JKCL-KABUM-02-KHA-091

From Khyentse Lineage - A Tsadra Foundation Project
Revision as of 18:03, 17 November 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title JKCL-KABUM-02-KHA-091.pdf
Location chos kyi blo gros bka' 'bum
Volume Expression error: Unrecognized word "kha"., Text 91, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre "KHA" is not a number.

<ul><li>":Property:textsubnumber|textsubnumber" can not be assigned to a declared number type with value 1.</li> <!--br--><li>"KHA" is not a number.</li></ul>

[edit]
མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་ལ་བསྟོད་པ་ལྷའི་མེ་ཏོག་ཅེས་བྱ་བ། ན་མོ་གུ་རུ་མཻ་ཏྲི་ཨ་ནནྡ་ཤཱ་ས་ན་དྷ་ར་ཡ། བྱམས་ཆེན་འཕགས་པའི་སྤྲིན་དཀར་ལས། །དཔལ་ལྡན་ཀླུ་དབང་རྒྱལ་པོ་ནི། །རིན་ཆེན་ནོར་བུའི་ཕྱང་འཕྲུལ་ཅན། །འཛམ་གླིང་འདི་ཡི་མཁའ་ལ་སྣང་། །ལྷར་བཅས་ཡིད་ལ་ཀུན་དགའི་གཉེན། །ཤཱཀྱའི་བསྟན་འཛིན་ཀུན་གྱི་ཕུལ། །མཁས་དང་གྲུབ་པའི་གཙུག་རྒྱན་ཆེ། །གདོད་ནས་མངོན་པར་བྱང་ཆུབ་བརྙེས། །ཚུར་མཐོང་དགེ་བའི་བཤེས་ཀྱི་གཟུགས། །ཚུལ་ཁྲིམས་ཕུང་པོས་བརྒྱན་པའི་སྐུ། །མཐོང་བས་མི་ངོམས་མཚན་དཔེས་བརྒྱན། །དྲན་པས་སྲིད་ཞིའི་འཇིགས་འཕྲོག་ཅིང་། །ཐོས་པ་ནམ་མཁའི་མཐའ་དང་མཉམ། །བསམ་བྱུང་རིགས་པས་རྣམ་པར་དཔྱད། །སྒོམ་པས་བདེན་དོན་མངོན་སུམ་བརྙེས། །འཕགས་པའི་རྒྱལ་ཐབས་ཆེན་པོར་འཛེག །ཐུབ་པའི་བསྟན་ལ་ཕྱག་བཞེས་ནི། །འགྲན་ཟླ་མེད་པའི་རྣམ་ཐར་གྱི། །ཕྱག་རིས་ཟུམ་པ་མེད་པ་ནི། །དུས་ཀྱི་མཐར་ཡང་མི་ཉམས་གསལ། །གང་གི་ཆོས་ཀྱི་སྲས་ཆེན་པོ། །གསེར་རིའི་ཕྲེང་མཛེས་ཤིང་རྟ་ཆེ། །ས་ལ་གནས་པའི་བསྟན་འཛིན་གྱིས། །བསྟན་པ་རྒྱ་མཚོའི་ཕ་མཐར་སྤེལ། །ཐུབ་པས་ལུང་བསྟན་ཀུན་བཟང་གི། བསྟན་པའི་རྒྱན་གཅིག་ས་སྐྱ་པའི། །མདོ་སྔགས་ཆོས་ཀྱི་ཕུང་པོ་རྣམས། །བཤད་དང་སྒྲུབ་པས་ཕྱོགས་བཅུར་བརྡལ། །དབང་བཅུ་དབང་འབྱོར་ཆོས་ཀྱི་སྤྲིན། །ཆོས་ཀྱི་རྒྱལ་པོར་དུས་གསུམ་གྱི། །རྒྱལ་བས་ཀྱང་ནི་བསྔགས་མཛད་ན། །བདག་ལྟས་བརྗོད་པར་ག་ལ་ནུས། །དེ་ལྟ་ན་ཡང་ཡོན་ཏན་གྱི། །ཆུ་གཏེར་ཆེ་ལས་ཤས་ཙམ་ཞིག །བླངས་ནས་བསྟོད་པའི་དགེ་བ་འདིས། །ཀུན་མཁྱེན་བདེ་གཤེགས་མཆོག་ཐོབ་ཤོག །ཅེས་པའང་ཤིན་ཏུ་དད་ཅིང་དང་བ་ཆེན་པོས་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པ་སིདྡྷི་རསྟུ། ། །།
[edit]

mkhan chen rdo rje 'chang byams pa kun dga' bstan 'dzin la bstod pa lha'i me tog ces bya ba/__na mo gu ru mai tri a nan+da shA sa na d+ha ra ya/__byams chen 'phags pa'i sprin dkar las/____/dpal ldan klu dbang rgyal po ni/____/rin chen nor bu'i phyang 'phrul can/____/'dzam gling 'di yi mkha' la snang /____/lhar bcas yid la kun dga'i gnyen/____/shAkya'i bstan 'dzin kun gyi phul/____/mkhas dang grub pa'i gtsug rgyan che/____/gdod nas mngon par byang chub brnyes/____/tshur mthong dge ba'i bshes kyi gzugs/____/tshul khrims phung pos brgyan pa'i sku/____/mthong bas mi ngoms mtshan dpes brgyan/____/dran pas srid zhi'i 'jigs 'phrog cing /____/thos pa nam mkha'i mtha' dang mnyam/____/bsam byung rigs pas rnam par dpyad/____/sgom pas bden don mngon sum brnyes/____/'phags pa'i rgyal thabs chen por 'dzeg__/thub pa'i bstan la phyag bzhes ni/____/'gran zla med pa'i rnam thar gyi/____/phyag ris zum pa med pa ni/____/dus kyi mthar yang mi nyams gsal/____/gang gi chos kyi sras chen po/____/gser ri'i phreng mdzes shing rta che/____/sa la gnas pa'i bstan 'dzin gyis/____/bstan pa rgya mtsho'i pha mthar spel/____/thub pas lung bstan kun bzang gi/__bstan pa'i rgyan gcig sa skya pa'i/____/mdo sngags chos kyi phung po rnams/____/bshad dang sgrub pas phyogs bcur brdal/____/dbang bcu dbang 'byor chos kyi sprin/____/chos kyi rgyal por dus gsum gyi/____/rgyal bas kyang ni bsngags mdzad na/____/bdag ltas brjod par ga la nus/____/de lta na yang yon tan gyi/____/chu gter che las shas tsam zhig__/blangs nas bstod pa'i dge ba 'dis/____/kun mkhyen bde gshegs mchog thob shog__/ces pa'ang shin tu dad cing dang ba chen pos chos kyi blo gros pas gsol ba btab pa sid+d+hi rastu/__/____//_

Footnotes

Other Information