku tshab mdun phebs 'dug pa chos rgyal khri srong gi sku de dngos su gyur pa'i phyag gis dbu yi la thod kyi rtse'i nor bu de blangs nas mdun gyi sa gzhir drag tu brgyabs pa dum bur 'thor ba bar snang du gu ru'i sku tshab lnga khra chem mer gsal bar mtshar snang skyes pa rmis pas rgyal po pe har gyi cho 'phrul min na nga yang gter ston zhig yin 'dra zhes zhal rtsed du gsungs pa dang*/_mkhan chen bla mas dge tshul gyi bslab pa phog skabs sdom rten du gnang ba'i thub dbang gi sku rgya gar li ma chung ngu zhig yod pa rtag par 'bral spang can de'i sku las dngos su bdud rtsi bab pa dang*/_yang rdzogs chen mkhan rin po che 'jigs med pad+ma blo gsal de nyid thang chen po zhig gi dbus zhal ras la dar zhig bkab nas bzhugs 'dug pa mdun du phebs pas dar bsal bas thugs dgyes tshul bstan/_bslab ston zhal gdams mang po zhig dang*/_khyad par deng sang dus snyigs ma yin pas mi la yang chags sdang gnyis ka'i phyogs su ma lhung ba kyis/_sa 'dir stan chags nas ma sdod/_khyed rang tshe smad du yer pa zla ba phug tu sgrub pa zhig gyis/_tshe yi mthar shug pa thar thor skyes pa'i ri khrod 'di yin snyam pa zhig 'ong bas shi sa der gyis gsungs pa rmigs gsungs/_phyis su gus bod du 'ong skabs phran da yer par sleb mi 'ong*/_dbu skra bubs gcig_/tshems gcig bcas bskur nas khyod nas skra 'di gnas der gtor/_tshems sgrub phug tu sbos shig gsungs bzhin rtsa gsum gyi tshogs skong khri lhag bcas bka' bstsal bzhin grub song*/_yang rgyal dbang thams cad mkhyen pa mkha' khyab rdo rje dgongs pa rdzogs nas zla ba gcig tsam ma lon pa'i skabs nam mkha' sku'i 'od kyis khyab pa'i dbyings su sangs rgyas mchog gi sprul pa'i sku shAkya'i dbang po lta bu zhig gi steng nas me tog gi char sil mar bab pa zhig mjal/_sku'i drung du phebs nas gsol ba btab pas zhing khams de'i sa gzhi thams cad rin po che bai DUr+Ya 'ba' zhig las grub pa yin 'dug_/da res dag pa'i zhing khams su skye thub 'dug snyam shin tu nyams dga' bar gyur pas sangs rgyas de nyid rgyal dbang mkha' khyab rdo rje zhwa nag gser mdangs bzhes pa zhig tu gyur song bas skyabs mgon rdo rje 'chang 'di dgongs pa rdzogs pas zhing khams 'di gsar du bkod pa yin 'dra snyam pa dang*/_zhal nas bu khyod da dung 'gro don ma rdzogs pas re zhig slar song phyis su 'dir 'ong chog gsungs byung bas sems skyo dung ngos phyir 'gros kyis cung zad 'ong ba dang mdun nas mar them skas rgya chen po zhig 'dug pa la skas re re bzhin phyir nud kyis bab pas lho brag mar pa nA ro pa grub thob pho mos bskor ba'i tshogs gral las bod du byon tshul de dran nas skas them rer phyag re 'tshal bzhin 'ong bas phyed tsam sleb pa dang mnal sad song gsungs nas zhing de'i bkod pa zhig phyag bris mdzad de phran la bstsal/_yang de rjes zhig la mnal lam du thang chen po zhig gi dbus rgya mtsho chen po/_mtsho de'i dbus na brag ri ya mtshan pa can zhig 'dug pa'i mtsho khar phyin pa'i 'di byang gnam mtsho red zer/_re zhig na mtsho de'i dkyil nas rkya mi mang po rta phyugs ri dwags sna tshogs la zhon pa'i skyes pa bud med mang po zhig mdun du tshur 'ongs bas mtshams zhig na chu glang sngo khra rwa cung zad mdun du gug pa la zhon pa'i bud med mdzes sdug khyad du 'phags pa zhig 'dug_/zhal 'dzum nas tshur gzigs te khyed su yin dris pas nga g.yu sgron ma yin gsungs/_khyed rnams gang du phebs zhus pas mdo khams shar du rgyal dbang karma pa sku 'khrungs pas mjal du 'gro ba yin gsungs/_dga' drags nas gang du 'khrungs dris pas shar du mdzub mo btsugs song ba phyir blta byas pas sa cha lung pa ngos ma zin kyang yab gzhis kyi pho brang mig lam du lam mer shar byung bas blo bde ba byung gsungs nas/_phyir nyin g.yu sgron ma la phrin bcol gsung mgur gyi rnam pa can zhig mdzad/_yang gtsang paN chen rin po che blo bzang thub bstan chos kyi nyi ma rgya nag nas dbus su phebs pa dang*/_byang rdza chu kha ser shul dgon du zhal mjal thog mar byung skabs mnyam med dwags po rin po che sku'i cha byad spyi ltar la sku rgyab nam mkha' sngo sang nge yod pa zhig mjal ba rmis gsungs/_yang bar zhig tu kun mkhyen 'jigs med gling pa red zer ba'i bla ma zhig mjal nas rab byung btsun pa'i cha byad can dbu zlum zhig mjal ba 'di sngags 'chang gi cha byad du mi 'dug 'jigs med gling pa min pa 'dra snyam pa dang*/_bzhad mo zhig mdzad nas khyed kyis nga la log rtog zhig 'dug pa sel ba'i thabs su nga rab byung gi chas byas pa yin/_nga rab byung dang sngags pa gang yin rgyu byas kyang 'gal ba med/_nga 'jigs med gling pa yin gsungs pas dad gus skyes par rmis gsungs/_yang dbyar kha zhig rgyam rgyal rdo thi'i mkha' 'gro phu ru phebs nas sgrub brtson bla ma dam pa karma dbang 'byor dang lhan cig rol rdor gter byon tshe sgrub lcags bum ma'i tshogs brgya zhig phul bas mnal lam du gangs ri'i tshad dang mnyam pa'i tshe dpag med kyi sku dar dpyang ljang gu can zhig mngon sum lta bur shin tu gsal ba mjal bas tshe sgrub 'di'i chos bdag mnyan pa dge legs rgya mtsho red zer bas yin pa 'dra gsungs/_yang mnal lam zhig tu 'jam mgon mi pham rin po che mjal skabs nyid kyis mdzad pa'i sngon 'gro'i nyams len zhig yod pas de'i khrid cig gsungs pa/_da kho bos sangs rgyas stong sku grub zin/_da rten bzhengs ga 'dra byed zhus pas mkhan slob chos gsum gyi sku zhig bzhengs gsungs pas 'jam dbyangs mkhyen brtse'i dbang po'i zhal bkod dang mthun pa'i sku shin tu sgros gtsang gsum bzhengs par mdzad/_gzhan byams mgon si tu pad+ma dbang chen gyi 'khris su yun ring bcar ba'i bag chags kyis yin pa 'dra rtag par mnal lam du mjal ba dang*/_zhe chen rgyab tshab rin po che sogs rang gi dad mos che ba'i bla ma rnams dang mjal tshul mang du gsungs/_sku chung ngu'i dus 'bru khog tu phebs skabs 'bru'i dge bsnyen yin nam snyam pa'i lha g.yag dkar po chen po zhig dge bsnyen gnas pa'i ri mdun du phebs pa dang bsu ba'i tshul du byung ba grwa 'khor dang bcas pas mthong ba dang*/_mnyan pa dge legs rgya mtsho bdud rtsi dil khra mo'i ri khrod nas ban chen dgon du gdan sa 'debs phyir phebs pa'i phyag phyir 'brang bar grags pa'i klu rgyal stobs rtsal thogs med rten mkhar btsugs pa'i skabs chu mig gi nang du sbrul dkar po dmar 'od can mkhyid gang lhag tsam 'dug pa kun gyis mthong ba dang*/_bod du phebs skabs mar lam bsam gtan gang bzang mdun du sgar bzhugs pa srod la zla ba shar ba dang rta gra ser zhig chibs drel gyi khrod du byung ba 'brog sde gzhan gyi rta zhig der byung ba red snyam yang der nyin kha shas bsdad skabs bdag po su yang ma byung bas/_phyis ban chen grwa rgan rnams nas mnyan pa sku phreng bod tu gang byon la bsam gtan gang bzang nas rta re phul srol yod zer ba ltar de yin nges ces gleng ba byung*/_sbyin bdag 'brog pa zhig gi 'khris su brag dil dmar po zhig 'dug pa 'dir btsan gnas pas mi nor la gnod pa 'byung 'dug pas thugs dmigs zhus skabs/_brag la phyag nas gtor bas ring por ma lon pa brag ri zhig pa sogs grub pa'i mtshan ma yin nam snyam pa byung gsungs pa sogs sgro skur med par bkod pa'o/__/gsum pa ni/_spyir gong smos ltar thos bsam rgyud thog tu 'khel bas thugs gshis gzhan la phan pa 'ba' zhig la dgyes pa sogs bzang po'i phrin las lhun gyis grub/_lhag par mchod sbyin rgya mi chung ba gnang ba thugs dam gyi mthil du gnang ba dang*/_rjes mthun bstan 'gro la phan pa'i mdzad pa phyag rjes kyi tshul yang*/_mnyan pa dge legs snying po'i sku dus su bzhengs pa'i sangs rgyas stong sku rtse sor lnga lhag tsam bzhengs 'phro lus pa bzhi brgya tsam yod pa yongs rdzogs gsar bzhengs gnang ba dang*/_de dag bzhugs khang dbyar gnas lha khang ka ba so drug_/yang thub dbang gi sku mda' tshad la seng khri rgyab yol can/_'khor nye sras brgyad khru tshad shin tu spus dag dang*/_gnas bcu rgya gar lugs shin tu spus dag khru tshad/_mi pham rin po che'i bka' yis bskul te rgyal tshab byams pa mda' tshad/_yab kyis bzhengs pa'i sgrol ma thog tshad/_yang rgya nag li ma byams pa mda' tshad lhag_/yab kyi ma Ni dung phyur sgrub rten du blus pa'i spyan ras gzigs bcu gcig zhal phyag stong mda' tshad lhag_/'jam mgon mi pham rin po che'i sku khru tshad lhag_/sgrol ma nyer gcig_/kar rabs bco lnga/_zhwa dmar sku phreng phal che ba'i sku brnyan dang*/_gtsug lag khang ka ring bcu drug_/ka thung chig brgya re bzhi bcas ka ba brgya dang brgyad cu can gyi dri gtsang khang du ston pa thub pa'i dbang po thig tshad bzo dbyibs 'gran bral zhal blugs pa/_gzhan brdung bzo'i thog tshad lnga dang*/_de'i 'khor du sangs rgyas sman bla/_gu ru rgya gar ma/_karma pa dus gsum mkhyen pa/_yab yum gyi sgrib sbyong ched du dmigs pa'i rdor sems rnams thog tshad re re can nye ba'i sras chen brgyad blug sku mi 'greng tsam dang 'khor sangs rgyas stong sku mkhyid gang lhag can blug sku kho na stong phrag lhag shin tu spus dag dpe 'os can rnams dang*/_thugs dam gzim chung du mgon po ber can/_phyag bzhi/_lha mo/_zhing skyong yab yum/_srin mgon rnams gsar bzhengs/_gur mgon tA ming li ma/_phyag drug pa'i sku li ma gnyis/_dpal ldan zla ba grags pa/_bu ston/_rje rin po che sogs li rnying du ma dang*/_ris med kyi skyes chen du ma'i sku mtho tshad las mi chung ba bcas phal cher 'brong pa bla ma bstan 'dzin chos rgyal gyi sku mched tshe dbang rgya mtshos bzhengs nas phul ba rnams dang*/_mgon khang chen por ber can sku shin tu khyad mtshar thog tshad/_zhing skyong yab yum mi tshad rje nyid kyi phyag bzo/_lha mo/_dam can rnams mi tshad bcas lder sku spus dag_/gro lod mgon khang du gu ru zhi ba mda' tshad gser zangs can/_sgrub khang khag bzhir so so'i yi dam dang chos skyong gi sku du ma dang*/_zhal thang la skyes rabs dpag bsam 'khri shing chos 'byung zhal bkod thang ga nyer lnga can la ston pa'i sku'i skye ba thams cad gser dbyibs byug_/yab kyi sgrib sbyong ched dmigs thub sku'i skyes rabs gsar bkod thang shar dgu_/bde gshegs sman bla mched brgyad kyi zhal thang g.yu thog pa dang bcas dgu_/thub dbang nye sras brgyad dang bcas pa'i zhal thang dgu_/'dzam gling rgyan drug gi thang ka bkod mdzes ston pa bcas dgu_/sgrol ma 'jigs pa brgyad skyob kyi thang ka dgu_/bka' brgyud gser phreng si tu thams cad mkhyen pa chos kyi 'byung gnas kyi phyag bris las bshus pa thang shar so brgyad/_rdor sems gser thang thog tshad lhag tsam/_thugs dam karma pa dus gsum mkhyen pa dang*/_'jam mgon chos kyi 'byung gnas yab sras phyag zhabs kyi rjes can/_mkhan chen bkra shis 'od zer la bka' brgyud gser phreng*/_bde phag_/ma mgon dam can bcas dang*/_'jam dbyangs smra seng*/_bde mchog_/phag mo/_rgyal ba rgya mtsho/_phur pa dkyil 'khor yongs rdzogs can/_'od zer can ma/_ku ru kul+le/_mgon mchog sbyin rdo rje rnams dang*/_ban chen dgon du bzhugs skabs rgyal dbang chos dbyings rdo rje'i phyag bris ston pa nye sras dang bcas pa'i zhal thang shin tu khyad mtshar la shan bzang gser ma spus legs zhal khebs bcas gsar du phul ba dang*/_spros bcas tshes bcu'i dus mchod chen po'i zhal 'bag yongs rdzogs dang*/_'cham gos mchod rdzas yongs rdzogs gsar bzhengs 'ba' zhig dang*/_gsung rten rgyal ba'i bka' 'gyur rin po che sde dge'i mtshal par rgya shog tho lon Ta 'ba' zhig la glegs zhing brkos ma/_stong skud kyi glegs thag_/gdong ras bzang gos can bcas yab kyis bzhengs nas phul ba dang*/_yum gyi dge rtsar bstan 'gyur spus dag_/sde dge'i gan shog steng mdzod chen rnam lnga/_'jam mgon rin po che'i gsan yig glegs bam/_mkhyen brtse rin po che'i bka' 'bum pod bcu drug_/sgrub thabs kun btus glegs bam bcu gsum/_mi pham rin po che'i bka' 'bum khams su par gang bzhugs/_rgyal dbang mi bskyod rdo rje'i dbu ma/_mdzod 'dul/_khrid thung*/_rlung sems gnyis med/_chos grags rgya mtsho'i tshad ma sogs dpal spungs su bka' brgyud gong ma'i gsung par gsar bzhengs thams cad dang*/_si tu pad+ma nyin byed kyi bka' 'bum/_rgyal tshab rin po che'i bka' 'bum phal cher/_zhe chen rin po che'i bka' 'bum/_bka' gdams pha chos sogs grub mtha' ris med kyi skyes chen rnams kyi gsung gzhung dang sgrub thabs man ngag gi skor gang yod rnams par btab/_yon tan rin po che sdud pa dang*/_sman mdo rgyas bsdus gser bris/_dpe rgyun dkon rigs bris ma gsar bzhengs pusti brgya phrag dang*/_dri med rnam gnyis kyi mchod rten sgrub chog_/sku rnams kyi gzungs/_rata gling tshe sgrub mi pham rin po ches ljags bsgrigs tshang ma/_lha btsun rat+na thod phreng gi tshe dbang cho ga bcas spar gsar bzhengs dang*/_rngog zhe sdang rdo rje'i brtag gnyis 'grel pa dang*/_sangs rgyas mnyan pa bkra shis dpal 'byor gsung mgur bcas par bzhengs kyis dpal spungs gdan sar phul ba dang sku gdung cha brgyad blugs ma thog tshad sogs te de thams cad kyang spus nom khyad du gang thon rgya gar li ma khyad 'phags bzo dbyibs dang*/_sprul pa bzo rig rdzu 'phrul gyis phyag bskrun rgyal mchog chos dbyings rdo rje dang*/_'jam mgon bstan pa'i nyin byed kyi phyag bzo rnams la ma phyi byas pa lta bu sha stag dang*/_rgyu dngos gang smar ched du btang zhing las byed rnams kyi yon dang dngos pos yid tshims pa kho na dang*/_dpal 'byor sgang du mkhan chen bkra shis 'od zer gyi 'das mchod phag mo'i sgrub mchod/_ban chen dgon dpal ldan phun tshogs dar rgyas gling du smon lam chen po dang*/_mchod me 'bum phrag gis mtshon pa'i mchod pa shin tu rgyas pa dang*/_gzhan yang rje btsun mar pa yab sras kyi sku mchod ras 'bud/_mgo zla'i dmar phyogs ma mgon gyi bskang mdos shin tu rgyas pa/_gtsug lag khang par dge 'dun 'dus tshogs dang po'i skabs grwa grangs nyer lnga las mi nyung bas gzhi gsum gyi cho ga gsar tshugs/_jo lugs dus 'khor lha dgu_/'jam mgon mi pham rin po che sku mchod smin gling rdor sems sgrub chen dang*/_kun rig_/bka' brgyud sngags mdzod/_rgyal ba rgya mtsho/_shangs chos bcas kyi sgrub khang khag bzhir grwa dpon g.yog bdun re can gtsor 'brong pa bla ma bstan 'dzin chos rgyal gyis rgyun btsugs pa'i 'phro rje nyid nas bskyangs ba dang*/_thugs sgrub bar chad kun sel/_bla ma nor lha/_bdud kyi gshed chen rnams dang*/_zab bdun phur pa'i sgrub chen lan kha shas/_tshe sgrub gsang 'dus stong mchod lan grangs sogs kyi mtshon sgrub mchod skor dang*/_bla brang gi sgo bshas gtan spangs/_ris med bla sprul dge 'dun 'dus par dus dang rgyun gyi mchod sbyin rgya gang che bcas mdzad pas don gnyis lhun grub kyi phrin las rmad du byung pa'o/_/gsum pa mtha' ma'i mdzad pa ji ltar bstan pa ni/_de ltar don gnyis lhun grub kyi mdzad pa mthar phyin nas dus kyi 'gyur ba'i dbang gis dgung grangs don gnyis steng bod dbus gtsang dang*/_rgyal dbang yid bzhin nor bu'i bka' drin gyis rgya gar du phebs/_ston pa thub pa'i dbang po'i mdzad pa bcu'i ston pa'i gnas chen thams cad la phebs/_bal yul mchod rten rnam gsum/_yang le shod kyi sgrub phug sogs mjal/_gnas de rnams su phyag skor mchod 'bul thugs tshims par mdzad nas sbas yul 'bras mo ljongs bkra shis lding du'ang phebs/_mthar 'bras ljongs rum btegs karma'i chos sgar du phebs pa nas bzung*/_rgyal ba'i dbang po mchog dang thugs snang gcig 'dres yab sras lta bur gyur/_dgong re bzhin la mkhyen brtse rin po che'i ltung bshags cho ga dang 'brel ba'i sku phyag 'tshal zhing nam gung ma yol bar gcig pur sbas pa'i tshul gyis sgrib sbyong kho na mdzad/_zhal nas phran na tshod ni rgas/_shi gson gyi dkor ni mang*/_ming ni che/_yon tan ni med/_da 'chi ba 'di mgyogs po yong na snyam da lta nas dkor gyi sgrib sbyong yin/_rten 'di ma bor tshe gnyen po stobs bzhi'i sgo nas bshags sbyang la 'bad na sdig ltung ri bo tsam yod kyang dag pa sdig pa'i yon tan yin sogs rtag par gsungs/_chu stag zla ba dang po'i nang sku khams cung mi bde ba dang*/_mgul glo cung zad bzhes pa lta bu'i bsnyun tshul bstan/_spyir rgya gar du phebs nas sngar dus yin na bstan dgra la dmigs pa'i chos skyong gi drag bskul sogs byed kyi yod kyang*/_phran ni nus pa med cing lta dgongs dman pa de rigs bsam ngan du 'dug_/da ni byams dang snying rje la blo sbyong gi yod/_pha yul/_dgon sde/_bla brang sogs dang rgya mis kha 'phral ba la sems pham ci yang mi 'dug_/de rigs med pa kho rang gi bka' drin red pas mi tshe dkor nag la mi skyel ba dben khrod zhig tu chos gos rnam gsum las gsog 'jog med pa'i bya btang bka' brgyud gong ma bzhin byung na snyam pa'i re ba mi tshe gcig la yod pa de 'grub 'dug snyam ste dga' spro dang blo bde'i ngang yod sogs gsung pas mtshon/_rgyal dbang yid nor mdun dgongs zhu phebs khar rum btegs kyi gtsug lag khang du rten mjal gnang skabs da ni ston pa'i sku brnyan 'di yang i 'jal mi shes gsungs te bsang du phebs/_de nas bzung sngar dang mi 'dra bar zhal rtsed dang bzhad mo kho na mdzad pa zhig byung*/_de skabs rgyal dbang yid bzhin nor bus rum btegs chos sgar du dbyar gnas thog mar 'dzugs bzhed kyis/_gaN+Di gsar bzo'i dbyibs sogs gzhung mthun dgos tshul phebs 'phral thugs mnyes pa'i rnam 'gyur dpag med dang 'brel zhabs brtan bsngags brjod kyi tshigs su bcad pa zhig 'bul bar mdzad/_de nas khong gi bsnyun khams phyir 'khrugs par brten rgyal dbang mchog gi bka' bstun sgang tog sman khang du phebs/_sman sbyor 'phrod rten sogs gang zab gnang*/_byams mgon si tu rin po ches grub rgyal tshe dbang zhig gnang*/_rgyal ston sprul sku/_si tu'i mdzod bla co ga sogs nas lo shas bzhugs dgos kyi brtan bzhugs phul yang zhal gyis ma bzhes shing*/_byams mgon si tu pad+ma don yod khyed d+harmA ka ra'i mdzad spyod lhur bzhes thog_/rgyal dbang yid bzhin nor bu rig pa'i rdo rje dang dgongs bstun gyis/_gdams zab kun bum pa gang byo'i tshul gyis gsan la/_sngar bzhin don brgyud yid bzhin nor bu'i phreng ba bar ma chad par mdzod dang de las lhag pa gang yang med/_dad slob kun nas kyang de bzhin zhabs zhus mdzad dgos tshul gyi bslab bya rgya cher gnang*/_de skabs shig tu rgyal dbang mchog gi chos kyi seng khri gsar par zhabs sor 'khod pa'i rten 'byung gi mdun mjal dar dkar gtsang dang*/_gangs can ljongs su lung rtogs kyi bstan pa nyams dma' bar gyur pa'i skabs 'dir/_deng gi rten 'brel las che ba yong ma myong*/_de bzhin yid bzhin nor bu sku tshe zhabs pad brtan cing mdzad phrin rgyas pa'i thugs bskyed gnang grub zhu dang*/_rgan pos kyang de bzhin smon lam zhu yong zhes zhu 'phrin phul/_skabs 'gar bsnyun khams shin du dwangs te dgyes bzhin bzhugs/_nyin gcig sman khang 'dir nyin mtshan med par sgo phye zhing 'gro mkhan zhig 'dug pas/_kun rig gi sgo nas khrus dang sbyang ba zhig dgos/_de nub dmar gsur zhig gtong dgos gsungs pa bzhin mdzad/_mi ring bar rgan po na tshod smin stabs za ma gtan nas mi zhu ba'i nyen 'dug gsungs te nyin mor 'o ma dkar yol gsum re las gzhan gang yang ma bzhes nas nyin mtshan drug la bzhugs/_chu stag zla ba dgu pa'i tshes bcu bzhi nyin thugs nyams 'ur te/_da ni rgan po 'chi grabs bya ran/_mdang rmi lam du rgyal dbang mkha' khyab rdo rje dang*/_byams mgon pad+ma dbang chen zung mjal te da ni khyod 'di ru ma 'dug par nga yi gan du yong ran pa yin pas shog cig gsungs shing*/_spyan nam mkhar gzigs nas brda chos mang du gsungs/_rang gis kyang thugs yid bsres te rang gi rnam par shes pa ni bla ma'i thugs kar 'pho tshar/_da ni sman khang du mi sdod/_gzhan du 'gro dgos zhes gsungs/_de 'phral sgar mdzod dam yongs kyang phebs/_des gtsos ban chen bstan sprul rin po che sogs nas rum btegs su phebs bskul dang 'brel/_phebs bsu sogs go sgrig zhus/_sgar mdzod nas mjal dar phul ba phyir bstsal zhing*/_khyed rgyal dbang mkha' khyab rdo rje'i dus nas zhabs tog zhus pa'i mi yin/_bla ma dang so skye mi 'dra bas/_dgongs tshod dang bstun pa'i zhabs tog sgrub par mdzod ces zhal ta gnang*/_phebs lam nas/_sangs rgyas bcom ldan 'das rdo rje gdan nas byams pa chen po'i ting 'dzin gyis bdud sde thams cad btul te mngon par rdzogs par sangs rgyas pa bzhin bdag gis byams pa'i ting nge 'dzin gyi nus pas nad mug mtshon bskal zhi ba'i bden smon bgyid pa yin zhes dang*/_sku ngal gso'i skabs shig 'dir tsan+dan gyi sdong po chen po zhig gi rtser sangs rgyas stong bzhugs pa zhig mjal gsungs/_yang ngan song gi gnas ris rnams su sems can rnams skyes pa mthong zhing bdag gis de dag la phan thog pa 'dug kyang gsungs/_rgyal dbang rin po che'i gser zhal thog mar mjal skabs phyag mdzub shar gyi nam mkha'i sprin dkar la gtad de brda chos shig phul/_de nas rum btegs su yod pa'i mchog dman kun gyis mjal kha zhus te skyabs smon thugs gtad gnang*/_rje brgyad pa'i phyag bzo rdo sku chen mo/_rje nyid la mkhan chen bkra shis 'od zer gyi bstsal ba'i ston pa'i sku brnyan/_rje brgyad pa'i phyag blugs dus gsum mkhyen pa'i 'dra sku sogs snod gcig tu bkod pa'i mdun rje nyid gcig pur tshu tshod gnyis tsam du bzhugs/_tshes bco lnga'i tho rengs sku lus de drang por zhog dang gsungs pa bzhin byas pa'i mod gso sbyong gi gaN+Di'i sgra bskul ba gsan pas thugs shin tu dgyes pa'i sgo nas/_kho bo rgan po da ni 'chi ran pa yin/_de yang ji skad du/_chos sems a ma'i mngal nas skyes/_/skyes ma thag tu 'chi chos dran/_/zhes gsungs pa bzhin/_chos sems ni byis pa chung ngu'i dus nas yod/_mkhan chen thams cad mkhyen pa karma bkra shis 'od zer dang*/_byams mgon rdo rje 'chang pad+ma dbang chen zung gi bka' drin gyis dge tshul slong gi sdom pa ni thob/_thob bzhin 'chi ba 'di kho na bsams nas pham pa bzhi dang*/_lhag ma bcu gsum gyis dran pas zin ngang du ma gos/_nyes ltung gi tshogs la bshags pa nyin re phul bas da ni mthar phyin song*/_sgrub pa dang nyams len gyi lag rjes kyang 'di kho na yin/_khyed rnams kyis kyang 'di bzhin byas na 'chi ba 'di slebs tshe sems skyid po zhig 'byung rgyu yod ces gsungs/_rgyal dbang mchog gis grub rgyal tshe dbang zhig bstsal te lo shas bzhugs dgos pa'i bskul ma gnang skabs/_sangs rgyas karma pa chen po zhes mtshan dang don mthun pa'i nges shes khyad par can ban rgan 'chi khar rnyed pas bod yul bstan 'gro'i rgud pa myur du sel ba dang*/_bstan pa rgyas la bstan 'dzin rnams zhabs pad brtan pa gal che/_7gong sa lha mi'i rnam 'dren dbus rgyal dbang mchog sogs bka' brgyud/_rgyal ba yab sras/_sa skya bdag chen/_snying ma'i rig 'dzin khyad 'phags rnams zhabs pad brtan pa'i thugs smon zhus dang*/_ban rgan bsdad ma bsdad ci yang mi 'dug gsungs/_rgyal dbang rin po ches khyed rang la gzigs snang gang byung gsungs pas/_khar sang lam nas tshur 'ong dus nam mkha'i khams gang bar rang gi rtsa ba'i bla ma bzhugs te rang la thim pas rang nyid rtsa ba'i yi dam rdo rje phag mo'i skur gyur pa'i snang ba shar gsungs/_spyir bka' brgyud kyi bstan pa rje btsun mi las mi dbus pa ston pa dang*/_mi ma yin tshe ring mas 'dzin par 'dug gsungs pa ltar/_mnyam med dwags po'i thugs sras rje dus gsum mkhyen pa'i mchog sprul nyid bzhugs pas/_mi ma yin tshe ring ma la phran nas kyang yang yang bcol bzhin la yid bzhin nor bus kyang de ltar gnang bar zhu sogs/_ma 'ongs bstan don skor sogs thun min gyi zhu ba yang yang phul/_nyin gcig gzim khang gi phyogs bzhir zhal gyu nas/_phyogs bzhi kar ltad mo chen po 'dug pas de lta ba yin gsungs/_skabs shig kho bo lo 'dir mi 'chi ba 'dug_/dus chen zhig la 'chi ba'i smon lam yod pas sang zla ba drug pa'i nang dwogs pa cung yod/_de la ci 'gyur ma nges/_'on kyang*/_nam zhig 'chi nges yin pas rgan por 'brel thog gi 'gro ba kun la cung zad re phan pa'i re ba yod pas phran shi nas zhe dgu ma rdzogs par bstan dga' khyod kyis rtsa ba'i bla ma 'di rnams kyi mtshan lan gsum re ma brjed par bos shog de las gal che ba med ces/_rgyal dbang bco lnga pa dang*/_byams mgon pad+ma dbang chen sogs rje nyid kyi rtsa ba'i bla ma rnams kyi mtshan tho bkod pa zhig gnang*/_bkra shis sdings/_rdor gling sogs gnas chen zhig la shes rab kyi ral gris bdag 'dzin gyi phung po 'di stong rogs gyis/_gnas lnga'i rus pa zhig longs la ban chen 'dra slebs na der khyer/_ma slebs na mtshur phur mnyan pa gong ma'i dngul gdung zhig yod pas de'i nang du zhog_/gzhan yang khyed rnams tshul khrims kyi bslab pa mthar phyin pa dang*/_phyag rdzogs kyi nyams len snying po chos thams cad mnyam nyid du shes dgos sogs zhal gdams shig gnang*/_ban chen bstan sprul nas rje nyid zhing khams gzhan du phebs na/_yang srid bstan 'gror phan nges shig myur du phebs pa'i zhu ba phul ba bzhin bstan 'gro'i don chen 'grub pa'i smon lam dang 'brel yang srid phebs yong ba'i zhal bzhes gnang*/_tshes nyi shu nyin/_sang nyin gza' skar gang 'dug gsungs skabs/_gza' pa sangs skar ma 'phrod sbyor sogs legs po 'dug zhus 'brel/_nyer gnyis nyin gza' spen pa red 'dug_/'di g.yang gza' yin gsungs/_tshes nyer gcig nyin phyed yol mtshams da gsol ka 'don dgos gsungs nas rgyun ltar gsungs/_bsnyen pa'i nang ma ning gi phrin bcol lan gsum mdzad de phyag shar phyogs kyi nam mkhar sdigs mdzub kyis lan gsum bskor/_bstan sprul la/_sam Ta khyer shog gsungs te phul ba'i ngos su 'di ltar/_!_na mo gu ru mang+ga la rasmi ye/_/da ni/_sman pa'i rgyal po dngos su byon gyur kyang*/_/tshe yi 'phen zad srog la mthud du med/_/ces gsungs pa ltar dang*/_ma zad srog gcod las khur smin pas khyod la mya ngan gang yang med/_rang gi gwa'u nang bla ma rdo rje 'chang rnams kyi gdung rus dbu skra sogs gser srang 'bum ri ba yod/_de rjes ma ban chen dgon lha chen 'dra yod na nang rten zhog_/med na ston pa'i sku brnyan khru gang tsam la sgros gtsang ma can zhig bzhengs pa'i nang bzhugs na byin rlabs mi chung bas de ltar yid 'jog gyis zhes phyag bris gnang ste bstan sprul la bstsal/_de nas mi pham rin po che'i rdzogs chen gyi man ngag de zhib par gzigs/_de nas rgyal dbang rin po che der phebs phan tshun thugs snang gcig pa'i gsol smon mdzad cing yun ring bar bzhugs/_nyi nub phyi cha tsam la bde bar dgongs pa chos dbyings su thim pa'i tshul bstan to/__!__'das rjes kyi bya ba yang ban chen bstan sprul rin po che dang*/_zhabs 'bring ba bkra shis rnam rgyal zung nas bsam sbyor rnam dag gi sgo nas dgongs zhag so sor bla sprul khag gdan zhus dang 'brel/_rgyud sde rgya mtsho'i mchod chog gis mtshon tshogs gsog rgya gang cher bsgrubs/_sku gdung zhugs 'bul nyin phyogs bzhir rgyud sde bzhi'i dkyil 'khor zhal phye zhing bla grwa sum cu skor nas bsreg sbyong gi cho ga tshad ldan gyis mtha' rgyas su grub par mdzad pa'i nyin gcig gi bsnyen bkur mchod rdzas sogs rgyal dbang don gyi bdag po mchog nas bdag rkyen mdzad/_'di skabs 'ja' sprin gyis nam mkha' khengs/_lhag par spur khang thad nas rgyal dbang mchog bzhugs pa'i gzim chung gi thad bar 'ja' sprin dkar po l+wa ba brkyang pa lta bus sbrel ba sogs ngo mtshar ba'i ltas ci rigs pa byung ba bcas legs par grub/_de mtshungs sku rus rnams kyang 'thor zag med par bsdus nas dngul kyi byang chub mchod rten thig tshad gzhung mthun la rje nyid kyi gdus rus gtsos ring bsrel rnam bzhi gtso bor gyur pa'i nang rten khyad par can du ma dang srog shing 'dzugs chog_/gzungs zhugs sgrub 'bul bcas rje dbon rin po che karma grags pa yongs 'du nas phyag bstar gnang*/_ye shes sems dpa' lha gnas kyi cho ga rdo rje phag mo'i sgrub dkyil la brten nas rgyal dbang yid bzhin nor bu/_zhwa dmar mchog sprul rin po che sogs mkhan sprul rig pa 'dzin pa'i dge 'dun gyi sdes rgyas par mdzad pa'i gdung rten gyi phra tshom sogs rgyal dbang mchog nas phyag bstsal gyis spus nom ldan par gyur cing dkar chag zhib pa zur gsal ltar srid zhi'i mchod sdong du bzhugs su gsol ba'o/__/smras pa/_mngon sum tshad mas mthong dang thos pa yi/_/dam pa'i mdzad spyod sgro dang skur ba'i mthar/_/ma lhung drang por brjod pa'i ngag 'di ko_/snyigs dus bstan 'gro'i rgyan du mdzes par sems/_/bdag kyang deng nas tshe rabs thams cad du/_/mtshungs med dge ba'i bshes de'i mched gyur nas/_/byang chub spyod pa rgya mtsho lhan cig tu/_/spyad nas tshom bu gcig tu grol bar shog_/thugs rje'i gter gcig rgyal mchog bcu drug pa/_/yab sras gsang gsum rin chen lhun po brtan/_/sgrub brgyud bstan pa'i chu gter rab 'phel bas/_/dge legs dpal gyi 'byor ba rgyas gyur cig_/ces sgrub brgyud grub brnyes yongs kyi gtso bo sangs rgyas mnyan pa sku phreng dgu pa nyid rab rgyal dge byed chu stag tha skar zla ba'i dmar phyogs kyi dga' ba gnyis pa'i nyin dgongs pa rdzogs khar phyi yi rnam thar rags rim 'di nyid zhal chems kyi tshul du phyag bris su mdzad nas bzhag pa la zhu bcos dang*/_zhal bkod dgos pa rnams khyed nas 'bri bar 'os zhes rgyal dbang yid bzhin nor bu mchog gis bka' bstsal ba dang*/_ban chen 'brong pa sprul sku rin po che dang*/_bla ma blo gros rab gsal/_nye gnas bkra shis rnam rgyal bcas nas kyang bskul ba ltar rje de nyid kyi gcung du skyes pa bkra shis dpal 'byor du 'bod pa'i 'khos chung gyi na pas bris pa 'dis kyang mnyam med dwags po bka' brgyud kyi bstan dang bstan 'dzin 'phel zhing rgyas pa'i rgyur gyur cig_/

Footnotes

Other Information