JKCL-KABUM-11-DA-010

From Khyentse Lineage - A Tsadra Foundation Project
Revision as of 18:11, 17 November 2021 by WikiBot2015 (talk | contribs)

Wylie title JKCL-KABUM-11-DA-010.pdf
Location chos kyi blo gros bka' 'bum
Volume Expression error: Unrecognized word "da"., Text 10, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre "DA" is not a number.

<ul><li>":Property:textsubnumber|textsubnumber" can not be assigned to a declared number type with value 1.</li> <!--br--><li>"DA" is not a number.</li></ul>

[edit]
རྫོང་གསར་དགོན་མགོན་ཁང་བདུད་དཔུང་ཟིལ་གནོན་དུ་བསྐང་གསོ་ཁྲི་རྫོགས་ཡོན་སྦྱར་བྱུང་ནས་ཚད་ལྡན་འདོན་ན། བདུད་རྩི་དང་ཆང་བསྲེས་པའི་མཐེབ་ཀྱུ་ཁྲི་གཅིག་ལྷག་བཅའ་དགོས། བསྐང་གསོ་རྒྱས་པ་ཚར་ལྔ་བདུན་གང་འོས་རྒྱུན་ལྟར་ལ། །བཀྩཻའི་བསྐང་བ་རྫོགས་ནས་བསྟོད་པའི་མགོར། ཐེབས་ཆེ་བ་བཅུ་ཕྲག་ཏུ་མཐེབ་ཀྱུ་སྟོང་ཕྲག་རེ་བཤམ། གྲྭ་པ་བརྒྱ་དང་བཅུ་རེ་ཡོད་རྩིས་ཀྱིས། བདུད་རྩི་བྱིན་བརླབ་རྒྱས་པར་འདོན་ནས་ཐེབས་བཅུ་དུས་གཅིག་ཏུ་བྱིན་བརླབ་དང་། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། མ་ཧཱ་ཀཱ་ལི་དེ་ཝཱི། ཙ་ཏུརྨུ་ཁཱ། བཛྲ་ཀརྨ་ནཱ་ཐ། དྷརྨ་པཱ་ལ་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོཿསོགས་གཏོར་སྔགས་ཚར་བཅུ་རེ་རྫོགས་པ་ན། གོང་གི་སྔགས་མཐར་ཨརྒྷཾ་སོགས་ཀྱིས་ཕྱི་མཆོད་དང་། སྔགས་དེའི་མཐར་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། །དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་འཁོར་དང་བཅས་པ་རྣམས་དང་། མཐུ་སྟོབས་ཀྱི་དབང་ཕྱུག་དཔལ་མགོན་ཞལ་བཞི་པ། གཞན་ཡང་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་དར་བ་དང་སོགས་ཕྲིན་བཅོལ་བྱ། གཏོར་ཐེབས་གཉིས་པ་མན་ཆད་ལ་ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ་རེས་བརླབ་ནས། སྔར་བཞིན་ཐེབས་རེ་རྫོགས་པ་དང་། ཕྱི་ནང་མཆོད་པ་ཕྲིན་བཅོལ་བྱ། །དེ་འདྲ་བཅུ་པ་ན་གཏོར་སྔགས་ཁྲི་གཅིག་ཁ་སྐོངས་བཅས་འགྲོ། དེ་ནས་བསྐང་གཏོར་རྣམས་ལ་གསོ་བྲན་གྱི་སྔགས་དྲུག་ཕྱག་དྲུག་གིས་བརླབས་ནས། སྐུ་དང་གསུང་ཐུགས་ཀྱི་བསྐང་བ་བརྒྱ་ཚར་གཅིག་གྲུབ་ནས་བྱིན་རླབས་ཐུགས་རྗེའི་བཤགས་པ་ཚར་བཅུ། ཧཱུྃ་དཔལ་འབར་མ་ཧ་ཀཱ་ལ་སོགས་ཀྱི་བཟློག་པ་ཚར་དགུ་བྱས་ནས་བསྟོད་པ་ལ་འཇུག་གོ། ཅེས་པའང་ཆོས་ཀྱི་བློ་གྲོས་པས་དཔྱད་བཟོད་པར་ཟིན་ཐོར་བྲིས་པ་དགེ། །།
[edit]

rdzong gsar dgon mgon khang bdud dpung zil gnon du bskang gso khri rdzogs yon sbyar byung nas tshad ldan 'don na/__bdud rtsi dang chang bsres pa'i mtheb kyu khri gcig lhag bca' dgos/__bskang gso rgyas pa tshar lnga bdun gang 'os rgyun ltar la/__/bak+tsai'i bskang ba rdzogs nas bstod pa'i mgor/__thebs che ba bcu phrag tu mtheb kyu stong phrag re bsham/__grwa pa brgya dang bcu re yod rtsis kyis/__bdud rtsi byin brlab rgyas par 'don nas thebs bcu dus gcig tu byin brlab dang /__/oM shrI ma hA kA lA ya/__ma hA kA li de wI/__tsa turmu khA/__badz+ra karma nA tha/__d+harma pA la sa pa ri wA ra na maHsarba ta thA ga te b+h+yoHsogs gtor sngags tshar bcu re rdzogs pa na/__gong gi sngags mthar ar+g+haM sogs kyis phyi mchod dang /__sngags de'i mthar oM AHhU~M gis nang mchod phul/__/dpal rdo rje nag po chen po lcam dral 'khor dang bcas pa rnams dang /__mthu stobs kyi dbang phyug dpal mgon zhal bzhi pa/__gzhan yang bka' srung dam can rgya mtsho'i tshogs 'khor dang bcas pa rnams kyi zhal du mchod pa dam pa 'bul lo/__/sangs rgyas kyi bstan pa dar ba dang sogs phrin bcol bya/__gtor thebs gnyis pa man chad la oM AHhU~M ha ho hrIHlan gsum res brlab nas/__sngar bzhin thebs re rdzogs pa dang /__phyi nang mchod pa phrin bcol bya/__/de 'dra bcu pa na gtor sngags khri gcig kha skongs bcas 'gro/__de nas bskang gtor rnams la gso bran gyi sngags drug phyag drug gis brlabs nas/__sku dang gsung thugs kyi bskang ba brgya tshar gcig grub nas byin rlabs thugs rje'i bshags pa tshar bcu/__hU~M dpal 'bar ma ha kA la sogs kyi bzlog pa tshar dgu byas nas bstod pa la 'jug go/__ces pa'ang chos kyi blo gros pas dpyad bzod par zin thor bris pa dge/__//__

Footnotes

Other Information