JKCL-KABUM-03-GA-158

From Khyentse Lineage - A Tsadra Foundation Project
Revision as of 14:35, 22 November 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title JKCL-KABUM-03-GA-158.pdf
Location chos kyi blo gros bka' 'bum
Volume Expression error: Unrecognized word "ga"., Text 158, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre "GA" is not a number.

<ul><li>":Property:textsubnumber|textsubnumber" can not be assigned to a declared number type with value 1.</li> <!--br--><li>"GA" is not a number.</li></ul>

[edit]
ནམ་སྙིང་མཆོག་སྤྲུལ་རིན་པོ་ཆེར་ཞབས་བརྟན་དུ་གསོལ་བ་ལྷ་ཡི་རྒྱུད་མང་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི། དཔལ་ཆེན་ཡང་དག་གྲུབ་པ་ཆེན་པོའི་སྐུ། །མ་ཧཱ་གུ་རུའི་ཐུགས་ཀྱི་སྲས་གཅིག་པུ། །རྗེ་འབངས་དབུས་ན་མཁས་དང་གྲུབ་པའི་མཆོག །ནམ་མཁའི་སྙིང་པོའི་ཞབས་ལ་གསོལ་བ་འདེབས། །རྩོད་པའི་དུས་ཀྱི་བསྟན་དང་འགྲོ་བའི་སྐྱབས། །ལྷ་ཡི་ལྷ་མཆོག་སྔ་འགྱུར་བསྟན་པའི་མགོན། །ངེས་དོན་གྲུབ་རིགས་རྒྱ་མཚོའི་གཙུག་ཏོར་ཆེ། །རིག་འཛིན་པདྨའི༷་ཐུགས་སྲས་ཆེན་པོར་འདུད། །གང་གི་གསང་གསུམ་སྒྱུ་འཕྲུལ་བཀོད་པ་ལས། །མཁྱེན་ནུས་བརྩེ་བའི་ཡོན་ཏན་ཕུལ་དུ་བྱུང་། །བཀའ་གཏེར་བསྟན༷་པ་འཛི༷ན་ལ་ཟླ་མེད་པ། །འཕྲིན༷་ལ༷ས་རྣམ༷་རྒྱལ༷་ཆེན་པོར་ཞབས་བརྟན་གསོལ། །སྐུ་དཀྱིལ་འཆི་མེད་གྲུབ་པའི་ལང་ཚོ་རྒྱས། །འགག་མེད་གསུང་དབྱངས་ཆོས་ཀྱི་དུང་ཆེན་སྒྲོགས། །ཐུགས་ནི་རིག་སྟོང་རྡོ་རྗེའི་རྩལ་ཆེན་རྫོགས། །དཔལ་ལྡན་བླ་མ་འགྱུར་མེད་བརྟན་བཞུགས་གསོལ། །དེ་ལྟར་གསོལ་བ་བཏབ་པའི་བདེན་འབྲས་ཀྱིས། །རྗེ་བཙུན་བླ་མའི་ཞབས་པད་བརྟན་པ་དང་། །བཤད་སྒྲུབ་དར་རྒྱས་དགེ་འདུན་སྡེ་འཕེལ་ཞིང་། །འཇིག་རྟེན་བདེ་ཞིང་སྐྱིད་པའི་བཀྲ་ཤིས་ཤོག །ཅེས་པའང་དབང་ཆེན་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུར་བླ་མ་གསང་འདུས་ཀྱི་ཚོགས་ཀྱི་འདུ་བར་ལོངས་སྤྱོད་པའི་སྐབས་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་ཆོས་ཀྱི་བློ་གྲོས་པས་ལྷ་རྫས་ཨ་ཤེ་སྐུ་གསུང་ཐུགས་རྟེན་འབུལ་མཚོན་བཅས་ཕུལ་བ་རྗེ་བཙུན་བླ་མ་༧ཞབས་པད་ཡུན་དུ་བརྟན་ཅིང་དགེ་ལེགས་ཀྱི་སྣང་བ་ཆེན་པོས་ཁྱབ་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།
[edit]

nam snying mchog sprul rin po cher zhabs brtan du gsol ba lha yi rgyud mang zhes bya ba bzhugs so/____/oM swasti/__dpal chen yang dag grub pa chen po'i sku/____/ma hA gu ru'i thugs kyi sras gcig pu/____/rje 'bangs dbus na mkhas dang grub pa'i mchog__/nam mkha'i snying po'i zhabs la gsol ba 'debs/____/rtsod pa'i dus kyi bstan dang 'gro ba'i skyabs/____/lha yi lha mchog snga 'gyur bstan pa'i mgon/____/nges don grub rigs rgya mtsho'i gtsug tor che/____/rig 'dzin pad+ma'iX thugs sras chen por 'dud/____/gang gi gsang gsum sgyu 'phrul bkod pa las/____/mkhyen nus brtse ba'i yon tan phul du byung /____/bka' gter bstanaX pa 'dziXn la zla med pa/____/'phrinaX laXs rnamaX rgyalaX chen por zhabs brtan gsol/____/sku dkyil 'chi med grub pa'i lang tsho rgyas/____/'gag med gsung dbyangs chos kyi dung chen sgrogs/____/thugs ni rig stong rdo rje'i rtsal chen rdzogs/____/dpal ldan bla ma 'gyur med brtan bzhugs gsol/____/de ltar gsol ba btab pa'i bden 'bras kyis/____/rje btsun bla ma'i zhabs pad brtan pa dang /____/bshad sgrub dar rgyas dge 'dun sde 'phel zhing /____/'jig rten bde zhing skyid pa'i bkra shis shog__/ces pa'ang dbang chen sprel lo sprel zla'i tshes bcur bla ma gsang 'dus kyi tshogs kyi 'du bar longs spyod pa'i skabs mkhyen brtse'i sprul ming 'dzin pa chos kyi blo gros pas lha rdzas a she sku gsung thugs rten 'bul mtshon bcas phul ba rje btsun bla ma 7zhabs pad yun du brtan cing dge legs kyi snang ba chen pos khyab pa'i rgyur gyur cig__/mang+ga laM//____//_

Footnotes

Other Information