JKCL-KABUM-05-CA-019

From Khyentse Lineage - A Tsadra Foundation Project
Revision as of 14:31, 22 November 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title JKCL-KABUM-05-CA-019.pdf
Location chos kyi blo gros bka' 'bum
Volume Expression error: Unrecognized word "ca"., Text 19, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre "CA" is not a number.

<ul><li>":Property:textsubnumber|textsubnumber" can not be assigned to a declared number type with value 1.</li> <!--br--><li>"CA" is not a number.</li></ul>

[edit]
༄༅། །ལྕེ་བཙུན་སྙིང་ཐིག་གི་གསང་བ་དོན་གྱི་ཕྲིན་ལས་བཞུགས། ། ཚིག་བདུན་གསོལ་འདེབས་དང་། སྔོན་འགྲོ་དང་སྦྲེལ་ན། དཔལ་ལྡན་རྩ་བའི་བླ་མ་སོགས་ཐུན་གྱི་སྔོན་འགྲོ་དང་། སེམས་སྦྱོང་བདུན་རྣམས་བསྒོམ། མཚམས་ལ་འཇུག་དུས་དཀར་བགེགས་བསྔོ་བ་དང་། མཚམས་བཅད་རྣམས་འདིར་བླངས། གང་ལྟར་ཡང་སྐྱབས་ཡུལ་གསལ་བཏབ་ལ། ཨ༔ཀ་དག་གཏིང་གསལ་ཆོས་ཀྱི་སྐུ༔ལྷུན་གྲུབ་རིག་རྩལ་ལོངས་སྤྱོད་རྫོགས༔དབྱེར་མེད་ཐུགས་རྗེ་སྤྲུལ་པའི་སྐུ༔རང་ངོ་ཤེས་པས་སྐྱབས་སུ་མཆི༔༣ཧོ༔གློ་བུར་འཁྲུལ་པའི་འགྲོ་བ་ཀུན༔གདོད་ནས་རྣམ་དག་དབྱིངས་ཀྱི་ངང་༔ཡེ་ཤེས་རིག་པས་རང་གྲོལ་ཕྱིར༔ཅོག་བཞག་ཆེན་པོར་སེམས་བསྐྱེད་དོ༔༣ཨ༔སྣང་བཞི་མཐར་ཕྱིན་བླ་མ་ལ༔འདུ་འབྲལ་མེད་པར་ཕྱག་འཚལ་ལོ༔རླུང་སེམས་དག་པའི་མཆོད་སྤྲིན་འབུལ༔སྡིག་ལྟུང་འདུས་མ་བྱས་པར་བཤགས༔གཉིས་འཛིན་བྲལ་བས་རྗེས་ཡི་རང་༔བརྗོད་མེད་ཆོས་འཁོར་བསྐོར་བཞིན་དུ༔ཡོངས་གྲུབ་ཆེན་པོར་བཞུགས་གསོལ་འདེབས༔དགེ་ཚོགས་འོད་གསལ་དབྱིངས་སུ་བསྔོ༔༣རྡོར་སེམས་བསག་སྦྱངས། དཀར་གཏོར། རང་ཉིད་རྟ་མཆོག་ཧེ་རུ་ཀའི་སྐུར་གྱུར། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་སོགས་བྱིན་རླབས་སྤྱི་ལྟར། བྷུ་མི་པཱ་ཏི་ས་པ་རི་ཝ་ར་བཛྲ་ས་མ་ཛཿས་མགྲོན་དགུགས། ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱི་བསྔོ། གང་དག་འདིར་གནས་སོགས་ཀྱིས་དཀར་གཏོར་ཕུལ། བགེགས་གཏོར། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་ཧོཿས་བརླབས། སརྦ་བྷཱུ་ཏ་ཨ་ཀཪྵ་ཡ་ཛཿས་མགྲོན་དགུགས། སརྦ་བིགྷཱན་ན་མཿསརྦ་ཏ་ཐ་ག་ཏ་བྷྱོ་སོགས་ལན་གསུམ་གྱིས་བསྔོ། ཨ༔ཡིད་བྱེད་ལྟར་སྣང་བགེགས་ཀྱི་ཚོགས༔རང་བཞིན་བདེན་མེད་གཏོར་མ་ལོངས༔སུཾ་མ་བྷ་ནི་སོགས། ཁོར་ཡུག་འོད་གསལ་ཕྱག་རྒྱ་ལས༔མི་འདའ་རྡོ་རྗེའི་མཚམས་བཅད་དོ༔ཧཱུྃ་ཧཱུྃ་ཨ༔ཨ༔ཡེ་ཤེས་དབྱིངས་ལས་རིག་པའི་རྩལ༔ལྷུན་གྲུབ་ཆེན་པོར་བྱིན་བརླབས་པས༔སྣང་སྲིད་གཞིར་བཞེངས་མཆོད་པའི་སྤྲིན༔འཕེལ་འགྲིབ་བྲལ་བའི་རྒྱན་དུ་ཤར༔ཨོཾ་ཨཱཿཧཱུྃ༔ཨ་ལ་ལ་ཧོ༔ཀ་དག་གཏིང་གསལ་དེ་བཞིན་ཉིད༔ལྷུན་གྲུབ་ཀུན་སྣང་རིག་པར་ཤར༔ཟུང་འཇུག་རྡོ་རྗེ་ལུ་གུ་རྒྱུད༔ཟག་མེད་ཡེ་ཤེས་འབྱུང་བའི་རྒྱུ༔ཆོས་ཉིད་མངོན་སུམ་ཡུམ་ལྔའི་ཀློང་༔ཉམས་སྣང་གོང་འཕེལ་གཞལ་ཡས་དབུས༔རིག་པ་ཚད་ཕེབས་ཕྱག་རྒྱའི་གཟུགས༔བློ་འདས་ཆོས་ཟད་ངོ་བོ་ཉིད༔འཇའ་ལུས་འཕོ་ཆེན་རྡོ་རྗེའི་སྐུ༔མ་འཁྲུལ་གདོད་མའི་ཧེ་རུ་ཀ༔སེཾང་ཧེ་ཤྭ་ར་རྣལ་འབྱོར་དབང་༔དམར་སྨུག་ཁྲོ་འཛུམ་སྒེག་པའི་ཉམས༔རྡོ་རྗེའི་སྐྱིལ་ཀྲུང་མཉམ་བཞག་ཅན༔འོད་གསལ་ལྟ་སྟངས་དབྱིངས་ལ་གཟིར༔དར་དང་རིན་ཆེན་རུས་པས་བརྒྱན༔བརྟུལ་ཞུགས་གྲུབ་པའི་ཕྱག་རྒྱས་སྤྲས༔བ་སྤུའི་ཁུང་བུ་ཐམས་ཅད་ནས༔འོད་གསལ་རྡོ་རྗེའི་མེ་འོད་དང་༔རིག་རྩལ་ཁྲོ་ཆུང་སྐར་ལྟར་འཕྲོ༔སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ༔སྣང་སྲིད་འོད་ལྔར་འཁྲུགས་པའི་དབྱིངས༔རྩ་བརྒྱུད་བླ་མ་སྤྲིན་ལྟར་གཏིབས༔ཡི་དམ་མཁའ་འགྲོ་བསམ་མི་ཁྱབ༔རྡོ་རྗེའི་ཆོས་སྲུང་ལས་ལ་འདུ༔སྨིན་མཚམས་ཆོས་ཀྱི་འབྱུང་གནས་དབུས༔བདེ་ཆེན་ཐིག་ལེ་འོད་དུ་འབར༔དེ་ཡི་ནམ་མཁའ་ཐིག་ལེའི་ཀློང་༔གདོད་མའི་མགོན་པོ་བཱི་མ་ལ༔དཀར་གསལ་གཟི་བརྗིད་མཚུངས་པ་མེད༔ཤངས་རྩེར་སྐྱེ་མེད་ཨཱཿཡིས་མཚན༔མཉམ་བཞག་ཐོད་པ་བཅུད་བཀང་བསྣམས༔དར་སྔོན་སྟོད་གཡོགས་ཆོས་གོས་གསོལ༔མངོན་སུམ་བྱིན་བརླབས་འོད་ཀྱི་སྐུ༔འཁོར་འདས་ཐམས་ཅད་ཟིལ་གནོན་པ༔རིག་པ་རང་བྱུང་དཀྱིལ་འཁོར་ལྷ༔སྣང་སྟོང་ཟུང་འཇུག་ཆེན་པོའི་ངང་༔མ་བཅོས་ཐིག་ལེ་གཅིག་ཏུ་འཁྱིལ༔ཨ༔རྩ་རླུང་ཐིག་ལེའི་རྟོག་ཚོགས་ཀུན༔རྡོ་རྗེ་གསུམ་དུ་རྒྱས་གདབ་ཅིང་༔འོད་ལྔ་རྣམ་པར་དག་པའི་སྐུ༔ཡེ་ཤེས་ལྔ་རུ་དབང་བསྐུར་རོ༔ཨོཾ་ཨཱ་ཧཱུྃ༔ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ཨ༔ངོ་བོ་ཆོས་སྐུའི་གཞལ་ཡས་ནས༔ཀ་དག་བླ་མ་གཤེགས་སུ་གསོལ༔རང་གྲོལ་ཆེན་པོར་བྱིན་ཕོབས་ལ༔འཁྲུལ་པ་དག་པའི་དབང་མཆོག་སྐུར༔རང་བཞིན་ལོངས་སྐུའི་ཞིང་ཁམས་ནས༔ལྷུན་གྲུབ་བླ་མ་གཤེགས་སུ་གསོལ༔རིག་རྩལ་ཆེན་པོར་བྱིན་ཕོབས་ལ༔ཡེ་ཤེས་རྒྱས་པའི་དབང་མཆོག་སྐུར༔ཐུགས་རྗེ་སྤྲུལ་སྐུའི་དཀྱིལ་འཁོར་ནས༔དབྱེར་མེད་བླ་མ་གཤེགས་སུ་གསོལ༔སྣང་སྲིད་གཞིར་བཞེངས་བྱིན་ཕོབས་ལ༔འཇའ་ལུས་རྡོ་རྗེའི་དབང་མཆོག་སྐུར༔ཧཱུྃ་ཧཱུྃ༔ཡུལ་གྱི་མིང་ནི་བདེ་བ་ཆེ༔མཁའ་འགྲོ་གསང་བའི་གནས་མཆོག་ནས༔གདོད་མའི་མགོན་པོ་ཧེ་རུ་ཀ༔སེཾ་ཧེ་ཤྭ་ར་གཤེགས་སུ་གསོལ༔ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ན༔བྱིན་གྱིས་བརླབ་ཕྱིར་གནས་འདིར་དགོངས༔གློ་བུར་འཁྲུལ་པའི་བར་ཆད་སོལ༔འདུ་འབྲལ་མེད་པར་དབང་སྐུར་ཞིག༔ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ཨ༔དབྱིངས་ནས་སྤྱན་དྲངས་ཡེ་ཤེས་པ༔རིག་རྩལ་ལས་བྱུང་དམ་ཚིག་གི༔ཕྱག་རྒྱའི་དཀྱིལ་འཁོར་ཆེན་པོ་འདིར༔བྱང་ཆུབ་བར་དུ་བརྟན་པར་བཞུགས༔ཛྙཱ་ན་ཏིཥྛ་ཨཱཿའོད་གསལ་སྣང་བཞི་སོགས་ཀྱི་གསོལ་འདེབས། བཟླས་པ། དབང་བླང་། བླ་མ་སྨིན་མཚམས་སུ་བསྟིམ་པ་རྣམས་བྱ། ཨ༔ནང་གསལ་གཞོན་ནུ་བུམ་སྐུ་ལས༔རིག་པ་མི་འགྱུར་དཀྱིལ་འཁོར་ཤར༔རང་ངོ་ཤེས་པའི་བརྡ་ཡི་ཕྱག༔བླང་དོར་མེད་པའི་ངང་དུ་འཚལ༔ཨ་ལ་ལ་ཧོཿཨ༔ཡུལ་དང་དབང་པོའི་རྟོག་ཚོགས་ཀུན༔མཆོད་པའི་ཕྱག་རྒྱ་ཆེན་པོར་རྫོགས༔རིག་པ་རང་སྣང་རྣམ་འཕྲུལ་གྱིས༔ཆོས་དབྱིངས་རྒྱས་པར་བཀང་སྟེ་འབུལ༔ཨོཾ་ཨཱཿཧཱུྃ་ཛྙཱ་ན་དྷཱ་ཏུ་པཱུ་ཛ་ཧོཿཨ༔སྣང་སྲིད་ཐམས་ཅད་ཀློང་ལྔའི་དབྱིངས༔ཡེ་ཤེས་རང་གསལ་འདོད་ཡོན་ཚོགས༔སྨན་གཏོར་རཀྟ་བྱང་ཆུབ་སེམས༔གསལ་སྟོང་འདུས་མ་བྱས་པར་བཞེས༔ཨོཾ་ཨཱཿཧཱུྃ༔ཨཱཿཀ་དག་ངང་དུ་ཆོས་ཀུན་སྦྱོར༔ལྷུན་གྲུབ་རིག་པས་གཟུང་འཛིན་བསྒྲལ༔ཟུང་འཇུག་འོད་གསལ་རྫོགས་པ་ཆེ༔སྤང་བླང་བསལ་བཞག་བྲལ་བར་མཆོད༔ཨ་ཨ༔ཨོཾ༔བརྟན་གཡོའི་གཟུགས་རྣམས་ཐམས་ཅད་ཀུན༔སྣང་སྟོང་འདུས་མ་བྱས་པར་ཐིམ༔ཟག་པ་ཟད་པའི་འོད་ཀྱི་ལུས༔ཕྱག་འཚལ་ཡེ་ཤེས་སྐུ་མཆོག་ལ༔ཨཱཿཕྱི་ནང་སྒྲ་སྐད་ཇི་སྙེད་པ༔གྲགས་སྟོང་འགྲོ་འོང་བྲལ་བར་ཐིམ༔འབྱུང་བ་རང་དེངས་གཞོམ་མེད་སྐད༔ཕྱག་འཚལ་རྡོ་རྗེའི་གསུང་མཆོག་ལ༔ཧཱུྃ༔གློ་བུར་གཟུང་འཛིན་རྟོག་པའི་ཚོགས༔རིག་སྟོང་འོད་གསལ་དབྱིངས་སུ་ཐིམ༔དྲན་པ་རང་གྲོལ་གཉུག་མའི་ཡིད༔ཕྱག་འཚལ་གདོད་མའི་གནས་ལུགས་ལའོ༔བསྐྱེད་རིམ་སེམས་འཛིན་དང་། སྨིན་མཚམས་ཀྱི་ཐིག་ལེར་སེམས་འཛིན་སོགས་བྱ། ཨ༔ཨོཾ་ནི་ངོ་བོ་ཆོས་ཀྱི་སྐུ༔ཨཱཿཡིག་རང་བཞིན་ལོངས་སྤྱོད་རྫོགས༔ཧཱུྃ་ནི་ཐུགས་རྗེ་སྤྲུལ་པའི་སྐུ༔བཛྲ་དབྱེར་མེད་བློ་འདས་དབྱིངས༔གུ་རུ་ཡེ་ཤེས་བླ་མར་ཤར༔སེཾ་ཧེ་ཤྭ་ར་འཇིགས་མེད་པ༔དཀྱིལ་འཁོར་དབང་ཕྱུག་ཆེན་པོར་བཞེངས༔སིདྡྷི་དབྱིངས་རིག་དངོས་གྲུབ་མཆོག༔ཧཱུྃ་གིས་བདག་དང་གཉིས་སུ་མེད༔ཕྱི་སྣོད་ཀློང་ལྔ་དབྱིངས་ཀྱི་དལ༔ནང་བཅུད་ལྷུན་གྲུབ་རིག་པའི་ལྷ༔སྒྲ་གྲགས་འགྲོ་འོང་བྱ་རྩོལ་བྲལ༔དྲན་རྟོག་ཀ་དག་ཟང་ཐལ་ངང་༔མི་གཡོ་མི་སྨྲ་བསམ་བརྗོད་བྲལ༔ཁྱབ་བརྡལ་ཆེན་པོའི་ངང་ནས་བཟླ༔བཟླས་དམིགས་ནི། ཨཿརང་ཉིད་རིག་འཛིན་བླ་མ་ཡི། །ཙིཏྟ་འོད་ཀྱི་གུར་ཁང་དུ། །རང་བྱུང་གཞི་ཡི་ཀུན་ཏུ་བཟང་། །མཐིང་གསལ་ཡབ་ཡུམ་རྒྱན་མེད་བཞུགས། །དེ་ཡི་ཐུགས་དབུས་ཐིག་ལེའི་ནང་། །ཧཱུྃ་སྔོན་མཐའ་མར་སྔགས་ཀྱིས་བསྐོར། །བཟླས་པ་སྔགས་ཀྱི་སྤྲོ་བསྡུ་ཡིས། །བདག་གཞན་དོན་གཉིས་བྱེད་པར་བསམ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་སེཾ་ཧེ་ཤྭ་ར་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ༔ཞེས་སྨིན་མཚམས་ཀྱི་ཐིག་ལེ་ལས་འོད་ཟེར་སྤྲོ་བསྡུ་སོགས་ཀྱི་དམིགས་པ་དང་བཅས་ངག་བཟླས་ཡིད་བཟླས་ཅི་རིགས་དང་། རྡོར་བཟླས་བྱ་ཞིང་། གཙོ་བོར་རླུང་རིག་དབྱེར་མེད་ཀྱི་ངང་ནས་བཟླ་ཞིང་། ཐུན་མཐར་དབྱངས་གསལ། ཡིག་བརྒྱ། ཡེ་དྷར་རྣམས་ལན་གསུམ། སྟོང་ཚིག་མཆོད་བསྟོད་དང་། བསྡུ་ལྡངས་བྱ། ཚོགས་འདོན་ན། ཡེ་ཤེས་སྐུ་མཆོག་དང་བྱིན་རླབས་ནི། ཨཱཿསྣོད་ཀྱི་འཇིག་རྟེན་ཀ་པཱ་ལར༔བཅུད་ཀྱི་ལོངས་སྤྱོད་འདོད་ཡོན་ཚོགས༔ཡེ་ཤེས་བདུད་རྩིའི་སྤྲིན་ཕུང་ཆེ༔འགྲིབ་མེད་རྟག་པའི་རྒྱན་དུ་ཤར༔ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ། ཨ་ཆོས་ཉིད་མངོན་སུམ་བྷནྡྷ་རུ༔ཉམས་སྣང་གོང་འཕེལ་ཚོགས་གཏོར་བཤམས༔རིག་པ་ཚད་ཕེབས་འདོད་ཡོན་སྤྲིན༔བློ་འདས་གདོད་མའི་ལྷ་ལ་འབུལ༔མཆོད་པའི་ཕྱག་རྒྱ་ཆེན་པོར་བཞེས༔ཡིད་བྱེད་མཚན་མའི་འཁྲུལ་པ་བཤགས༔རླུང་སེམས་ཀ་དག་དབྱིངས་སུ་སྒྲོལ༔རགས་ལུས་ལྷུན་གྲུབ་ཆེན་པོར་ཟློག༔སྒོ་ཡུལ་རླུང་རིག་འོད་གསལ་ངང་༔སྣང་བཞི་མཐར་ཕྱིན་དངོས་གྲུབ་སྩོལ༔ཨོཾ་ཨཱཿཧཱུྃ་མ་ཧཱ་ཛྙཱ་ན་ག་ཎ་ཙཀྲ་པཱུ་ཛཿཧོཿརྡོ་རྗེ་ཕུང་པོའི་གྲོང་ཁྱེར་དུ༔གདོད་ནས་དག་པའི་དཀྱིལ་འཁོར་ལ༔ཆོས་ཉིད་གསལ་ཁྱབ་ཆེན་པོའི་ངང་༔ཟག་མེད་བདེ་བའི་ཕྱག་རྒྱས་རོལ༔ཨ་ལ་ལ་ཧོཿཚོགས་ལ་རོལ། ལྷག་མའི་གཏོར་མ་ཞལ་ཆབ་བྲན། པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲཱིཿལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོར་གྱུར། ཨེ་ཨ་ར་ལླི་ཧྲིཾ་ཧྲིཾ་ཕཻཾ་ཕཻཾ། ཨཿསེམས་བྱུང་ལྟར་སྣང་ལྷག་སྡུད་ཚོགས༔སེམས་ཉིད་སྐྱེ་མེད་ཚོགས་ལྷག་བཞེས༔གཟུང་འཛིན་གློ་བུར་བར་ཆད་དང་༔འཁྲུལ་སྣང་ཞི་བའི་ཕྲིན་ལས་མཛོད༔ཧེ་རུ་ཀ་དཔལ་གྲོང་ཁྱེར་དུ་སོགས། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ། ཨོཾ་ཤྲཱི་དྷརྨ་པཱ་ལ་ས་པ་རི་ཝ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་གཏོར་མ་བསྔོས་ལ། ཨཿདབྱིངས་ལས་ཡེ་ཤེས་རང་ཤར་བའི༔ཨེ་ཀ་ཙཱ་ཊི་རལ་གཅིག་མ༔འོད་གསལ་རིག་པ་ཟང་ཐལ་སྐུ༔ཁྱབ་འཇུག་ཆེན་པོ་སྒྲ་གཅན་འཛིན༔ཟུང་འཇུག་དྭངས་མའི་ཐིག་ལེ་འཛིན༔རྡོ་རྗེ་དགྲ་འདུལ་ལེགས་པ་རྩལ༔ཐུགས་རྗེའི་ཆོ་འཕྲུལ་བསམ་ཡས་པ༔འབུམ་ཕྲག་དྲེགས་པའི་སྡེ་ཚོགས་ཀུན༔དགོངས་བརྡ་སྙན་ནས་བརྒྱུད་པ་ཡི༔རྒྱལ་བ་རིག་འཛིན་རྣལ་འབྱོར་དབང་༔ཇི་སྙེད་འདུས་པའི་ཚོགས་ཆེན་དང་༔འཁོར་འདས་ཟིལ་གནོན་ཧེ་རུ་ཀ༔དཔལ་ཆེན་སེཾ་ཧེ་ཤྭ་ར་དང་༔འོད་གསལ་སྤྲུལ་པའི་རྡོ་རྗེ་ཡིས༔ཇི་ལྟར་བཀའ་བསྒོས་དམ་བཞག་བཞིན༔དུར་ཁྲོད་རོལ་པའི་གནས་འདིར་སྤྱོན༔ཁམས་ལྔ་དག་པའི་སྨན་ཕུད་དང་༔འབྱུང་ལྔའི་དྭངས་མ་བ་ལིཾ་ཏ༔དུག་ལྔ་བསྒྲལ་བའི་དམར་ཆེན་པོ༔དཔལ་གྱི་ཕམ་ཕབས་ཆེན་པོར་བཞེས༔ཐེག་མཆོག་ལམ་དུ་ཞུགས་པ་ལ༔གློ་བུར་བདུད་བཞིའི་བར་ཆད་ཟློག༔འཁོར་འདས་རུ་ཤན་དབྱེ་བའི་ཚེ༔གཟུང་འཛིན་འཁྲུལ་པའི་ས་བོན་སྒྲོལ༔རིག་པ་ཀ་དག་ལྟ་བ་ལ༔ཡིད་བྱེད་མཚན་མའི་རྟོག་པ་སྲུངས༔རིག་རྩལ་མངོན་སུམ་སྣང་བའི་ཚེ༔རླུང་སེམས་འགྱུ་བ་དབྱིངས་སུ་ནོན༔མཐར་ཐུག་གཞི་དབྱིངས་གཉུག་མའི་ཀློང་༔གཞི་སྣང་རིག་པའི་ཕྲིན་ལས་སྒྲུབས༔ས་མ་ཡ་ཧོ༔བསྙེན་མཚམས་དུས་མཆོད་བསྟོད། ཡེ་ཤེས་སྐུ་མཆོག །བྱིན་འབེབས། དངོས་གྲུབ་བསྡུ་བའི་དམིགས་པ་དང་བཅས་རྩ་སྔགས་མཐར། ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿབཏགས་པ་སྟོང་རྩ་བཟླ། ཨ༔མངོན་སུམ་ཡེ་ཤེས་ལས་བྱུང་བའི༔ཉམས་སྣང་གོང་འཕེལ་ཕོ་བྲང་ནས༔ཚད་ཕེབས་དོན་གྱི་ལྷ་ཚོགས་ཀྱིས༔བློ་འདས་ཆོས་ཟད་དངོས་གྲུབ་སྩོལ༔སླར་ཡང་མཆོད་བསྟོད་བྱ། ཨ༔གཟུང་འཛིན་རྣམ་རྟོག་ལས་བྱུང་བའི༔ལས་དང་ཉོན་མོངས་སྡིག་སྒྲིབ་ཀུན༔རང་བཞིན་སྐྱེ་མེད་ངང་ཉིད་དུ༔འཁོར་གསུམ་མཚན་མ་བྲལ་བར་བཤགས༔ཡིག་བརྒྱ་ལན་གསུམ། ཚོགས་མགྲོན་རྟེན་ཡོད་ན་བརྟན་བཞུགས་བྱ། ཨ༔གཞི་སྣང་ཕྱག་རྒྱའི་དཀྱིལ་འཁོར་ལྷ༔གཞི་དབྱིངས་གདོད་མའི་ཀློང་དུ་ཐིམ༔སླར་ཡང་ཕྱིར་གསལ་གཟུགས་ཀྱི་སྐུ༔དུས་གསུམ་དུས་མེད་རྟག་ཏུ་ཤར༔ཨ་ཨ་ཨ༔ལྷུན་གྱིས་གྲུབ་པའི་དགེ་ཚོགས་ཀུན༔ཀ་དག་གཞོན་ནུ་བུམ་སྐུར་བསྔོ༔ཟུང་འཇུག་ཁྱད་ཆོས་དྲུག་ལྡན་གྱི༔ཡེ་ཤེས་ཆེན་པོར་རོ་གཅིག་ཤོག༔ཧོ༔ལྟ་བ་ངང་བཞག་བློ་ལས་འདས༔ཆོས་ཀྱི་སྐུ་ཡི་བཀྲ་ཤིས་ཤོག༔སྒོམ་པ་མངོན་སུམ་ཚད་ལ་ཕེབས༔ལོངས་སྤྱོད་རྫོགས་སྐུའི་བཀྲ་ཤིས་ཤོག༔སྤྱོད་པ་དབྱིངས་རིག་འདུ་འབྲལ་མེད༔སྤྲུལ་པའི་སྐུ་ཡི་བཀྲ་ཤིས་ཤོག༔འབྲས་བུ་གཞི་སྣང་ཐིག་ལེ་ཆེར༔དབྱེར་མེད་ཆེན་པོའི་བཀྲ་ཤིས་ཤོག༔འདི་ནི་རང་བཞིན་རྫོགས་པ་ཆེན་པོ་གསང་བ་མན་ངག་སྡེའི་ཀུན་བཟང་དོན་གྱི་ཕྲིན་ལས་རྡོ་རྗེ་སེམས་དཔའི་གསང་ཚིག་གོ༔མན་ངག་གི་རྒྱལ་པོ་ཀློང་ལྔའི་ཡི་གེ་ལས༔དུམ་བུ་གཉིས་པའོ༔༈མཆོད་བསྟོད་བསྡུས་པ་ནི། ཨོཾ་ཨཱཿཧཱུྃ་ཛྙཱ་ན་དྷཱ་ཏུ་པཱུ་ཛ་ཧོཿཨོཾ་ཨཱཿཧཱུྃ། ཨ་ཨཿསྣང་གྲགས་རིག་གསུམ་ཇི་སྙེད་ཀུན༔ཟག་པ་ཟད་པའི་འོད་ཀྱི་ལུས༔འབྱུང་བ་རང་དེངས་གཞོམ་མེད་སྐད༔དྲན་པ་རང་གྲོལ་གཉུག་མའི་ཡིད༔ཕྱག་འཚལ་སྐུ་གསུང་ཐུགས་མཆོག་ལའོ༔མཆོད་བསྟོད་འདི་རྗེ་བླ་མའི་གསུང་། མཆན་གཞན་རྣམས་ཆོས་ཀྱི་བློ་གྲོས་པས་སོ། །། །
[edit]

@#/__/lce btsun snying thig gi gsang ba don gyi phrin las bzhugs/__/ tshig bdun gsol 'debs dang /__sngon 'gro dang sbrel na/__dpal ldan rtsa ba'i bla ma sogs thun gyi sngon 'gro dang /__sems sbyong bdun rnams bsgom/__mtshams la 'jug dus dkar bgegs bsngo ba dang /__mtshams bcad rnams 'dir blangs/__gang ltar yang skyabs yul gsal btab la/__a:ka dag gting gsal chos kyi sku:lhun grub rig rtsal longs spyod rdzogs:dbyer med thugs rje sprul pa'i sku:rang ngo shes pas skyabs su mchi:3ho:glo bur 'khrul pa'i 'gro ba kun:gdod nas rnam dag dbyings kyi ngang :ye shes rig pas rang grol phyir:cog bzhag chen por sems bskyed do:3a:snang bzhi mthar phyin bla ma la:'du 'bral med par phyag 'tshal lo:rlung sems dag pa'i mchod sprin 'bul:sdig ltung 'dus ma byas par bshags:gnyis 'dzin bral bas rjes yi rang :brjod med chos 'khor bskor bzhin du:yongs grub chen por bzhugs gsol 'debs:dge tshogs 'od gsal dbyings su bsngo:3rdor sems bsag sbyangs/__dkar gtor/__rang nyid rta mchog he ru ka'i skur gyur/__ra~M ya~M kha~M/__stong pa'i ngang las sogs byin rlabs spyi ltar/__b+hu mi pA ti sa pa ri wa ra badz+ra sa ma dzaHsa mgron dgugs/__a kA ro btags pa lan gsum gyi bsngo/__gang dag 'dir gnas sogs kyis dkar gtor phul/__bgegs gtor/__ra~M ya~M kha~M/__oM AHhU~M hoHsa brlabs/__sarba b+hU ta a kaR+Sha ya dzaHsa mgron dgugs/__sarba big+hAn na maHsarba ta tha ga ta b+h+yo sogs lan gsum gyis bsngo/__a:yid byed ltar snang bgegs kyi tshogs:rang bzhin bden med gtor ma longs:suM ma b+ha ni sogs/__khor yug 'od gsal phyag rgya las:mi 'da' rdo rje'i mtshams bcad do:hU~M hU~M a:a:ye shes dbyings las rig pa'i rtsal:lhun grub chen por byin brlabs pas:snang srid gzhir bzhengs mchod pa'i sprin:'phel 'grib bral ba'i rgyan du shar:oM AHhU~M:a la la ho:ka dag gting gsal de bzhin nyid:lhun grub kun snang rig par shar:zung 'jug rdo rje lu gu rgyud:zag med ye shes 'byung ba'i rgyu:chos nyid mngon sum yum lnga'i klong :nyams snang gong 'phel gzhal yas dbus:rig pa tshad phebs phyag rgya'i gzugs:blo 'das chos zad ngo bo nyid:'ja' lus 'pho chen rdo rje'i sku:ma 'khrul gdod ma'i he ru ka:seMng he shwa ra rnal 'byor dbang :dmar smug khro 'dzum sgeg pa'i nyams:rdo rje'i skyil krung mnyam bzhag can:'od gsal lta stangs dbyings la gzir:dar dang rin chen rus pas brgyan:brtul zhugs grub pa'i phyag rgyas spras:ba spu'i khung bu thams cad nas:'od gsal rdo rje'i me 'od dang :rig rtsal khro chung skar ltar 'phro:steng 'og phyogs mtshams thams cad du:snang srid 'od lngar 'khrugs pa'i dbyings:rtsa brgyud bla ma sprin ltar gtibs:yi dam mkha' 'gro bsam mi khyab:rdo rje'i chos srung las la 'du:smin mtshams chos kyi 'byung gnas dbus:bde chen thig le 'od du 'bar:de yi nam mkha' thig le'i klong :gdod ma'i mgon po bI ma la:dkar gsal gzi brjid mtshungs pa med:shangs rtser skye med AHyis mtshan:mnyam bzhag thod pa bcud bkang bsnams:dar sngon stod g.yogs chos gos gsol:mngon sum byin brlabs 'od kyi sku:'khor 'das thams cad zil gnon pa:rig pa rang byung dkyil 'khor lha:snang stong zung 'jug chen po'i ngang :ma bcos thig le gcig tu 'khyil:a:rtsa rlung thig le'i rtog tshogs kun:rdo rje gsum du rgyas gdab cing :'od lnga rnam par dag pa'i sku:ye shes lnga ru dbang bskur ro:oM A hU~M:oM AHhU~M swA hA:a:ngo bo chos sku'i gzhal yas nas:ka dag bla ma gshegs su gsol:rang grol chen por byin phobs la:'khrul pa dag pa'i dbang mchog skur:rang bzhin longs sku'i zhing khams nas:lhun grub bla ma gshegs su gsol:rig rtsal chen por byin phobs la:ye shes rgyas pa'i dbang mchog skur:thugs rje sprul sku'i dkyil 'khor nas:dbyer med bla ma gshegs su gsol:snang srid gzhir bzhengs byin phobs la:'ja' lus rdo rje'i dbang mchog skur:hU~M hU~M:yul gyi ming ni bde ba che:mkha' 'gro gsang ba'i gnas mchog nas:gdod ma'i mgon po he ru ka:seM he shwa ra gshegs su gsol:khyed kyi rjes su bdag bsgrub na:byin gyis brlab phyir gnas 'dir dgongs:glo bur 'khrul pa'i bar chad sol:'du 'bral med par dbang skur zhig:hU~M hU~M hU~M hU~M hU~M:a:dbyings nas spyan drangs ye shes pa:rig rtsal las byung dam tshig gi:phyag rgya'i dkyil 'khor chen po 'dir:byang chub bar du brtan par bzhugs:dz+nyA na tiSh+Tha AH'od gsal snang bzhi sogs kyi gsol 'debs/__bzlas pa/__dbang blang /__bla ma smin mtshams su bstim pa rnams bya/__a:nang gsal gzhon nu bum sku las:rig pa mi 'gyur dkyil 'khor shar:rang ngo shes pa'i brda yi phyag:blang dor med pa'i ngang du 'tshal:a la la hoHa:yul dang dbang po'i rtog tshogs kun:mchod pa'i phyag rgya chen por rdzogs:rig pa rang snang rnam 'phrul gyis:chos dbyings rgyas par bkang ste 'bul:oM AHhU~M dz+nyA na d+hA tu pU dza hoHa:snang srid thams cad klong lnga'i dbyings:ye shes rang gsal 'dod yon tshogs:sman gtor rak+ta byang chub sems:gsal stong 'dus ma byas par bzhes:oM AHhU~M:AHka dag ngang du chos kun sbyor:lhun grub rig pas gzung 'dzin bsgral:zung 'jug 'od gsal rdzogs pa che:spang blang bsal bzhag bral bar mchod:a a:oM:brtan g.yo'i gzugs rnams thams cad kun:snang stong 'dus ma byas par thim:zag pa zad pa'i 'od kyi lus:phyag 'tshal ye shes sku mchog la:AHphyi nang sgra skad ji snyed pa:grags stong 'gro 'ong bral bar thim:'byung ba rang dengs gzhom med skad:phyag 'tshal rdo rje'i gsung mchog la:hU~M:glo bur gzung 'dzin rtog pa'i tshogs:rig stong 'od gsal dbyings su thim:dran pa rang grol gnyug ma'i yid:phyag 'tshal gdod ma'i gnas lugs la'o:bskyed rim sems 'dzin dang /__smin mtshams kyi thig ler sems 'dzin sogs bya/__a:oM ni ngo bo chos kyi sku:AHyig rang bzhin longs spyod rdzogs:hU~M ni thugs rje sprul pa'i sku:badz+ra dbyer med blo 'das dbyings:gu ru ye shes bla mar shar:seM he shwa ra 'jigs med pa:dkyil 'khor dbang phyug chen por bzhengs:sid+d+hi dbyings rig dngos grub mchog:hU~M gis bdag dang gnyis su med:phyi snod klong lnga dbyings kyi dal:nang bcud lhun grub rig pa'i lha:sgra grags 'gro 'ong bya rtsol bral:dran rtog ka dag zang thal ngang :mi g.yo mi smra bsam brjod bral:khyab brdal chen po'i ngang nas bzla:bzlas dmigs ni/__aHrang nyid rig 'dzin bla ma yi/__/tsit+ta 'od kyi gur khang du/__/rang byung gzhi yi kun tu bzang /__/mthing gsal yab yum rgyan med bzhugs/__/de yi thugs dbus thig le'i nang /__/hU~M sngon mtha' mar sngags kyis bskor/__/bzlas pa sngags kyi spro bsdu yis/__/bdag gzhan don gnyis byed par bsam/__/oM AHhU~M badz+ra gu ru seM he shwa ra sid+d+hi hU~M hU~M hU~M:zhes smin mtshams kyi thig le las 'od zer spro bsdu sogs kyi dmigs pa dang bcas ngag bzlas yid bzlas ci rigs dang /__rdor bzlas bya zhing /__gtso bor rlung rig dbyer med kyi ngang nas bzla zhing /__thun mthar dbyangs gsal/__yig brgya/__ye d+har rnams lan gsum/__stong tshig mchod bstod dang /__bsdu ldangs bya/__tshogs 'don na/__ye shes sku mchog dang byin rlabs ni/__AHsnod kyi 'jig rten ka pA lar:bcud kyi longs spyod 'dod yon tshogs:ye shes bdud rtsi'i sprin phung che:'grib med rtag pa'i rgyan du shar:oM AHhU~M ha ho hrIHlan gsum/__a chos nyid mngon sum b+han+d+ha ru:nyams snang gong 'phel tshogs gtor bshams:rig pa tshad phebs 'dod yon sprin:blo 'das gdod ma'i lha la 'bul:mchod pa'i phyag rgya chen por bzhes:yid byed mtshan ma'i 'khrul pa bshags:rlung sems ka dag dbyings su sgrol:rags lus lhun grub chen por zlog:sgo yul rlung rig 'od gsal ngang :snang bzhi mthar phyin dngos grub stsol:oM AHhU~M ma hA dz+nyA na ga Na tsakra pU dzaHhoHrdo rje phung po'i grong khyer du:gdod nas dag pa'i dkyil 'khor la:chos nyid gsal khyab chen po'i ngang :zag med bde ba'i phyag rgyas rol:a la la hoHtshogs la rol/__lhag ma'i gtor ma zhal chab bran/__pany+tsa a mr-i ta hU~M ha ho hrIHlhag ma'i dam tshig 'dod yon gyi phung por gyur/__e a ra l+li hriM hriM phaiM phaiM/__aHsems byung ltar snang lhag sdud tshogs:sems nyid skye med tshogs lhag bzhes:gzung 'dzin glo bur bar chad dang :'khrul snang zhi ba'i phrin las mdzod:he ru ka dpal grong khyer du sogs/__oM AHhU~M ha ho hrIHlan gsum/__oM shrI d+harma pA la sa pa ri wa ra i daM ba liM ta kha kha khA hi khA hi/__lan gsum gyis gtor ma bsngos la/__aHdbyings las ye shes rang shar ba'i:e ka tsA Ti ral gcig ma:'od gsal rig pa zang thal sku:khyab 'jug chen po sgra gcan 'dzin:zung 'jug dwangs ma'i thig le 'dzin:rdo rje dgra 'dul legs pa rtsal:thugs rje'i cho 'phrul bsam yas pa:'bum phrag dregs pa'i sde tshogs kun:dgongs brda snyan nas brgyud pa yi:rgyal ba rig 'dzin rnal 'byor dbang :ji snyed 'dus pa'i tshogs chen dang :'khor 'das zil gnon he ru ka:dpal chen seM he shwa ra dang :'od gsal sprul pa'i rdo rje yis:ji ltar bka' bsgos dam bzhag bzhin:dur khrod rol pa'i gnas 'dir spyon:khams lnga dag pa'i sman phud dang :'byung lnga'i dwangs ma ba liM ta:dug lnga bsgral ba'i dmar chen po:dpal gyi pham phabs chen por bzhes:theg mchog lam du zhugs pa la:glo bur bdud bzhi'i bar chad zlog:'khor 'das ru shan dbye ba'i tshe:gzung 'dzin 'khrul pa'i sa bon sgrol:rig pa ka dag lta ba la:yid byed mtshan ma'i rtog pa srungs:rig rtsal mngon sum snang ba'i tshe:rlung sems 'gyu ba dbyings su non:mthar thug gzhi dbyings gnyug ma'i klong :gzhi snang rig pa'i phrin las sgrubs:sa ma ya ho:bsnyen mtshams dus mchod bstod/__ye shes sku mchog__/byin 'bebs/__dngos grub bsdu ba'i dmigs pa dang bcas rtsa sngags mthar/__kA ya wAk+ka tsit+ta sarba sid+d+hi pha la hoHbtags pa stong rtsa bzla/__a:mngon sum ye shes las byung ba'i:nyams snang gong 'phel pho brang nas:tshad phebs don gyi lha tshogs kyis:blo 'das chos zad dngos grub stsol:slar yang mchod bstod bya/__a:gzung 'dzin rnam rtog las byung ba'i:las dang nyon mongs sdig sgrib kun:rang bzhin skye med ngang nyid du:'khor gsum mtshan ma bral bar bshags:yig brgya lan gsum/__tshogs mgron rten yod na brtan bzhugs bya/__a:gzhi snang phyag rgya'i dkyil 'khor lha:gzhi dbyings gdod ma'i klong du thim:slar yang phyir gsal gzugs kyi sku:dus gsum dus med rtag tu shar:a a a:lhun gyis grub pa'i dge tshogs kun:ka dag gzhon nu bum skur bsngo:zung 'jug khyad chos drug ldan gyi:ye shes chen por ro gcig shog:ho:lta ba ngang bzhag blo las 'das:chos kyi sku yi bkra shis shog:sgom pa mngon sum tshad la phebs:longs spyod rdzogs sku'i bkra shis shog:spyod pa dbyings rig 'du 'bral med:sprul pa'i sku yi bkra shis shog:'bras bu gzhi snang thig le cher:dbyer med chen po'i bkra shis shog:'di ni rang bzhin rdzogs pa chen po gsang ba man ngag sde'i kun bzang don gyi phrin las rdo rje sems dpa'i gsang tshig go:man ngag gi rgyal po klong lnga'i yi ge las:dum bu gnyis pa'o:!mchod bstod bsdus pa ni/__oM AHhU~M dz+nyA na d+hA tu pU dza hoHoM AHhU~M/__a aHsnang grags rig gsum ji snyed kun:zag pa zad pa'i 'od kyi lus:'byung ba rang dengs gzhom med skad:dran pa rang grol gnyug ma'i yid:phyag 'tshal sku gsung thugs mchog la'o:mchod bstod 'di rje bla ma'i gsung /__mchan gzhan rnams chos kyi blo gros pas so/__//__/

Footnotes

Other Information