DKR-KABUM-23-'A-016: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 1: Line 1:
{{WyliePageHeader}}
{{Khyentse Metadata
 
|classification=Tibetan Publications
<div class="wylie-content"
|subclass=Tibetan Texts
 
|collectiontitle=dil mgo mkhyen brtse bka' 'bum
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=25
|author=Khyentse, Dilgo
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|language=Tibetan
|pagestatus=Temporary stub only
|volumenumber='A
|textnuminvol=016
|pdflink=File:DKR-KABUM-23-&#39;A-016.pdf
}}
{{Header}}
<h1 style="font-size: 24px !important;">Tibetan Text</h1>
<onlyinclude>
<onlyinclude>
 
{{TibP|༄༅། །དགྲ་འདུལ་ཝེར་མའི་སྙིང་ཏིག་གི་བླ་མ་བརྒྱུད་པའི་གསོལ་འདེབས་མུ་ཏིག་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ། །
@#/_/dgra 'dul wer ma'i snying tig gi bla ma brgyud pa'i gsol 'debs mu tig phreng mdzes zhes bya ba bzhugs so/_/
ན་མོ་གུ་རུ་མཉྫུ་ཤྲཱི་མ་ཎི་རཱ་ཛ་ཡེ། གཞི་དབྱིངས་གདོད་མའི་སངས་རྒྱས་འཇམ་པའི་དཔལ། །བརྟན་གཡོའི་དངོས་པོ་ཀུན་གྱི་སྲོག་ཏུ་ཞུགས། །རང་བྱུང་ཡེ་ཤེས་རྒྱ་ཆད་ཕྱོགས་ལྷུང་བྲལ། །ཁྱབ་བདག་སྒྱུ་འཕྲུལ་དྲྭ་བར་གསོལ་བ་འདེབས། །འོད་མཚན་སྟོང་འབར་འཆི་མེད་ལྷ་ཡི་ལྷ། །བདེ་ལྡན་ཞིང་གི་སྟོན་པ་འོད་མི་འགྱུར། །ཚེ་དང་ཡེ་ཤེས་དཔག་མེད་ལྷུན་རྫོགས་དཔལ། །ཆོས་སྐུ་སྣང་མཐའ་ཡས་ལ་གསོལ་བ་འདེབས། །ངེས་པ་ལྔ་ལྡན་ཐུགས་རྗེ་གངས་ཅན་མཚོ། །སྐུ་དང་ཞིང་ཁམས་རྒྱ་མཚོར་དབང་འབྱོར་ཞིང༌། །དམིགས་མེད་སྙིང་རྗེ་ཆེན་པོས་ཡོངས་གང་བ། །ལོངས་སྐུ་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །རྩ་གསུམ་རྒྱལ་བ་མ་ལུས་འདུས་པའི་གཟུགས། །སིནྡྷུ་རྒྱ་མཚོར་པད་སྡོང་རྩེ་ལས་འཁྲུངས། །འཆི་མེད་མཚོ་སྐྱེས་སྤྲུལ་སྐུ་ཐོད་ཕྲེང་རྩལ། །བློ་ལྡན་མཆོག་སྲེད་ཞབས་ལ་གསོལ་བ་འདེབས། །འཇམ་དབྱངས་སྤྲུལ་པ་ཚངས་པ་ལྷ་ཡི་སྲས། །མཁྱེན་དང་བརྩེ་བའི་ཡོན་ཏན་མཐའ་ཀླས་ཤིང༌། །གངས་ཅན་བཀའ་དྲིན་མཉམ་པ་མེད་པའི་རྗེ། །ཁྲི་སྲོང་ལྡེའུ་བཙན་ཞབས་ལ་གསོལ་བ་འདེབས། །འཇིག་རྟེན་མིག་གཅིག་སྤྲུལ་པའི་ལོ་ཙཱ་ཆེ། །ཡེ་ཤེས་སྤྱན་ལྡན་དགོངས་པ་མི་གཡོ་བ། །སྒྲ་སྒྱུར་མཁས་པ་ཀུན་གྱི་གཙུག་གི་རྒྱན། །བཻ་རོ་ཙ་ནའི་ཞབས་ལ་གསོལ་བ་འདེབས། །དབྱངས་ཅན་སྤྲུལ་པ་མི་བརྗེད་གཟུངས་ཐོབ་ཅིང༌། །རྣལ་འབྱོར་གྲུབ་པ་ཡོངས་ཀྱི་རྗེ་མོར་གྱུར། །གུ་རུའི་ཟབ་གཏེར་བསྟན་པའི་གཉེར་འཛིན་མ། །ཡེ་ཤེས་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས། །རྒྱལ་སྲས་མཆོག་གྲུབ་སྐྱེ་བ་བཅུ་གསུམ་པ། །ངོ་མཚར་བཀའ་བབས་བདུན་ལ་དབང་སྒྱུར་ཞིང༌། །རྒྱལ་བསྟན་ཡོངས་སུ་རྫོགས་པའི་ཤིང་རྟ་ཆེ། །འཇམ་དབྱངས་མཁྱེན་བརྩེའི་དབང་པོར་གསོལ་བ་འདེབས། །སྨྲ་བའི་སེང་གེ་ཐུགས་མཚོར་རོལ་པ་ལས། །བློ་གྲོས་སྤོབས་པའི་ཆུ་གཏེར་རབ་གཡོས་ཤིང༌། །ལུང་རིག་འབྲུག་སྒྲས་བདུད་སྡེའི་སྙིང་འགེམས་པ། །མི་ཕམ་འཇམ་པའི་རྡོ་རྗེར་གསོལ་བ་འདེབས། །རྩ་བ་གསུམ་གྱི་དགྱེས་ཞལ་རྟག་ཏུ་གཟིགས། །རབ་འབྱམས་དགོངས་པའི་གཏེར་ལ་དབང་སྒྱུར་ཞིང༌། །སྙིགས་དུས་འགྲོ་བ་སྐྱོབ་པའི་མགོན་གཅིག་པུ། །གར་དབང་མདོ་སྔགས་གླིང་པར་གསོལ་བ་འདེབས། །ཟབ་རྒྱས་གདམས་པ་མང་པོའི་སྣོད་དུ་གྱུར། །རིས་མེད་བསྟན་འགྲོར་ཕན་བདེའི་ཕྲིན་ལས་བཟང༌། །ཕྱོགས་ཀྱི་ཐ་གྲུ་ཀུན་ལ་གདལ་མཛད་པའི། །བློ་གྲོས་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །རྩ་བརྒྱུད་དཔལ་ལྡན་བླ་མའི་ཚོགས་རྣམས་དང༌། །ཡི་དམ་དབང་ཆེན་ཞི་ཁྲོའི་ལྷ་ཡི་ཚོགས། །མཁའ་འགྲོ་ཆོས་སྐྱོང་དགྲ་བླ་ཝེར་མ་སོགས། །དཀར་ཕྱོགས་སྐྱོང་བ་རྣམས་ལ་གསོལ་བ་འདེབས། །ངེས་འབྱུང་བྱང་ཆུབ་སེམས་བསྐྱེད་བསག་སྦྱང་གི །ལམ་གྱི་རིམ་པར་བརྩོན་ཞིང་བླ་མ་རྗེར། །རྩ་གསུམ་འདུས་ཞལ་བསྙེན་པའི་མོས་གུས་དང༌། །དམ་ཚིག་རྣམ་པར་དག་པར་བྱིན་གྱིས་རློབས། །ལྟ་བའི་གདིང་ལྡན་ལྷ་སྔགས་རྣལ་འབྱོར་ལ། །ཏིང་འཛིན་གྱད་དུ་གྱུར་ཅིང་རབ་མཐར་སོན། །དགྲ་བླ་ཝེར་མའི་སྟོང་སྲོག་དབང་དུ་འདུས། །རབ་འབྱམས་ཕྲིན་ལས་འགྲུབ་པར་བྱིན་གྱིས་རློབས། །བསྟན་དང་བསྟན་འཛིན་དབུ་འཕང་མཐོ་བ་དང༌། །ནག་ཕྱོགས་རྒྱ་འདྲེ་འགོང་པོའི་འཚུབ་འགྱུར་ཞི། །སྲིད་གསུམ་རྣམ་རྒྱལ་ནོར་བུའི་རྒྱལ་མཚན་སྒྲེངས། །བཀྲ་ཤིས་སྙན་གྲགས་རླུང་རྟ་དར་རྒྱས་ཤོག །ཅེས་པའང་བླ་གྲོ་དགོན་གྱི་མཆོག་སྤྲུལ་རིན་པོ་ཆེའི་ཉེ་གནས་དགེ་འབྱོར་རྒྱས་ནས་བཀྲ་ཤིས་པའི་ལྷ་རྫས་ཀྱི་རྟེན་དང་བཅས་གསུང་བསྐུལ་ངོར། མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །སརྦ་ཨརྠ་སིདྡྷི་བྷ་ཝ་ཏུ། མངྒ་ལཾ། །}}
na mo gu ru many+dzu shrI ma Ni rA dza ye/_gzhi dbyings gdod ma'i sangs rgyas 'jam pa'i dpal/_/brtan g.yo'i dngos po kun gyi srog tu zhugs/_/rang byung ye shes rgya chad phyogs lhung bral/_/khyab bdag sgyu 'phrul drwa bar gsol ba 'debs/_/'od mtshan stong 'bar 'chi med lha yi lha/_/bde ldan zhing gi ston pa 'od mi 'gyur/_/tshe dang ye shes dpag med lhun rdzogs dpal/_/chos sku snang mtha' yas la gsol ba 'debs/_/nges pa lnga ldan thugs rje gangs can mtsho/_/sku dang zhing khams rgya mtshor dbang 'byor zhing*/_/dmigs med snying rje chen pos yongs gang ba/_/longs sku spyan ras gzigs la gsol ba 'debs/_/rtsa gsum rgyal ba ma lus 'dus pa'i gzugs/_/sin+d+hu rgya mtshor pad sdong rtse las 'khrungs/_/'chi med mtsho skyes sprul sku thod phreng rtsal/_/blo ldan mchog sred zhabs la gsol ba 'debs/_/'jam dbyangs sprul pa tshangs pa lha yi sras/_/mkhyen dang brtse ba'i yon tan mtha' klas shing*/_/gangs can bka' drin mnyam pa med pa'i rje/_/khri srong lde'u btsan zhabs la gsol ba 'debs/_/'jig rten mig gcig sprul pa'i lo tsA che/_/ye shes spyan ldan dgongs pa mi g.yo ba/_/sgra sgyur mkhas pa kun gyi gtsug gi rgyan/_/bai ro tsa na'i zhabs la gsol ba 'debs/_/dbyangs can sprul pa mi brjed gzungs thob cing*/_/rnal 'byor grub pa yongs kyi rje mor gyur/_/gu ru'i zab gter bstan pa'i gnyer 'dzin ma/_/ye shes mtsho rgyal zhabs la gsol ba 'debs/_/rgyal sras mchog grub skye ba bcu gsum pa/_/ngo mtshar bka' babs bdun la dbang sgyur zhing*/_/rgyal bstan yongs su rdzogs pa'i shing rta che/_/'jam dbyangs mkhyen brtse'i dbang por gsol ba 'debs/_/smra ba'i seng ge thugs mtshor rol pa las/_/blo gros spobs pa'i chu gter rab g.yos shing*/_/lung rig 'brug sgras bdud sde'i snying 'gems pa/_/mi pham 'jam pa'i rdo rjer gsol ba 'debs/_/rtsa ba gsum gyi dgyes zhal rtag tu gzigs/_/rab 'byams dgongs pa'i gter la dbang sgyur zhing*/_/snyigs dus 'gro ba skyob pa'i mgon gcig pu/_/gar dbang mdo sngags gling par gsol ba 'debs/_/zab rgyas gdams pa mang po'i snod du gyur/_/ris med bstan 'gror phan bde'i phrin las bzang*/_/phyogs kyi tha gru kun la gdal mdzad pa'i/_/blo gros rgya mtsho'i zhabs la gsol ba 'debs/_/rtsa brgyud dpal ldan bla ma'i tshogs rnams dang*/_/yi dam dbang chen zhi khro'i lha yi tshogs/_/mkha' 'gro chos skyong dgra bla wer ma sogs/_/dkar phyogs skyong ba rnams la gsol ba 'debs/_/nges 'byung byang chub sems bskyed bsag sbyang gi_/lam gyi rim par brtson zhing bla ma rjer/_/rtsa gsum 'dus zhal bsnyen pa'i mos gus dang*/_/dam tshig rnam par dag par byin gyis rlobs/_/lta ba'i gding ldan lha sngags rnal 'byor la/_/ting 'dzin gyad du gyur cing rab mthar son/_/dgra bla wer ma'i stong srog dbang du 'dus/_/rab 'byams phrin las 'grub par byin gyis rlobs/_/bstan dang bstan 'dzin dbu 'phang mtho ba dang*/_/nag phyogs rgya 'dre 'gong po'i 'tshub 'gyur zhi/_/srid gsum rnam rgyal nor bu'i rgyal mtshan sgrengs/_/bkra shis snyan grags rlung rta dar rgyas shog_/ces pa'ang bla gro dgon gyi mchog sprul rin po che'i nye gnas dge 'byor rgyas nas bkra shis pa'i lha rdzas kyi rten dang bcas gsung bskul ngor/_mkhyen brtse'i sprul ming 'dzin pa chos kyi blo gros pas bris pa dge legs su gyur cig_/sarba ar+tha sid+d+hi b+ha wa tu/_mang+ga laM/_/
 
</onlyinclude>
</onlyinclude>
 
{{TsagliCall}}
</div>
<headertabs/>
== Footnotes ==
<references/>
==Other Information==
{{Footer}}
[[Category:DKR-KABUM-Volume-23-'A]]
[[Category:DKR-KABUM-Volume-23-'A]]
[[Category:Khyentse Lineage Project]]
[[Category:Khyentse Lineage Project]]
[[Category:Text Pages in Wylie]]

Revision as of 13:38, 7 November 2022

Wylie title DKR-KABUM-23-'A-016.pdf
Location dil mgo mkhyen brtse bka' 'bum
Volume Expression error: Unrecognized punctuation character "'"., Text 16, Pages (Folios to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation
Genre "'A" is not a number.

<ul><li>":Property:textsubnumber|textsubnumber" can not be assigned to a declared number type with value 1.</li> <!--br--><li>"'A" is not a number.</li></ul>

[edit]
༄༅། །དགྲ་འདུལ་ཝེར་མའི་སྙིང་ཏིག་གི་བླ་མ་བརྒྱུད་པའི་གསོལ་འདེབས་མུ་ཏིག་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་མཉྫུ་ཤྲཱི་མ་ཎི་རཱ་ཛ་ཡེ། གཞི་དབྱིངས་གདོད་མའི་སངས་རྒྱས་འཇམ་པའི་དཔལ། །བརྟན་གཡོའི་དངོས་པོ་ཀུན་གྱི་སྲོག་ཏུ་ཞུགས། །རང་བྱུང་ཡེ་ཤེས་རྒྱ་ཆད་ཕྱོགས་ལྷུང་བྲལ། །ཁྱབ་བདག་སྒྱུ་འཕྲུལ་དྲྭ་བར་གསོལ་བ་འདེབས། །འོད་མཚན་སྟོང་འབར་འཆི་མེད་ལྷ་ཡི་ལྷ། །བདེ་ལྡན་ཞིང་གི་སྟོན་པ་འོད་མི་འགྱུར། །ཚེ་དང་ཡེ་ཤེས་དཔག་མེད་ལྷུན་རྫོགས་དཔལ། །ཆོས་སྐུ་སྣང་མཐའ་ཡས་ལ་གསོལ་བ་འདེབས། །ངེས་པ་ལྔ་ལྡན་ཐུགས་རྗེ་གངས་ཅན་མཚོ། །སྐུ་དང་ཞིང་ཁམས་རྒྱ་མཚོར་དབང་འབྱོར་ཞིང༌། །དམིགས་མེད་སྙིང་རྗེ་ཆེན་པོས་ཡོངས་གང་བ། །ལོངས་སྐུ་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །རྩ་གསུམ་རྒྱལ་བ་མ་ལུས་འདུས་པའི་གཟུགས། །སིནྡྷུ་རྒྱ་མཚོར་པད་སྡོང་རྩེ་ལས་འཁྲུངས། །འཆི་མེད་མཚོ་སྐྱེས་སྤྲུལ་སྐུ་ཐོད་ཕྲེང་རྩལ། །བློ་ལྡན་མཆོག་སྲེད་ཞབས་ལ་གསོལ་བ་འདེབས། །འཇམ་དབྱངས་སྤྲུལ་པ་ཚངས་པ་ལྷ་ཡི་སྲས། །མཁྱེན་དང་བརྩེ་བའི་ཡོན་ཏན་མཐའ་ཀླས་ཤིང༌། །གངས་ཅན་བཀའ་དྲིན་མཉམ་པ་མེད་པའི་རྗེ། །ཁྲི་སྲོང་ལྡེའུ་བཙན་ཞབས་ལ་གསོལ་བ་འདེབས། །འཇིག་རྟེན་མིག་གཅིག་སྤྲུལ་པའི་ལོ་ཙཱ་ཆེ། །ཡེ་ཤེས་སྤྱན་ལྡན་དགོངས་པ་མི་གཡོ་བ། །སྒྲ་སྒྱུར་མཁས་པ་ཀུན་གྱི་གཙུག་གི་རྒྱན། །བཻ་རོ་ཙ་ནའི་ཞབས་ལ་གསོལ་བ་འདེབས། །དབྱངས་ཅན་སྤྲུལ་པ་མི་བརྗེད་གཟུངས་ཐོབ་ཅིང༌། །རྣལ་འབྱོར་གྲུབ་པ་ཡོངས་ཀྱི་རྗེ་མོར་གྱུར། །གུ་རུའི་ཟབ་གཏེར་བསྟན་པའི་གཉེར་འཛིན་མ། །ཡེ་ཤེས་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས། །རྒྱལ་སྲས་མཆོག་གྲུབ་སྐྱེ་བ་བཅུ་གསུམ་པ། །ངོ་མཚར་བཀའ་བབས་བདུན་ལ་དབང་སྒྱུར་ཞིང༌། །རྒྱལ་བསྟན་ཡོངས་སུ་རྫོགས་པའི་ཤིང་རྟ་ཆེ། །འཇམ་དབྱངས་མཁྱེན་བརྩེའི་དབང་པོར་གསོལ་བ་འདེབས། །སྨྲ་བའི་སེང་གེ་ཐུགས་མཚོར་རོལ་པ་ལས། །བློ་གྲོས་སྤོབས་པའི་ཆུ་གཏེར་རབ་གཡོས་ཤིང༌། །ལུང་རིག་འབྲུག་སྒྲས་བདུད་སྡེའི་སྙིང་འགེམས་པ། །མི་ཕམ་འཇམ་པའི་རྡོ་རྗེར་གསོལ་བ་འདེབས། །རྩ་བ་གསུམ་གྱི་དགྱེས་ཞལ་རྟག་ཏུ་གཟིགས། །རབ་འབྱམས་དགོངས་པའི་གཏེར་ལ་དབང་སྒྱུར་ཞིང༌། །སྙིགས་དུས་འགྲོ་བ་སྐྱོབ་པའི་མགོན་གཅིག་པུ། །གར་དབང་མདོ་སྔགས་གླིང་པར་གསོལ་བ་འདེབས། །ཟབ་རྒྱས་གདམས་པ་མང་པོའི་སྣོད་དུ་གྱུར། །རིས་མེད་བསྟན་འགྲོར་ཕན་བདེའི་ཕྲིན་ལས་བཟང༌། །ཕྱོགས་ཀྱི་ཐ་གྲུ་ཀུན་ལ་གདལ་མཛད་པའི། །བློ་གྲོས་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །རྩ་བརྒྱུད་དཔལ་ལྡན་བླ་མའི་ཚོགས་རྣམས་དང༌། །ཡི་དམ་དབང་ཆེན་ཞི་ཁྲོའི་ལྷ་ཡི་ཚོགས། །མཁའ་འགྲོ་ཆོས་སྐྱོང་དགྲ་བླ་ཝེར་མ་སོགས། །དཀར་ཕྱོགས་སྐྱོང་བ་རྣམས་ལ་གསོལ་བ་འདེབས། །ངེས་འབྱུང་བྱང་ཆུབ་སེམས་བསྐྱེད་བསག་སྦྱང་གི །ལམ་གྱི་རིམ་པར་བརྩོན་ཞིང་བླ་མ་རྗེར། །རྩ་གསུམ་འདུས་ཞལ་བསྙེན་པའི་མོས་གུས་དང༌། །དམ་ཚིག་རྣམ་པར་དག་པར་བྱིན་གྱིས་རློབས། །ལྟ་བའི་གདིང་ལྡན་ལྷ་སྔགས་རྣལ་འབྱོར་ལ། །ཏིང་འཛིན་གྱད་དུ་གྱུར་ཅིང་རབ་མཐར་སོན། །དགྲ་བླ་ཝེར་མའི་སྟོང་སྲོག་དབང་དུ་འདུས། །རབ་འབྱམས་ཕྲིན་ལས་འགྲུབ་པར་བྱིན་གྱིས་རློབས། །བསྟན་དང་བསྟན་འཛིན་དབུ་འཕང་མཐོ་བ་དང༌། །ནག་ཕྱོགས་རྒྱ་འདྲེ་འགོང་པོའི་འཚུབ་འགྱུར་ཞི། །སྲིད་གསུམ་རྣམ་རྒྱལ་ནོར་བུའི་རྒྱལ་མཚན་སྒྲེངས། །བཀྲ་ཤིས་སྙན་གྲགས་རླུང་རྟ་དར་རྒྱས་ཤོག །ཅེས་པའང་བླ་གྲོ་དགོན་གྱི་མཆོག་སྤྲུལ་རིན་པོ་ཆེའི་ཉེ་གནས་དགེ་འབྱོར་རྒྱས་ནས་བཀྲ་ཤིས་པའི་ལྷ་རྫས་ཀྱི་རྟེན་དང་བཅས་གསུང་བསྐུལ་ངོར། མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །སརྦ་ཨརྠ་སིདྡྷི་བྷ་ཝ་ཏུ། མངྒ་ལཾ། །
[edit]

@#/_/dgra 'dul wer ma'i snying tig gi bla ma brgyud pa'i gsol 'debs mu tig phreng mdzes zhes bya ba bzhugs so/_/ na mo gu ru many+dzu shrI ma Ni rA dza ye/_gzhi dbyings gdod ma'i sangs rgyas 'jam pa'i dpal/_/brtan g.yo'i dngos po kun gyi srog tu zhugs/_/rang byung ye shes rgya chad phyogs lhung bral/_/khyab bdag sgyu 'phrul drwa bar gsol ba 'debs/_/'od mtshan stong 'bar 'chi med lha yi lha/_/bde ldan zhing gi ston pa 'od mi 'gyur/_/tshe dang ye shes dpag med lhun rdzogs dpal/_/chos sku snang mtha' yas la gsol ba 'debs/_/nges pa lnga ldan thugs rje gangs can mtsho/_/sku dang zhing khams rgya mtshor dbang 'byor zhing*/_/dmigs med snying rje chen pos yongs gang ba/_/longs sku spyan ras gzigs la gsol ba 'debs/_/rtsa gsum rgyal ba ma lus 'dus pa'i gzugs/_/sin+d+hu rgya mtshor pad sdong rtse las 'khrungs/_/'chi med mtsho skyes sprul sku thod phreng rtsal/_/blo ldan mchog sred zhabs la gsol ba 'debs/_/'jam dbyangs sprul pa tshangs pa lha yi sras/_/mkhyen dang brtse ba'i yon tan mtha' klas shing*/_/gangs can bka' drin mnyam pa med pa'i rje/_/khri srong lde'u btsan zhabs la gsol ba 'debs/_/'jig rten mig gcig sprul pa'i lo tsA che/_/ye shes spyan ldan dgongs pa mi g.yo ba/_/sgra sgyur mkhas pa kun gyi gtsug gi rgyan/_/bai ro tsa na'i zhabs la gsol ba 'debs/_/dbyangs can sprul pa mi brjed gzungs thob cing*/_/rnal 'byor grub pa yongs kyi rje mor gyur/_/gu ru'i zab gter bstan pa'i gnyer 'dzin ma/_/ye shes mtsho rgyal zhabs la gsol ba 'debs/_/rgyal sras mchog grub skye ba bcu gsum pa/_/ngo mtshar bka' babs bdun la dbang sgyur zhing*/_/rgyal bstan yongs su rdzogs pa'i shing rta che/_/'jam dbyangs mkhyen brtse'i dbang por gsol ba 'debs/_/smra ba'i seng ge thugs mtshor rol pa las/_/blo gros spobs pa'i chu gter rab g.yos shing*/_/lung rig 'brug sgras bdud sde'i snying 'gems pa/_/mi pham 'jam pa'i rdo rjer gsol ba 'debs/_/rtsa ba gsum gyi dgyes zhal rtag tu gzigs/_/rab 'byams dgongs pa'i gter la dbang sgyur zhing*/_/snyigs dus 'gro ba skyob pa'i mgon gcig pu/_/gar dbang mdo sngags gling par gsol ba 'debs/_/zab rgyas gdams pa mang po'i snod du gyur/_/ris med bstan 'gror phan bde'i phrin las bzang*/_/phyogs kyi tha gru kun la gdal mdzad pa'i/_/blo gros rgya mtsho'i zhabs la gsol ba 'debs/_/rtsa brgyud dpal ldan bla ma'i tshogs rnams dang*/_/yi dam dbang chen zhi khro'i lha yi tshogs/_/mkha' 'gro chos skyong dgra bla wer ma sogs/_/dkar phyogs skyong ba rnams la gsol ba 'debs/_/nges 'byung byang chub sems bskyed bsag sbyang gi_/lam gyi rim par brtson zhing bla ma rjer/_/rtsa gsum 'dus zhal bsnyen pa'i mos gus dang*/_/dam tshig rnam par dag par byin gyis rlobs/_/lta ba'i gding ldan lha sngags rnal 'byor la/_/ting 'dzin gyad du gyur cing rab mthar son/_/dgra bla wer ma'i stong srog dbang du 'dus/_/rab 'byams phrin las 'grub par byin gyis rlobs/_/bstan dang bstan 'dzin dbu 'phang mtho ba dang*/_/nag phyogs rgya 'dre 'gong po'i 'tshub 'gyur zhi/_/srid gsum rnam rgyal nor bu'i rgyal mtshan sgrengs/_/bkra shis snyan grags rlung rta dar rgyas shog_/ces pa'ang bla gro dgon gyi mchog sprul rin po che'i nye gnas dge 'byor rgyas nas bkra shis pa'i lha rdzas kyi rten dang bcas gsung bskul ngor/_mkhyen brtse'i sprul ming 'dzin pa chos kyi blo gros pas bris pa dge legs su gyur cig_/sarba ar+tha sid+d+hi b+ha wa tu/_mang+ga laM/_/

Footnotes

Other Information