JKCL-KABUM-03-GA-006

From Khyentse Lineage - A Tsadra Foundation Project
Revision as of 18:05, 17 November 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title JKCL-KABUM-03-GA-006.pdf
Location chos kyi blo gros bka' 'bum
Volume Expression error: Unrecognized word "ga"., Text 6, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre "GA" is not a number.

<ul><li>":Property:textsubnumber|textsubnumber" can not be assigned to a declared number type with value 1.</li> <!--br--><li>"GA" is not a number.</li></ul>

[edit]
སངས་རྒྱས་བྱང་སེམས་ལ་སྨྲེ་སྔགས་ཀྱི་གསོལ་བ་འདེབས་པ་བཞུགས། །ན་མོ་གུ་རུ། བླ་མ་མཉམ་མེད་ཐུབ་པའི་དབང་པོ་དང་། །འཇམ་དབྱངས་བྱམས་པ་ཕྱག་རྡོར་སྤྱན་གཟིགས་སོགས། །དམིགས་མེད་ཐུགས་རྗེ་ཆེན་པོ་དང་ལྡན་པའི། །རྒྱལ་དང་དེ་སྲས་ཚོགས་རྣམས་དགོངས་སུ་གསོལ། ཀྱེ་མ། བདག་འདྲའི་སེམས་ཅན་ལས་ངན་པ། །ལུས་ལ་སྣ་ཚོགས་ནད་ཀྱིས་གདུང་བས་མནར། །ངག་ནི་མི་དགེའི་གཏེར་གྱི་འབྱུང་གནས་གྱུར། །སེམས་ལ་བྱིང་རྨུགས་གཉིད་དང་བརྗེད་ངས་ཆེ། །སྒོ་གསུམ་འཁྲུལ་པའི་རང་བཞིན་འདི་འདྲ་བའི། །གནས་ངན་ལེན་ལ་སྲས་བཅས་རྒྱལ་བ་ཡི། །ཐུགས་རྗེ་ཆེན་པོས་ངེས་པར་གཟིགས་སུ་གསོལ། །བདག་ནི་བླང་དོར་ཅུང་ཟད་ཤེས་ནའང་། །ཤེས་བཞིན་ཉོན་མོངས་ཆང་གི་རབ་མྱོས་པས། །དབང་མེད་གྱུར་པའི་སྐྱེ་ངན་བདག་ཉིད་ལ། །རྒྱལ་སྲས་རྣམས་ཀྱིས་སྐྱོབ་པར་མཛད་དུ་གསོལ། །ལས་ཉོན་འཁྲུལ་འཁོར་དྲག་པོ་བཟློག་པ་དང་། །འཁོར་བའི་མུན་པ་སྨུག་པོ་བསལ་དུ་གསོལ། །ཡེ་ཤེས་ཟེར་གྱིས་སྣང་བའི་སྒོ་ཕྱེས་ལ། །མ་འཁྲུལ་གནས་ལུགས་ཟབ་མོ་དེ་ཁོ་ནའི། །རང་བཞིན་མངོན་གྱུར་བདག་ལ་མཛད༴ །ཀྱེ་མ་ཀྱིི་ཧུད་རྒྱལ་བ་ཐུགས་རྗེ་ཅན། །ད་ལྟ་ཉིད་དུ་སྲིད་པའི་འདམ་ལས་དྲོངས། །བྱང་ཆུབ་མཆོག་གི་ལམ་ལ་དྲོང་དུ་གསོལ། །སྒྲིབ་པའི་དྲི་མ་དག་ཅིང་བྱང་བ་དང་། །རྟོགས་པའི་ཡོན་ཏན་ཉམས་འོག་ཆུབ་པ་དང་། །སྐུ་བཞིའི་རྒྱལ་ས་ཐོབ་པར་མཛད་དུ་གསོལ། །ཅེས་པའང་བློ་གྲོས་རྒྱ་མཚོས་གསོལ་བ་བཏབ་པའོ།། །།
[edit]

sangs rgyas byang sems la smre sngags kyi gsol ba 'debs pa bzhugs/____/na mo gu ru/__bla ma mnyam med thub pa'i dbang po dang /____/'jam dbyangs byams pa phyag rdor spyan gzigs sogs/____/dmigs med thugs rje chen po dang ldan pa'i/____/rgyal dang de sras tshogs rnams dgongs su gsol/__kye ma/__bdag 'dra'i sems can las ngan pa/____/lus la sna tshogs nad kyis gdung bas mnar/____/ngag ni mi dge'i gter gyi 'byung gnas gyur/____/sems la bying rmugs gnyid dang brjed ngas che/____/sgo gsum 'khrul pa'i rang bzhin 'di 'dra ba'i/____/gnas ngan len la sras bcas rgyal ba yi/____/thugs rje chen pos nges par gzigs su gsol/____/bdag ni blang dor cung zad shes na'ang /____/shes bzhin nyon mongs chang gi rab myos pas/____/dbang med gyur pa'i skye ngan bdag nyid la/____/rgyal sras rnams kyis skyob par mdzad du gsol/____/las nyon 'khrul 'khor drag po bzlog pa dang /____/'khor ba'i mun pa smug po bsal du gsol/____/ye shes zer gyis snang ba'i sgo phyes la/____/ma 'khrul gnas lugs zab mo de kho na'i/____/rang bzhin mngon gyur bdag la mdzad=____/kye ma kyi+i hud rgyal ba thugs rje can/____/da lta nyid du srid pa'i 'dam las drongs/____/byang chub mchog gi lam la drong du gsol/____/sgrib pa'i dri ma dag cing byang ba dang /____/rtogs pa'i yon tan nyams 'og chub pa dang /____/sku bzhi'i rgyal sa thob par mdzad du gsol/____/ces pa'ang blo gros rgya mtshos gsol ba btab pa'o//____//_

Footnotes

Other Information