DKR-KABUM-23-'A-014: Difference between revisions
WikiBot2015 (talk | contribs) No edit summary |
WikiBot2015 (talk | contribs) No edit summary |
||
Line 1: | Line 1: | ||
{{ | {{Khyentse Metadata | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|collectiontitle=dil mgo mkhyen brtse bka' 'bum | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|totalvolumes=25 | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber='A | |||
|textnuminvol=014 | |||
|pdflink=File:DKR-KABUM-23-'A-014.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|༄༅། །སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་བསྟན་པ་རྒྱས་པའི་སྨོན་ལམ་དོན་ཀུན་གྲུབ་པ་ལྷ་ཡི་རྔ་ཆེན་ཞེས་བྱ་བ་བཞུགས། | |||
ན་མོ་གུ་རུ་མ་ཧཱ་མུ་ན་ཡེ། །བསླབ་གསུམ་བཀྲ་ཤིས་ཉེས་པའི་དྲི་མ་བྲལ། །སྡེ་སྣོད་བཀྲ་ཤིས་ལུང་རྟོགས་རིན་ཆེན་ཁམས། །ལྷ་བཞིའི་བཀྲ་ཤིས་སྲིད་ཞིའི་ལེགས་རྒུ་འཇོ། །བཀྲ་ཤིས་མེྃ་ལོངྃ་བཀྃའ་གདམྃས་བསྟན་རྒྱས་ཤོག །སྙན་བརྒྱུད་བཀྲ་ཤིས་ཚད་མ་བཞི་ལྡན་སྨན། །ཟབ་རྒྱས་བཀྲ་ཤིས་རྒྱུད་སྡེའི་རོ་ནུས་ལྡན། །མཁས་གྲུབ་བཀྲ་ཤིས་ཡོངས་རྫོགས་བསྟན་པའི་རྒྱན། །བཀྲ་ཤིས་གིྃ་ཝཾྃ་སྃ་སྐྱའིྃ་བསྟན་འཕེལ་ཤོག །དོན་བརྒྱུད་བཀྲ་ཤིས་ལྷན་སྐྱེས་རྟོགས་པའི་དཔལ། །གདམས་ཟབ་བཀྲ་ཤིས་བཀའ་བབ་རྣམ་བཞིའི་སྲོག །བྱིན་རླབས་བཀྲ་ཤིས་མཆོག་དངོས་བརྙེས་པའི་བདག །བཀྲ་ཤིས་ཞོྃ་མཆོག་བཀྃའ་བརྒྱུདྃ་བསྟན་འཕེལ་ཤོག །ངོ་མཚར་བཀྲ་ཤིས་རིན་ཆེན་བདུན་བརྒྱུད་ཚལ། །སྨིན་གྲོལ་བཀྲ་ཤིས་ཐབས་གྲོལ་ལོ་འདབ་རྒྱས། །རྣམ་གྲོལ་བཀྲ་ཤིས་ཕྲིན་ལས་གངས་ཅན་བརྡལ། །བཀྲ་ཤིས་དུརྃ་ཝྃ་ཤངྃས་པྃའི་བསྟན་འཕེལ་ཤོག །དམ་ཆོས་བཀྲ་ཤིས་མདོ་རྒྱུད་ཡལ་འདབ་རྒྱས། །ཀུན་ཕན་བཀྲ་ཤིས་འགལ་རྐྱེན་གྲོགས་སུ་ཤར། །ནུས་སྟོབས་བཀྲ་ཤིས་བདུད་བཞི་དབྱིངས་སུ་གཅོད། །བཀྲ་ཤིས་བིལྃ་བྃ་ཞིྃ་གཅོྃད་བསྟན་འཕེལ་ཤོག །རྒྱུད་སྡེའི་བཀྲ་ཤིས་གཉིས་མེད་དབྱངས་སྙན་སྒྲོགས། །རྣལ་འབྱོར་བཀྲ་ཤིས་སྦྱོར་བ་ཡན་ལག་དྲུག །གྲུབ་པའི་བཀྲ་ཤིས་ཡེ་ཤེས་གཡས་སུ་འཁྱིལ། །བཀྲ་ཤིས་དུངྃ་དཀྃར་དུསྃ་འཁོྃར་བསྟན་འཕེལ་ཤོག །སྐུ་ཡི་བཀྲ་ཤིས་མཆོག་བདེའི་ལང་ཚོ་འགུགས། །གསུང་གི་བཀྲ་ཤིས་རྡོ་རྗེ་ནཱ་དའི་དབྱངས། །ཐུགས་ཀྱི་བཀྲ་ཤིས་བདེ་སྟོང་དབང་གི་རྫས། །བཀྲ་ཤིས་ལིྃ་ཁྲིྃ་སྙནྃ་བརྒྱུད་བསྟན་འཕེལ་ཤོག །བྃརྒྱུད་གསུམ་བཀྲ་ཤིས་སྨིན་གྲོལ་འབྲས་བུའི་ལྕིད། །ཐེག་མཆོག་བཀྲ་ཤིས་ནང་རྒྱུད་ལོ་འབྲས་རྒྱས། །ལམ་བཟང་བཀྲ་ཤིས་རིག་འཛིན་རྣམ་བཞིས་མཛེས། །བཀྲ་ཤིས་ཡུངྃས་ཀརྃ་སྔྃ་འགྱུརྃ་བསྟན་འཕེལ་ཤོག །ཕྱིྃ་ཡིྃ་བཀྲྃ་ཤིསྃ་གྲུབ་པའི་རྫས་མཆོག་བརྒྱད། །ནངྃ་གིྃ་བཀྲྃ་ཤིྃས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད། །དོནྃ་གྱིྃ་བཀྲྃ་ཤིསྃ་བཤད་སྒྲུབ་བསྟན་པ་རྒྱས། །རྟགྃ་ཏུྃྃ་བཀྲྃ་ཤིསྃ་སྣང་བ་རྒྱས་གྱུར་ཅིག །གང་གི་ཚེ་རྩོད་དུས་ཀྱི་མུན་པས་ཕྱོགས་དུས་ཀྱི་ཁོར་ཡུག་བཅིངས། རྒྱལ་བསྟན་གྱི་ཉིན་བྱེད་གཅིག་པུ་དབྱིངས་སུ་མནལ། མཐའ་མི་འབྱུང་བྱའི་ཅ་ཅོའི་ཡིད་བརླང་བརླང་པོར་གྱུར་པའི་ཚེ་ཡོངས་རྫོགས་བསྟན་པའི་མངའ་བདག་འཇམ་མགོན་བླ་མ་རྡོ་རྗེ་འཆང་གི་སྐུ་གདུང་ཡིད་བཞིན་ནོར་བུའི་སྤྱན་སྔར་གསོལ་སྨོན་གྱི་ཚུལ་དུ་མདོ་ཁམས་ཞེ་ཆེན་པ་འཇམ་དབྱངས་མཁས་གྲུབ་རྒྱ་མཚོའི་བཀའ་དྲིན་ལས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་རིང་ལུགས་ལ་རྒྱུ་མཚན་ཤེས་པའི་དད་པ་མི་ཕྱེད་པ་ཐོབ་པ་མུ་ཏོ་བ་རྒན་པོ་བཀྲ་ཤིས་དཔལ་འབྱོར་གྱིས་ལྷ་རིས་འབྲས་མོ་ལྗོངས་ཀྱི་རྒྱལ་ཁབ་ཆེན་པོས་གཙུག་ལག་ཁང་དུ་བྲིས་ཤིང་ཡང་ཡང་སྨོན་པས་རིང་པོར་མ་སོན་པར་ཕྱག་ན་པདྨོ་རྒྱལ་དབང་ཀརྨ་པ་བཅུ་དྲུག་པ་ཆེན་པོས་གདམས་ངག་རིན་པོ་ཆེའི་མཛོད་ཀྱི་ཆོས་སྒོ་རིས་མེད་དམ་པའི་སྐྱེས་བུ་དུ་མ་ལ་འགྱེད་པའི་སྐྱ་རེང་དང་པོ་རྒྱ་གར་འཕགས་པའི་ཡུལ་དུ་སླར་ཡང་གསལ་བའི་རྟེན་འབྲེལ་ལེགས་ཚོགས་སུ་གྱུར་པ་སིདྡྷི་ཀུརྦནྟུ།། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-23-'A]] | [[Category:DKR-KABUM-Volume-23-'A]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] | ||
Revision as of 13:38, 7 November 2022
Wylie title | ||
---|---|---|
Location | dil mgo mkhyen brtse bka' 'bum Volume Expression error: Unrecognized punctuation character "'"., Text 14, Pages (Folios to ) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | ||
Genre | "'A" is not a number. |
<ul><li>":Property:textsubnumber|textsubnumber" can not be assigned to a declared number type with value 1.</li> <!--br--><li>"'A" is not a number.</li></ul>