JKW-KABAB-20-WA-020

From Khyentse Lineage - A Tsadra Foundation Project
Revision as of 17:20, 2 March 2022 by Mort (talk | contribs) (Text replacement - "|editortib=རྫོང་སར་བློ་གྲོས་ཕུན་ཚོགས་" to "|editortib=")
(diff) ← Older revision | Latest revision (diff) | Newer revision → (diff)

སྙན་བརྒྱུད་ཕྲིན་ལས་ཕུར་པའི་གནད་ཏིག་གི་སྨད་ལས་དྲག་པོའི་སྲུང་ཟློག་བསད་པའི་ལས་རིམ་ཁྱེར་བདེར་བཀོད་པ་སྲིད་པ་ཐལ་འབྱིན་རྡོ་རྗེའི་མཚོན་ཆར།
Wylie title snyan brgyud phrin las phur pa'i gnad tig gi smad las drag po'i srung zlog bsad pa'i las rim khyer bder bkod pa srid pa thal 'byin rdo rje'i mtshon char JKW-KABAB-20-WA-020.pdf
Location mkhyen brtse'i bka' babs
Volume 20, Text 20, Pages 303-343 (Folios 1a to 21a1)
Author མཁའ་ཁྱབ་རྡོ་རྗེ་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Associated People པྲ་བྷ་ཧསྟི་ (Prabhahasti)
Citation Karmapa, 15th. snyan brgyud phrin las phur pa'i gnad tig gi smad las drag po'i srung zlog bsad pa'i las rim khyer bder bkod pa srid pa thal 'byin rdo rje'i mtshon char/. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 20: 303-343. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Activity Practices - las tshogs
Cycle ཕྲིན་ལས་ཕུར་པའི་གནད་ཏིག་ (phrin las phur pa'i gnad tig)
Deity rdo rje phur pa
Karchag page JKW-KABAB-Volume-20-WA-Karchag
Colophon

།ཅེས་པའང་ཉེར་མཁོའི་ཆ་རྐྱེན་དུ་འདན་མཁར་མགོའི་སྤྲུལ་པའི་སྐུ་ཚེ་དབང་བསྟན་འཛིན་དཔལ་ལྡན་ཆོས་ཀྱི་ཉི་མ་ནས་འདི་ལྟར་སྦྱོར་ཤིག་པའི་བསྐུལ་མ་གནང་བའི་གཡར་ཁྲལ་དུ་ ༧ སངས་རྒྱས་ཀརྨ་པའི་མཚན་འཛིན་དུས་ཞབས་ཀྱི་ཕུར་པ་མཁན་པོ་མཁའ་ཁྱབ་རང་བྱུང་བདེ་བའི་རྡོ་རྗེས་གཏེར་གཞུང་གི་དགོངས་པ་སྲོག་ཏུ་བཟུང༌། རིགས་མཐུན་ནས་ཁ་བསྐང་སྟེ། རྡོ་རྗེ་འཛིན་པའི་ཕྱག་བཞེས་ཀྱིས་བརྒྱན་པའི་ཁུལ་དུ་བྱས་ནས། རབ་བྱུང་བཅོ་ལྔ་པའི་ས་རྟ་རྒྱལ་ཟླའི་ཉ་ལ་གྲུབ་པར་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ཚུལ་ཁྲིམས་ཀྱིས་བགྱིས་པ་དགེ་ལེགས་འཕེལ།།

ces pa'ang nyer mkho'i cha rkyen du 'dan mkhar mgo'i sprul pa'i sku tshe dbang bstan 'dzin dpal ldan chos kyi nyi ma nas 'di ltar sbyor shig pa'i bskul ma gnang ba'i g.yar khral du _7_sangs rgyas karma pa'i mtshan 'dzin dus zhabs kyi phur pa mkhan po mkha' khyab rang byung bde ba'i rdo rjes gter gzhung gi dgongs pa srog tu bzung/__rigs mthun nas kha bskang ste/__rdo rje 'dzin pa'i phyag bzhes kyis brgyan pa'i khul du byas nas/__rab byung bco lnga pa'i sa rta rgyal zla'i nya la grub par sbyar ba'i yi ge pa ni 'jam dpal tshul khrims kyis bgyis pa dge legs 'phel

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
༄༅། །སྙན་བརྒྱུད་ཕྲིན་ལས་ཕུར་པའི་གནད་ཏིག་གི་སྨད་ལས་དྲག་པོའི་སྲུང་ཟློག་བསད་པའི་ལས་རིམ་ཁྱེར་བདེར་བཀོད་པ་སྲིད་པ་ཐལ་འབྱིན་རྡོ་རྗེའི་མཚོན་ཆར་ཞེས་བྱ་བ་བཞུགས།།

༄༅། །གུ་རུ་ཤྲཱི་བཛྲ་ཀུ་མཱ་ར་ཡེ་ན་མོ། །བྱམས་ཆེན་ཁྲོས་པའི་ཡེ་ཤེས་ནི། །མཚོན་ཆ་ཆེན་པོ་ཞེ་སྡང་གཅོད། །བདུད་འདུལ་ཕུར་པའི་ལྷར་བཏུད་ནས། །སྲུང་བཟློག་ལས་ཀྱི་སྦྱོར་བ་བཤད། །དེ་ལ་སྦྱོར་དངོས་རྗེས་གསུམ་ལས། །དང་པོ་སྦྱོར་བ་ནི། དབང་ཐོབ་ཅིང་དམ་ཚིག་དང་ལྡན་པའི་གང་ཟག་གིས་མཚན་ཉིད་དང་ལྡན་པའི་གནས་ཁང་དུ། དམ་ཚིག་གི་བྲིས་སྐུ་ལ་སོགས་པའི་རྟེན་དང༌། རྒྱན་གྱིས་རྔམས་བརྗིད་ཆགས་པར་བགྱིས་པའི་གུང་དུ། སྟེགས་བུ་མཐོ་བར་མཉྫིའི་ཁར་ཐོད་སྣོད་དུ་དཔལ་གཏོར་བང་རིམ་བཞི་ལྡན། དཀར་དམར་དམ་རྫས་དར་གུར་མཐིང་གས་བརྒྱན་པ། དེའི་གཡས་ཕྱོགས་སུ་བསྐང་གཏོར་ནི། རིན་པོ་ཆེའི་སྣོད་དུ་བང་རིམ་བཞིའི་སྟེང༌། གཏོར་མ་ཟུར་གསུམ་གཙོ་བོ་གཅིག་ལ། འཁོར་བཅུ། དེ་རྒྱབ་གཏོར་ཆུང་གྲངས་མེད་ཀྱིས་བསྐོར་བ། བང་རིམ་རྣམས་ལ་ཕྱི་ནང་གསང་བའི་སྤྱན་གཟིགས། །མཆོད་རྫས། བྱ་གཅན། རི་དྭགས། གཡུང་དྭགས། ཆུ་གནས། ས་འཛུལ་སོགས་འཇིག་རྟེན་སྲིད་པའི་དཀོར་ཆ། ལྷ་དང༌། མིའི་དཔལ་འབྱཽར་གོ་རིམ་རང་གནས་མ་ལོག་པར་བཀོད། དེ་དག་གི་གཡས་སུ་སྨིན་ལུགས་དམ་ཅན་སྤྱི་གཏོར་དང་སྨན། གཡོན་དུ་ཕུར་སྲུང་བཅུ་དྲུག་གི་གཏོར་འབུལ་དང༌། རཀྟ། སྟེགས་འོག་མར་ཆད་བརྟན་རྒྱུན་བཞག །ཞི་དྲག་གི་མཆོད་པ་ཕྲེང་ཚར་མཇུག་སྤྲོད་སྤྱི་ལྟར། གཡོན་ངོས་སུ་ལས་དཀྱིལ་སྟེགས་བུ་གྲུ་བཞི། དུར་ཁྲོད་ཀྱི་ས་ལ་ཁྲག་ཆང་གིས་ཆག་ཆག་གདབ་པ། རྒྱ་ཆེ་ཆུང་སྤྱོད་ཡུལ་དང་མཉམ་པར་རོ་སོལ་སོགས་ཀྱིས་ནག་པོར་བྱུགས་པའི་སྟེང༌། ལྟེ་བ་ཆ་ཆེན་གཉིས། མུ་ཁྱུད་ཆ་ཕྲན་གཅིག །རྩིབས་ཆ་ཆེན་གཅིག །བཀའ་སྡོད་ཀྱི་འཁོར་ས་ཆ་ཕྲན་གཅིག །རྡོ་རྭ་ཆ་ཕྲན་གཅིག །མེ་རི་ཆ་ཕྲན་གཅིག་བཅས་བསྐོར་བའི་ལྟེ་བར་ཆོས་འབྱུང་གི་ཐིག་ནི། ནུབ་ཀྱི་ཚངས་ཐིག་དང༌། སྐོར་ཐིག་དང་པོ་འཛོམས་ས་ནས་ལྟེ་བར་ཚད་པས། སྐོར་ཐིག་དང་པོའི་གཡས་གཡོན་དུ་མཚན་མ་བྱ། དེ་གཉིས་དང༌། ཤར་གྱི་ཚངས་ཐིག་ནས་སྐོར་ཐིག་དང་པོ་འཛོམས་ས་གསུམ་གྱི་སྣེ་སྦྲེལ་བས་འབྱུང་ངོ༌། །དེ་ལ་གྲུ་གསུམ་མཐིང་ནག །ཟླ་གམ་དམར། མུ་ཁྱུད་ཐོད་སྐམ་གྱི་ཕྲེང་བ། མཚོན་འཁོར་རྩིབས་བཅུ་སྔོན་པོ། །རྩིབས་མཆན་དམར་པོ། འཁོར་ས་དང༌། རྡོ་ར་གཞི་ནག་པོ་ལ། རྡོར་ཕྲེང་སེར་པོ། མེ་རི་དམར་སེར་འབར་བ། དེ་རྒྱབ་མ་ཏྲྃ་སྔོ་སྐྱ་ཁྲོ་བོའི་བཞིན་རས་ཅན། དབུས་དང༌། རྩིབས་རྣམས་ལ་ཧཱུྃ་ཡིག་མཐིང་ག་རེ་རེ་དང༌། བཀའ་སྡོད་ཀྱི་གནས་སུ་ཕྱོགས་བཞིར་ཚོམ་བུ་རེ་རེ་བཀོད་པ་སྒོ་སྐྱོང་བཞི་དང༌། དེའི་མཚམས་རྣམས་སུ་ཚོམ་བུ་བཞི་རེ་བཀོད་པ་ཕུར་སྲུང་བཅུ་དྲུག་སྟེ། ཐམས་ཅད་སྔོན་པོའམ། སྤྲོ་ན་ས་ཕུར་ལྟར་སོ་སོའི་མདོག་མཐུན་བཀོད། དེ་སྟེང་བཟློག་པའི་གཏོར་མ་ནི། ལྕགས་ཟངས་ཀྱི་སྣོད་དུ་ནས་ནག །སྲན་མ། བྲ་བོ་གཙོ་བོར་གྱུར་པའི་འབྲུ་སྣའི་དར་ཕྱེ་དུག་ཁྲག་གིས་སྦྲུས་པའི་ཟན་ལ། གཏོར་མ་ཟུར་གསུམ་ཐོག་མདེའུ་ལྟ་བུའི་རྣོ་དབལ་ཅན་གཙོ་བོ་ཁྲུ་གང་པ། འཁོར་བཅུ་དེའི་ཕྱེད་དུ་སླེབས་པ། མཐར་སྒོ་སྲུང་དང༌། བཀའ་སྡོད་རྣམས་ཀྱི་གཏོར་ཆུང་ཉི་ཤུས་བསྐོར་བ། ཐམས་ཅད་དྲག་རྒྱན་མེ་རི་སོགས་རྔམས་བརྗིད་དང་ལྡན་པའི་རྩེར་དར་ནག་གི་གདུགས་ཕུབ། ཡོད་ན་སྲུང་བའི་འཁོར་ལོ་ཕྱག་ལེན་ལྟར་བཙུགས། ལོགས་རྣམས་སུ་མཚེ་ཡུངས་རྩངས་ཤ་དུམ་གྱིས་བརྒྱན། མཐའ་བསྐོར་དུ་རྩངས་ཐུར་སྲིན་མོའི་འགྲོས་སུ་བཙུགས་པ་ལ། གློ་སྙིང་གི་དུམ་བུ་གཟེར་བ་དང༌། བ་སུ་ཏ་དང༌། ཚོན་སྐུད་སྔོ་དམར་གྱིས་དཀྲིས་ལ་ལྕགས་སྒྱེད་ཀྱི་ཁར་བཞག །ཟོར་རྫས་ལ། སྐྱེར་ཕུར། དུག་ཁྲག །ཡུངས་དཀར། མཚོན་དུག །གྲི་མདའ། རྡོ་རྣམས་ཀོང་ཟོར་ནང་དུ་སོ་སོར་འདུ་བགྱིས་པ་གཏོར་བཟློག་གི་ཕྱོགས་མཚམས་རྣམས་སུ་བཀོད་པའམ། བསྡུ་ན་ཀོང་ཟོར་ནང་དུ་སྤུངས་ཏེ་བཙུགས་པ་གཏོར་ཆེན་གྱི་གཡོན་ངོས་སུ་བཞག །མདུན་དུ་ཁྲག་གི་མཆོད་ཡོན་སོགས་དྲག་པོའི་ཉེར་སྤྱོད་བཤམས། ལྕགས་ཧོམ་དུ་ལིངྒ་བྲིས་འབུར་གང་རུང་བཅུག་པ་གོ་ཡུལ་འགྲིགས་ན་བཟློག་གཏོར་འོག་དང༌། མི་འགྲིགས་ན་ལྷོ་ནུབ་ཏུ་བཞག །མདུན་རྒྱབ་གང་བདེར་ཚེ་འབྲང༌། དེའི་གཡས་གཡོན་དུ་ཚེའི་རིལ་ཆང༌། རྒྱབ་དང་མདུན་དུ་ཚེ་མདའ་རྒྱན་ལྡན་དང༌། ཕྱེ་མར། ཉེ་ལོགས་སུ་རྒྱ་བཞི། སྒྲོ་གཉིས་དང་དབྱེ་བའི་དུད་རྫས། བྱད་ཐག་སྔོ་དམར། རལ་གྲི་དང༌། དུག་ཁྲག་ལྕགས་ཟངས་རྡོ་ཕྱེ་ཡུངས་ནག་རྣམས་བསྲེས་པའི་ཐུན། ཧོམ་གཟར་རྣམས་དང༌། སྔོན་གཏོར་དཀར་བགེགས། སྲུང་མ་སྤྱི་སྒོས་ཀྱི་གཏོར་འབུལ། ཚོགས་ཀྱི་ཡོ་བྱད། ཆད་བརྟན། བཟློག་པའི་སྐབས་སུ་མཆོད་རྒྱུའི་གཏོར་ཆུང་དང༌། ཤ་དུམ། གསེར་སྐྱེམས་ཆས་དང༌། སྲེག་མནན་རྒྱས་བསྡུས་སྐབས་བསྟུན་གྱི་རྫས་སོགས་དང༌། སློབ་དཔོན་གྱི་མདུན་དུ་ནང་མཆོད། ཌཱ་རུ། རྡོར་དྲིལ། གདབ་ཕུར། ཐུན་དང༌། མེ་ཏོག་གི་སྣོད། གཡབ་དར་དམར་ནག །གཞན་ཡང་བསང་ཆུ། རྐང་གླིང་རོལ་མོ་ལ་སོགས་པ་ཉེ་བར་མཁོ་བའི་ཆས་རྣམས་ཚོགས་པར་བྱའོ། །གཉིས་པ་དངོས་གཞི་ལ་ཐུན་མོང་དང༌། ཁྱད་པར་གཉིས་ལས། དང་པོ་ཐུན་མོང་གི་ཕྲིན་ལས་གཞུང་བསྲང་བ་ལ་བཅུའི་དང་པོ་གསོལ་གདབ་ནི། ཚིག་བདུན་སྔོན་དུ་འགྲོ་བས། བརྒྱུད་པའི་གསོལ་འདེབས་བྱ། གཉིས་པ་གསང་ཆུ་བསྒྲུབ་པ་ལ། དུང་ཞལ་དྲི་བཟང་ཆུས་བཀང་བ་ལ་དམིགས་ཏེ། བསང་ཆུའི་ནང་དུ་པད་ཉིའི་སྟེང༌། །ཧཱུྃ་ལས་ཁྲོ་ཆེན་བདུད་རྩི་འཁྱིལ། །ལྗང་ནག་རྒྱ་གྲམ་དྲིལ་བུ་འཛིན། །དུར་ཁྲོད་ཆས་རྫོགས་གཟི་བརྗིད་འབར། །འདོར་སྟབས་ཡེ་ཤེས་མེ་ཀློང་འགྱིང༌། །ཐུགས་སྲོག་སྔགས་ཀྱི་ཕྲེང་བ་ལས། །བདུད་རྩིའི་རྒྱུན་བྱུང་བཅུད་དུ་འཁྱིལ། །དག་བྱེད་རྡོ་རྗེའི་བདུད་རྩིར་གྱུར། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊཿ ཅེས་བརྒྱ་རྩའམ་ཉེར་གཅིག་བཟླས། མཐར། ཁྲོ་བོ་འོད་ཞུ་ཆུ་ཡི་རྡུལ། །གང་ལ་རེག་པས་དོན་བྱེད་གྱུར། །ཅེས་འོད་ཞུ་བྱ། གསུམ་པ་གནས་བདག་བརྔན་པ་ནི། དཀར་གཏོར་དང་གསེར་སྐྱེམས། ཨ་མྲྀ་ཏས་བསང། སྭཱ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར་པར་བསམས་ལ། ལག་གཉིས་མཁའ་ལྡིང་གི་རྒྱ་སྟོན་བཞིན་པར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་མགྲོན་སྤྱན་དྲངས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་གཏོར་མ་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །སྔགས་སྤྱོད་དོན་དུ་ས་ཕྱོགས་འདིར། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བས་གནང་བ་བྱིན་ནས་རང་གནས་སུ་གཤེགས་པར་མོས་ལ། མཆོད་གཏོར་ཕྱིར་འབུལ། བཞི་པ་རྒྱུད་སྦྱོང་ཞིང་ཚོགས་བསགས་པ་ནི། རྒྱུན་གྱི་རྣལ་འབྱོར་སྙིང་པོ་ལྟར་ཚོགས་ཞིང་གསལ་བཏབ་ལ། སྐྱབས་སེམས་ཚོགས་བསགས་བཅས་ལན་གསུམ་རེའི་མཐར། ཛཿཧཱུྃ་བྃ་ཧོཿས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ་མོ། །ལྔ་པ་བགེགས་བསལ་བ་ལ་གཉིས་ཀྱི་དང་པོ་ལས་ལྷ་གསལ་གདབ་ནི། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅ཧྃ། རང་ཉིད་སྐད་ཅིག་གིས་དཔལ་ལས་ཀྱི་ཧེ་རུ་ཀ་མཐིང་ནག་རྡོ་རྗེ་དང༌། བྷན་ཁྲག་འཛིན་པའི་སྐུར་གྱུར་པར་མོས་པས། གཉིས་པ་བགེགས་གཏོར་བསྔོ་བ་ནི། གོང་ལྟར་བསང་སྦྱང་བྱིན་གྱིས་བརླབས་ལ། ལྕགས་ཀྱུའི་ཕྱག་རྒྱ་བཅས། ཨོཾ་སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿ ཞེས་མགྲོན་དགུག །ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ཎ་ཁཾ་གྷྲྀཧྣེ་དཾ་བ་ལིཾ་ཏ་སྭཱ་ཧཱ། ལན་གསུམ་གྱིས་བསྔོ། དྲུག་པ་བཀའ་བསྒོ་བ་ནི། ཧཱུྃཿ གློ་བུར་ལྟར་སྣང་འཁྲུལ་པའི་བགེགས༔ རང་གྲོལ་གཉུག་མའི་ཀློང་དུ་དེངས༔ སུམྦྷ་ནི་སོགས་དྲག་སྔགས་བརྗོད་ཅིང༌། གུ་གུལ་བདུག །ཡུངས་ཐུན་དང༌། རོལ་མོའི་མཚམ་རྔམས་བཅས་བགེགས་བསྐྲད། བདུན་པ་མཚམས་གཅོད་ནི། ཧཱུྃ༔ ཕྱི་ནང་གཞན་གསུམ་དབྱེར་མེད་པ༔ རྡོ་རྗེའི་སྲུང་འཁོར་ཆེན་པོར་གྲུབ༔ བཛྲ་རཀྵ་ཏིཥྛནྟུ༔ བརྒྱད་པ་བྱིན་དབབ་པ་ནི། སྤོས་རོལ་དབྱངས་བཅས། ཨོཾ༔ སྔོན་གྱི་ཐུགས་དམ་ཆེན་པོ་ཡིས༔ འགྲོ་རྣམས་ཡོངས་སུ་བསྒྲལ་བའི་ཕྱིར༔ དཔལ་ཆེན་ལྷ་སྔགས་ཡེ་ཤེས་ཀྱིས༔ མཆོག་ཐུན་གྲུབ་པའི་བྱིན་ཆེན་ཕོབ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ས་མ་ཡ་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཱཿ ཧཱུྃ་ཧཱུྃ་ཧཱུྃ་གིས་བྱིན་བསྡུ། དགུ་པ་མཆོད་རྫས་བྱིན་བརླབ་ནི། རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ༔ དབྱིངས་ཀྱི་སྣོད་དུ་རིག་པའི་བཅུད༔ འདོད་ཡོན་རྒྱ་མཚོའི་སྤྲིན་འཕྲོ་བ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ འཕེལ་འགྲིབ་བྲལ་པའི་རྒྱན་དུ་ཤར༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་སརྦ་པཱུ་ཛ་ཨཱཿཧཱུྃ༔ ཞེས་དང༌། ཨོཾ་ཨཱཿཧཱུྃ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིདྟ་ཧཱུྃ་ཧྲཱི་ཋཱ༔ ཞེས་ལན་གསུམ་གྱིས་བརླབ་བོ། །བཅུ་པ་བདག་བསྐྱེད་བཟླས་པ་དང་བཅས་པ་ནི། རྒྱུན་གྱི་རྣལ་འབྱོར་སྙིང་པོ་ལྟར། མངོན་རྟོགས་ལྷ་བསྐྱེད་ནས། བསྙེན་སྒྲུབ་ཀྱི་བཟླས་པ་གྲུབ་ཀྱི་བར་བཏང་མཐར། དབྱངས་གསལ་དང༌། རྟེན་སྙིང་གི་སྔགས་ཀྱིས་ལྷག་ཆད་ཁ་བསྐང་ཞིང༌། ནུས་པ་བརྟན་པར་བྱས་ལ། ཧཱུྃ། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །བག་མེད་འགལ་འཁྲུལ་ཉམས་ཆག་བཤགས། མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི། ཞེས་པས་སྨན་རག་སྒྲེང་ཞིང་སྟོང་ཚིགས་འབུལ། ཡི་གེ་བརྒྱ་པས་ནོངས་པ་བཤགས་པ་རྣམས་ཀྱིས་བདག་ཉིད་ནུས་ལྡན་དུ་བྱའོ། །གཉིས་པ་ཁྱད་པར་གྱི་ཕྲིན་ལས་ལ། བཟློག་དཀྱིལ་གསལ་འདེབས་དང༌། ལས་བྱེ་བྲག་པ་གཉིས་ལས། དང་པོ་མདུན་བསྐྱེད་བཟློག་དཀྱིལ་གསལ་གདབ་པ་ནི། ཧཱུྃ༔ མདུན་དཀྱིལ་མ་ཊཾ་གནོད་བྱེད་དགྲ་བགེགས་གཟུགས༔ ཁམས་གསུམ་ཉོན་མོངས་དུག་ལྔའི་ཕུང་པོ་ལ༔ མཚོན་ཆའི་ཆར་བབ་རྟེན་གྱི་ཁོག་པ་ཞིག༔ དུར་ཁྲོད་རོལ་པའི་ཕོ་བྲང་ཆེན་པོར་གྱུར༔ བྷྲཱུྃ་མ་ཏྲཾ་རུ་ཏྲ་མཎྜལ་ཕཊ༔ བརྗིད་ལྡན་གཏོར་མ་དཔལ་ཆེན་ཀུ་མཱ་ར༔ འཁོར་ལོ་ལྔ་རུ་རིགས་ལྔའི་སྲས་མཆོག་ལྷ༔ དཔལ་ཆེན་ཆས་རྫོགས་ཁྲོ་རྔམས་ཡུམ་དང་འཁྲིལ༔ རིག་གདངས་ཁྲོ་བཅུ་ཟ་གསོད་སྒོ་མ་དང་༔ བཀའ་སྡོད་ཕོ་ཉའི་དམགས་ཚོགས་བསམ་མི་ཁྱབ༔ ཧཱུྃ་སརྦ་ཧེ་རུ་ཀ་མཎྜལ་ཧཱུྃ༔ སྣོད་ཀྱི་འཇིག་རྟེན་དུར་ཁྲོད་རོལ་པའི་ཞིང་༔ བཅུད་ཀྱི་དངོས་ཀུན་དཔལ་ཆེན་ཕུར་པའི་ལྷ༔ ཁྲོས་འཁྲུགས་རྔམས་བརྗིད་འཇིགས་པའི་སྐུར་སྟོན་པ༔ སྒྱུ་འཕྲུལ་དྲྭ་བའི་བཀོད་པ་ཆེན་པོར་རྫོགས༔ ཧཱུྃ་ཧཱུྃ་ཧཱུྃ༔ བསྡུ་ན་དེ་ཙམ་གྱིས་འཐུས། སྤྲོ་ན། རྒྱུན་གྱི་རྣལ་འབྱོར་སྙིང་པོའི་སྤྱན་འདྲེན་ནས་མཆོད་བསྟོད་རྫོགས་ཀྱི་བར་བཏང་ངོ༌། །གཉིས་པ་ལས་བྱེ་བྲག་པ་ལ་རྩ་བ་དང༌། ལས་སྦྱོར། མཐའ་སྡུད་གསུམ་གྱི་དང་པོ་རྩ་བ་ལ་སྲུང་བསད་གཉིས་ལས། དང་པོ་སྲུང་བ་རྡོ་རྗེའི་མཁར་དུ་སྲུང་བ་ནི། རང་གི་ཐུགས་སྲོག་ས་བོན་དང་༔ བསྲུང་བྱ་ཐམས་ཅད་དབྱེར་མེད་པའི༔ འབར་བ་ཆེན་པོའི་འོད་ཟེར་གྱིས༔ ཁྲོ་རྒྱལ་རྣམས་ཀྱི་ཐུགས་དམ་བསྐུལ༔ དཔལ་ཆེན་བཅུ་ལས་ཡེ་ཤེས་ཀྱི༔ རྣམ་འཕྲུལ་ནམ་མཁའ་གང་བར་སྤྲོས༔ ཕྱོགས་མཚམས་སྟེང་འོག་ཚོམ་བུར་བཞུགས༔ སྲུང་བ་མཚམས་ཀྱི་ལས་མཛད་དེ༔ རྡོ་རྗེ་མཚོན་འཁོར་ལྕགས་ཀྱུ་དང་༔ ཐོ་བ་རལ་གྲི་མེ་ཡི་གུར༔ རིམ་པ་དྲུག་གིས་གཏམས་པར་གྱུར༔ ཅེས་པའི་དམིགས་གནད་དང་ལྡན་པས། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱ་བཱ་ཙི་རཀྵ་རཀྵ༔ ཞེས་ཅི་ནུས་སུ་བཟླའོ། །གཉིས་པ་བསད་པའི་ལས་ལ་གསུམ་གྱི་དང་པོ་གཞི་བཟུང་བ་ནི། བདག་ཉིད་དཔལ་ཆེན་ཧེ་རུ་ཀ༔ ཁྲོས་འཁྲུགས་རྔམས་པའི་སྔགས་བཟླས་པས༔ དགྲ་བགེགས་བསྒྲལ་བའི་མངོན་སྤྱོད་ཀྱི༔ ལས་ལ་ངོ་མཐོན་ཚུལ་དུ་བཞེངས༔ དྲག་པོ་སྔགས་ཀྱི་ནུས་པ་རྣམས༔ ཟོར་དང་ཐུན་གྱི་རྫས་ལ་ཐིམ༔ བསྒྲལ་བའི་ཞིང་བཅུ་ཉམས་པ་བདུན༔ གསོད་པའི་མཚོན་ཆ་ཆེན་པོར་གྱུར༔ སྒྲུབ་སྔགས་མཐར་སྤུ་གྲིའི་སྔགས་བཏགས་པ་ཅི་འགྲུབ་བཟླ། ཟོར་ཐུན་རྣམས་ལ་ཧས་བཏབ་སྟེ་ངར་གདགས། གཉིས་པ་རྒྱབ་བརྟེན་བཅོལ་བ་ལ་གཉིས་ཀྱི་དང་པོ་སྲུང་མར་མཆོད་གཏོར་འབུལ་བ་ལའང་གསུམ་ལས། དང་པོ་སྤྱིར་འབུལ་བ་ནི། དམ་ཅན་སྤྱིའི་གཏོར་ཆོག་བསྟོད་པའི་མཐའ་བར་བཏང༌། གཉིས་པ་བྱེ་བྲག་ཕུར་སྲུང་གཏོར་འབུལ་ནི། མཆོད་གཏོར་རྣམས་རྃ་ཡྃ་ཁྃ་གིས་བསང་སྦྱང༌། རྫས་རྣམས་ཀྱི་ཉེས་སྐྱོན་དང་དངོས་འཛིན་སྦྱངས་ཏེ། སྟོང་པའི་ངང་ལས་བྷཉྫ་འབར་བའི་སྣོད་རྣམས་སུ། དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་མཆོད་གཏོར། སྨན་རག །ཉེར་སྤྱོད། རྟེན་སྐོང་སྒྲུབ་པའི་རྫས་ལ་སོགས་པ་དམ་ཅན་རྒྱ་མཚོའི་དགྱེས་སྐོང༌། ནམ་མཁའ་མཛོད་ཀྱི་གཏེར་དུ་འཆར་བར་གྱུར། པར་བསམས་ལ། ཨོཾ་ཨཱཿཧཱུྃ་ཧོཿས་བྱིན་གྱིས་བརླབ། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་ལྕགས་ཀྱུས་ཕུར་པའི་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་རྣམས་སྤྱན་དྲངས་པར་གྱུར་པར་མོས་ལ། རྐང་གླིང་བཤུག་པའི་སྒྲ་དང་བཅས་ཏེ། ཧཱུྃ། ཧེ་རུ་ཀ་དཔལ་སྤྱན་སྔ་རུ། །ཁས་བླངས་དམ་ཅན་རྒྱ་མཚོ་རྣམས། །ཐ་ཚིག་བཞིན་དུ་གནས་འདིར་བྱོན། །འདིར་བཞུགས་རང་དམ་གཉན་པོ་དགོངས། བཛྲ་ས་མཱ་ཡ་ཏིཥྛནྟཱུ། ཞེས་པས་དྲངས་བརྟན་དམ་བསྒྲགས་ནས། ཧཱུྃ། ཐུན་མོང་ཁྱད་པར་བླ་ན་མེད། །ཕྱི་ནང་གསང་བའི་མཆོད་སྤྲིན་ནི། །དངོས་བཤམས་ཡིད་ལས་བྱུང་བ་དག །ནམ་མཁའ་གང་བར་སྤྲོས་ཏེ་མཆོད། །ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པཱདྱཾ་ནས། ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱས་ཉེར་སྤྱོད་དང༌། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧིས་སྨན་དང༌། མ་ཧཱ་རཀྟ་ཁཱ་ཧིས་རཀྟ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་ནམ། གསུམ་གྱིས་གཏོར་མ་འབུལ། ཕུར་སྲུང་དམ་ཅན་རྒྱ་མཚོ་འཁོར་དང་བཅས་པ་རྣམས་ཀྱིས། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྡཽང་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབས། སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང༌། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང༌། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག །ཅེས་འདོད་དོན་ཕྲིན་ལས་གསོལ། ཧཱུྃ། དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི། །དཀའ་ཡི་སྲུང་མ་མཐུ་སྟོབས་ཅན། །ཚར་གཅོད་རྗེས་འཛིན་ཕྲིན་ལས་བདག །དམ་ཅན་རྒྱ་མཚོའི་ཚོགས་ལ་བསྟོད། །ཅེས་བསྟོད་ནས། སླར་ཡང་ཕྲིན་ལས་བཅོལ་བ་ནི། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབས༔ ཕྱག་བརྙན་ཆེན་པོའི་དུས་ལ་བབས༔ ཤཱ་ན་མུ་ཁའི་དུས་ལ་བབས༔ ས་བདག་ཆེན་མོའི་དུས་ལ་བབས༔ ཁྱེད་ཀྱི་ཕྲིན་ལས་དུས་ལ་བབས༔ མཐུ་རྩལ་དབྱུང་བའི་དུས་ལ་བབས༔ མཁའ་འགྲོ་གིང་གི་ཚོགས་རྣམས་དང་༔ ལངྐ་དབང་ཕྱུག་འབར་མའི་ཚོགས༔ མ་བདུན་སྲིང་བཞི་ཕོ་ཉའི་ཚོགས༔ གཏོར་མ་ཕུལ་བ་འདི་བཞེས་ལ༔ བདག་ལ་ལས་ཀྱི་དངོས་གྲུབ་སྩོལ༔ བསམ་པ་ཡོངས་སུ་འགྲུབ་པ་དང་༔ ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ ཅེས་དྲག་ཏུ་གྱེར་རོ། །གསུམ་པ་གཏེར་གཞི་དམ་སྤྱི་ལྟར་བྱ། གཉིས་པ་ཚོགས་མཆོད་ལ་བཞི་ལས། དང་པོ་བྱིན་གྱིས་བརླབ་པ་ནི། ཐབས་ཤེས་ཟུང་འཇུག་གི་རྫས་རྣམས་རྣལ་འབྱོར་པའི་ནུས་པ་དང་མཐུན་པར་ཚོགས་པར་བྱས་ལ། རྃ་ཡྃ་ཁྃ༔ ཡེ་ཤེས་རླུང་དང་རིག་རྩལ་མེ༔ བྱང་སེམས་ཆུ་ཡི་ཆོ་འཕྲུལ་ལས༔ སྣོད་བཅུད་ཐ་མལ་འཛིན་ཞེན་སྦྱངས༔ སྟོང་པའི་ངང་ལས་གསལ་བའི་གདངས༔ སྣོད་ནི་པདྨ་བྷཉྫའི་ནང་༔ བཅུད་ནི་བྱང་ཆུབ་སེམས་ཆེན་པོ༔ རྣམ་པར་དབྱེ་བ་ཀུན་སྤངས་པའི༔ འཕེལ་འགྲིབ་བྲལ་བའི་ཕྱག་རྒྱ་ཆེ༔ རྡོ་རྗེའི་དམ་ཚིག་ཆེན་པོར་ཤར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ས་མ་ཡ་ཧོཿ ས་མ་ཡ་སྟྭྃ༔ ཨ་ནུ་རཱ་ག་ཡ་ཧོ༔ ཨ་ནུ་རཱ་ག་ཡཱ་མི༔ གཉིས་པ་ཚོགས་མགྲོན་སྤྱན་དྲངས་པ་ནི། ཧཱུྃ་ཧཱུྃ༔ པདྨ་རྡོ་རྗེར་སྦྱོར་ལྡན་པའི༔ ཨ་ཧྃ་སྔགས་ཀྱི་སྒྲ་ཆེན་པོས༔ དཔལ་ཆེན་ཁྲག་འཐུང་ཀཱི་ལ་ཡ༔ ཕུར་པའི་ལྷ་ཚོགས་སྤྱན་འདྲེན་གཤེགས༔ ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨེ་ཧྱ་ཧི༔ མ་ཧཱ་སུ་ཁ་ས་མ་ཡ་སྟྭྃ༔ ས་མ་ཡ་ཧོ༔ གསུམ་པ་ཚོགས་མཆོད་འབུལ་བ་ནི། ཧཱུྃ༔ བྱང་ཆུབ་སེམས་ནི་བླ་ན་མེད༔ དབང་པོའི་རོལ་པ་ཕྱི་ཡི་ཚོགས༔ ཡུལ་དང་ཤེས་པ་མི་ཕྱེད་པ༔ བདེ་སྟོང་ལོངས་སྤྱོད་ནང་གི་ཚོགས༔ རྡོ་རྗེའི་དམ་ཚིག་བླ་ན་མེད༔ བསམ་གྱིས་མི་ཁྱབ་གསང་བའི་ཚོགས༔ གཉིས་མེད་མཉམ་པའི་ངང་དུ་རོལ༔ མ་ཧཱ་པཱུ་ཛ་ཏ་ན་ག་ཎ་ས་མ་ཡ་ཨ་ཧྃ༔ བཞི་པ་བར་པ་བསྐང་བཤགས་བྱ་བ་ལ་གསུམ་ལས། དང་པོ་ཐུགས་དམ་བསྐང་བ་ནི། འཇམ་མགོན་རྡོ་རྗེ་འཆང་གིས་མཛད་པའི་བདུད་འདུལ་སྔགས་གླིང་མ་སྦྱོར་ཞིང༌། དེ་ལ་དམིགས་བསལ་གྱི་འབྱིན་འཇུག་ནི། བདེ་ཆེན་རྒྱལ་མོ། ཞེས་པའི་མཚམས་སུ། མདོ་སྔགས་གླིང༌། །འཆི་མེད་པདྨ་གར་དབང་སོགས། །སྐུ་གསུམ་བརྒྱུད་པ་སོགས་མཐར་ཆགས་སུ་བཏང༌། གཉིས་པ་བཤགས་པ་ནི། ཧོཿ རྩ་བ་ཡན་ལག་དང་བཅས་པ༔ ཕྱི་ཡི་དམ་ཚིག་ཉམས་ཆག་བཤགས༔ བདེ་ཆེན་ལམ་དུ་མ་བསླངས་པའི༔ ནང་གི་ཉམས་ཆག་བཟོད་པར་གསོལ༔ མེད་དང་ཕྱལ་བ་གཅིག་པུ་དང་༔ ལྷུན་གྱིས་གྲུབ་པར་མཉམ་བཞག་པས༔ ཀུན་ནས་ཀུན་ཏུ་མི་ཕྱེད་པའི༔ རྡོ་རྗེའི་དམ་ཚིག་དག་གྱུར་ཅིག༔ ས་མ་ཡ་ཧོ༔ ཞེས་དང༌། ཡི་གེ་བརྒྱ་པ་བཟླའོ། །གསུམ་པ་སྐོང་བཟློག་བྱ་བ་ནི། སྐབས་འདིར་དཀྱུས་སུ་མི་དགོས་ཀྱང༌། སྨད་ལས་དང་འབྲེལ་སྐབས་སྐོང་བཟློག་བྱ་བར་སྤྲོ་ན། ཧཱུྃ། རིག་འཛིན་རྩ་བརྒྱུད་བླ་མ་དང༌། །རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལྷ། །སྲས་དང་ཁྲོ་བཅུ་ཁྲ་ཐབས་བཅས། །སྒོ་སྐྱོང་ཕུར་སྲུང་བཀའ་སྡོད་ཚོགས། །བདུད་དགྲ་འཇོམས་པའི་ལྷ་ཚོགས་ཀྱི། །ཐུགས་དམ་གཉེན་པོ་བདག་གིས་བསྐང༌། །ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད། །ལྷ་རྫས་མེ་ཏོག་བདུག་སྤོས་སོགས། །ཕྱི་ཡི་མཆོད་པ་ཚར་དུ་དངར། །དབང་པོའི་མེ་ཏོག་གསུར་ཆེན་སོགས། །རང་བྱུང་ནང་མཆོད་བརྗིད་པར་བྲིས། །སྨན་རག་བདུད་རྩིའི་རྒྱ་མཚོར་འཁྱིལ། །ཤ་རུས་བཤོས་བུ་ལྷུན་པོར་སྤུངས། །མཉམ་སྦྱོར་དགའ་བཞིའི་ཡེ་ཤེས་སྐྱེས། །དེ་ཡང་སྟོང་ཉིད་གཟོད་མའི་ཀློང༌། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང༌། །གཞན་ཡང་ཐུགས་དམ་བསྐང་བ་ནི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །སྒྲུབ་པའི་དམ་རྫས་མ་ཚང་མེད། །སྲུང་ཟློག་བསད་གསུམ་ཕྲིན་ལས་ཀྱི། །དྲག་པོའི་མཐུན་རྫས་ཀུན་ཚོགས་པས། །ཐུགས་དམ་བསྐང་ངོ་དགྲ་བོའི་གཤེད། །མངོན་སྤྱོད་ཕྲིན་ལས་ཀུན་འགྲུབ་པའི། །སྐོང་རྟེན་སྒྲུབ་རྦད་བསྐུལ་བའི་རྫས། །མ་ཚང་མེད་པ་ཐམས་ཅད་ཀྱིས། །མཁའ་ལྟར་ཁྱབ་པའི་སྐུ་མངའ་བ། །རིག་འཛིན་བརྒྱུད་པའི་ཐུགས་དམ་བསྐང༌། །དཔའ་བོ་བདུད་དགྲ་བདུད་འདུལ་བ། །རྡོ་རྗེ་གཞོན་ནུའི་ཐུགས་དམ་བསྐང༌། །ཤེས་རབ་རང་བཞིན་མཁའ་འགྲོའི་གཙོ། །འཁོར་ལོ་ཡུམ་གྱི་ཐུགས་དམ་བསྐང༌། །བདུད་ཀྱི་དཔུང་རྣམས་ཕམ་མཛད་པ། །ཕྱོགས་བཅུ་ཁྲོ་བོའི་ཐུགས་དམ་བསྐང༌། །ཐབས་ཤེས་དབྱེར་མེད་ཟུང་འཇུག་སྐུ། །ཕྲ་མེན་རྣམས་ཀྱི་ཐུགས་དམ་བསྐང༌། །གཙོ་བོའི་བཀའ་སྡོད་དམ་ཚིག་ཅན། །ཕུར་སྲུང་རྣམས་ཀྱི་ཐུགས་དམ་བསྐང༌། །ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ནས། །གདུག་པ་མ་ལུས་ཀུན་འདུལ་ཕྱིར། །ཐུགས་རྗེ་ཁྲོས་ཏེ་འོང་བའི་ལྷ། །རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་བའི། །ཐུགས་དམ་གཉེན་པོ་བདག་གིས་བསྐང༌། །ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད། ཅེས་ཐུགས་དམ་བསྐང་ནས། བཟློག་པའི་ཕྲིན་ལས་གསོལ་བ་ནི། ཐལ་མོ་བརྡབ་ཅིང༌། ཧཱུྃ༔ དེ་ལྟར་བསྐང་བས་བསྐང་གསོལ་ནས༔ འདི་ལྟར་བཟློག་པའི་ཕྲིན་ལས་མཛོད༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ ཡས་ཀྱི་བདུད་དུ་གཡོས་པ་ཟློག༔ མས་ཀྱི་སྲི་ལངས་ཕྱིར་ལ་ཟློག༔ ཉེ་བའི་བྱོལ་པོ་ཕྱིར་ལ་ཟློག༔ ཡུལ་པའི་འགྲིམ་ཆགས་ཕྱིར་ལ་ཟློག༔ ཕ་ཚན་རྒྱབ་འདྲེ་ཕྱིར་ལ་ཟློག༔ གཤིན་རྗེའི་འཁྲུལ་འཁོར་ཕྱིར་ལ་ཟློག༔ མ་མོའི་ཁྲག་ཟོར་ཕྱིར་ལ་ཟློག༔ བདུད་ཀྱི་ཁྲམ་ཁ་ཕྱིར་ལ་ཟློག༔ བཙན་གྱི་རྒྱལ་ཁ་ཕྱིར་ལ་ཟློག༔ ས་བདག་གདུག་བྱེད་ཕྱིར་ལ་ཟློག༔ རྒྱལ་པོའི་སྨྱོ་འདྲེ་ཕྱིར་ལ་ཟློག༔ གཟའ་ཡི་ཀིཾ་ཀང་ཕྱིར་ལ་ཟློག༔ མུ་སྟེགས་ངན་སྔགས་ཕྱིར་ལ་ཟློག༔ ཐེའུ་རང་སྲིས་རྐུན་ཕྱིར་ལ་ཟློག༔ ནད་ཁ་རིམས་ཁ་ཕྱིར་ལ་ཟློག༔ སྔགས་པའི་ཕུར་ཁ་བྷྱོ་ཞིང་ཟློག༔ བོན་གྱི་བོན་ཟོར་བྷྱོ་ཞིང་ཟློག༔ སུམ་པའི་གླང་ཟོར་བྷྱོ་ཞིང་ཟློག༔ མེ་ཉག་བང་སོ་བྷྱོ་ཞིང་ཟློག༔ ལོ་ཀག་ཟླ་ཀག་ཕྱིར་ལ་ཟློག༔ ལྟས་ངན་མཚན་ངན་ཕྱིར་ལ་ཟློག༔ ཕོ་བརྒྱས་མདའ་བདར་མཚོན་ཁ་ཟློག༔ མོ་བརྒྱས་དུག་གཡོས་བྷྱོ་ཞིང་ཟློག༔ མི་ནག་སྐྱེ་བོའི་ཡ་ག་ཟློག༔ བྲན་ཁོལ་ངན་པའི་དམོད་མཆུ་ཟློག༔ དགྲ་ལ་བྷྱཽ་ཟློག་བསྒྲལ་དུ་གསོལ༔ བགེགས་ལ་བྷྱོ་ལ་རྡུལ་དུ་རློག༔ ཅེས་བསྐང་བཟློག་དྲག་ཏུ་བྱའོ། །གཉིས་པ་ལས་སྦྱོར་དངོས་ལ་སྔོན་དུ་བྱ་བ། བསད་ལས་དངོས། ཚོགས་དྲངས་ལྷག །བཟློག་པ་བཞིའི་དང་པོ་སྔོན་འགྲོ་ལའང་ལྔ་ལས། དང་པོ་ཐུགས་དམ་བསྐུལ་བ་ནི། དཀྱིལ་འཁོར་གསུམ་བསྐྱེད་པ་ཐམས་ཅད་ཐུགས་དམ་ལས་བཞེངས་ཏེ། དམག་དཔུང་གོ་བསར་བྱེད་པ་བཞིན། རྔམས་པའི་ཧཱུྃ་སྒྲ་དིར་གྱིས་ལས་ལ་ཆས་པར་བསམས་ལ། རོལ་ཆེན་རྐང་གླིང་བཤུག་གླུ་གཡབ་དར་བཅས། ཧཱུྃ༔ ཆོས་ཉིད་གདོད་ནས་སྐྱེ་བ་མེད་པ་ལས༔ སྙིང་རྗེ་ཆེན་པོས་སྐྱེ་བའི་སྐུར་བསྟན་པ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང་༔ རིགས་ལྔ་ཡེ་ཤེས་ཀུན་ཏུ་སྣང་བའི་སྤྲིན༔ ཁྲོ་བཅུ་ཡབ་ཡུམ་ཁྲ་ཐབས་སྤྲུལ་པར་བཅས༔ དུས་ལས་ཡལ་ཡོལ་དབྲི་བཀོལ་མི་མཛད་པར༔ ཆོས་དབྱིངས་ཡེ་ཤེས་གསལ་བའི་ངང་ཉིད་ལས༔ ཐུགས་དམ་དབང་གིས་ཁྲོས་འཁྲུགས་སྐུར་བཞེངས་ཏེ༔ གདུག་ཅན་དགྲ་བགེགས་གཏུམ་པོ་ཕམ་མཛད་ཕྱིར༔ འཁོར་བཅས་ཐ་ཚིག་གཉན་པོའི་དུས་ལ་བབ༔ གསོལ་ཡང་མི་དགོངས་བསྐུལ་ཡང་མི་བགྱིད་ན༔ ཐུགས་དམ་ཞལ་བཞེས་དམ་བཅའ་རྫུན་དུ་ཐལ༔ དེ་ཕྱིར་ཡེ་ཤེས་ཆེན་པོའི་རྩལ་བསྐྱེད་ལ༔ མངོན་སྤྱོད་དམོད་པའི་ཕྲིན་ལས་ཡོངས་གྲུབ་མཛོད༔ ཅེས་བསྐུལ། གཉིས་པ་གསེར་སྐྱེམས་འབུལ་བ་ནི། རྃ་ཡྃ་ཁྃ། འདོད་ཡོན་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱ་ཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བརླབས། ཧཱུྃ༔ བྱིན་རླབས་མཆོག་སྩོལ་རྩ་བརྒྱུད་བླ་མ་དང་༔ ཡི་དམ་ཞི་ཁྲོ་དཔལ་ཆེན་ཕུར་པའི་ལྷ༔ སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ལ༔ གསེར་སྐྱེམས་མཆོད་པ་འབུལ་ལོ་ཕྲིན་ལས་མཛོད༔ མཐུ་སྟོབས་དབང་ཕྱུག་དཔལ་མགོན་ལྕམ་དྲལ་དང་༔ ཕུར་པའི་སྲུང་མ་དྲེགས་པའི་དཔུང་ཚོགས་སོགས༔ ཡེ་ཤེས་ལས་ལས་གྲུབ་པའི་དམ་ཅན་མ༔ གསེར་སྐྱེམས་མཆོད་པ་འབུལ་ལོ་ཕྲིན་ལས་མཛོད༔ ཕྱི་ནང་གསང་བ་གབ་སྦས་སྟན་པ་སྐྱོང་༔ དྲེགས་པ་སྡེ་བརྒྱད་ཡུལ་ལྷ་གཞི་བདག་སོགས༔ སྲིད་གསུམ་འབྱུང་པོ་མཐུ་སྟོབས་ཅན་རྣམས་ལ༔ གསེར་སྐྱེམས་མཆོད་པ་འབུལ་ལོ་ཕྲིན་ལས་མཛོད༔ ཅེས་ཕུད་ཀྱིས་མཆོད། གསུམ་པ་གཟུ་དཔང་གསོལ་བ་ནི། ཧཱུྃ༔ ཕྱོགས་བཅུ་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས༔ བླ་མ་རིག་འཛིན་རྒྱལ་བ་སྲས་དང་བཅས༔ སྲིད་པ་ཕུར་བུ་གྲུབ་པའི་ལྷ་ཚོགས་རྣམས༔ བརྩེ་བའི་ཐུགས་རྗེས་བདག་ལ་དགོངས་སུ་གསོལ༔ བདག་ནི་རྣལ་འབྱོར་རིག་འཛིན་སྒྲུབ་པ་པོ༔ སྔགས་འཆང་སྒྲུབ་པ་པོ་ལ་དགྲ་བྱུང་ན༔ བདག་ནི་མ་ཉེས་མ་ཡོ་སྲུང་མ་མཁྱེན༔ གཟུ་དང་དཔང་དུ་དཀོན་མཆོག་བཞུགས༔ ཞལ་ལྕེ་སྣང་སྲིད་ལྷ་འདྲེས་ཆོད༔ དམ་ཉམས་དགྲ་བོ་སྡིག་ཅན་འདིས༔ དང་པོ་སངས་རྒྱས་བསྟན་པ་བཤིག༔ བར་དུ་དཀོན་མཆོག་དབུ་འཕང་སྨད༔ ཐ་མར་གསང་སྔགས་སྙིང་པོ་ཕྲལ༔ ད་ལྟ་རྣལ་འབྱོར་བདག་ལ་བསྡོས༔ དགེ་བ་བཅུ་ནི་ཁྱད་དུ་བསད༔ མི་དགེ་བཅུ་ནི་དང་དུ་བླངས༔ མཚམས་མེད་ལྔ་ནི་འབྲས་བུར་སྨིན༔ འདི་ནི་བསྒྲལ་བའི་ཞིང་ཡིན་པས༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་འཁོར་དང་བཅས༔ ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་༔ རྔམས་བརྗིད་ཚུལ་དུ་ཁྲོ་བོའི་སྐུར་བཞེངས་པ༔ བསྒྲལ་བའི་ཞིང་བཅུ་འདུལ་བའི་དུས་ལ་བབས༔ མ་གཡེལ་མ་གཡེལ་དཔལ་ཆེན་ཕུར་པའི་ལྷ༔ དམ་ཉམས་དགྲ་བོ་སྒྲོལ་བའི་ཕྲིན་ལས་མཛོད༔ ཅེས་གསོལ་བས། སྣོད་བཅུད་ལྷར་གསལ་བ་ཐམས་ཅད་སྔོན་གྱི་ཐུགས་དམ་ལས་བཞེངས་ཏེ། རང་ལ་གནང་བ་སྩལ་ཞིང༌། དགྲ་བགེགས་ལ་ཐུགས་ཆེར་འཁྲུགས་པས། དྲག་པོའི་ལས་ལ་རྔམས་ཤིང་རིངས་པའི་ཚུལ་དུ་བཞུགས་པར་བསམས་ལ། བཞི་པ་དམིགས་བྱ་བསྐྱེད་པ་ནི། མདུན་དུ་ཨེ་ལས་ལྕགས་སྲེགས་ཀྱི་ཁང་སྒྲོམ་གྲུ་གསུམ་བང་རིམ་དགུ་པ། ཁ་ཁྱེར་དོག་ཅིང་གཏིང་ཟབ་པ། འོག་ན་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ། ལོགས་ལ་ཞེ་སྡང་གི་མེ་རླུང་འཚུབས་པ། སྟེང་ན་གཏི་མུག་གི་མུན་པ་འཐིབས་པ། མཚོན་ཆའི་ཆར་འབེབས་ཤིང༌། ནད་དང་དུག་གི་རླངས་པ་འཕྱོ་བ། ཐན་དང་ལྟས་ངན་ཆོ་འཕྲུལ་སྣ་ཚོགས་མི་བཟད་པར་འཁྲུགས་པ། ལས་བྱེད་ཕུར་སྲུང་དམ་ཅན་རྒྱ་མཚོའི་དམག་ཚོགས་སེངྒེ་ལྟར་རྔམས་པ། སྟག་ལྟར་འཕྱོ་བ། སྲིན་པོ་ལྟར་ཁྲོས་པ། ཤ་ཟ་ལྟར་རྒྱུག་པ། རྒྱོབ་རྒྱོབ་དང༌། སོད་སོད་ཀྱི་སྒྲ་འབྲུག་ལྟར་སྒྲོགས་པས་གང་བ། སྲིད་པ་ལས་ཀྱི་བཙོན་ཁང་དྲག་པོ། དེའི་ནང་དུ་ནྲྀ་ཏྲི་དུད་ཁ་ཡོངས་སུ་གྱུར་པ་ལས། དགྲ་བགེགས་དམ་སྲི་ལུས་གཅེར་བུ་རིད་པ། མདོག་ནག་ཅིང༌། དྲན་པ་ཉམས་པ། མྱ་ངན་གྱི་ཕྱག་རྒྱ་ཅན། བུ་ག་དགུ་ནས་ཁྲག་འཛག་པ། གནོད་བྱེད་ཐམས་ཅད་འདུས་པའི་ངོ་བོར་གྱུར་པར་བསམ་མོ། །ལྔ་པ་བདེན་སྟོབས་བརྗོད་ཅིང་འགུགས་པ་ནི། ན་མོ་སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ་བདེན་པ་དང༌། དགེ་འདུན་གྱི་བཀའ་བདེན་པ་དང༌། བདུད་འདུལ་ཕུར་པའི་ལྷ་ཚོགས་བཀའ་སྡོད་ཕོ་ཉ་ལས་མཁན་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པའི་བཀའ་བདེན་པ་དང༌། གཞན་ཡང་གསང་སྔགས་དང༌། རིག་སྔགས་དང༌། གཟུངས་སྔགས་དང༌། སྙིང་པོ་དང༌། ཕྱག་རྒྱ་དང༌། ཏིང་ངེ་འཛིན་གྱི་བདེན་པའི་སྟོབས་ཀྱིས། བདག་ཅག་རྣལ་འབྱོར་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གཟུགས་ཅན་གྱི་དགྲ། གཟུགས་མེད་ཀྱི་བགེགས། བར་ཆད་ཀྱི་རྐྱེན། ཁྱད་པར་དུ་བྱད་མ་རྦོད་གཏོང་ལྷ་དང་བཅས་པ་རྣམས། མགོན་བྱེད་ཀྱི་ལྷ། ཚེ་དང་དབང་ཐང༌། བསོད་ནམས་དང༌། དུས་ཀྱི་དབང་དུ་མ་བཏང་བར་ད་ལྟ་ཉིད་དུ་ལིངྒ་འདི་ལ་ཁུག་ཅིག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཤྲཱི་གྷྲཾ་ཨཱ་ན་ཡ་ཛཿཧཱུྃ་བྃ་ཧོ༔ ཞེས་ལན་གསུམ་སོགས་བྱ། གཉིས་པ་བསད་ལས་དངོས་ལ་དྲུག་ལས། དང་པོ་ཕོ་ཉ་བསྐུལ་བ་ནི། བདག་གི་ཐུགས་ཀ་ནས་སྤྲུལ་པའི་ཕོ་ཉ་གྲངས་མེད་པ་འཕྲོས་པས། དམིགས་བྱ་ཐམས་ཅད་རང་དབང་མེད་པར་བཀུག་སྟེ་བསྟིམ་པར་གྱུར་པར་བསམས་ལ། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཤྭཱ་ན་མུ་ཁའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ དམ་ཅན་འཁོར་བཅས་དུས་ལ་བབ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ བར་དུ་གཅོད་པའི་སྡེ་དང་དཔུང་༔ ཡུད་ཙམ་གྱིས་ནི་འདིར་ཁུག་ལ༔ མངོན་སྤྱོད་ཕྲིན་ལས་ཚུལ་བཞིན་མཛོད༔ སྒྲུབ་སྔགས་དང༌། སྤུ་གྲི་སྦྲེལ་མའི་མཐར། སརྦ་ཤ་ཏྲཱུྃ་ནྲྀ་ཏྲི་བཛྲ་ཨཾ་ཀུ་ཤཱ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བྃ། བཛྲ་གཎྜེ་ཧོཿ ཞེས་རྒྱ་བཞིས་འགུགས་འཆིངས་སྡོམ་མྱོས་བྱ། གཉིས་པ་ལྷ་དང་དབྱེ་བ་ནི། བྱ་འུག་གི་དོང་རུ་ཐོགས་ཤིང༌། དབྱེ་བའི་རྒྱ་དང་བཅས། གུ་གུལ་རྒོད་མ་ལ་གསང་བའི་སྔགས་ཀྱིས་གདབ་པའི་དུད་པས་བདུག་ལ། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཤྭཱ་ན་མུ་ཁའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ དམ་ཅན་འཁོར་བཅས་དུས་ལ་བབ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ བར་དུ་གཅོད་པའི་སྡེ་དང་དཔུང་༔ གཏོགས་ཤིང་གྲོགས་དང་བྲལ་བར་གྱིས༔ མངོན་སྤྱོད་ཕྲིན་ལས་ཚུལ་བཞིན་མཛོད༔ སྒྲུབ་སྔགས་དང་སྤུ་གྲིའི་སྦྲེལ་མའི་མཐར། དགྲ་བགེགས་ཧ་ས་ཡ་ར་ཧ་ས་ཡ་ར་ཧྲཱིཿདཎྜ་ཧཱུྃ་ཕཊཿ ཅེས་སྐྱོབ་བྱེད་དང་དབྱེ། གསུམ་པ་བྱད་དུ་གཞུག་པ་ནི། སྐུད་པ་སྔོན་དམར་གྱིས་འཆིངས་ལ། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཤྭཱ་ན་མུ་ཁའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ དམ་ཅན་འཁོར་བཅས་དུས་ལ་བབ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ བར་དུ་གཅོད་པའི་སྡེ་དང་དཔུང་༔ ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས༔ མངོན་སྤྱོད་ཕྲིན་ལས་ཚུལ་བཞིན་མཛོད༔ སྒྲུབ་སྔགས་དང་སྤུ་གྲི་སྦྲེལ་མའི་མཐར། དགྲ་བགེགས་ཤཱི་གྷྲཾ་ཨ་ན་ཡ་ཧཱུྃ་ཕཊ༔ ཅེས་གདབ་པའི་ཁ་ཚར་འདི་རྣམས་གཞུང་གི་དངོས་བསྟན་ལྟར་ཡིན་ལ། ལས་དྲུག་ཚང་བར་མོས་ན་ཕུར་པ་སྤྱི་ལྟར་སྦྱར་ཡང་རུང་ངམ་སྙམ། བཞི་པ་ཕུར་བུ་གདབ་པ་ལ་གསུམ་གྱི་དང་པོ་རཀྟའི་དགྱེས་མཆོད་ལན་གསུམ་འབུལ་བའི་དང་པོར་གཟི་བྱིན་བསྐྱེད་པ་ནི། གདབ་ཕུར་སྲིད་པ་ཕུར་བུའི་དབྱིངས་སུ་རྫོགས་པའི་ལྷ་ཚོགས་རྣམས་ལ། དམར་ཆེན་རཀྟའི་དགྱེས་མཆོད་ཚར་གསུམ་ཕུལ་བས། གཙོ་འཁོར་རྣམས་ཀྱི་གཟི་བརྗིད་རབ་ཏུ་བསྐྱེད་ནས་བཅོལ་བའི་ཕྲིན་ལས་མཛད་པར་གྱུར་པར་བསམས་ལ། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས༔ སོད་ཅིག་སྲོག་དང་བྲལ་བར་གྱིས༔ རིངས་པར་ཁུག་ལ་སྨྱོར་ཆུག་ཅིག༔ ཕོབ་ཅིག་གཟིར་ཅིག་བརླག་པར་གྱིས༔ གྲུ་གསུམ་དྲག་པོའི་སྣོད་དུ་བསྐྱིལ༔ ཁྲག་འཐུང་འབར་བའི་ཞལ་དུ་བསྟབ༔ མ་ཧཱ་རཀྟ་ཁ་རྃ་ཁཱ་ཧི༔ གཉིས་པ་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ ང་ཡི་དབང་དུ་གྱུར་ནས་ཀྱང་༔ བསྒོ་བའི་བཀའ་རྣམས་ཉན་པར་གྱིས༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ སྔོན་ཆད་ཚུལ་བཞིན་དམ་བཅས་པའི༔ མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ གསུམ་པ་ཕྲིན་ལས་བཅོལ་བ་ནི། ཧཱུྃ༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ལྷའམ་འོན་ཏེ་བདུད་ཀྱང་རུང་༔ ང་ལ་བར་ཆད་བྱེད་པ་རྣམས༔ མཐུ་དང་རྫུ་འཕྲུལ་མེད་པར་གྱིས༔ མ་ཧཱ་རཀྟ་ཁ་རྃ་ཁཱ་ཧི༔ ཞེས་པས་རཀྟ་ལན་གསུམ་འབུལ། གཉིས་པ་ལུང་གསུམ་ནི། བདག་ཉིད་དཔལ་ཆེན་པོ། ཕུར་བུ་སྲས་མཆོག །ལིངྒ་དགྲ་བགེགས་ཀྱི་སྙིང་གར་ཚེ་སྲོག་གི་རྟེན་ནྲྀ་ཏྲི་དང་བཅས་པ་དངོས་སུ་གསལ་བར་གྱུར། ཕུར་བུའི་དཔལ་རྩེ་ཨཱཿཡིག་དཀར་པོའི་འོད་ཀྱིས་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས། སྲོག་རྟེན་ལ་རེག་པ་ཙམ་གྱིས་སྒོ་ལྔའི་རྣམ་ཤེས་དབལ་རྩེར་བསྡུས། ཉོན་མོངས་པའི་ཡིད་རྩད་ནས་བཅད། ལྔ་འདུས་དྭངས་མ་ཚེ་བསོད་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་འུབ་ཀྱིས་བསྡུས་ནས་རང་ལ་ཐིམ། ཀུན་གཞིའི་རྣམ་ཤེས་ཨཱཿདཀར་པོར་གྱུར་པ་ཕུར་རྩེས་ལིང་གིས་བཏེགས་ནས། དཔལ་ཆེན་པོའི་ཐུགས་ཀར་ཐིམ་པར་གྱུར་པར་བསམ། གསུམ་པ་ཕུར་བུས་གདབ་པས་བག་ཆགས་ཀྱི་ལུས་བསྒྲལ་བ་ནི། ཕུར་བུའི་དབལ་ལས་འཕྲོས་པའི་མཚོན་ཆའི་ཆར་བབ་པས། བག་ཆགས་ཀྱི་གཟུགས་རྟེན་ཐལ་ཕྱུང་དུ་ཕུག་པས་རྡུལ་དུ་བརླག་པར་གྱུར་པར་མོས་ལ། ཧཱུྃ༔ འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས༔ ཐུགས་གསུང་སྐུ་ཡི་དབྱིངས་སུ་རྫོགས༔ ཡེ་ཤེས་གསུམ་གྱི་སྲོག་ལྡན་པས༔ དུག་གསུམ་རྩད་གཅོད་ཀཱི་ལ་ཡ༔ འདྲིལ་ནི་རྡོ་རྗེ་གཞོན་ནུས་འདྲིལ༔ དམིགས་པ་དགྲ་དང་བགེགས་ལ་བཏད༔ ལས་ནི་ཚེ་བསོད་རང་ལ་བསྟིམ༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ གཟུགས་ཕུང་ཐལ་བའི་རྡུལ་དུ་བརླག༔ འབྲས་བུ་ལས་ངན་རྒྱུན་བཅད་དེ༔ སངས་རྒྱས་རྣམས་ཀྱི་སྲས་སུ་བསྐྱེད༔ མངོན་སྤྱོད་ཕྲིན་ལས་ཡོངས་རྫོགས་མཛོད༔ སྒྲུབ་སྔགས་དང་སྤུ་གྲི་སྦྲེལ་མའི་མཐར། དགྲ་བགེགས་ཙིཏྟ་མཱ་ར་ཡ་ཕཊ༔ རྦད་ཐུྃ་རི་ལི་ལི༔ ཞེས་བཏགས་པ་བརྗོད་ཅིང་ཕུར་པ་གདབ། རྐང་གཡོན་ནས་བརྩམས་ཏེ། རལ་གྲིས་དུམ་བུར་གཏུབས་ཤིང་ཐུན་གྱིས་བརྡེག་གོ །ལྔ་པ་ཞལ་དུ་བསྟབ་པ་ནི། ལིང་རོ་སྨན་རག་གིས་བྲན་པ་ཧོམ་གཟར་དུ་ཐོགས་ཏེ། དཔལ་ཆེན་རྡོ་རྗེ་གཞོན་ནུ་སྤྲུལ་འཁོར་དང་བཅས་པ། ཞལ་གནམ་ས་ཙམ་དུ་གདངས་ནས་བཞུགས་པ་ལ། དགྲ་བགེགས་བསྒྲལ་བའི་ཤ་ཁྲག་བདུད་རྩིའི་རྒྱ་མཚོར་སྦར་བ་ཞལ་དུ་བསྟབ་པས། དགྱེས་པའི་བཞད་སྒྲ་དང་བཅས་ཏེ་ལྷག་མེད་དུ་རོལ་པར་གྱུར་པར་བསམས་ལ། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཤྭཱ་ན་མུ་ཁའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབས༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ དམ་ཅན་འཁོར་བཅས་དུས་ལ་བབ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ བར་དུ་གཅོད་པའི་སྡེ་དང་དཔུང་༔ བཞེས་ཤིག་རོལ་ཅིག་མེད་པར་མཛོད༔ བསྒོ་བའི་བཀའ་རྣམས་ཉན་པར་གྱིས༔ ལུས་ངག་རྡུལ་དུ་བརླག་པར་མཛོད༔ སྒྲུབ་སྔགས་དང༌། སྤྲུ་གྲི་སྦྲེལ་མའི་མཐར། བཛྲ་ཡཀྴ་ཀྲོ་དྷ་བྷིནྡྷ་ཡ་བྷིནྡྷ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧ་ཧ། ཧཱུྃ་ཧཱུྃ། ཕཊ་ཕཊ། ཅེས་གཏོར་མར་འབུལ། དྲུག་པ་འཕྲོས་དོན་ནི། སྨད་ལས་དང་མི་འབྲེལ་བའི་རྒྱུན་གྱི་ཚོགས་མཆོད་ལྟ་བུའི་སྐབས་སུ་འགུགས་བསྒྲལ་བསྟབ་པ་མདོར་བསྡུས་བྱ་བ་ལ། ཚོགས་ཐ་མར་དམིགས་ཏེ། ཨེ་ཡྃ་ཛྭ་ལ་རྃ། མདུན་དུ་བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ། དགྲ་བགེགས་དམ་སྲི་ཕོ་མོ་རྣམས་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གསལ་བར་གྱུར་པར་མོས་ལ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང༌། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང༌། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། ཕྲིན་ལས་ཕུར་པ་རོལ་པའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༌། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་མཐུས། མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཅེས་བདེན་པའི་སྟོབས་བརྗོད་ཅིང༌། ནྲྀ་ཡཾ་ཛཿ ནྲྀ་བཛྲ་ཨངྐུ་ཤཱ་ཛཿ ཏྲི་ཡཾ་ཛཿ ཏྲི་བཛྲ་ཨངྐུ་ཤཱ་ཛཿ ཅེས་ལྕགས་ཀྱུའི་ཕྱག་རྒྱས་དམིགས་བྱ་རྟེན་ལ་བཀུག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཤཱི་གྷྲཾ་ཨ་ན་ཡ་ཛཿཧཱུྃ་བྃ་ཧོཿས་དགུག་གཞུགས་བཅིངས་ཏེ་མྱོས་པར་བྱས་ལ། ཕུར་པ་འདྲིལ་ཏེ། ཧཱུྃ་བྷྱོཿ བསྟན་དང་འགྲོ་ལ་འཚེ་བ་ཡི༔ དགྲ་བགེགས་ཀླ་ཀློ་བཀུག་ཅིང་བསྟིམ༔ ཐེ་ཚོམ་རྟོག་པའི་བྱུར་འདྲེ་ཀུན༔ ཛཿཧཱུྃ་བྃ་ཧོའི་ཕྱག་རྒྱས་གདབ༔ གཟུང་དང་འཛིན་པའི་གཉིས་འཛིན་བདུད༔ ཐམས་ཅད་ཆོས་ཀྱི་དབྱིངས་སུ་བསྒྲལ༔ ཀུན་ནས་ཀུན་ཏུ་འོད་གསལ་བ༔ གདོད་མའི་སྟོང་ཆེན་དབྱིངས་སུ་ཐིམ༔ ཧཱུྃ་ཧཱུྃ་ཧོ་ཧཾ་མཱ་ར་ཡ་ཕཊ༔ ཅེས་ཚེ་ཁྲུས་ཀྱི་དགོངས་པ་དང་ལྡན་པས་ཕུར་པ་གདབ་ཅིང་བསྒྲལ་ནས། ཤ་ཁྲག་བདུད་རྩིར་སྦར་བ་ཞལ་བསྟབ་ནི། ཧཱུྃ་བྷྱོ༔ གནམ་ས་ཙམ་གྱི་ཞལ་གདངས་ལ༔ གངས་རི་ཙམ་གྱིས་མཆེ་བ་གཙིགས༔ ཀློག་དམར་འགྱུ་འདྲའི་ལྗགས་བརྐྱོང་སྟེ༔ ཉམས་པ་བདུན་ལྡན་དགྲ་བོ་རོལ༔ ཡེ་ཤེས་ཆེན་པོའི་གཟི་བྱིན་སྐྱེད༔ བདེ་བ་ཆེན་པོའི་རྩལ་དང་བཅས༔ དབྱིངས་རིག་གཉིས་སུ་མེད་པའི་ངང་༔ མངོན་སྤྱོད་ཕྲིན་ལས་མཐར་ཕྱིན་མཛོད༔ ས་མ་ཡ་ཧོ་ཧོ་ཧོ༔ ཨ་ཧོ་མ་ཧཱ་སུ་ཁ་ཧོཿ ཞེས་འབུལ། གསུམ་པ་ཚོགས་དྲང་ལྷག་མ་གཉིས་ཀྱི་དང་པོ་ཚོགས་དྲང་བ་ནི། ལས་རྡོར་གྱིས་ཐབས་ཤེས་ཀྱི་ཚོགས་བཏེགས་ཏེ། ཧོཿ ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ། ཞེས་འབུལ། སློབ་དཔོན་གྱིས། ཨ་ལ་ལ་ཧོཿ ཞེས་པས་བླངས་ཏེ། ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན༔ གདན་གསུམ་ཡོངས་རྫོགས་དཀྱིལ་འཁོར་སྟེ༔ བཟའ་བཅའ་བཏུང་བའི་ལོངས་སྤྱོད་ཀུན༔ རྡོ་རྗེའི་དམ་ཚིག་ཆེན་པོར་རོལ༔ ཞེས་ནང་གི་རྣལ་འབྱོར་དང་ལྡན་པས་ཚོགས་ལ་རོལ། གཉིས་པ་ལྷག་གཏོར་བྱིན་གྱིས་བརླབ་ཅིང་བསྔོ་བ་ནི། ལྷག་མ་བསྡུས་ལ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར། ཅེས་བྱིན་གྱིས་བརླབས་ལ། ཨེ་ཨཱ་རལླི་ཧྲིཾ་ཛཿ ཞེས་པས་ལྷག་སྡུད་ཀྱི་ཕོ་ཉའི་ཚོགས་རྣམས་དམ་ཚིག་གི་གནས་སུ་བྱོན་པར་མོས་ལ། ཨོཾ་བཛྲ་པུཥྤེ་ནས། ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱས་ཉེར་སྤྱོད་འབུལ་ཞིང༌། རྐང་གླིང་བཤུག་གླུའི་སྒྲ་དང་བཅས། ཧཱུྃ་བྷྱོ༔ གནས་དང་ཡུལ་དང་ཞིང་རྣམས་ཀུན༔ སྐྱོང་བའི་མ་སྲིང་མཁའ་འགྲོ་དང་༔ ལྷག་མའི་དམ་ཚིག་གཏོགས་པ་ཀུན༔ འདིར་གཤེགས་དཔལ་གྱི་ཕ་འབབ་བཞེས༔ རྣལ་འབྱོར་ཕྱི་ཡི་བར་ཆད་སོལ༔ འབྱུང་བཞི་ནང་གི་གཡོ་འཁྲུགས་ཟློག༔ རྩ་རླུང་གསང་བའི་སུན་མ་ཆོད༔ ཐིག་ལེ་རྟེན་དང་བརྟེན་པར་བཅས༔ ཡེ་ཤེས་ཆེན་པོར་དབྱེར་མེད་མཛོད༔ ས་མ་ཡ་ཨུཙྪིཥྟ་བ་ལིངྟ་ཁཱ་ཧི༔ ཞེས་ཕྲིན་ལས་བཅོལ། བཞི་པ་བཟློག་པའི་ལས་རིམ་ལ་གཉིས་ཀྱི་དང་པོ་ཕྲིན་ལས་བཅོལ་བ་ནི། ལིང་རོ་དང་གཏོར་ཆུང་ཁྲག་སྐྱེམས་དང་སྦྱར་བ་བཟློག་གཏོར་དུ་འབུལ་ཞིང༌། དྲག་པོའི་རོལ་མོ་དང་བཅས་པས། ཧཱུྃ་ཧཱུྃ་ཧཱུྃ༔ བཞེངས་ཤིག་རྡོ་རྗེ་གཞོན་ནུའི་ཚོགས༔ དབྱིངས་ལ་སྐྱེ་བ་མ་མཆིས་ཀྱང་༔ རིག་པ་རང་སྣང་རོལ་པའི་རྩལ༔ དྲག་ཤུལ་ཆེན་པོའི་གཟི་བྱིན་བསྐྱེད༔ དགྲ་བགེགས་ཤ་རུས་ཁྲག་གི་མཚོ༔ དགྱེས་པའི་གད་མོ་དང་བཅས་བཞེས༔ འབར་བ་མཆོག་གི་ཆོ་འཕྲུལ་གྱིས༔ ནག་ཕྱོགས་དགྲ་བགེགས་རྩད་ནས་ཆོད༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ ཕས་རྒོལ་རྦོད་གཏོང་དམོད་པའི་མཚོན༔ བཟློག་གཟིར་ཕྲིན་ལས་དུས་ལ་བབ༔ མ་གཡེལ་མ་གཡེལ་ཡི་དམ་ལྷ༔ བཅོམ་ལྡན་བཛྲ་ཀུ་མཱ་ར༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ སྲས་མཆོག་ཀཱི་ལ་རིགས་ལྔ་དང་༔ ཁྲོ་བཅུ་ཡབ་ཡུམ་ཟ་གསོད་ཚོགས༔ སྒོ་སྐྱོང་ཕུར་པའི་སྲུང་མ་སོགས༔ གཙོ་འཁོར་སྤྲུལ་པར་བཅས་པ་རྣམས༔ ཟློག་སྒྱུར་དྲག་པོའི་ལས་ལ་བཞེངས༔ དགྲ་བགེགས་གདུག་པ་བསྒྲལ་བ་ཡི༔ འདོད་ཆགས་ཁྲག་གི་རྒྱ་མཚོར་རོལ༔ ཞེ་སྡང་རུས་པའི་ཕུང་པོ་ཆོམས༔ གཏི་མུག་ཤ་ཡི་རི་བོ་བཞེས༔ འབར་ཞིང་འཁྲུགས་པའི་བརྟུལ་ཞུགས་བསྐྱེད༔ བསྟན་དང་འགྲོ་ལ་འཚེ་བྱེད་ཅིང་༔ རྣལ་འབྱོར་ལམ་གྱི་བར་ཆད་རྐྱེན༔ གཉིས་སྣང་འཁྲུལ་པ་ལས་བྱུང་བའི༔ འཇིགས་པ་བརྒྱད་དང་བཅུ་དྲུག་ཟློག༔ ནད་རིགས་བཞི་བརྒྱ་རྩ་བཞི་ཟློག༔ གདོན་ཚོགས་སུམ་བརྒྱ་དྲུག་ཅུ་ཟློག༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག༔ དུས་མིན་འཆི་བ་བཅོ་བརྒྱད་ཟློག༔ གློ་བུར་བདུན་བརྒྱ་ཉི་ཤུ་ཟློག༔ ཡེ་འགྲོག་སུམ་བརྒྱ་དྲུག་ཅུ་ཟློག༔ ལྟས་ངན་བརྒྱད་བཅུ་རྩ་གཅིག་ཟློག༔ ཕྱི་ནང་དྲང་སྲོང་དམོད་ཚིག་ཟློག༔ བན་བོན་མུ་སྟེགས་རིགས་སྔགས་ཟློག༔ སྡེ་བརྒྱད་གདུག་པའི་ཆོ་འཕྲུལ་ཟློག༔ སྲ་བ་ས་ལ་མནན་པ་ཟློག༔ གཤེར་བ་ཆུ་ལ་གཏད་ཁྲོམ་ཟློག༔ འབར་བ་མེ་ལ་བསྲེག་པ་ཟློག༔ གཡོ་བ་རླུང་འཁོར་བསྐོར་བ་ཟློག༔ ཆག་ཆེ་ཉམས་ང་ཐམས་ཅད་ཟློག༔ ལོ་ཟླ་ཞག་དུས་སྐེག་སྲི་ཟློག༔ མི་ཁ་གླེང་གཞི་འཐབ་རྩོད་ཟློག༔ དངོས་ཉམས་རྨི་ལམ་ལྟས་ངན་ཟློག༔ ཕ་མེས་དུར་ཁ་ཕྱེ་བ་ཟློག༔ ལྷ་སྲུང་བདུད་དུ་བབ་པ་ཟློག༔ དཔྲལ་བའི་གཤེད་དུ་འཇུག་པ་ཟློག༔ ལྟག་པའི་བདུད་དུ་འཇབ་པ་ཟློག༔ གནམ་གྱི་འཇུ་ཐག་ཆད་པ་ཟློག༔ ས་ཡི་རྟེན་ཕུར་བུད་པ་ཟློག༔ སྣོད་ཀྱི་འཇིག་རྟེན་རྒུད་པ་ཟློག༔ འབྱུང་བ་གཡོ་ཞིང་འཁྲུགས་པ་ཟློག༔ སད་སེར་བཙའ་ཐན་མུ་གེ་ཟློག༔ དུས་ཚོད་དམན་ལྷག་ལོག་པ་ཟློག༔ བཅུད་ཀྱི་མི་དགེའི་རྣམ་རྟོག་ཟློག༔ མི་ཕྱུགས་ནད་ཡམ་གོད་ཀ་ཟློག༔ མཐའ་དམག་ཀླ་ཀློའི་རྒྱུ་འགྲུལ་ཟློག༔ བསྟན་སེལ་ཕུང་བཤིག་སྡེ་འཁྲུགས་ཟློག༔ རྩ་རླུང་ཐིག་ལེའི་གཡོ་འཁྲུགས་ཟློག༔ གཟུང་འཛིན་འཁྲུལ་པའི་གཉིས་སྣང་ཟློག༔ དབྱིངས་ཀྱི་རྗེ་མོ་གཡེལ་བ་ཟློག༔ འཇིག་རྟེན་མཁའ་འགྲོ་འཁྲུགས་པ་ཟློག༔ ལས་ཀྱི་མཁའ་འགྲོའི་བསུན་མ་ཟློག༔ འདོད་ཆགས་ལྷ་བུའི་བདུད་ཚོགས་ཟློག༔ ཞེ་སྡང་འཆི་བདག་རྔམས་པ་ཟློག༔ གཏི་མུག་ཉོན་མོངས་མུན་པ་ཟློག༔ ང་རྒྱལ་ཕུང་པོའི་བདུད་སྡེ་ཟློག༔ ཕྲག་དོག་བྱད་ཕུར་རྦོད་གཏོང་ཟློག༔ མདོར་ན་འགལ་རྐྱེན་མི་མཐུན་ཕྱོགས༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ བསྒྱུར་རོ་དགྲ་བགེགས་སྟེང་དུ་སྒྱུར༔ ཟློག་སྒྱུར་བཅོལ་བའི་ཕྲིན་ལས་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ༔ སརྦ་དུཥྟན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཅེས་བསྐུལ་ཞིང་ཕྲིན་ལས་བཅོལ་ལོ། །གཉིས་པ་སྔགས་དམིགས་ཀྱི་བཟློག་པ་ནི། དཔལ་ཆེན་ལྷ་ཚོགས་འཁོར་དང་བཅས༔ ཁྲོས་འཁྲུགས་རྔམས་པའི་གཟི་བྱིན་བསྐྱེད༔ ཕྱི་རོལ་ཞལ་གཟིགས་སྔགས་ཀྱི་སྒྲ༔ འབྲུག་སྟོང་ལྟ་བུར་སྒྲོག་པ་ཡི༔ སྐུ་དང་ཞལ་ལས་དམོད་པའི་མཚོན༔ ནད་མཚོན་དུག་རླངས་ཕོ་ཉའི་ཚོགས༔ སྐར་ལྟར་འཁྲུགས་ཤིང་སེར་ལྟར་འབབ༔ ནག་ཕྱོགས་འབྱུང་པོ་སྡེ་བཅས་དང་༔ ཕས་རྒོལ་རིག་སྔགས་དམོད་པའི་དབལ༔ མི་མཐུན་འབྲས་བུ་ཐན་ལྟས་ངན༔ ཐམས་ཅད་རང་དབང་མེད་པར་བཟློག༔ དགྲ་དང་བགེགས་ཀྱི་སྟེང་དུ་བབ༔ རྩ་སྦུར་མེ་ལྕེས་བསྲེགས་པ་བཞིན༔ རྗེས་ཤུལ་མེད་པར་བརླག་པར་མཛོད༔ སྒྲུབ་སྔགས་དང་སྤུ་གྲི་སྦྲེལ་མའི་མཐར། རྦོད་ཟོར་སརྦ་ཨ་པ་ཀ་ར་བྷྱོ་བྷྱོ་ཟློག་ཟློག་རྦད་ནན༔ ཞེས་བརྒྱ་རྩའམ། ཉེར་གཅིག་ལ་སོགས་པ་དྲག་ལ་རྔམས་པར་བཟླ། དེ་ལྟར་གྲངས་ཇི་ལྟར་འོས་པ་གྱེར། བཟློག་པ་ཞག་གྲངས་བྱེད་ན། དམ་ཅན་སྤྱིའི་གཏོར་འབུལ་དང༌། བསྐུལ་ཆད་བརྟན། རྟ་བྲོ། ཚེ་བཅུད་བསྡུ་ཞིང་འགུགས་པ། དམ་སྤྱིའི་རྗེས་རིམ་དང༌། དཀྱིལ་འཁོར་བར་མཆོད་བསྟོད། ནོངས་བཤགས། མདུན་བསྐྱེད་བརྟན་བཞུགས། བདག་བསྐྱེད་བསྡུ་ལྡང༌། བསྔོ་སྨོན། ཤིས་བརྗོད་རྣམས་འོག་ནས་འབྱུང་བ་བཞིན་རིམ་པར་འཇུག་གོ །གསུམ་པ་མཐའ་སྡུད་ཀྱི་རིམ་པ་ལ་གསུམ་གྱི། དང་པོ་བསད་པའི་མཐའ་སྡུད་སྲེག་པ་ཧོམ་གྱི་གཟེར་ཁ་ནི། གོང་གི་ཞལ་བསྟབ་ཀྱི་སྐབས་སུ་བབ་པ་ན། ལྕགས་སླང་ལྟ་བུར་ཨེ་གྲུ་གསུམ་བྲིས་པའི་ཁར། དྲག་པོའི་ཤིང་གིས་གྲུ་གསུམ་བརྩེགས་པ་བཀོད་ལ། ཛྭ་ལ་རཾ་གྱིས་མེས་སྦར་ཏེ། མེ་ཧོམ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་ཀློང་དུ། སྐད་ཅིག་གིས་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ། གནས་ལྔར་སྲས་མཆོག་རིགས་ལྔ། འཁོར་ཁྲོ་བཅུ་ཡབ་ཡུམ་ཟ་གསོད། སྒོ་མ། ཕུར་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཞལ་གནམ་ཙམ་དུ་གདངས་ནས་བཞུགས་པ་ལ། དགྲ་བགེགས་བསྒྲལ་བའི་ཤ་ཁྲག་བདུད་རྩིའི་རྒྱ་མཚོར་སྦར་བ་ཞལ་དུ་བསྟབས་པས། དགྱེས་པའི་བཞད་སྒྲ་དང་བཅས་ཏེ་ལྷག་མེད་དུ་རོལ་པར་གྱུར་པར་བསམས་ལ། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཤྭཱ་ན་མུ་ཁའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ དམ་ཅན་འཁོར་བཅས་དུས་ལ་བབ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ བར་དུ་གཅོད་པའི་སྡེ་དང་དཔུང་༔ རྡོ་རྗེ་མེད་དབལ་སྙིང་བསྲེགས་ནས༔ ལུས་ངག་རྡུལ་དུ་བརླག་པར་མཛོད༔ ཅེས་བསྐུལ། ཞུན་ཆེན་ཁྲག་དང་བཅས་པ་དགང་བླུགས་ཀྱིས་ཧོམ་དུ་འབུལ་ཞིང༌། སྒྲུབ་སྔགས་སྤུ་གྲི་སྦྲེལ་མའི་མཐར། དགྲ་བགེགས་དམ་སྲི་ཛྭ་ལ་རྃ་ཁཱ་ཧི། ཞེས་བཏགས་པ་ལན་བདུན། སླར་ལིངྒ་ཡུངས་ཀར། ཟངས་ལྕགས་ཕྱེ་སོགས་ཐུན་རྫས། འབྲུ་ནག །ཞུན་ཆེན་དང༌། མར་ནག །དུག་ཁྲག་བསྲེས་པ་འབུལ་ཞིང༌། ཧཱུྃ༔ གདུག་པའི་དགྲ་བགེགས་ཐམས་ཅད་ཀྱི༔ སྲོག་ལུས་ཁ་རྗེ་དབང་ཐང་དང་༔ ཕུང་པོ་ཁམས་དང་བསྐྱེད་མཆེད་རྣམས༔ ཞལ་དུ་བསྟབ་པོ་ཛྭ་ལ་རྃ༔ ལྷག་མ་མེད་པར་བཞེས་སུ་གསོལ༔ སྒྲུབ་སྔགས་དང་སྤུ་གྲི་སྦྲེལ་མའི་མཐར། དགྲ་བགེགས་དམ་སྲི་ཛྭ་ལ་རྃ་ཁཱ་ཧི། ཞེས་བཏགས་པ་རེ་བཞི་སོགས་ཅི་འགྲུབ་ཀྱིས་འབུལ། མཐར། མེ་ལྷ་ཡེ་ཤེས་པ་ཆོས་ཀྱི་དབྱིངས་སུ་གཤེགས། དམ་ཚིག་པ་བདག་ཉིད་ལ་ཐིམ་པར་བསམས་ལ། མེ་ཁྲག་ཆུས་ཧུར་ཐུམ་དུ་བསད། ཐལ་བ་ཅུང་ཟད་མནན་རྒྱུ་དང༌། ལྷག་མ་མཆོད་རྟེན་འོག་གམ། ལམ་རྒྱ་གྲམ་དུ་བླུགས་པར་བྱའོ། །གཉིས་པ་བཟློག་པའི་མཐའ་སྡུད་འཕང་བ་ཟོར་གྱི་ལས་ལ་བདུན་ལས། དང་པོ་ལས་ཀྱི་ཐོག་མར་ཟོར་ལམ་བསལ་བ་ནི། བཟློག་པ་གྲུབ་ནས། ཕྱི་རོལ་ལམ། སྒྲུབ་ཁང་ནང་དུ་གསེར་སྐྱེམས་འབུལ་བ་གོང་གི་གདབ་ཁའི་སྐབས་བཞིན་བྱ། གཉིས་པ་སྒོ་དབྱེ་བ་ནི། ཧཱུྃ༔ ཕྲིན་ལས་བཞི་རྫོགས་སྒོ་སྲུང་ཚོགས༔ ཐབས་དང་ཤེས་རབ་ཡེ་ཤེས་ཀྱིས༔ དྲག་པོའི་ཕོ་བྲང་སྒོ་ཕྱེས་ལ༔ གཏོར་མའི་ཟོར་ལམ་དགྲ་ལ་སྒྱུར༔ ཛཿཧཱུྃ་བྃ་ཧོཿ ས་མ་ཡ་པྲ་བེ་ཤ་ཡ་ཕཊ་བྷྱོ༔ ཞེས་པས་སྒོ་དབྱེ། གསུམ་པ་ཐ་ཚིག་བསྒྲགས་པ་ལ་གསུམ་གྱི་དང་པོ་གཏོར་འབུལ་ནི། བཀའ་སྲུང་གི་གཏོར་མ་རྣམས་ལ་དམིགས་པས། དམ་ཅན་སྤྱི་གཏོར་བཞིན་འགུགས་བསྟབ་ཕྲིན་ལས་བཅོལ། གཉིས་པ་བསྐུལ་བ་ནི། ཧཱུྃ༔ ཆོས་དབྱིངས་སྐྱེ་བ་མེད་པའི་མཁའ་ཀློང་ལས༔ དབྱིངས་ཀྱི་ཆོ་འཕྲུལ་འོད་ལྔ་ཀུན་ཏུ་ཤར༔ མ་རུངས་གདུག་པའི་ཚོགས་རྣམས་བསྒྲལ་བའི་ཕྱིར༔ བཅོམ་ལྡན་དཔལ་ཆེན་བཛྲ་ཀུ་མཱ་ར༔ ཡབ་ཡུམ་སྲས་དང་བཀའ་སྡོད་སྤྲུལ་འཁོར་བཅས༔ གདུག་པ་འདུལ་ཕྱིར་དུས་ལས་མི་གཡེལ་བའི༔ མངོན་སྤྱོད་དམོད་པ་ཆེན་པོའི་རྩལ་བསྐྱེད་ལ༔ ཕྱིར་བཟློག་ལས་ཀྱི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་བརྗོད། གསུམ་པ་ཆད་མདོའི་གཏོར་མ་བསྐྱང་བ་ནི། ཧཱུྃ༔ སྔོན་ཚེ་རྡོ་རྗེ་ཁྲག་འཐུང་གིས༔ ཆོས་ཉིད་རང་སྒྲས་གསང་ཆེན་རྒྱུད༔ སྟོན་འཁོར་དགོངས་པ་དབྱེར་མེད་དུ༔ བྱིན་གྱིས་བརླབ་ཅིང་གསུངས་པའི་ཚེ༔ གཡར་དམ་བཞེས་པའི་སྲུང་མ་དང་༔ རྗེས་འཇུག་རིག་འཛིན་གྲུབ་པ་ཡི༔ དམ་ཚིག་གཉེར་དུ་གཏད་པ་ཀུན༔ དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ རྣམ་བཞིའི་ལས་ཀུན་གྲུབ་པ་དང་༔ བསྟན་པ་དར་བའི་ཕྲིན་ལས་སྒྲུབས༔ དྷརྨ་པཱ་ལ་ས་མ་ཡ་ཧོ༔ ཞེས་གཏོར་མ་འབུལ། བཞི་པ་དམག་དཔུང་བསྐྱོད་པ་ལ་གསུམ་གྱི། དང་པོ་གཏོར་སྡོང་བཅའ་བ་ནི། སློབ་དཔོན་གྱིས་འདེགས་པའི་རྒྱས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ༔ ཅེས་བརྗོད་པས། གཏོར་མའི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བཞུགས། དམ་ཚིག་པ་རྣམས་ཁྲོས་འཁྲུགས་འབར་བའི་དམག་དཔུང་དང་བཅས་པས་ལས་ལ་ཆས་པར་བསམ་མོ། །གཉིས་པ་སླར་ཡང་གཏོར་མ་འབུལ་ཞིང་ཐུགས་དམ་བསྐུལ་བ་ནི། དམར་གཏོར་ཤ་ཁྲག་གིས་བརྒྱན་པ་བཤམས་ཏེ། གོང་གསལ་འགུགས་གཞུག་ལ། ད་ལྟ་ཉིད་དུ་དམིགས་པའི་རྟེན་འདི་ལ་ཞེས་བསྒྱུར་བས་དམིགས་བྱ་བཀུག་ཅིང༌། བསྒྲལ་སྟབ་ཀྱི་དམིགས་པ་དང་ལྡན་པས། སྒྲུབ་སྔགས་དང་སྤུ་གྲི་སྦྲེལ་མའི་ཤམ་དུ། མ་ཧཱ་མཾ་ས་རཀྟ་ཙིཏྟ་ཀེཾ་ནི་རི་ཏི་བ་ལིཾ་ཏ་ཁ་རྃ་ཁཱ་ཧི། ཞེས་དམག་ལྟོའི་ཚུལ་དུ་ལན་གསུམ་གྱིས་ཕུལ་མཐར། གོང་གསལ་ཟློག་པ་ཚར་གཅིག་གྱེར་བས་ཕྲིན་ལས་བཅོལ། གསུམ་པ་གཡུལ་དུ་ཞུགས་པ་ནི། ཧཱུྃ༔ དམར་ཆེན་གཏོར་མ་ཕུར་བུའི་ཚོགས༔ དགྲ་དང་བགེགས་ལ་རྦད་པའི་ཚེ༔ ཐོག་སེར་འབེབས་པའི་ཆོ་འདྲ་ཞིང་༔ སྟོང་གསུམ་ཐམས་ཅད་ལྡེགས་ཤིང་ཁྱོམ༔ སྐར་མདའ་ཆེན་པོའི་ཆོ་འདྲ་ཞིང་༔ རི་རབ་ཐམས་ཅད་གཡོ་ཞིང་འགུལ༔ སེང་ཆེན་འགྱིང་བའི་ཆོ་འདྲ་ཞིང་༔ ངར་སྐད་དྲག་པོས་སྟོང་གསུམ་འཁྲུགས༔ བདུད་དམག་ཆས་པའི་ཆོ་འདྲ་ཞིང་༔ རུ་དར་ནག་པོ་ཟངས་སེ་ཟང་༔ རྡོ་རྗེ་གཞོན་ནུས་དམག་དཔོན་མཛོད༔ སྒོ་མ་བཞི་ཡིས་དམག་སྣ་དྲོངས༔ ཕྱོགས་བཅུའི་ཁྲོ་བོས་མཐའ་ནས་སྡུས༔ ཕུར་སྲུང་རྣམས་ཀྱིས་རུ་དར་ཕྱོར༔ ཕ་རོལ་བདུད་ཀྱི་དམག་དཔུང་ལ༔ གཡུལ་ངོ་ཆེན་པོ་དེར་སྤྲོད་ཅིག༔ མཐུ་དང་རྩལ་གྱི་ནུས་པ་ཕྱུངས༔ ཐུགས་དམ་མ་གཡེལ་དགྲ་ལ་ཡ༔ ཞེས་བསྐུལ་ཞིང༌། བདུད་འདུལ་རྡོ་རྗེ་ཕུར་པའི་ལྷ་ཚོགས་འཚུབས་ཆིལ་གྱིས་བྱོན་པར་བསམས་ལ། རྣལ་འབྱོར་པ་ལྟ་བའི་གདིང༌། སྒོམ་པའི་གསལ་སྣང་དང་མ་བྲལ་བར་རིག་པ་ཧུར་ཕྱུངས་ཏེ། སྤུ་གྲི་བཟློག་སྔགས་ཀྱི་ཤམ་ཅན་ཟླ་བཞིན་རོལ་ཆེན་ཚམ་རྔམས་དང་བཅས། རུ་མཚོན་གྱིས་སྣ་དྲངས་ལ་ཐེབས་ཕྱོགས་དང་བསྟུན་ཅིང༌། ཕྱི་རོལ་དུ་དཔག་ནས་འཕང་བའི་སར་དྲག་པོའི་སྟབས་ཀྱིས་བསྐྱོད། ལྔ་པ་འཕང་བ་དངོས་ལ་བཞི་ལས། དང་པོ་འཕྲང་བསལ་བ་ནི། ཕུར་པ་ཕྱོགས་བཅུར་འདྲིལ་ཞིང༌། ཧཱུྃ༔ ང་ནི་རྡོ་རྗེ་གཞོན་ནུ་སྟེ༔ ང་ཡི་བཀའ་ལས་འདའ་མ་བྱེད༔ ལྷ་གཤེགས་གངས་དཀར་རྩེ་ལ་གཤེགས༔ དཀར་ལ་དེ་ནི་ཡེ་རེ་རེ༔ ལྷ་རྣམས་ཀུན་གྱི་གྲོགས་མཛོད་ཅིག༔ ཀླུ་གཤེགས་རྒྱ་མཚོའི་གཏིང་དུ་གཤེགས༔ སྔོ་ལ་དེ་ནི་ཐིབས་སེ་ཐིབ༔ ཀླུ་རྣམས་ཀུན་གྱི་གྲོགས་མཛོད་ཅིག༔ བཙན་གཤེགས་བྲག་དམར་ལོག་ལ་གཤེགས༔ དམར་ལ་དེ་ནི་སྤྲིངས་སེ་སྤྲིང་༔ བཙན་རྣམས་ཀུན་གྱིས་གྲོགས་མཛོད་ཅིག༔ མཐོ་བ་རྣམས་ཀྱིས་ཞབས་བསྐུམས་ཤིག༔ དམའ་བ་རྣམས་ཀྱིས་དབུ་ཁུག་ཅིག༔ བར་པ་རྣམས་ཀྱིས་སྐུ་བཟུར་ཅིག༔ ཟོར་གྱི་གདོང་ལ་མ་བཞུགས་པར༔ སོ་སོ་རང་རང་གནས་སུ་གཤེགས༔ ཞེས་དྲག་ཏུ་བསྐུལ་ཞིང་ཟ་ལམ་དགྲ་ལ་བསྒྱུར། གཉིས་པ་དཔང་གསོལ་བ་ནི། གསེར་སྐྱེམས་སྔོན་དུ་འགྲོ་བས་གཟུ་དཔང་གསོལ། གསུམ་པ་དམིགས་པའི་འབེན་བཅའ་བ་ནི། དམིགས་བྱ་བསྐྱེད་ཅིང༌། འགུགས་གཞུག་ལན་གསུམ་བྱ་བ་རྣམས་གོང་གི་གདབ་ལས་སྐབས་བཞིན་བྱ། བཞི་པ་ཟོར་འཕེན་པ་དངོས་ནི། ཟོར་ཆས་རྣམས་དྲག་པོའི་སྟབས་ཀྱིས་ཐོགས་ཤིང༌། གསལ་བ་གསུམ་དང་ལྡན་པའི་ངང་ནས། ཧཱུྃ༔ ཆོས་དབྱིངས་རོལ་པའི་དུར་ཁྲོད་ནས༔ ཕུར་པའི་ལྷ་ཚོགས་དུས་ལ་བབ༔ ཕུར་བུ་ཁྲག་འཐུང་ཕྲིན་ལས་རྫོགས༔ རཀྟ་རྦོད་གཏོང་མ་མོའི་ཐུན༔ ཡུངས་དཀར་ཁྲོ་རྒྱལ་སྟོབས་འདུས་རྫས༔ མཚེ་མདའ་གདུག་ཅན་དྲེགས་པའི་མཚོན༔ དུག་ཐུན་དྲག་སྔགས་གདུག་པའི་དབལ༔ མཚོན་ཐུན་བཀའ་སྡོད་ཕོ་ཉའི་ཤུགས༔ མདའ་རྡོ་དབལ་གྱི་ཤུགས་འཆང་བས༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློག༔ སྒྲུབ་སྔགས་དང་སྤུ་གྲི་སྦྲེལ་མའི་ཤམ་དུ། རྦོད་ཟོར་སརྦ་ཨ་པ་ཀ་ར་བྷྱོ་བྷྱོ་ཟློག་ཟློག་རྦད་ནན༔ ཞེས་བཏགས་པ་དྲག་ཏུ་བཟླ་བཞིན་པས་ཟོར་རྣམས་རིམ་པར་འབེན་ལ་བརྡེག །སླར་ཡང་གཏོར་མའི་དམ་ཚིག་པ་རྣམས་ནམ་མཁར་བཞུགས། གཏོར་མ་ནད་མཚོན་སྨྱོ་དུག་གི་ཆར་ཆེན་པོར་གྱུར་པ་འཕང་བས། དགྲ་བགེགས་དམ་སྲི་བྱད་མ་རྦོད་གཏོང་རྣམས་བྱེ་མའི་ཕུང་པོ་ལ་ཐོག་ཕོག་པ་ལྟར། གནས་ཡུལ་ལོངས་སྤྱོད་དང་བཅས་པ་རྗེས་ཤུལ་རྡུལ་ཕྲན་ཙམ་ཡང་མེད་པར་རྡུལ་དུ་བརླག་པར་བསམས་ལ། གཏོར་ཆེན་ནམ་མཁར་བཏེགས་ཤིང་འཆམས་སྟབས་དང་བཅས། ཧཱུྃ་བྷྱོ་བྷྱོ༔ དགོངས་སུ་གསོལ་ལོ་སངས་རྒྱས་རྣམས༔ གསན་དུ་གསོལ་ལོ་ཡི་དམ་ལྷ༔ ཁྲག་འཐུང་རྡོ་རྗེ་གཞོན་ནུའི་ཚོགས༔ ཐུགས་དང་ཞལ་བཞེས་མ་གཡེལ་ཅིག༔ བསྟན་པ་བཤིག་པའི་དགྲ་བོ་དང་༔ བར་གཅོད་བྱེད་པའི་བགེགས་ཚོགས་ཀྱི༔ སྐྱོབ་པའི་ལྷ་དང་སྲུང་མ་དང་༔ འགོ་བའི་དགྲ་བླ་བརྒྱུད་དང་བཅས༔ བསྡོངས་ཟླ་བྱེད་པའི་འབྱུང་པོ་ཀུན༔ ཡེ་ཤེས་མེ་ཡི་མཚོན་ཆས་གཟིར༔ རིག་སྔགས་དམོད་པས་རྨེངས་མེད་བཅོམ༔ བདུན་བརྒྱུད་རིགས་ཀྱང་རྩད་ནས་ཆོད༔ མིང་དང་བརྡ་ཙམ་མེད་པར་མཛོད༔ སྤུ་གྲི་བཟློག་ཤམ་ཅན་དྲག་ཏུ་བཟླ་ཞིང༌། ཚམ་རྔམས་བཅས་གཏོར་རྩེ་དགྲ་ཕྱོགས་སུ་བསྟན་ལ་འཕང༌། ཐལ་མོ་དང་དུལ་མོ་བརྡབ། དགོངས་པའི་གདེངས་བསྐྱེད་ལ་ལྟ་སྟངས་ཀྱིས་གཟིར་བ་སོགས་བྱ། དྲུག་པ་ཟོར་རྗེས་གཅོད་པ་ནི། ཡེ་ཤེས་ཀྱི་བྱ་ཁྱུང་འཇིགས་སུ་རུང་བ་ཞིག་གིས་མཚམས་བཅད་པར་བསམས་ལ། ཧཱུྃ་ཁྲོཾ་བཛྲ་ག་རུ་ཌ་བྷྱོ་ཟློག༔ ཅེས་བཟླ་དེ་ནས་ཕྱིར་ནུད་ལ་ཕྱི་སྙེགས་གཅོད་ཕྱིར་གདོང་ཕྱིར་བལྟས་ཏེ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཧཱུྃ་ཧཱུྃ་ཧཱུྃ་བདུད་པྲ་མཱ་ར་ཡ་རྦད་ནན༔ ཁ་ལ་ཛ་མ་ལི་རྦད་ནན༔ རཱ་ཛ་དུན་ལིཾ་ཤག་རྦད་ནན༔ ཤིག་ཤིག་དུལ་དུལ་རྦད་རྦད་ནན༔ ཚལ་པ་ཚལ་པ་རྦད་ནན༔ ཁྲོཾ་ཁྲོཾ་བྷྱོ་རྦད་ནན༔ རྨུགས་རྨུགས་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་ཚལ་རྦད་ནན༔ ཞེས་བདུན་ནམ། ཉེར་གཅིག་བཟླ། རྡོ་རྗེའི་གུར་དུ་བདག་གཞན་བསྲུང་བྱ་ཐམས་ཅད་ཚུད་པར་བསམས་ལ། ཧཱུྃ༔ རིག་རྩལ་རོལ་པའི་དཀྱིལ་འཁོར་ལས༔ ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་གྱིས༔ ཡེ་ཤེས་སྤྲུལ་པ་བསམ་མི་ཁྱབ༔ རྣམ་རྟོག་བགེགས་ཚོགས་མཚམས་ཆོད་ཅིག ཧཱུྃ་ཧཱུྃ་ཧཱུྃ༔ བཛྲ་རཀྵ་རཀྵ་བྷཱུྃ༔ ཅེས་སྲུང་འཁོར་བསྒོམ། ནམ་མཁར་བཞུགས་པའི་དམ་ཚིག་པ་རྣམས་རང་ལ་བསྟིམ། རྡོ་རྗེ་སློབ་དཔོན་གྱིས་རྟིང་མནན་ནས་ཚུར་ལོག །བདུན་པ་བརྟན་མ་སྐྱོང་བ་ནི། གཏོར་གཞོང་བཤལ་བའི་ཕུད་ཀྱིས་བརྟན་མའི་གཏོར་མ་བྲན་ལ། བྱིན་གྱིས་བརླབས་ཏེ། བྷྱོ༔ བོད་ཁམས་སྐྱོང་བའི་བརྟན་མའི་ཚོགས༔ འདིར་གཤེགས་བཤལ་ཆུའི་བདུད་རྩི་བཞེས༔ གངས་ཅན་མཐའ་དབུས་བདེ་བ་དང་༔ བཤད་སྒྲུབ་བསྟན་པ་རྒྱས་པར་མཛོད༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་ཁཱ་ཧི༔ ཞེས་བརྟན་མ་སྐྱོངས། གསུམ་པ་སྲུང་བའི་མཐའ་སྡུད་མནན་གཏད་ལ་གསུམ། དང་པོ་མནན་དོང་བསྐྱེད་ཅིང་འགུགས་པ་ནི། མནན་ལིང་ཚད་ལྡན་དུ་བསྒྲུབ་པ་དམིགས་གསལ་ཡོད་ན་དང༌། སྤྱི་ཙམ་དུ་ལིང་རོའི་ལྷག་མའམ། སྦྱིན་སྲེག་གི་ཐལ་བ་ལ་དམིགས་པས། གདབ་ལས་སྐབས་ལྟར་ཨེ་ཁང་བསྐྱེད་ཅིང༌། འགུགས་གཞུག་ལན་གསུམ་སོགས་བྱ། གཉིས་པ་མནན་པ་དངོས་ནི། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཤཱ་ན་མུ་ཁའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ དམ་ཅན་འཁོར་བཅས་དུས་ལ་བབ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ བར་དུ་གཅོད་པའི་སྡེ་དང་དཔུང་༔ མནན་ནོ་ནོན་ཅིག་སྟྭམྦྷ་ཡ༔ མངོན་སྤྱོད་ཕྲིན་ལས་ཚུལ་བཞིན་མཛོད༔ ཅེས་དང༌། སྒྲུབ་སྔགས་དང་སྤུ་གྲི་སྦྲེལ་མའི་ཤམ་དུ། ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་སྟམ་བྷ་ཡ་ནན༔ ཞེས་བཟླས་ལ། ཚ་སྒོག །བ་ཚྭ། བུལ་ཏོག །རླུང་མེ་ཆུ། རོ་གཡམ་ལ་རྒྱ་གྲམ་དང༌། རང་འཐག་ལ་གླིང་བཞི་རི་རབ་བྲིས་པས་མནན། ས་རིམ་པ་དགུས་གཡོགས་ཏེ་རྒྱ་གྲམ་རེ་བྲིས། སཱཙྪ་ནག་པོས་མནན་པའི་ཁར་ས་རྡོས་གཡོགས་ཏེ་ལས་ཀྱི་རྗེས་མི་མངོན་པར་བྱའོ། །གསུམ་པ་ལས་མཇུག་བྲོ་ཡིས་བསྡུ་བ་ནི། གཏོར་གཞོང་ཁ་སྦུབས་ལ། བྲོ་ར་བསྐོར་ཏེ་ཁྲོ་བོའི་སྟང་སྟབས་དང་བཅས་ཏེ། ཧཱུྃ༔ རྣམ་ཐར་གསུམ་དང་ལྡན་པའི་དབྱིངས༔ གློ་བུར་འཁྲུལ་པའི་དམ་སྲི་མནན༔ རིག་པ་ཡེ་ཤེས་བྲོ་བརྡུངས་པས༔ འབར་བའི་བརྟུལ་ཞུགས་ཡོངས་སུ་རྫོགས༔ ས་མ་ཡ་ཧོ་ཧོ༔ ཞེས་བྲོ་བརྡུང༌། སྒོ་དྲུང་ནས་སྤྲོ་ན་རྒྱལ་དབྱངས་གྱེར། གང་ལྟར་ཡང་ཤིས་བརྗོད་བྱས་ལ་ནང་དུ་འོང་ངོ༌། །རྩ་བའི་གསུམ་པ་རྗེས་ཀྱི་རིམ་པ་ལ་བརྒྱད་ལས། དང་པོ་ཚེ་སྒྲུབ་ལ་གསུམ་གྱི་དང་པོ་བསྐྱེད་བཟླས་ནི། བདག་མདུན་བཛྲ་ཀུ་མཱ་རའི༔ ཐུགས་ནས་འོད་ཟེར་མཁའ་ཁྱབ་འཕྲོས༔ ཕོ་ཉ་བཅུ་གཉིས་ལས་ལ་བསྐུལ༔ སྲིད་པ་གསུམ་གྱི་གཏིང་དཀྲུགས་ཏེ༔ བླ་ཚེ་ཆད་ཉམས་ཡར་བ་བཀུག༔ སྣོད་བཅུད་དྭངས་མ་དབང་མེད་བསྡུས༔ ཡེ་ཤེས་ཆེན་པོའི་གཟི་བྱིན་གྱིས༔ མྱ་ངན་འདས་པའི་རྣམ་གྲོལ་དབྱིག༔ ཐིག་ལེ་གཅིག་ཏུ་བསྐྱིལ་བ་ལས༔ མི་འགྱུར་རྟག་པའི་སྲོག་ཐོབ་གྱུར༔ ཅེས་ཚེ་བཅུད་བསྡུ་བའི་དམིགས་པ་གསལ་བཏབ་ལ། སྒྲུབ་སྔགས་ཤམ་བུར། བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཞེས་བཏགས་པའི་ཚེ་ཛབ྄ཅི་ནུས་བཟླ། གཉིས་པ་ཐུགས་དམ་བསྐུལ་ཞིང་ཚེ་བཅུད་འགུགས་པ་ནི། མདའ་དར་གཡབ་ལ། ཨོཾ༔ དང་པོར་ཐུགས་བསྐྱེད་རྗེས་སུ་དགོངས༔ བར་དུ་གྲུབ་པའི་རྟགས་མཚན་དབྱུང་༔ ཐ་མ་རིག་འཛིན་བདག་ཅག་གིས༔ རྩེ་གཅིག་བསྙེན་པ་ཆུད་མ་གསོན༔ སྐུ་གསུང་ཐུགས་ཀྱི་གཟི་བྱིན་བསྐྱེད༔ ཡོན་ཏན་ཕྲིན་ལས་ཆོ་འཕྲུལ་སྟོན༔ ཕོ་ཉ་སྤྲུལ་པས་འཇིག་རྟེན་ཁོངས༔ སྣོད་ཀྱི་དྭངས་མ་བཅུད་ཀྱི་དཔལ༔ འཁོར་འདས་ཀུན་གྱི་ཚེ་སྡུས་ལ༔ རྣལ་འབྱོར་བདག་གི་ལུས་ལ་ཁུག༔ སྒོ་གསུམ་ཐིག་ལེའི་དབྱིངས་སུ་སྟིམས༔ བླ་ཚེ་ཆད་ཉམས་ཡར་བ་གསོས༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ཞེས་གྱེར་ཞིང་ཚེ་ཛབ྄་ཀྱང་བཟླ། གསུམ་པ་དབང་བླང་བ་ནི། ཚེ་འབྲང་ལྷར་གསལ་བ་སྤྱི་བོར་བཞག་པས། སྐུ་གསུང་ཐུགས་ཀྱི་ཚེ་དང༌། ཡེ་ཤེས་ཀྱི་དབང་དང་དངོས་གྲུབ་ཐམས་ཅད་འོད་ཟེར་བདུད་རྩིའི་རྣམ་པར་བྱོན་ནས། རང་གི་སྒོ་གསུམ་ལ་ཐིམ་པས་མི་ཤིགས་པའི་ཐིག་ལེར་བྱིན་གྱིས་བརླབས། བརྟན་གཡོའི་དྭངས་བཅུད་ཐམས་ཅད་ཚེ་རྟེན་ལ་འདུས་པས། དཔལ་ཆེན་པོ་དང་དབྱེར་མེད་པའི་གཞོམ་བྲལ་རྡོ་རྗེའི་སྲོག་དང༌། འགྲིབས་མེད་གཞོན་ནུའི་ལང་ཚོ་ཐོབ་པར་གྱུར་པར་བསམས་ལ། ཚེ་འབྲང་མགོར་བཞག་ཅིང༌། བྷྲཱུྃ༔ ཚེ་ཡི་དངོས་གྲུབ་རྒྱུད་གསུམ་པོ༔ རྩ་སྲོག་ཙིཏྟའི་དཀྱིལ་དུ་བསྟིམ༔ ཅིས་ཀྱང་མི་ཆོད་མི་ཤིགས་པའི༔ རྡོ་རྗེ་གཞོན་ནུའི་སྲོག་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨཱ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་བྷྲཱུྃ༔ ཞེས་གྱེར་ཞིང་ཚེ་འབྲང་གི་དབང་བླངས། གོང་གསལ་ཚེ་བསྙེན་བཟླ་ཞིང་ཐབས་ཤེས་ཀྱི་ཚེ་རྫས་མྱང༌། རྟེན་སྙིང་དང༌། སུ་པྲ་ཏིཥྛས་བརྟན་པར་གསོལ། གཉིས་པ་གཏང་རག་འབུལ་བ་ལ་གཉིས་ཀྱི་དང་པོ་སྲུང་མ་ལ། དམ་སྤྱིའི་མཆོད་བསྟོད་ནས་བཀྲ་ཤིས་བར་མཐར་དབྱུང༌། གཉིས་པ་དཀྱིལ་འཁོར་པ་ལ། རྒྱུན་གྱི་རྣལ་འབྱོར་ལྟར་མཆོད་ཅིང་བསྟོད་པས་མཉེས་པར་བྱ། གསུམ་པ་དངོས་གྲུབ་བླང་བ་ནི། ཨོཾ་ཨཱཿཧཱུྃ་ཧོཿ བླ་མ་དཔལ་ཆེན་བཛྲ་ཀཱི་ལ་ཡ༔ རྩེ་གཅིག་བསྙེན་ཅིང་སྒྲུབས་པས་ཐུགས་དམ་བསྐུལ༔ དེང་འདིར་དངོས་གྲུབ་སྩོལ་བའི་དུས་ལགས་ན༔ ཕྲིན་ལས་བཞི་དང་གྲུབ་པ་ཆེན་པོ་བརྒྱད༔ དབང་བཅུ་ཕྱི་དང་ནང་ལ་སོགས་པ་ཡི༔ ཐུན་མོང་དངོས་གྲུབ་དཀའ་བ་མེད་པ་དང་༔ མཆོག་ཏུ་མི་འགྱུར་ཡེ་ཤེས་ཕྱག་རྒྱ་ཆེའི༔ གོ་འཕང་ཚེ་འདི་ཉིད་ལ་སྩལ་དུ་གསོལ༔ སྒྲུབ་སྔགས་ཤམ་དུ། ས་མ་ཡ་ཧོཿ ས་མ་ཡ་སྟྭྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧོཿ ཞེས་པས་སྒྲུབ་རྫས་སྤྱི་བོར་གཏུགས། ཕྱེ་མར་དང་བདུད་རྩི་ལ་ལོངས་སྤྱོད། བཞི་པ་ནོངས་བཤགས་ནི། མ་རྙེད་ཡོངས་སུ་སོགས་དང༌། ཡིག་བརྒྱ་བཟླས་པས་ལྷག་ཆད་ཁ་བསྐང༌། ལྔ་པ་དཀྱིལ་འཁོར་བསྡུ་བ་ནི། མདུན་བསྐྱེད་དང༌། ཚོགས་མགྲོན་རྟེན་ཡོད་ན། ཨོཾ། འདིར་ནི་གཟུགས་དང་སོགས་ཀྱིས་བཞུགས་སུ་གསོལ་བ་དང༌། མེད་ན། ཨོཾ། ཁྱེད་ཀྱི་སེམས་ཅན་སོགས་ཀྱིས་དབྱིངས་སུ་གཤེགས་པའམ། འབྲུ་གསུམ་བརྗོད་པས་བདག་ལ་བསྡུ་བ་གང་འོས་རང་གི་བློ་ཚོད་དང་སྦྱར། དྲུག་པ་བདག་བསྐྱེད་བསྡུ་ལྡང༌། བདུན་པ་དགེ་བསྔོ། བརྒྱད་པ་བཀྲ་ཤིས་རྣམས་རྒྱུན་གྱི་རྣལ་འབྱོར་སྙིང་པོ་ནས་འབྱུང་བ་ལྟར་དང༌། གཞན་ཡང་ཐེག་པ་ཆེན་པོའི་བསྔོ་སྨོན་དང༌། ཤིས་བརྗོད་ཀྱིས་མཐའ་བརྒྱན་པས་དགེ་ལེགས་སུ་བྱའོ། །ཡོན་ཏན་བརྒྱད་ཀྱི་ཕྲིན་ལས་གཟིས། །ཉི་མ་འབུམ་གྱི་སྣང་བ་ཡིས། །བདུད་ཀྱི་མུན་པ་གཏན་བཅོམ་ནས། །དངོས་གྲུབ་སྣང་བ་སྦྱིན་གྱུར་ཅིག །ཅེས་པའང་ཉེར་མཁོའི་ཆ་རྐྱེན་དུ་འདན་མཁར་མགོའི་སྤྲུལ་པའི་སྐུ་ཚེ་དབང་བསྟན་འཛིན་དཔལ་ལྡན་ཆོས་ཀྱི་ཉི་མ་ནས་འདི་ལྟར་སྦྱོར་ཤིག་པའི་བསྐུལ་མ་གནང་བའི་གཡར་ཁྲལ་དུ་ ༧ སངས་རྒྱས་ཀརྨ་པའི་མཚན་འཛིན་དུས་ཞབས་ཀྱི་ཕུར་པ་མཁན་པོ་མཁའ་ཁྱབ་རང་བྱུང་བདེ་བའི་རྡོ་རྗེས་གཏེར་གཞུང་གི་དགོངས་པ་སྲོག་ཏུ་བཟུང༌། རིགས་མཐུན་ནས་ཁ་བསྐང་སྟེ། རྡོ་རྗེ་འཛིན་པའི་ཕྱག་བཞེས་ཀྱིས་བརྒྱན་པའི་ཁུལ་དུ་བྱས་ནས། རབ་བྱུང་བཅོ་ལྔ་པའི་ས་རྟ་རྒྱལ་ཟླའི་ཉ་ལ་གྲུབ་པར་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ཚུལ་ཁྲིམས་ཀྱིས་བགྱིས་པ་དགེ་ལེགས་འཕེལ།། །།


[edit]

@#/__/snyan brgyud phrin las phur pa'i gnad tig gi smad las drag po'i srung zlog bsad pa'i las rim khyer bder bkod pa srid pa thal 'byin rdo rje'i mtshon char zhes bya ba bzhugs//@#/__/gu ru shrI badz+ra ku mA ra ye na mo/__/byams chen khros pa'i ye shes ni/__/mtshon cha chen po zhe sdang gcod/__/bdud 'dul phur pa'i lhar btud nas/__/srung bzlog las kyi sbyor ba bshad/__/de la sbyor dngos rjes gsum las/__/dang po sbyor ba ni/__dbang thob cing dam tshig dang ldan pa'i gang zag gis mtshan nyid dang ldan pa'i gnas khang du/__dam tshig gi bris sku la sogs pa'i rten dang*/__rgyan gyis rngams brjid chags par bgyis pa'i gung du/__stegs bu mtho bar many+dzi'i khar thod snod du dpal gtor bang rim bzhi ldan/__dkar dmar dam rdzas dar gur mthing gas brgyan pa/__de'i g.yas phyogs su bskang gtor ni/__rin po che'i snod du bang rim bzhi'i steng*/__gtor ma zur gsum gtso bo gcig la/__'khor bcu/__de rgyab gtor chung grangs med kyis bskor ba/__bang rim rnams la phyi nang gsang ba'i spyan gzigs/__/mchod rdzas/__bya gcan/__ri dwags/__g.yung dwags/__chu gnas/__sa 'dzul sogs 'jig rten srid pa'i dkor cha/__lha dang*/__mi'i dpal 'byaur go rim rang gnas ma log par bkod/__de dag gi g.yas su smin lugs dam can spyi gtor dang sman/__g.yon du phur srung bcu drug gi gtor 'bul dang*/__rak+ta/__stegs 'og mar chad brtan rgyun bzhag__/zhi drag gi mchod pa phreng tshar mjug sprod spyi ltar/__g.yon ngos su las dkyil stegs bu gru bzhi/__dur khrod kyi sa la khrag chang gis chag chag gdab pa/__rgya che chung spyod yul dang mnyam par ro sol sogs kyis nag por byugs pa'i steng*/__lte ba cha chen gnyis/__mu khyud cha phran gcig__/rtsibs cha chen gcig__/bka' sdod kyi 'khor sa cha phran gcig__/rdo rwa cha phran gcig__/me ri cha phran gcig bcas bskor ba'i lte bar chos 'byung gi thig ni/__nub kyi tshangs thig dang*/__skor thig dang po 'dzoms sa nas lte bar tshad pas/__skor thig dang po'i g.yas g.yon du mtshan ma bya/__de gnyis dang*/__shar gyi tshangs thig nas skor thig dang po 'dzoms sa gsum gyi sne sbrel bas 'byung ngo*/__/de la gru gsum mthing nag__/zla gam dmar/__mu khyud thod skam gyi phreng ba/__mtshon 'khor rtsibs bcu sngon po/__/rtsibs mchan dmar po/__'khor sa dang*/__rdo ra gzhi nag po la/__rdor phreng ser po/__me ri dmar ser 'bar ba/__de rgyab ma tra~M sngo skya khro bo'i bzhin ras can/__dbus dang*/__rtsibs rnams la hU~M yig mthing ga re re dang*/__bka' sdod kyi gnas su phyogs bzhir tshom bu re re bkod pa sgo skyong bzhi dang*/__de'i mtshams rnams su tshom bu bzhi re bkod pa phur srung bcu drug ste/__thams cad sngon po'am/__spro na sa phur ltar so so'i mdog mthun bkod/__de steng bzlog pa'i gtor ma ni/__lcags zangs kyi snod du nas nag__/sran ma/__bra bo gtso bor gyur pa'i 'bru sna'i dar phye dug khrag gis sbrus pa'i zan la/__gtor ma zur gsum thog mde'u lta bu'i rno dbal can gtso bo khru gang pa/__'khor bcu de'i phyed du slebs pa/__mthar sgo srung dang*/__bka' sdod rnams kyi gtor chung nyi shus bskor ba/__thams cad drag rgyan me ri sogs rngams brjid dang ldan pa'i rtser dar nag gi gdugs phub/__yod na srung ba'i 'khor lo phyag len ltar btsugs/__logs rnams su mtshe yungs rtsangs sha dum gyis brgyan/__mtha' bskor du rtsangs thur srin mo'i 'gros su btsugs pa la/__glo snying gi dum bu gzer ba dang*/__ba su ta dang*/__tshon skud sngo dmar gyis dkris la lcags sgyed kyi khar bzhag__/zor rdzas la/__skyer phur/__dug khrag__/yungs dkar/__mtshon dug__/gri mda'/__rdo rnams kong zor nang du so sor 'du bgyis pa gtor bzlog gi phyogs mtshams rnams su bkod pa'am/__bsdu na kong zor nang du spungs te btsugs pa gtor chen gyi g.yon ngos su bzhag__/mdun du khrag gi mchod yon sogs drag po'i nyer spyod bshams/__lcags hom du ling+ga bris 'bur gang rung bcug pa go yul 'grigs na bzlog gtor 'og dang*/__mi 'grigs na lho nub tu bzhag__/mdun rgyab gang bder tshe 'brang*/__de'i g.yas g.yon du tshe'i ril chang*/__rgyab dang mdun du tshe mda' rgyan ldan dang*/__phye mar/__nye logs su rgya bzhi/__sgro gnyis dang dbye ba'i dud rdzas/__byad thag sngo dmar/__ral gri dang*/__dug khrag lcags zangs rdo phye yungs nag rnams bsres pa'i thun/__hom gzar rnams dang*/__sngon gtor dkar bgegs/__srung ma spyi sgos kyi gtor 'bul/__tshogs kyi yo byad/__chad brtan/__bzlog pa'i skabs su mchod rgyu'i gtor chung dang*/__sha dum/__gser skyems chas dang*/__sreg mnan rgyas bsdus skabs bstun gyi rdzas sogs dang*/__slob dpon gyi mdun du nang mchod/__DA ru/__rdor dril/__gdab phur/__thun dang*/__me tog gi snod/__g.yab dar dmar nag__/gzhan yang bsang chu/__rkang gling rol mo la sogs pa nye bar mkho ba'i chas rnams tshogs par bya'o/__/gnyis pa dngos gzhi la thun mong dang*/__khyad par gnyis las/__dang po thun mong gi phrin las gzhung bsrang ba la bcu'i dang po gsol gdab ni/__tshig bdun sngon du 'gro bas/__brgyud pa'i gsol 'debs bya/__gnyis pa gsang chu bsgrub pa la/__dung zhal dri bzang chus bkang ba la dmigs te/__bsang chu'i nang du pad nyi'i steng*/__/hU~M las khro chen bdud rtsi 'khyil/__/ljang nag rgya gram dril bu 'dzin/__/dur khrod chas rdzogs gzi brjid 'bar/__/'dor stabs ye shes me klong 'gying*/__/thugs srog sngags kyi phreng ba las/__/bdud rtsi'i rgyun byung bcud du 'khyil/__/dag byed rdo rje'i bdud rtsir gyur/__oM badz+ra a mr-i ta kuN+Da lI ha na ha na hU~M phaTaH__ces brgya rtsa'am nyer gcig bzlas/__mthar/__khro bo 'od zhu chu yi rdul/__/gang la reg pas don byed gyur/__/ces 'od zhu bya/__gsum pa gnas bdag brngan pa ni/__dkar gtor dang gser skyems/__a mr-i tas bsang/__swA b+hA was sbyang*/__stong pa'i ngang las b+h+rU~M las rin po che'i snod yangs shing rgya che ba'i nang du/__gtor ma kha dog dri ro nus pa phun sum tshogs par gyur par bsams la/__lag gnyis mkha' lding gi rgya ston bzhin par/__oM AHhU~M lan gsum gyis byin gyis brlab/__b+hU mi pa ti sa pa ri wA ra badz+ra sa mA dzaHsa mgron spyan drangs/__b+hU mi pa ti sa pa ri wA ra a kA ro sogs lan gsum gyis gtor ma bsngos la/__gang dag 'dir gnas lha dang klu/__/gnod sbyin srin po'am gzhan dag la/__/sngags spyod don du sa phyogs 'dir/__/bdag zhu khyed kyis stsal du gsol/__/zhes lan gsum gsol bas gnang ba byin nas rang gnas su gshegs par mos la/__mchod gtor phyir 'bul/__bzhi pa rgyud sbyong zhing tshogs bsags pa ni/__rgyun gyi rnal 'byor snying po ltar tshogs zhing gsal btab la/__skyabs sems tshogs bsags bcas lan gsum re'i mthar/__dzaHhU~M ba~M hoHsa tshogs zhing rnams rang la thim par bsam mo/__/lnga pa bgegs bsal ba la gnyis kyi dang po las lha gsal gdab ni/__oM badz+ra kro d+ha ma hA shrI he ru ko\u0f85ha~M/__rang nyid skad cig gis dpal las kyi he ru ka mthing nag rdo rje dang*/__b+han khrag 'dzin pa'i skur gyur par mos pas/__gnyis pa bgegs gtor bsngo ba ni/__gong ltar bsang sbyang byin gyis brlabs la/__lcags kyu'i phyag rgya bcas/__oM sarba b+hU ta A kar+Sha ya dzaH__zhes mgron dgug__/oM sarba big+h+nAn na maHsarba ta thA ga te b+h+yo bi shwa mu khe b+h+yaHsarba thA khaM ung+ga te s+pha ra Na i maM ga ga Na khaM g+hr-ih+ne daM ba liM ta swA hA/__lan gsum gyis bsngo/__drug pa bka' bsgo ba ni/__hU~MH__glo bur ltar snang 'khrul pa'i bgegs:__rang grol gnyug ma'i klong du dengs:__sum+b+ha ni sogs drag sngags brjod cing*/__gu gul bdug__/yungs thun dang*/__rol mo'i mtsham rngams bcas bgegs bskrad/__bdun pa mtshams gcod ni/__hU~M:__phyi nang gzhan gsum dbyer med pa:__rdo rje'i srung 'khor chen por grub:__badz+ra rak+Sha tiSh+Than+tu:__brgyad pa byin dbab pa ni/__spos rol dbyangs bcas/__oM:__sngon gyi thugs dam chen po yis:__'gro rnams yongs su bsgral ba'i phyir:__dpal chen lha sngags ye shes kyis:__mchog thun grub pa'i byin chen phob:__oM badz+ra kI li kI la ya sarba sa ma ya dz+nyA na a be sha ya a AH__hU~M hU~M hU~M gis byin bsdu/__dgu pa mchod rdzas byin brlab ni/__ra~M ya~M kha~M:__oM AHhU~M:__dbyings kyi snod du rig pa'i bcud:__'dod yon rgya mtsho'i sprin 'phro ba:__mchod pa'i phyag rgya chen po ni:__'phel 'grib bral pa'i rgyan du shar:__oM badz+ra ar+g+haM nas/__shab+da sarba pU dza AHhU~M:__zhes dang*/__oM AHhU~M ma hA pany+tsa a mr-i ta rak+ta ba lid+ta hU~M hrI ThA:__zhes lan gsum gyis brlab bo/__/bcu pa bdag bskyed bzlas pa dang bcas pa ni/__rgyun gyi rnal 'byor snying po ltar/__mngon rtogs lha bskyed nas/__bsnyen sgrub kyi bzlas pa grub kyi bar btang mthar/__dbyangs gsal dang*/__rten snying gi sngags kyis lhag chad kha bskang zhing*/__nus pa brtan par byas la/__hU~M/__ye shes lha tshogs spyan 'dren gshegs/__/phyi nang gsang ba'i mchod pa 'bul/__/sku gsung thugs yon phrin las bstod/__/bag med 'gal 'khrul nyams chag bshags/__ma hA a mr-i ta rak+ta ba liM ta khA hi/__zhes pas sman rag sgreng zhing stong tshigs 'bul/__yi ge brgya pas nongs pa bshags pa rnams kyis bdag nyid nus ldan du bya'o/__/gnyis pa khyad par gyi phrin las la/__bzlog dkyil gsal 'debs dang*/__las bye brag pa gnyis las/__dang po mdun bskyed bzlog dkyil gsal gdab pa ni/__hU~M:__mdun dkyil ma TaM gnod byed dgra bgegs gzugs:__khams gsum nyon mongs dug lnga'i phung po la:__mtshon cha'i char bab rten gyi khog pa zhig:__dur khrod rol pa'i pho brang chen por gyur:__b+h+rU~M ma traM ru tra maN+Dal phaT:__brjid ldan gtor ma dpal chen ku mA ra:__'khor lo lnga ru rigs lnga'i sras mchog lha:__dpal chen chas rdzogs khro rngams yum dang 'khril:__rig gdangs khro bcu za gsod sgo ma dang :__bka' sdod pho nya'i dmags tshogs bsam mi khyab:__hU~M sarba he ru ka maN+Dal hU~M:__snod kyi 'jig rten dur khrod rol pa'i zhing :__bcud kyi dngos kun dpal chen phur pa'i lha:__khros 'khrugs rngams brjid 'jigs pa'i skur ston pa:__sgyu 'phrul drwa ba'i bkod pa chen por rdzogs:__hU~M hU~M hU~M:__bsdu na de tsam gyis 'thus/__spro na/__rgyun gyi rnal 'byor snying po'i spyan 'dren nas mchod bstod rdzogs kyi bar btang ngo*/__/gnyis pa las bye brag pa la rtsa ba dang*/__las sbyor/__mtha' sdud gsum gyi dang po rtsa ba la srung bsad gnyis las/__dang po srung ba rdo rje'i mkhar du srung ba ni/__rang gi thugs srog sa bon dang :__bsrung bya thams cad dbyer med pa'i:__'bar ba chen po'i 'od zer gyis:__khro rgyal rnams kyi thugs dam bskul:__dpal chen bcu las ye shes kyi:__rnam 'phrul nam mkha' gang bar spros:__phyogs mtshams steng 'og tshom bur bzhugs:__srung ba mtshams kyi las mdzad de:__rdo rje mtshon 'khor lcags kyu dang :__tho ba ral gri me yi gur:__rim pa drug gis gtams par gyur:__ces pa'i dmigs gnad dang ldan pas/__hU~M hU~M hU~M hU~M hU~M/__hU~M hU~M hU~M hU~M hU~M badz+ra kA bA tsi rak+Sha rak+Sha:__zhes ci nus su bzla'o/__/gnyis pa bsad pa'i las la gsum gyi dang po gzhi bzung ba ni/__bdag nyid dpal chen he ru ka:__khros 'khrugs rngams pa'i sngags bzlas pas:__dgra bgegs bsgral ba'i mngon spyod kyi:__las la ngo mthon tshul du bzhengs:__drag po sngags kyi nus pa rnams:__zor dang thun gyi rdzas la thim:__bsgral ba'i zhing bcu nyams pa bdun:__gsod pa'i mtshon cha chen por gyur:__sgrub sngags mthar spu gri'i sngags btags pa ci 'grub bzla/__zor thun rnams la has btab ste ngar gdags/__gnyis pa rgyab brten bcol ba la gnyis kyi dang po srung mar mchod gtor 'bul ba la'ang gsum las/__dang po spyir 'bul ba ni/__dam can spyi'i gtor chog bstod pa'i mtha' bar btang*/__gnyis pa bye brag phur srung gtor 'bul ni/__mchod gtor rnams ra~M ya~M kha~M gis bsang sbyang*/__rdzas rnams kyi nyes skyon dang dngos 'dzin sbyangs te/__stong pa'i ngang las b+hany+dza 'bar ba'i snod rnams su/__dgra bgegs bsgral ba las byung ba'i mchod gtor/__sman rag__/nyer spyod/__rten skong sgrub pa'i rdzas la sogs pa dam can rgya mtsho'i dgyes skong*/__nam mkha' mdzod kyi gter du 'char bar gyur/__par bsams la/__oM AHhU~M hoHsa byin gyis brlab/__rang gi thugs ka'i sa bon gyi 'od zer lcags kyus phur pa'i srung ma dam can rgya mtsho'i tshogs rnams spyan drangs par gyur par mos la/__rkang gling bshug pa'i sgra dang bcas te/__hU~M/__he ru ka dpal spyan snga ru/__/khas blangs dam can rgya mtsho rnams/__/tha tshig bzhin du gnas 'dir byon/__/'dir bzhugs rang dam gnyan po dgongs/__badz+ra sa mA ya tiSh+Than+tU/__zhes pas drangs brtan dam bsgrags nas/__hU~M/__thun mong khyad par bla na med/__/phyi nang gsang ba'i mchod sprin ni/__/dngos bshams yid las byung ba dag__/nam mkha' gang bar spros te mchod/__/oM shrI badz+ra ku mA ra d+harma pA la sa pa ri wA ra ar+g+haM pAd+yaM nas/__shap+da pra tIts+tsha swA hAs nyer spyod dang*/__ma hA pany+tsa a mr-i ta khA his sman dang*/__ma hA rak+ta khA his rak+ta/__oM badz+ra kI li kI la ya d+harma pA la sa pa ri wA ra i daM ba liM ta kha kha khA hi khA hi/__zhes lan bdun nam/__gsum gyis gtor ma 'bul/__phur srung dam can rgya mtsho 'khor dang bcas pa rnams kyis/__mchod sbyin gyi gtor ma rgya chen po 'di bzhes la/__sangs rgyas kyi bstan pa srungs/__dkon mchog gi dbu 'phang bstod/__dge 'dun dang chos kyi rgyal srid skyongs/__'jig rten gyi rgud pa sol/__sems can gyi phan bde spel/__rnal 'byor pa rnams kyi sdaung grogs mdzod/__sngags 'chang rnams kyi phrin las sgrubs/__sdang ba'i dgra thul/__gnod pa'i bgegs choms/__khyad par dam tshig 'dir 'dus pa rnams kyi phyi nang gsang ba'i 'gal rkyen zhi ba dang*/__mthun rkyen smon pa'i legs tshogs thams cad 'phel zhing rgyas pa dang*/__mchog dang thun mong gi dngos grub ma lus pa myur du 'grub pa'i phrin las mdzod cig__/ces 'dod don phrin las gsol/__hU~M/__dpal chen rdo rje gzhon nu yi/__/dka' yi srung ma mthu stobs can/__/tshar gcod rjes 'dzin phrin las bdag__/dam can rgya mtsho'i tshogs la bstod/__/ces bstod nas/__slar yang phrin las bcol ba ni/__hU~M:__dam tshig chen po'i dus la bab:__sprul pa chen po'i dus la babs:__phyag brnyan chen po'i dus la babs:__shA na mu kha'i dus la babs:__sa bdag chen mo'i dus la babs:__khyed kyi phrin las dus la babs:__mthu rtsal dbyung ba'i dus la babs:__mkha' 'gro ging gi tshogs rnams dang :__lang+ka dbang phyug 'bar ma'i tshogs:__ma bdun sring bzhi pho nya'i tshogs:__gtor ma phul ba 'di bzhes la:___bdag la las kyi dngos grub stsol:__bsam pa yongs su 'grub pa dang :__las kyi 'bras bu mchis par mdzod:__ces drag tu gyer ro/__/gsum pa gter gzhi dam spyi ltar bya/__gnyis pa tshogs mchod la bzhi las/__dang po byin gyis brlab pa ni/__thabs shes zung 'jug gi rdzas rnams rnal 'byor pa'i nus pa dang mthun par tshogs par byas la/__ra~M ya~M kha~M:__ye shes rlung dang rig rtsal me:__byang sems chu yi cho 'phrul las:__snod bcud tha mal 'dzin zhen sbyangs:__stong pa'i ngang las gsal ba'i gdangs:__snod ni pad+ma b+hany+dza'i nang :__bcud ni byang chub sems chen po:__rnam par dbye ba kun spangs pa'i:__'phel 'grib bral ba'i phyag rgya che:__rdo rje'i dam tshig chen por shar:__oM AHhU~M ha ho hrIH__sa ma ya hoH__sa ma ya s+t+wa~M:__a nu rA ga ya ho:__a nu rA ga yA mi:__gnyis pa tshogs mgron spyan drangs pa ni/__hU~M hU~M:__pad+ma rdo rjer sbyor ldan pa'i:__a ha~M sngags kyi sgra chen pos:__dpal chen khrag 'thung kI la ya:__phur pa'i lha tshogs spyan 'dren gshegs:__oM ma hA shrI he ru ka badz+ra kI li kI la ya e h+ya hi:__ma hA su kha sa ma ya s+t+wa~M:__sa ma ya ho:__gsum pa tshogs mchod 'bul ba ni/__hU~M:__byang chub sems ni bla na med:__dbang po'i rol pa phyi yi tshogs:__yul dang shes pa mi phyed pa:__bde stong longs spyod nang gi tshogs:__rdo rje'i dam tshig bla na med:__bsam gyis mi khyab gsang ba'i tshogs:__gnyis med mnyam pa'i ngang du rol:__ma hA pU dza ta na ga Na sa ma ya a ha~M:__bzhi pa bar pa bskang bshags bya ba la gsum las/__dang po thugs dam bskang ba ni/__'jam mgon rdo rje 'chang gis mdzad pa'i bdud 'dul sngags gling ma sbyor zhing*/__de la dmigs bsal gyi 'byin 'jug ni/__bde chen rgyal mo/__zhes pa'i mtshams su/__mdo sngags gling*/__/'chi med pad+ma gar dbang sogs/__/sku gsum brgyud pa sogs mthar chags su btang*/__gnyis pa bshags pa ni/__hoH__rtsa ba yan lag dang bcas pa:__phyi yi dam tshig nyams chag bshags:__bde chen lam du ma bslangs pa'i:__nang gi nyams chag bzod par gsol:__med dang phyal ba gcig pu dang :__lhun gyis grub par mnyam bzhag pas:__kun nas kun tu mi phyed pa'i:__rdo rje'i dam tshig dag gyur cig:__sa ma ya ho:__zhes dang*/__yi ge brgya pa bzla'o/__/gsum pa skong bzlog bya ba ni/__skabs 'dir dkyus su mi dgos kyang*/__smad las dang 'brel skabs skong bzlog bya bar spro na/__hU~M/__rig 'dzin rtsa brgyud bla ma dang*/__/rdo rje gzhon nu'i dkyil 'khor lha/__/sras dang khro bcu khra thabs bcas/__/sgo skyong phur srung bka' sdod tshogs/__/bdud dgra 'joms pa'i lha tshogs kyi/__/thugs dam gnyen po bdag gis bskang*/__/nyams chag sdig sgrib mthol zhing bshags/__/mchog dang thun mong dngos grub stsol/__/mngon spyod drag po'i phrin las mdzod/__/lha rdzas me tog bdug spos sogs/__/phyi yi mchod pa tshar du dngar/__/dbang po'i me tog gsur chen sogs/__/rang byung nang mchod brjid par bris/__/sman rag bdud rtsi'i rgya mtshor 'khyil/__/sha rus bshos bu lhun por spungs/__/mnyam sbyor dga' bzhi'i ye shes skyes/__/de yang stong nyid gzod ma'i klong*/__/bskang ngo bskal par thugs dam bskang*/__/gzhan yang thugs dam bskang ba ni/__/sku gsung thugs yon phrin las kyi/__/sgrub pa'i dam rdzas ma tshang med/__/srung zlog bsad gsum phrin las kyi/__/drag po'i mthun rdzas kun tshogs pas/__/thugs dam bskang ngo dgra bo'i gshed/__/mngon spyod phrin las kun 'grub pa'i/__/skong rten sgrub rbad bskul ba'i rdzas/__/ma tshang med pa thams cad kyis/__/mkha' ltar khyab pa'i sku mnga' ba/__/rig 'dzin brgyud pa'i thugs dam bskang*/__/dpa' bo bdud dgra bdud 'dul ba/__/rdo rje gzhon nu'i thugs dam bskang*/__/shes rab rang bzhin mkha' 'gro'i gtso/__/'khor lo yum gyi thugs dam bskang*/__/bdud kyi dpung rnams pham mdzad pa/__/phyogs bcu khro bo'i thugs dam bskang*/__/thabs shes dbyer med zung 'jug sku/__/phra men rnams kyi thugs dam bskang*/__/gtso bo'i bka' sdod dam tshig can/__/phur srung rnams kyi thugs dam bskang*/__/chos kyi dbyings kyi dkyil 'khor nas/__/gdug pa ma lus kun 'dul phyir/__/thugs rje khros te 'ong ba'i lha/__/rdo rje gzhon nu'i dkyil 'khor ba'i/__/thugs dam gnyen po bdag gis bskang*/__/nyams chag sdig sgrib mthol zhing bshags/__/mchog dang thun mong dngos grub stsol/__/mngon spyod drag po'i phrin las mdzod/__ces thugs dam bskang nas/__bzlog pa'i phrin las gsol ba ni/__thal mo brdab cing*/__hU~M:__de ltar bskang bas bskang gsol nas:__'di ltar bzlog pa'i phrin las mdzod:__rnal 'byor bdag cag 'khor bcas la:__yas kyi bdud du g.yos pa zlog:__mas kyi sri langs phyir la zlog:__nye ba'i byol po phyir la zlog:__yul pa'i 'grim chags phyir la zlog:__pha tshan rgyab 'dre phyir la zlog:__gshin rje'i 'khrul 'khor phyir la zlog:__ma mo'i khrag zor phyir la zlog:__bdud kyi khram kha phyir la zlog:__btsan gyi rgyal kha phyir la zlog:__sa bdag gdug byed phyir la zlog:__rgyal po'i smyo 'dre phyir la zlog:__gza' yi kiM kang phyir la zlog:__mu stegs ngan sngags phyir la zlog:__the'u rang sris rkun phyir la zlog:__nad kha rims kha phyir la zlog:__sngags pa'i phur kha b+h+yo zhing zlog:__bon gyi bon zor b+h+yo zhing zlog:__sum pa'i glang zor b+h+yo zhing zlog:__me nyag bang so b+h+yo zhing zlog:__lo kag zla kag phyir la zlog:__ltas ngan mtshan ngan phyir la zlog:__pho brgyas mda' bdar mtshon kha zlog:__mo brgyas dug g.yos b+h+yo zhing zlog:__mi nag skye bo'i ya ga zlog:__bran khol ngan pa'i dmod mchu zlog:__dgra la b+h+yau zlog bsgral du gsol:__bgegs la b+h+yo la rdul du rlog:__ces bskang bzlog drag tu bya'o/__/gnyis pa las sbyor dngos la sngon du bya ba/__bsad las dngos/__tshogs drangs lhag__/bzlog pa bzhi'i dang po sngon 'gro la'ang lnga las/__dang po thugs dam bskul ba ni/__dkyil 'khor gsum bskyed pa thams cad thugs dam las bzhengs te/__dmag dpung go bsar byed pa bzhin/__rngams pa'i hU~M sgra dir gyis las la chas par bsams la/__rol chen rkang gling bshug glu g.yab dar bcas/__hU~M:__chos nyid gdod nas skye ba med pa las:__snying rje chen pos skye ba'i skur bstan pa:__dpal chen rdo rje gzhon nu yab yum dang :__rigs lnga ye shes kun tu snang ba'i sprin:__khro bcu yab yum khra thabs sprul par bcas:__dus las yal yol dbri bkol mi mdzad par:__chos dbyings ye shes gsal ba'i ngang nyid las:__thugs dam dbang gis khros 'khrugs skur bzhengs te:__gdug can dgra bgegs gtum po pham mdzad phyir:__'khor bcas tha tshig gnyan po'i dus la bab:__gsol yang mi dgongs bskul yang mi bgyid na:__thugs dam zhal bzhes dam bca' rdzun du thal:__de phyir ye shes chen po'i rtsal bskyed la:__mngon spyod dmod pa'i phrin las yongs grub mdzod:__ces bskul/__gnyis pa gser skyems 'bul ba ni/__ra~M ya~M kha~M/__'dod yon zag pa med pa'i bdud rtsi'i rgya mtsho chen por gyur/__oM A hU~M ha ho hrIH__lan gsum gyis brlabs/__hU~M:__byin rlabs mchog stsol rtsa brgyud bla ma dang :__yi dam zhi khro dpal chen phur pa'i lha:__sangs rgyas byang sems dpa' bo mkha' 'gro la:__gser skyems mchod pa 'bul lo phrin las mdzod:__mthu stobs dbang phyug dpal mgon lcam dral dang :__phur pa'i srung ma dregs pa'i dpung tshogs sogs:__ye shes las las grub pa'i dam can ma:__gser skyems mchod pa 'bul lo phrin las mdzod:__phyi nang gsang ba gab sbas stan pa skyong :__dregs pa sde brgyad yul lha gzhi bdag sogs:__srid gsum 'byung po mthu stobs can rnams la:__gser skyems mchod pa 'bul lo phrin las mdzod:__ces phud kyis mchod/__gsum pa gzu dpang gsol ba ni/__hU~M:__phyogs bcu nam mkha' yangs pa'i dkyil 'khor nas:__bla ma rig 'dzin rgyal ba sras dang bcas:__srid pa phur bu grub pa'i lha tshogs rnams:__brtse ba'i thugs rjes bdag la dgongs su gsol:__bdag ni rnal 'byor rig 'dzin sgrub pa po:__sngags 'chang sgrub pa po la dgra byung na:__bdag ni ma nyes ma yo srung ma mkhyen:__gzu dang dpang du dkon mchog bzhugs:__zhal lce snang srid lha 'dres chod:__dam nyams dgra bo sdig can 'dis:___dang po sangs rgyas bstan pa bshig:__bar du dkon mchog dbu 'phang smad:__tha mar gsang sngags snying po phral:__da lta rnal 'byor bdag la bsdos:__dge ba bcu ni khyad du bsad:__mi dge bcu ni dang du blangs:__mtshams med lnga ni 'bras bur smin:__'di ni bsgral ba'i zhing yin pas:__rdo rje gzhon nu'i lha tshogs 'khor dang bcas:__chos nyid zhi ba'i ngang las ma g.yos kyang :__rngams brjid tshul du khro bo'i skur bzhengs pa:__bsgral ba'i zhing bcu 'dul ba'i dus la babs:__ma g.yel ma g.yel dpal chen phur pa'i lha:__dam nyams dgra bo sgrol ba'i phrin las mdzod:__ces gsol bas/__snod bcud lhar gsal ba thams cad sngon gyi thugs dam las bzhengs te/__rang la gnang ba stsal zhing*/__dgra bgegs la thugs cher 'khrugs pas/__drag po'i las la rngams shing rings pa'i tshul du bzhugs par bsams la/__bzhi pa dmigs bya bskyed pa ni/__mdun du e las lcags sregs kyi khang sgrom gru gsum bang rim dgu pa/__kha khyer dog cing gting zab pa/__'og na 'dod chags kyi khrag mtsho khol ba/__logs la zhe sdang gi me rlung 'tshubs pa/__steng na gti mug gi mun pa 'thibs pa/__mtshon cha'i char 'bebs shing*/__nad dang dug gi rlangs pa 'phyo ba/__than dang ltas ngan cho 'phrul sna tshogs mi bzad par 'khrugs pa/__las byed phur srung dam can rgya mtsho'i dmag tshogs seng+ge ltar rngams pa/__stag ltar 'phyo ba/__srin po ltar khros pa/__sha za ltar rgyug pa/__rgyob rgyob dang*/__sod sod kyi sgra 'brug ltar sgrogs pas gang ba/__srid pa las kyi btson khang drag po/__de'i nang du nr-i tri dud kha yongs su gyur pa las/__dgra bgegs dam sri lus gcer bu rid pa/__mdog nag cing*/__dran pa nyams pa/__mya ngan gyi phyag rgya can/__bu ga dgu nas khrag 'dzag pa/__gnod byed thams cad 'dus pa'i ngo bor gyur par bsam mo/__/lnga pa bden stobs brjod cing 'gugs pa ni/__na mo sangs rgyas kyi bka' bden pa dang*/__chos kyi bka' bden pa dang*/__dge 'dun gyi bka' bden pa dang*/__bdud 'dul phur pa'i lha tshogs bka' sdod pho nya las mkhan dam can rgya mtsho'i tshogs dang bcas pa'i bka' bden pa dang*/__gzhan yang gsang sngags dang*/__rig sngags dang*/__gzungs sngags dang*/__snying po dang*/__phyag rgya dang*/__ting nge 'dzin gyi bden pa'i stobs kyis/__bdag cag rnal 'byor dpon slob yon mchod 'khor dang bcas pa rnams la gnod cing 'tshe bar byed pa'i gzugs can gyi dgra/__gzugs med kyi bgegs/__bar chad kyi rkyen/__khyad par du byad ma rbod gtong lha dang bcas pa rnams/__mgon byed kyi lha/__tshe dang dbang thang*/__bsod nams dang*/__dus kyi dbang du ma btang bar da lta nyid du ling+ga 'di la khug cig__/oM badz+ra kI li kI la ya shrI g+h+raM A na ya dzaHhU~M ba~M ho:__zhes lan gsum sogs bya/__gnyis pa bsad las dngos la drug las/__dang po pho nya bskul ba ni/__bdag gi thugs ka nas sprul pa'i pho nya grangs med pa 'phros pas/__dmigs bya thams cad rang dbang med par bkug ste bstim par gyur par bsams la/__hU~M:__dam tshig chen po'i dus la bab:__sprul pa chen po'i dus la bab:__shwA na mu kha'i dus la bab:__sa bdag chen mo'i dus la bab:__bdag nyid chen mo'i dus la bab:__dam can 'khor bcas dus la bab:__sdang ba'i dgra dang gnod pa'i bgegs:__bar du gcod pa'i sde dang dpung :__yud tsam gyis ni 'dir khug la:__mngon spyod phrin las tshul bzhin mdzod:__sgrub sngags dang*/__spu gri sbrel ma'i mthar/__sarba sha trU~M nr-i tri badz+ra aM ku shA dzaH__badz+ra pA sha hU~M/__badz+ra s+pho Ta ba~M/__badz+ra gaN+De hoH__zhes rgya bzhis 'gugs 'chings sdom myos bya/__gnyis pa lha dang dbye ba ni/__bya 'ug gi dong ru thogs shing*/__dbye ba'i rgya dang bcas/__gu gul rgod ma la gsang ba'i sngags kyis gdab pa'i dud pas bdug la/__hU~M:__dam tshig chen po'i dus la bab:__sprul pa chen po'i dus la bab:__shwA na mu kha'i dus la bab:__sa bdag chen mo'i dus la bab:__bdag nyid chen mo'i dus la bab:__dam can 'khor bcas dus la bab:__sdang ba'i dgra dang gnod pa'i bgegs:__bar du gcod pa'i sde dang dpung :__gtogs shing grogs dang bral bar gyis:__mngon spyod phrin las tshul bzhin mdzod:__sgrub sngags dang spu gri'i sbrel ma'i mthar/__dgra bgegs ha sa ya ra ha sa ya ra hrIHdaN+Da hU~M phaTaH__ces skyob byed dang dbye/__gsum pa byad du gzhug pa ni/__skud pa sngon dmar gyis 'chings la/__hU~M:__dam tshig chen po'i dus la bab:__sprul pa chen po'i dus la bab:__shwA na mu kha'i dus la bab:__sa bdag chen mo'i dus la bab:__bdag nyid chen mo'i dus la bab:__dam can 'khor bcas dus la bab:__sdang ba'i dgra dang gnod pa'i bgegs:__bar du gcod pa'i sde dang dpung :__zung zhig rgyob cig rnam par chings:__mngon spyod phrin las tshul bzhin mdzod:__sgrub sngags dang spu gri sbrel ma'i mthar/__dgra bgegs shI g+h+raM a na ya hU~M phaT:__ces gdab pa'i kha tshar 'di rnams gzhung gi dngos bstan ltar yin la/__las drug tshang bar mos na phur pa spyi ltar sbyar yang rung ngam snyam/__bzhi pa phur bu gdab pa la gsum gyi dang po rak+ta'i dgyes mchod lan gsum 'bul ba'i dang por gzi byin bskyed pa ni/__gdab phur srid pa phur bu'i dbyings su rdzogs pa'i lha tshogs rnams la/__dmar chen rak+ta'i dgyes mchod tshar gsum phul bas/__gtso 'khor rnams kyi gzi brjid rab tu bskyed nas bcol ba'i phrin las mdzad par gyur par bsams la/__hU~M:__dam tshig chen po'i dus la bab:__dngos grub bar chad byed pa'i bgegs:__gdug cing sdang sems ldan pa rnams:__zung zhig rgyob cig rnam par chings:__sod cig srog dang bral bar gyis:__rings par khug la smyor chug cig:__phob cig gzir cig brlag par gyis:__gru gsum drag po'i snod du bskyil:__khrag 'thung 'bar ba'i zhal du bstab:__ma hA rak+ta kha ra~M khA hi:__gnyis pa thugs dam bskul ba ni/__hU~M:__nga yi dbang du gyur nas kyang :__bsgo ba'i bka' rnams nyan par gyis:__bran dang bka' nyan pho nya'i tshogs:__khyod kyi dam tshig dus la bab:__sngon chad tshul bzhin dam bcas pa'i:__mngon spyod phrin las myur du mdzod:__ma hA rak+ta kha raM khA hi:__gsum pa phrin las bcol ba ni/__hU~M:__gdug cing sdang sems ldan pa rnams:__lha'am 'on te bdud kyang rung :__nga la bar chad byed pa rnams:__mthu dang rdzu 'phrul med par gyis:__ma hA rak+ta kha ra~M khA hi:__zhes pas rak+ta lan gsum 'bul/__gnyis pa lung gsum ni/__bdag nyid dpal chen po/__phur bu sras mchog__/ling+ga dgra bgegs kyi snying gar tshe srog gi rten nr-i tri dang bcas pa dngos su gsal bar gyur/__phur bu'i dpal rtse AHyig dkar po'i 'od kyis sgrib gnyis bag chags dang bcas pa sbyangs/__srog rten la reg pa tsam gyis sgo lnga'i rnam shes dbal rtser bsdus/__nyon mongs pa'i yid rtsad nas bcad/__lnga 'dus dwangs ma tshe bsod thams cad 'od zer dkar po'i rnam par 'ub kyis bsdus nas rang la thim/__kun gzhi'i rnam shes AHdkar por gyur pa phur rtses ling gis btegs nas/__dpal chen po'i thugs kar thim par gyur par bsam/__gsum pa phur bus gdab pas bag chags kyi lus bsgral ba ni/__phur bu'i dbal las 'phros pa'i mtshon cha'i char bab pas/__bag chags kyi gzugs rten thal phyung du phug pas rdul du brlag par gyur par mos la/__hU~M:__'dod khams gzugs khams gzugs med khams:__thugs gsung sku yi dbyings su rdzogs:__ye shes gsum gyi srog ldan pas:__dug gsum rtsad gcod kI la ya:__'dril ni rdo rje gzhon nus 'dril:__dmigs pa dgra dang bgegs la btad:__las ni tshe bsod rang la bstim:__rnam shes chos kyi dbyings su spor:__gzugs phung thal ba'i rdul du brlag:__'bras bu las ngan rgyun bcad de:__sangs rgyas rnams kyi sras su bskyed:__mngon spyod phrin las yongs rdzogs mdzod:__sgrub sngags dang spu gri sbrel ma'i mthar/__dgra bgegs tsit+ta mA ra ya phaT:__rbad thu~M ri li li:__zhes btags pa brjod cing phur pa gdab/__rkang g.yon nas brtsams te/__ral gris dum bur gtubs shing thun gyis brdeg go__/lnga pa zhal du bstab pa ni/__ling ro sman rag gis bran pa hom gzar du thogs te/__dpal chen rdo rje gzhon nu sprul 'khor dang bcas pa/__zhal gnam sa tsam du gdangs nas bzhugs pa la/__dgra bgegs bsgral ba'i sha khrag bdud rtsi'i rgya mtshor sbar ba zhal du bstab pas/__dgyes pa'i bzhad sgra dang bcas te lhag med du rol par gyur par bsams la/__hU~M:__dam tshig chen po'i dus la bab:__sprul pa chen po'i dus la bab:__shwA na mu kha'i dus la bab:__sa bdag chen mo'i dus la babs:__bdag nyid chen mo'i dus la bab:__dam can 'khor bcas dus la bab:__sdang ba'i dgra dang gnod pa'i bgegs:__bar du gcod pa'i sde dang dpung :__bzhes shig rol cig med par mdzod:__bsgo ba'i bka' rnams nyan par gyis:__lus ngag rdul du brlag par mdzod:__sgrub sngags dang*/__spru gri sbrel ma'i mthar/__badz+ra yak+sha kro d+ha b+hin+d+ha ya b+hin+d+ha ya kha kha khA hi khA hi ha ha/__hU~M hU~M/__phaT phaT/__ces gtor mar 'bul/__drug pa 'phros don ni/__smad las dang mi 'brel ba'i rgyun gyi tshogs mchod lta bu'i skabs su 'gugs bsgral bstab pa mdor bsdus bya ba la/__tshogs tha mar dmigs te/__e ya~M dz+wa la ra~M/__mdun du brub khung yangs shing gting zab pa'i nang du/__dgra bgegs dam sri pho mo rnams rid cing nyam thag pa'i lus can du gsal bar gyur par mos la/__na mo/__dkon mchog gsum la phyag 'tshal lo/__dkon mchog gsum gyi bka' bden pa dang*/__chos nyid rnam par dag pa'i bden pa dang*/__chos can rgyu 'bras bslu ba med pa'i bden pa dang*/__phrin las phur pa rol pa'i lha tshogs rnams kyi bka' bden pa dang*/__sprul pa yang sprul phyag brnyan dang bcas pa rnams kyi bka' bden pa dang*/__bden pa chen po'i mthus/__ma rungs pa'i sems can bsgral ba'i zhing du gyur pa thams cad mtshan ma rdzas kyi rten 'di la mchis par gyur cig__/ces bden pa'i stobs brjod cing*/__nr-i yaM dzaH__nr-i badz+ra ang+ku shA dzaH__tri yaM dzaH__tri badz+ra ang+ku shA dzaH__ces lcags kyu'i phyag rgyas dmigs bya rten la bkug__/oM badz+ra kI li kI la ya shI g+h+raM a na ya dzaHhU~M ba~M hoHsa dgug gzhugs bcings te myos par byas la/__phur pa 'dril te/__hU~M b+h+yoH__bstan dang 'gro la 'tshe ba yi:__dgra bgegs kla klo bkug cing bstim:__the tshom rtog pa'i byur 'dre kun:__dzaHhU~M ba~M ho'i phyag rgyas gdab:__gzung dang 'dzin pa'i gnyis 'dzin bdud:__thams cad chos kyi dbyings su bsgral:__kun nas kun tu 'od gsal ba:__gdod ma'i stong chen dbyings su thim:__hU~M hU~M ho haM mA ra ya phaT:__ces tshe khrus kyi dgongs pa dang ldan pas phur pa gdab cing bsgral nas/__sha khrag bdud rtsir sbar ba zhal bstab ni/__hU~M b+h+yo:__gnam sa tsam gyi zhal gdangs la:__gangs ri tsam gyis mche ba gtsigs:__klog dmar 'gyu 'dra'i ljags brkyong ste:__nyams pa bdun ldan dgra bo rol:__ye shes chen po'i gzi byin skyed:__bde ba chen po'i rtsal dang bcas:__dbyings rig gnyis su med pa'i ngang :__mngon spyod phrin las mthar phyin mdzod:__sa ma ya ho ho ho:__a ho ma hA su kha hoH__zhes 'bul/__gsum pa tshogs drang lhag ma gnyis kyi dang po tshogs drang ba ni/__las rdor gyis thabs shes kyi tshogs btegs te/__hoH__tshogs kyi mchod pa rgyan du rol/__zhes 'bul/__slob dpon gyis/__a la la hoH__zhes pas blangs te/__phung po khams dang skye mched kun:__gdan gsum yongs rdzogs dkyil 'khor ste:__bza' bca' btung ba'i longs spyod kun:__rdo rje'i dam tshig chen por rol:__zhes nang gi rnal 'byor dang ldan pas tshogs la rol/__gnyis pa lhag gtor byin gyis brlab cing bsngo ba ni/__lhag ma bsdus la/__oM AHhU~M ha ho hrIH__lhag ma'i dam tshig 'dod yon gyi phung po zad mi shes pas nam mkha' gang bar gyur/__ces byin gyis brlabs la/__e A ral+li hriM dzaH__zhes pas lhag sdud kyi pho nya'i tshogs rnams dam tshig gi gnas su byon par mos la/__oM badz+ra puSh+pe nas/__shap+da pra tIts+tsha swA hAs nyer spyod 'bul zhing*/__rkang gling bshug glu'i sgra dang bcas/__hU~M b+h+yo:__gnas dang yul dang zhing rnams kun:__skyong ba'i ma sring mkha' 'gro dang :__lhag ma'i dam tshig gtogs pa kun:__'dir gshegs dpal gyi pha 'bab bzhes:__rnal 'byor phyi yi bar chad sol:__'byung bzhi nang gi g.yo 'khrugs zlog:__rtsa rlung gsang ba'i sun ma chod:__thig le rten dang brten par bcas:__ye shes chen por dbyer med mdzod:__sa ma ya uts+tshiSh+ta ba ling+ta khA hi:__zhes phrin las bcol/__bzhi pa bzlog pa'i las rim la gnyis kyi dang po phrin las bcol ba ni/__ling ro dang gtor chung khrag skyems dang sbyar ba bzlog gtor du 'bul zhing*/__drag po'i rol mo dang bcas pas/__hU~M hU~M hU~M:__bzhengs shig rdo rje gzhon nu'i tshogs:__dbyings la skye ba ma mchis kyang :__rig pa rang snang rol pa'i rtsal:__drag shul chen po'i gzi byin bskyed:__dgra bgegs sha rus khrag gi mtsho:__dgyes pa'i gad mo dang bcas bzhes:__'bar ba mchog gi cho 'phrul gyis:__nag phyogs dgra bgegs rtsad nas chod:__rnal 'byor bdag cag 'khor bcas la:__phas rgol rbod gtong dmod pa'i mtshon:__bzlog gzir phrin las dus la bab:__ma g.yel ma g.yel yi dam lha:__bcom ldan badz+ra ku mA ra:__yum chen 'khor lo rgyas 'debs ma:__sras mchog kI la rigs lnga dang :__khro bcu yab yum za gsod tshogs:__sgo skyong phur pa'i srung ma sogs:__gtso 'khor sprul par bcas pa rnams:__zlog sgyur drag po'i las la bzhengs:__dgra bgegs gdug pa bsgral ba yi:__'dod chags khrag gi rgya mtshor rol:__zhe sdang rus pa'i phung po choms:__gti mug sha yi ri bo bzhes:__'bar zhing 'khrugs pa'i brtul zhugs bskyed:__bstan dang 'gro la 'tshe byed cing :__rnal 'byor lam gyi bar chad rkyen:__gnyis snang 'khrul pa las byung ba'i:__'jigs pa brgyad dang bcu drug zlog:__nad rigs bzhi brgya rtsa bzhi zlog:__gdon tshogs sum brgya drug cu zlog:__bgegs rigs stong phrag brgyad cu zlog:__dus min 'chi ba bco brgyad zlog:__glo bur bdun brgya nyi shu zlog:__ye 'grog sum brgya drug cu zlog:__ltas ngan brgyad bcu rtsa gcig zlog:__phyi nang drang srong dmod tshig zlog:__ban bon mu stegs rigs sngags zlog:__sde brgyad gdug pa'i cho 'phrul zlog:__sra ba sa la mnan pa zlog:__gsher ba chu la gtad khrom zlog:__'bar ba me la bsreg pa zlog:__g.yo ba rlung 'khor bskor ba zlog:__chag che nyams nga thams cad zlog:__lo zla zhag dus skeg sri zlog:__mi kha gleng gzhi 'thab rtsod zlog:__dngos nyams rmi lam ltas ngan zlog:__pha mes dur kha phye ba zlog:__lha srung bdud du bab pa zlog:__dpral ba'i gshed du 'jug pa zlog:__ltag pa'i bdud du 'jab pa zlog:__gnam gyi 'ju thag chad pa zlog:__sa yi rten phur bud pa zlog:__snod kyi 'jig rten rgud pa zlog:__'byung ba g.yo zhing 'khrugs pa zlog:__sad ser btsa' than mu ge zlog:__dus tshod dman lhag log pa zlog:__bcud kyi mi dge'i rnam rtog zlog:__mi phyugs nad yam god ka zlog:__mtha' dmag kla klo'i rgyu 'grul zlog:__bstan sel phung bshig sde 'khrugs zlog:__rtsa rlung thig le'i g.yo 'khrugs zlog:__gzung 'dzin 'khrul pa'i gnyis snang zlog:__dbyings kyi rje mo g.yel ba zlog:__'jig rten mkha' 'gro 'khrugs pa zlog:__las kyi mkha' 'gro'i bsun ma zlog:__'dod chags lha bu'i bdud tshogs zlog:__zhe sdang 'chi bdag rngams pa zlog:__gti mug nyon mongs mun pa zlog:__nga rgyal phung po'i bdud sde zlog:__phrag dog byad phur rbod gtong zlog:__mdor na 'gal rkyen mi mthun phyogs:__bzlog go dmar chen gtor mas zlog:__bsgyur ro dgra bgegs steng du sgyur:__zlog sgyur bcol ba'i phrin las mdzod:__oM badz+ra kI li kI la ya sarba big+h+nAn ba~M hU~M phaT:__sarba duSh+tan mA ra ya b+h+yo b+h+yo zlog zlog:__ces bskul zhing phrin las bcol lo/__/gnyis pa sngags dmigs kyi bzlog pa ni/__dpal chen lha tshogs 'khor dang bcas:__khros 'khrugs rngams pa'i gzi byin bskyed:__phyi rol zhal gzigs sngags kyi sgra:__'brug stong lta bur sgrog pa yi:__sku dang zhal las dmod pa'i mtshon:__nad mtshon dug rlangs pho nya'i tshogs:__skar ltar 'khrugs shing ser ltar 'bab:__nag phyogs 'byung po sde bcas dang :__phas rgol rig sngags dmod pa'i dbal:__mi mthun 'bras bu than ltas ngan:__thams cad rang dbang med par bzlog:__dgra dang bgegs kyi steng du bab:__rtsa sbur me lces bsregs pa bzhin:__rjes shul med par brlag par mdzod:__sgrub sngags dang spu gri sbrel ma'i mthar/__rbod zor sarba a pa ka ra b+h+yo b+h+yo zlog zlog rbad nan:__zhes brgya rtsa'am/__nyer gcig la sogs pa drag la rngams par bzla/__de ltar grangs ji ltar 'os pa gyer/__bzlog pa zhag grangs byed na/__dam can spyi'i gtor 'bul dang*/__bskul chad brtan/__rta bro/__tshe bcud bsdu zhing 'gugs pa/__dam spyi'i rjes rim dang*/__dkyil 'khor bar mchod bstod/__nongs bshags/__mdun bskyed brtan bzhugs/__bdag bskyed bsdu ldang*/__bsngo smon/__shis brjod rnams 'og nas 'byung ba bzhin rim par 'jug go__/gsum pa mtha' sdud kyi rim pa la gsum gyi/__dang po bsad pa'i mtha' sdud sreg pa hom gyi gzer kha ni/__gong gi zhal bstab kyi skabs su bab pa na/__lcags slang lta bur e gru gsum bris pa'i khar/__drag po'i shing gis gru gsum brtsegs pa bkod la/__dz+wa la raM gyis mes sbar te/__me hom ye shes kyi me rab tu 'bar ba'i klong du/__skad cig gis dpal chen rdo rje gzhon nu yab yum/__gnas lngar sras mchog rigs lnga/__'khor khro bcu yab yum za gsod/__sgo ma/__phur srung dam can rgya mtsho'i tshogs dang bcas pa zhal gnam tsam du gdangs nas bzhugs pa la/__dgra bgegs bsgral ba'i sha khrag bdud rtsi'i rgya mtshor sbar ba zhal du bstabs pas/__dgyes pa'i bzhad sgra dang bcas te lhag med du rol par gyur par bsams la/__hU~M:__dam tshig chen po'i dus la bab:__sprul pa chen po'i dus la bab:__shwA na mu kha'i dus la bab:__sa bdag chen mo'i dus la bab:__bdag nyid chen mo'i dus la bab:__dam can 'khor bcas dus la bab:__sdang ba'i dgra dang gnod pa'i bgegs:__bar du gcod pa'i sde dang dpung :__rdo rje med dbal snying bsregs nas:__lus ngag rdul du brlag par mdzod:__ces bskul/__zhun chen khrag dang bcas pa dgang blugs kyis hom du 'bul zhing*/__sgrub sngags spu gri sbrel ma'i mthar/__dgra bgegs dam sri dz+wa la ra~M khA hi/__zhes btags pa lan bdun/__slar ling+ga yungs kar/__zangs lcags phye sogs thun rdzas/__'bru nag__/zhun chen dang*/__mar nag__/dug khrag bsres pa 'bul zhing*/__hU~M:__gdug pa'i dgra bgegs thams cad kyi:__srog lus kha rje dbang thang dang :__phung po khams dang bskyed mched rnams:__zhal du bstab po dz+wa la ra~M:__lhag ma med par bzhes su gsol:__sgrub sngags dang spu gri sbrel ma'i mthar/__dgra bgegs dam sri dz+wa la ra~M khA hi/__zhes btags pa re bzhi sogs ci 'grub kyis 'bul/__mthar/__me lha ye shes pa chos kyi dbyings su gshegs/__dam tshig pa bdag nyid la thim par bsams la/__me khrag chus hur thum du bsad/__thal ba cung zad mnan rgyu dang*/__lhag ma mchod rten 'og gam/__lam rgya gram du blugs par bya'o/__/gnyis pa bzlog pa'i mtha' sdud 'phang ba zor gyi las la bdun las/__dang po las kyi thog mar zor lam bsal ba ni/__bzlog pa grub nas/__phyi rol lam/__sgrub khang nang du gser skyems 'bul ba gong gi gdab kha'i skabs bzhin bya/__gnyis pa sgo dbye ba ni/__hU~M:__phrin las bzhi rdzogs sgo srung tshogs:__thabs dang shes rab ye shes kyis:__drag po'i pho brang sgo phyes la:__gtor ma'i zor lam dgra la sgyur:__dzaHhU~M ba~M hoH__sa ma ya pra be sha ya phaT b+h+yo:__zhes pas sgo dbye/__gsum pa tha tshig bsgrags pa la gsum gyi dang po gtor 'bul ni/__bka' srung gi gtor ma rnams la dmigs pas/__dam can spyi gtor bzhin 'gugs bstab phrin las bcol/__gnyis pa bskul ba ni/__hU~M:__chos dbyings skye ba med pa'i mkha' klong las:__dbyings kyi cho 'phrul 'od lnga kun tu shar:__ma rungs gdug pa'i tshogs rnams bsgral ba'i phyir:__bcom ldan dpal chen badz+ra ku mA ra:__yab yum sras dang bka' sdod sprul 'khor bcas:__gdug pa 'dul phyir dus las mi g.yel ba'i:__mngon spyod dmod pa chen po'i rtsal bskyed la:__phyir bzlog las kyi phrin las grub par mdzod:__ces brjod/__gsum pa chad mdo'i gtor ma bskyang ba ni/__hU~M:__sngon tshe rdo rje khrag 'thung gis:__chos nyid rang sgras gsang chen rgyud:__ston 'khor dgongs pa dbyer med du:__byin gyis brlab cing gsungs pa'i tshe:__g.yar dam bzhes pa'i srung ma dang :__rjes 'jug rig 'dzin grub pa yi:__dam tshig gnyer du gtad pa kun:__dgra bgegs sha khrag gtor ma bzhes:__rnam bzhi'i las kun grub pa dang :__bstan pa dar ba'i phrin las sgrubs:__d+harma pA la sa ma ya ho:__zhes gtor ma 'bul/__bzhi pa dmag dpung bskyod pa la gsum gyi/__dang po gtor sdong bca' ba ni/__slob dpon gyis 'degs pa'i rgyas/__oM badz+ra kI li kI la ya sarba big+h+nAn ba~M hU~M phaT:__ces brjod pas/__gtor ma'i ye shes pa mdun gyi nam mkhar bzhugs/__dam tshig pa rnams khros 'khrugs 'bar ba'i dmag dpung dang bcas pas las la chas par bsam mo/__/gnyis pa slar yang gtor ma 'bul zhing thugs dam bskul ba ni/__dmar gtor sha khrag gis brgyan pa bshams te/__gong gsal 'gugs gzhug la/__da lta nyid du dmigs pa'i rten 'di la zhes bsgyur bas dmigs bya bkug cing*/__bsgral stab kyi dmigs pa dang ldan pas/__sgrub sngags dang spu gri sbrel ma'i sham du/__ma hA maM sa rak+ta tsit+ta keM ni ri ti ba liM ta kha ra~M khA hi/__zhes dmag lto'i tshul du lan gsum gyis phul mthar/__gong gsal zlog pa tshar gcig gyer bas phrin las bcol/__gsum pa g.yul du zhugs pa ni/__hU~M:__dmar chen gtor ma phur bu'i tshogs:__dgra dang bgegs la rbad pa'i tshe:__thog ser 'bebs pa'i cho 'dra zhing :__stong gsum thams cad ldegs shing khyom:__skar mda' chen po'i cho 'dra zhing :__ri rab thams cad g.yo zhing 'gul:__seng chen 'gying ba'i cho 'dra zhing :__ngar skad drag pos stong gsum 'khrugs:__bdud dmag chas pa'i cho 'dra zhing :__ru dar nag po zangs se zang :__rdo rje gzhon nus dmag dpon mdzod:__sgo ma bzhi yis dmag sna drongs:__phyogs bcu'i khro bos mtha' nas sdus:__phur srung rnams kyis ru dar phyor:__pha rol bdud kyi dmag dpung la:__g.yul ngo chen po der sprod cig:__mthu dang rtsal gyi nus pa phyungs:__thugs dam ma g.yel dgra la ya:__zhes bskul zhing*/__bdud 'dul rdo rje phur pa'i lha tshogs 'tshubs chil gyis byon par bsams la/__rnal 'byor pa lta ba'i gding*/__sgom pa'i gsal snang dang ma bral bar rig pa hur phyungs te/__spu gri bzlog sngags kyi sham can zla bzhin rol chen tsham rngams dang bcas/__ru mtshon gyis sna drangs la thebs phyogs dang bstun cing*/__phyi rol du dpag nas 'phang ba'i sar drag po'i stabs kyis bskyod/__lnga pa 'phang ba dngos la bzhi las/__dang po 'phrang bsal ba ni/__phur pa phyogs bcur 'dril zhing*/__hU~M:__nga ni rdo rje gzhon nu ste:__nga yi bka' las 'da' ma byed:__lha gshegs gangs dkar rtse la gshegs:__dkar la de ni ye re re:__lha rnams kun gyi grogs mdzod cig:__klu gshegs rgya mtsho'i gting du gshegs:__sngo la de ni thibs se thib:__klu rnams kun gyi grogs mdzod cig:__btsan gshegs brag dmar log la gshegs:__dmar la de ni springs se spring :__btsan rnams kun gyis grogs mdzod cig:__mtho ba rnams kyis zhabs bskums shig:__dma' ba rnams kyis dbu khug cig:__bar pa rnams kyis sku bzur cig:__zor gyi gdong la ma bzhugs par:__so so rang rang gnas su gshegs:__zhes drag tu bskul zhing za lam dgra la bsgyur/__gnyis pa dpang gsol ba ni/__gser skyems sngon du 'gro bas gzu dpang gsol/__gsum pa dmigs pa'i 'ben bca' ba ni/__dmigs bya bskyed cing*/__'gugs gzhug lan gsum bya ba rnams gong gi gdab las skabs bzhin bya/__bzhi pa zor 'phen pa dngos ni/__zor chas rnams drag po'i stabs kyis thogs shing*/__gsal ba gsum dang ldan pa'i ngang nas/__hU~M:__chos dbyings rol pa'i dur khrod nas:__phur pa'i lha tshogs dus la bab:__phur bu khrag 'thung phrin las rdzogs:__rak+ta rbod gtong ma mo'i thun:__yungs dkar khro rgyal stobs 'dus rdzas:__mtshe mda' gdug can dregs pa'i mtshon:__dug thun drag sngags gdug pa'i dbal:__mtshon thun bka' sdod pho nya'i shugs:__mda' rdo dbal gyi shugs 'chang bas:__dgra bgegs lnga phung rdul du rlog:__sgrub sngags dang spu gri sbrel ma'i sham du/__rbod zor sarba a pa ka ra b+h+yo b+h+yo zlog zlog rbad nan:__zhes btags pa drag tu bzla bzhin pas zor rnams rim par 'ben la brdeg__/slar yang gtor ma'i dam tshig pa rnams nam mkhar bzhugs/__gtor ma nad mtshon smyo dug gi char chen por gyur pa 'phang bas/__dgra bgegs dam sri byad ma rbod gtong rnams bye ma'i phung po la thog phog pa ltar/__gnas yul longs spyod dang bcas pa rjes shul rdul phran tsam yang med par rdul du brlag par bsams la/__gtor chen nam mkhar btegs shing 'chams stabs dang bcas/__hU~M b+h+yo b+h+yo:__dgongs su gsol lo sangs rgyas rnams:__gsan du gsol lo yi dam lha:__khrag 'thung rdo rje gzhon nu'i tshogs:__thugs dang zhal bzhes ma g.yel cig:__bstan pa bshig pa'i dgra bo dang :__bar gcod byed pa'i bgegs tshogs kyi:__skyob pa'i lha dang srung ma dang :__'go ba'i dgra bla brgyud dang bcas:__bsdongs zla byed pa'i 'byung po kun:__ye shes me yi mtshon chas gzir:__rig sngags dmod pas rmengs med bcom:__bdun brgyud rigs kyang rtsad nas chod:__ming dang brda tsam med par mdzod:__spu gri bzlog sham can drag tu bzla zhing*/__tsham rngams bcas gtor rtse dgra phyogs su bstan la 'phang*/__thal mo dang dul mo brdab/__dgongs pa'i gdengs bskyed la lta stangs kyis gzir ba sogs bya/__drug pa zor rjes gcod pa ni/__ye shes kyi bya khyung 'jigs su rung ba zhig gis mtshams bcad par bsams la/__hU~M khroM badz+ra ga ru Da b+h+yo zlog:__ces bzla de nas phyir nud la phyi snyegs gcod phyir gdong phyir bltas te/__oM badz+ra kI li kI la ya:__hU~M hU~M hU~M bdud pra mA ra ya rbad nan:__kha la dza ma li rbad nan:__rA dza dun liM shag rbad nan:__shig shig dul dul rbad rbad nan:__tshal pa tshal pa rbad nan:__khroM khroM b+h+yo rbad nan:__rmugs rmugs rbad nan:__tir tir rbad nan:__tshal tshal rbad nan:__zhes bdun nam/__nyer gcig bzla/__rdo rje'i gur du bdag gzhan bsrung bya thams cad tshud par bsams la/__hU~M:__rig rtsal rol pa'i dkyil 'khor las:__phyogs bcu khro bo'i dkyil 'khor gyis:__ye shes sprul pa bsam mi khyab:__rnam rtog bgegs tshogs mtshams chod cig__hU~M hU~M hU~M:__badz+ra rak+Sha rak+Sha b+hU~M:__ces srung 'khor bsgom/__nam mkhar bzhugs pa'i dam tshig pa rnams rang la bstim/__rdo rje slob dpon gyis rting mnan nas tshur log__/bdun pa brtan ma skyong ba ni/__gtor gzhong bshal ba'i phud kyis brtan ma'i gtor ma bran la/__byin gyis brlabs te/__b+h+yo:__bod khams skyong ba'i brtan ma'i tshogs:__'dir gshegs bshal chu'i bdud rtsi bzhes:__gangs can mtha' dbus bde ba dang :__bshad sgrub bstan pa rgyas par mdzod:__ma ma hrIM hrIM ba liM ta khA hi:__zhes brtan ma skyongs/__gsum pa srung ba'i mtha' sdud mnan gtad la gsum/__dang po mnan dong bskyed cing 'gugs pa ni/__mnan ling tshad ldan du bsgrub pa dmigs gsal yod na dang*/__spyi tsam du ling ro'i lhag ma'am/__sbyin sreg gi thal ba la dmigs pas/__gdab las skabs ltar e khang bskyed cing*/__'gugs gzhug lan gsum sogs bya/__gnyis pa mnan pa dngos ni/__hU~M:__dam tshig chen po'i dus la bab:__sprul pa chen po'i dus la bab:__shA na mu kha'i dus la bab:__sa bdag chen mo'i dus la bab:__bdag nyid chen mo'i dus la bab:__dam can 'khor bcas dus la bab:__sdang ba'i dgra dang gnod pa'i bgegs:__bar du gcod pa'i sde dang dpung :__mnan no non cig s+t+wam+b+ha ya:__mngon spyod phrin las tshul bzhin mdzod:__ces dang*/__sgrub sngags dang spu gri sbrel ma'i sham du/__oM laM AHlaM hU~M laM stam b+ha ya nan:__zhes bzlas la/__tsha sgog__/ba tshwa/__bul tog__/rlung me chu/__ro g.yam la rgya gram dang*/__rang 'thag la gling bzhi ri rab bris pas mnan/__sa rim pa dgus g.yogs te rgya gram re bris/__sAts+tsha nag pos mnan pa'i khar sa rdos g.yogs te las kyi rjes mi mngon par bya'o/__/gsum pa las mjug bro yis bsdu ba ni/__gtor gzhong kha sbubs la/__bro ra bskor te khro bo'i stang stabs dang bcas te/__hU~M:__rnam thar gsum dang ldan pa'i dbyings:__glo bur 'khrul pa'i dam sri mnan:__rig pa ye shes bro brdungs pas:__'bar ba'i brtul zhugs yongs su rdzogs:__sa ma ya ho ho:__zhes bro brdung*/__sgo drung nas spro na rgyal dbyangs gyer/__gang ltar yang shis brjod byas la nang du 'ong ngo*/__/rtsa ba'i gsum pa rjes kyi rim pa la brgyad las/__dang po tshe sgrub la gsum gyi dang po bskyed bzlas ni/__bdag mdun badz+ra ku mA ra'i:__thugs nas 'od zer mkha' khyab 'phros:__pho nya bcu gnyis las la bskul:__srid pa gsum gyi gting dkrugs te:__bla tshe chad nyams yar ba bkug:__snod bcud dwangs ma dbang med bsdus:__ye shes chen po'i gzi byin gyis:__mya ngan 'das pa'i rnam grol dbyig:__thig le gcig tu bskyil ba las:__mi 'gyur rtag pa'i srog thob gyur:__ces tshe bcud bsdu ba'i dmigs pa gsal btab la/__sgrub sngags sham bur/__badz+ra dz+nyA na A yu She swA hA:__zhes btags pa'i tshe dzaba?ci nus bzla/__gnyis pa thugs dam bskul zhing tshe bcud 'gugs pa ni/__mda' dar g.yab la/__oM:__dang por thugs bskyed rjes su dgongs:__bar du grub pa'i rtags mtshan dbyung :__tha ma rig 'dzin bdag cag gis:__rtse gcig bsnyen pa chud ma gson:__sku gsung thugs kyi gzi byin bskyed:__yon tan phrin las cho 'phrul ston:__pho nya sprul pas 'jig rten khongs:__snod kyi dwangs ma bcud kyi dpal:__'khor 'das kun gyi tshe sdus la:__rnal 'byor bdag gi lus la khug:__sgo gsum thig le'i dbyings su stims:__bla tshe chad nyams yar ba gsos:__tshe dang ye shes dngos grub stsol:__zhes gyer zhing tshe dzaba? kyang bzla/__gsum pa dbang blang ba ni/__tshe 'brang lhar gsal ba spyi bor bzhag pas/__sku gsung thugs kyi tshe dang*/__ye shes kyi dbang dang dngos grub thams cad 'od zer bdud rtsi'i rnam par byon nas/__rang gi sgo gsum la thim pas mi shigs pa'i thig ler byin gyis brlabs/__brtan g.yo'i dwangs bcud thams cad tshe rten la 'dus pas/__dpal chen po dang dbyer med pa'i gzhom bral rdo rje'i srog dang*/__'gribs med gzhon nu'i lang tsho thob par gyur par bsams la/__tshe 'brang mgor bzhag cing*/__b+h+rU~M:__tshe yi dngos grub rgyud gsum po:__rtsa srog tsit+ta'i dkyil du bstim:__cis kyang mi chod mi shigs pa'i:__rdo rje gzhon nu'i srog thob shog:__oM badz+ra kI li kI la ya A yur+dz+nyA na a b+hi Shiny+tsa b+h+rU~M:__zhes gyer zhing tshe 'brang gi dbang blangs/__gong gsal tshe bsnyen bzla zhing thabs shes kyi tshe rdzas myang*/__rten snying dang*/__su pra tiSh+Thas brtan par gsol/__gnyis pa gtang rag 'bul ba la gnyis kyi dang po srung ma la/__dam spyi'i mchod bstod nas bkra shis bar mthar dbyung*/__gnyis pa dkyil 'khor pa la/__rgyun gyi rnal 'byor ltar mchod cing bstod pas mnyes par bya/__gsum pa dngos grub blang ba ni/__oM AHhU~M hoH__bla ma dpal chen badz+ra kI la ya:__rtse gcig bsnyen cing sgrubs pas thugs dam bskul:__deng 'dir dngos grub stsol ba'i dus lags na:__phrin las bzhi dang grub pa chen po brgyad:__dbang bcu phyi dang nang la sogs pa yi:__thun mong dngos grub dka' ba med pa dang :__mchog tu mi 'gyur ye shes phyag rgya che'i:__go 'phang tshe 'di nyid la stsal du gsol:__sgrub sngags sham du/__sa ma ya hoH__sa ma ya s+t+wa~M:__kA ya wA ka tsit+ta gu Na karma sarba sid+d+hi pha la hoH__zhes pas sgrub rdzas spyi bor gtugs/__phye mar dang bdud rtsi la longs spyod/__bzhi pa nongs bshags ni/__ma rnyed yongs su sogs dang*/__yig brgya bzlas pas lhag chad kha bskang*/__lnga pa dkyil 'khor bsdu ba ni/__mdun bskyed dang*/__tshogs mgron rten yod na/__oM/__'dir ni gzugs dang sogs kyis bzhugs su gsol ba dang*/__med na/__oM/__khyed kyi sems can sogs kyis dbyings su gshegs pa'am/__'bru gsum brjod pas bdag la bsdu ba gang 'os rang gi blo tshod dang sbyar/__drug pa bdag bskyed bsdu ldang*/__bdun pa dge bsngo/__brgyad pa bkra shis rnams rgyun gyi rnal 'byor snying po nas 'byung ba ltar dang*/__gzhan yang theg pa chen po'i bsngo smon dang*/__shis brjod kyis mtha' brgyan pas dge legs su bya'o/__/yon tan brgyad kyi phrin las gzis/__/nyi ma 'bum gyi snang ba yis/__/bdud kyi mun pa gtan bcom nas/__/dngos grub snang ba sbyin gyur cig__/ces pa'ang nyer mkho'i cha rkyen du 'dan mkhar mgo'i sprul pa'i sku tshe dbang bstan 'dzin dpal ldan chos kyi nyi ma nas 'di ltar sbyor shig pa'i bskul ma gnang ba'i g.yar khral du _7_sangs rgyas karma pa'i mtshan 'dzin dus zhabs kyi phur pa mkhan po mkha' khyab rang byung bde ba'i rdo rjes gter gzhung gi dgongs pa srog tu bzung*/__rigs mthun nas kha bskang ste/__rdo rje 'dzin pa'i phyag bzhes kyis brgyan pa'i khul du byas nas/__rab byung bco lnga pa'i sa rta rgyal zla'i nya la grub par sbyar ba'i yi ge pa ni 'jam dpal tshul khrims kyis bgyis pa dge legs 'phel//__//

Footnotes

Other Information