DKR-KABUM-22-ZA-003

From Khyentse Lineage - A Tsadra Foundation Project
Revision as of 13:37, 7 November 2022 by WikiBot2015 (talk | contribs)

Wylie title DKR-KABUM-22-ZA-003.pdf
Location dil mgo mkhyen brtse bka' 'bum
Volume Expression error: Unrecognized word "za"., Text 3, Pages (Folios to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation
Genre "ZA" is not a number.

<ul><li>":Property:textsubnumber|textsubnumber" can not be assigned to a declared number type with value 1.</li> <!--br--><li>"ZA" is not a number.</li></ul>

[edit]
༄༅། །ན་མོ་གུ་རུ་ཤྲཱི་ཧེ་རུ་ཀ་ཀཱི་ལ་ཡ་ཡ། གཉགས་ལུགས་ཕུར་པའི་རྒྱུན་ཁྱེར་གྱི་གོ་དོན་སྙིང་པོ་ནི་སྤྱིར་སངས་རྒྱས་ཐམས་ཅད་ཆོས་སྐུའི་དབྱིངས་སུ་དགོངས་རྒྱུད་སོ་སོར་མེད་ལ། གཟུགས་སྐུ་གདུལ་བྱ་གང་འདུལ་ལྟར་སྣང་གིས་འགྲོ་བ་འདུལ་བས་དཔལ་ཆེན་པོའི་ཐུགས་ཡང་དག་ཡེ་ཤེས་སེམས་དཔའ་ལྟར་བསྒྲུབས་པས་མཆོག་གི་དངོས་གྲུབ་མྱུར་བར་ཆེད་དུ་བསྔགས་ཤིང༌། རྣམ་པ་ཕྲིན་ལས་ཕུར་པ་ལྟར་བསྒྲུབས་པས་སྙིགས་དུས་ཆོས་བྱེད་བར་ཆད་ཀྱི་འཕྲང་ལས་སྒྲོལ་བ་ལ་འགྲན་ཟླ་བྲལ་བས་ན་གསར་རྙིང་གི་མཁས་གྲུབ་ཐམས་ཅད་ཀྱི་ཐུགས་དམ་ལྷག་པའི་ལྷར་ཡོངས་སུ་བསྔགས་ཤིང་ཚད་མས་གྲུབ་པ་ལྟར་སྐབས་འདིར་ཡང་དེ་ལྟར་སྒྲུབ་པ་ཡིན་ལ། དེས་ན་རང་གི་སྒོ་གསུམ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དབྱེར་མེད་དུ་མ་རོ་གཅིག་སངས་རྒྱས་ཀྱི་ཡེ་ཤེས་རྣམ་པ་ཐམས་ཅད་པའི་བདག་ཉིད་ཤེས་པས་དེའི་ཟག་མེད་ཀྱི་ཕུང་པོ་ལྔ་ཀཱི་ལ་ཡ་རིགས་ལྔ། དཀར་དམར་མཐིང་སེར་ལྗང་གུ་སྐུ་སྟོད་ཁྲོ་བོ་སྐུ་སྨད་ཕུར་བུ། ཕྱག་གཉིས་རང་རིགས་དང་མཐུན་པའི་ཕུར་བུ་འདྲིལ་བ། ཡུམ་གཡས་རིགས་ལྔའི་རང་རྟགས་ཀྱི་ཕུར་བུ། གཡོན་ཐོད་ཁྲག །ཞབས་གཉིས་ཡབ་ཀྱི་རྐེད་པར་འཁྲིལ་བ། འབྱུང་བའི་ཁམས་ལྔའི་ཡུམ་ཁྲོ་མོ་ལྔ། སྟོབས་བཅུ་ཁྲོ་བོ་བཅུ། ཕར་ཕྱིན་ཁྲོ་མོ་བཅུ། སྐྱེ་མཆེད་དབང་ཡུལ་དུས་བཞི་དག་པའི་སེམས་དཔའ་སེམས་མ་ཡབ་ཡུམ་ཞི་བ་ལྟར། ཕྱག་བཞི་ལ་ཚད་མེད་བཞི། ཕྲ་མེན་སྒོ་མ་བཞི་ཕྱག་རྒྱ་བཞི་འཛིན་པ། སྐུའི་འོད་ཀྱི་ཀློང་དུ་ཕུར་སྲུང་བཅུ་གཉིས་མ་འདྲེས་གསལ་རྫོགས་སུ་འཆར་བ་སྟེ། དེ་དག་གི་སྐུ་མདོག་ཕྱག་མཚན་ཞིབ་ཏུ་གསལ་མ་ནུས་ཀྱང་དཔལ་ཆེན་རྡོ་རྗེ་གཞོན་ནུ་གཅིག་གི་ཡེ་ཤེས་ལ་དག་བྱ་དག་བྱེད་དག་འབྲས་ཀྱི་དཀྱིལ་འཁོར་ཆེན་པོ་གསུམ་གདོད་ནས་འདུ་འབྲལ་མེད་པ་ཉི་མ་དང་འོད་ཟེར་བཞིན་རྫོགས་པའི་ངེས་ཤེས་ཀྱིས་འཁོར་ལོའི་གསལ་སྣང་བརྟན་པོ་འབྱུང་བ་གལ་ཆེ་ཞིང༌། གསལ་བརྟན་དག་དྲན་བསླབ་ན་བསྐྱེད་རིམ་གྱི་ཁྲིད་ཡིག་སྤྱི་ལྟར་ལ། དེ་ལྟ་བུའི་ལྷ་དེ་སྲུང་འཁོར་སྟེང་འོག་ཕྱོགས་མཚམས་གནམ་ལྕགས་ཀྱི་དྲག་པོའི་འཁོར་ལོ་རྩིབས་བཅུ་ཕོ་བྲང་འོག་གི་ཕྱོགས་མཚམས་སུ་ཡོད་པའི་དབུས་ལྟེ་བའི་བར་སྣང་དུ་བསྒོམ་པ་སྟེ། དེའི་ཐུགས་ཀ་ཙིཏྟ་ཟུར་བརྒྱད་པའི་ལྟེ་བར་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཡང་དག་ཧེ་རུ་ཀ །ཡུམ་གྱི་ཕྱག་རྒྱར་ཤར་བའི་ཟུར་བརྒྱད་དུ་ཀཽ་རི་བརྒྱད་ཁྲོ་མོ་གཅེར་བུ་ཐམས་ཅད་རྡོ་རྗེ་དུང་ཁྲག་ཅན་ཤིན་ཏུ་ཆགས་ཉམས་ཅན་གཙོ་བོར་ཞལ་ཕྱོགས་པས་པད་ཉི་བམ་རོའི་སྟེང་གར་སྟབས་ལིང་ངེ་བ། གཙོ་བོའི་ཐུགས་ཀ་འོད་ལྔ་རིན་ཆེན་ཟུར་བརྒྱད་ཀློང་དུ་རྡོར་སེམས་ཐུགས་ཀར་ཐིག་ལེ་མཐིང་སྨུག་གི་ཁོང་སྟོང་ནང་དུ་ཉི་སྟེང་རྡོ་རྗེ་རྩེ་དགུའི་ལྟེ་བར་ཏིང་འཛིན་སེམས་དཔའ་ཧཱུྃ་དང་རྡོ་རྗེའི་མཐར་སྔགས་ཕྲེང་བཻཌཱུརྻ་ལྟ་བུས་བསྐོར་བའི་ཐོག་མཐའི་མཚམས་སུ་རྟ་མགྲིན་དམར་པོ་ཞལ་ནང་བསྟན་བྷནྡྷ་དང་དུང་ཁྲག་འཛིན་པ་བཞེངས་སྟབས་ཅན་གསལ་བ་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས་དམིགས་བསྙེན་པ། དེ་ལ་གོམས་ནས་སྣང་སྲིད་ཐམས་ཅད་རྡོ་རྗེ་ཕུར་པའི་སྐུ་སྔགས་ཕྱག་མཚན་ཆོས་ཉིད་གཅིག་གི་རོལ་པར་ཤར་བའི་སྐུ་དང་སྔགས་ཀྱི་འོད་ཟེར་ཁ་དོག་ལྔ་ལྡན་དབྱིབས་དགའ་བཞི་སྒྲུབ་ཅིང་སྔགས་སྒྲ་དི་རི་རི་ཡོད་པར་ཕྱོགས་དུས་རྒྱལ་བ་མཉེས་ཤིང༌། དངོས་གྲུབ་མྱུར་དུ་སྩོལ་བའི་ཐུགས་དམ་བསྐུལ། མ་དག་རིགས་དྲུག་གི་སེམས་ཅན་གྱི་ལས་ཉོན་རྣམ་སྨིན་གྱི་སྒྲིབ་པ་སྦྱང༌། རྡོ་རྗེ་ཕུར་པའི་དཀྱིལ་འཁོར་གསུམ་གྱི་རོལ་པར་སད། དམ་ཅན་སྲུང་མ་རྣམས་རྡོ་རྗེའི་ཐ་ཚིག་བསྐུལ་སྟེ་ཚར་གཅོད་རྗེས་འཛིན་གྱི་ཕྲིན་ལས་མཛད། རིག་འཛིན་བླ་མ་མཆེད་ལྕམ་རྣམས་ཐུགས་དམ་བསྐང་ཞིང་ཉམས་ཆག་སྦྱང༌། སྔོན་ཡང་ཕུར་གྱི་དངོས་གྲུབ་བརྙེས་པ་བཞིན་བདག་གི་སྒྲུབ་པའི་གྲོགས་མཛད་དེ་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་དབང་བསྐུར་བྱིན་གྱིས་བརླབས། བདུད་བགེགས་ནག་པོའི་ཕྱོགས་ཐམས་ཅད་ལ་ཕོག །ལོ་ཏོག་སད་ཀྱིས་ཁྱེར་བ་བཞིན་སྟོབས་ནུས་མེད་དཔུང་ཀྱིས་ཉམས། འདར་ཞིང་དཔའ་བཀོང་བྲན་དུ་བཀོལ། བསྟན་འགྲོར་གནོད་བྱེད་ཀྱི་དགྲ་ལ་ཕོག །ལྷ་དབྲལ་གཟུགས་ལ་དབབ་བྱད་དུ་བཅུག་སྨྱོ་རུ་གཞུག་རྡུལ་དུ་བརླག་ཞལ་དུ་བསྟབ་པའི་མངོན་སྤྱོད་ཀྱི་ལས་དྲུག་གིས་བསྒྲལ། སྣང་སྲིད་དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་ཐམས་ཅད་ཡེ་ཤེས་ཀྱི་གཟི་བྱིན་ཉི་མ་འབུམ་ལྟར་འབར། མཐུ་བསྐྱེད་དབང་ཐོབ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་མཐའ་དག་འོད་ཟེར་དམར་པོའི་རྣམ་པར་བདག་ལ་ཐིམ་པར་བསམ་པ་སྒྲུབ་པ་དང༌། དམིགས་པའི་རྣམ་བཞག་ཀྱང་ཨོ་རྒྱན་ཆོས་ཀྱི་རྒྱལ་པོས་སྣང་སྲིད་ཕུར་པ་སྒྲུབ་པའི་མན་ངག་ལས། ད་ལྟར་གྱི་སྣང་བ་འདི་ཡེ་ཤེས་དབྱིངས་རིག་པའི་རྩལ་མ་འགག་པ་སྣ་ཚོགས་སུ་སྣང་བ་འདི༔་ཡེ་ཤེས་ཡིན་ཏེ་རྟགས་ལྷ་ཡི་དལ་དུ་རྫོགས༔ སྣང་བའི་དུས་ནང་ན་སྟོང་པའི་དབྱིངས་སྟེ་དོན་ཆོས་ཉིད༔ སྤྲོས་པ་དང་བྲལ་བར་གནས་པ་དེ་གཉིས་ཀ་དབྱེར་མེད་པའི་སྲས་བདེ་ཆེན་བྱང་ཆུབ་སེམས་དང་བདེ་བ་ཆེན་པོར་གནས་པ་དེ༔ དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་ལྟ་བ་ཞེས་བྱ་སྟེ༔ ཨ་ཏི་ཡོ་གའི་ལྟ་བ་ཞེས་བྱ་བ་མཐར་ཐུག་པའོ༔ ཞེས་དམར་ཁྲིད་དུ་གདམས་པའི་རིག་པ་ཡེ་ཤེས་ཕུར་བུའི་དགོངས་པ་མི་འགྱུར་བའི་གཟེར་འདེབས་པ་གཅེས་སོ། །དེ་ཡང་བསྐྱེད་རིམ་སྲིད་པ་ཕུར་བུ་ནི་ཉམས་ལེན་གྱི་དངོས་གཞི་ཡིན་ལ། ཐུགས་ཀར་རྡོར་སེམས་ཀྱི་ཐུགས་ཀའི་སྔགས་ཕྲེང་རྡོར་སེམས་དང་ཡང་དག་གི་ཞལ་ནས་གོ་རི་མའི་ཞལ་བརྒྱུད་མཁའ་ནས་ཐོན། ཙོ་རི་སོགས་ལྷ་མོ་སོ་སོའི་ཞལ་དང་མཁའ་ནས་བརྒྱུད་མཐར་ཡང་དག་གི་སྦྱོར་མཚམས་དང་རྡོར་སེམས་ཀྱི་ལྟེ་བ་ནས་ཐུགས་ཀར་ཐིམ་པ་སྔགས་ཕྲེང་དཀར་དམར་བདེ་བའི་ཉམས་གདངས་ཅན་འགལ་མེ་ལྟར་འཁོར་མུན་ཁང་དུ་སྒྲོན་མེ་བཏེགས་པ་བཞིན་ལུས་དཀྱིལ་གྱི་ལྷ་དང་བཅས་བདེ་སྟོང་གི་ཉམས་རྒྱས་ཤིང་སྔགས་སྒྲ་དི་རི་རི་ཡོད་པར་བསམ་ལ་སེམས་སྟོང་ཉིད་ཀྱི་ངང་དུ་བཟླ་བ་བྱང་སེམས་ཀྱི་ཕུར་བུ་དང༌། སྲུང་བཟློག་བསད་དམིགས་རྣམས་གཙོ་བོར་མཚན་མ་རྫས་ཀྱི་ཕུར་བུའི་ཉམས་ལེན་ཀྱང་ཚང་བ་དང༌། ཡང་དག་རུ་ལུ་འབྲུ་བརྒྱད་ཀྱི་དགོངས་པ་ཡང༌། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་གཉིས་སུ་མེད་པ་མཉམ་པ་ཉིད་དུ་རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་གཅིག་ཏུ་གནས་པ་དེ་ཁོ་ན་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཡང་དག་པའི་ཡེ་ཤེས་ཡིན་པས་དེ་ལ་ཡང་དག་ཅེས་བྱའོ། །དེའི་ཕྱིར་ཆོས་ཐམས་ཅད་སྐུ་གསུང་ཐུགས་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པ་ནི་ཡང་དག་གྲུབ་པའོ། །དེ་ནི་རིགས་ཐམས་ཅད་ཀྱི་ཁྱབ་བདག་དཔལ་ཆེན་པོ་ཉིད་ཡིན་པས་གཅིག་པུ་ཉིད་ཅེས་བྱ་སྟེ། དེ་ལྟར་ཡང་དག་ཐུགས་ཀྱི་སྒྲུབ་པའི་མཐའ་ཐམས་ཅད་ཡང་དག་རྒྱུན་གྱི་རྣལ་འབྱོར་སངས་རྒྱས་ལག་བཅང་དུ་འདུས་ལ། དེའི་མཐའ་ཡང་རང་རིག་བྱང་ཆུབ་ཐུགས་ཡང་དག་པའི་ཡེ་ཤེས་སུ་འདུ་ཞིང༌། དེ་མངོན་དུ་བྱེད་པའི་ཐབས་དམན་པ་དབྱིབས་ཀྱི་རྣལ་འབྱོར་ཡེ་ཤེས་སེམས་དཔའི་སྐུའི་གསལ་སྣང་ལ་སེམས་བཟུང་བ། ཟབ་པ་སྔགས་ཀྱི་རྣལ་འབྱོར་གསུང་དོ་ལའི་བཟླས་པ་དང༌། བུམ་པ་ཅན་གྱི་རྡོ་རྗེའི་རྣལ་འབྱོར་ཐུན་གྱི་ཐོག་མཐའ་རུ་བྱེད་པ་རླུང་གི་རྫོགས་རིམ། མཐར་ཐུག་ཆོས་ཀྱི་རྣལ་འབྱོར་སྙིང་གི་མི་ཤིགས་པའི་ཐིག་ལེ་ཧཱུྃ་གི་རྣམ་པ་ལ་སེམས་འཛིན་པ་སོགས་མཚན་བཅས་དང༌། མཚན་མེད་རྩོལ་བྲལ་རྫོགས་པ་ཆེན་པོའི་ལམ་རྣམས་ལ་བརྟེན་ནས་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཡང་དག་པའི་ཡེ་ཤེས་ཉིད་དུ་གྲུབ་པར་བྱ་བ་ཉིད་ཡིན་པར་གསུངས་པས་དེའི་ལམ་གནད་ཀྱང་ཚང་བ་སྟེ། དེས་ན་འགལ་རྐྱེན་བར་ཆད་བསལ་བ་དང༌། མཐུན་རྐྱེན་དངོས་གྲུབ་སྒྲུབ་པའི་ཐབས་གཉིས་ཀ་སྒྲུབ་ཐབས་ཀྱང་ཚང་བས་ཉམས་ལེན་བདེ་བ་དང༌། ཚེ་སྒྲུབ་དམིགས་བསལ་དགོས་ན་ཟུར་བྱང་ལྟར་སྦྱར་ཞིང༌། འདི་ཉིད་རྒྱུན་ཁྱེར་ཡིན་པས་སྒྲུབ་རྟེན་ཕུར་པ་དང༌། སྨན་རཀ་གཏོར་མ་ཉེར་སྤྱོད་དང༌། ཚོགས་མཆོད་མ་སྦྱར་ཀྱང་རུང་ཞིང༌། སྤྱིར་ཐོས་བསམ་སྒོམ་གསུམ་སྤེལ་མར་གནང་བ་སྔ་འགྱུར་རིག་འཛིན་གོང་མའི་ཕྱག་བཞེས་ཡིན་པ་རིག་པ་ཡེ་ཤེས་ཀྱི་ཕུར་པའི་དགོངས་པ་གཙོ་བོར་བརྟེན་ཅིང་གཞན་རྣམས་ལམ་གྱི་གྲོགས་སུ་ཁྱེར་བས། གེགས་སེལ་དང་བོགས་འབྱིན་དུས། འཁོར་བ་ལ་ངེས་འབྱུང༌། གཞན་ཕན་བྱང་སེམས་བླ་མ་ལ་ཡིད་ཆེས་ཀྱི་དད་པ་དྲན་ཤེས་དང་མ་བྲལ་བའི་བརྩོན་འགྲུས། བསྟན་འགྲོར་སྨན་པའི་ཐུགས་བསྐྱེད་དང་བསྔོ་སྨོན་རྣམས་གཅེས་པའོ། །ཅེས་པའང་བོད་ཁམས་བཀྲ་ཤིས་འབྱུང་བའི་གནས་མཆོག་སྤ་གྲོ་སྟག་ཚང་སེང་གེ་བསམ་འགྲུབ་ཀྱི་ཀེའུ་ཚང་དུ་རབ་འབྱམས་མཆོག་སྤྲུལ་འགྱུར་མེད་བཤད་སྒྲུབ་ཆོས་ཀྱི་སེང་གེ་གནས་འབྲེལ་གྱི་ཉམས་བཞེས་གསལ་འདེབས་སུ་མེས་པོ་རྒན་པོ་རྡོ་རྗེ་ཕུར་པའི་རིགས་སྔགས་འཆང་བ་ཕྲིན་ལས་དྲག་པོ་རྩལ་གྱིས་བྲིས་པས་དགེ་ལེགས་རྣམ་པར་རྒྱལ་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།
[edit]

@#/__/na mo gu ru shrI he ru ka kI la ya ya/_gnyags lugs phur pa'i rgyun khyer gyi go don snying po ni spyir sangs rgyas thams cad chos sku'i dbyings su dgongs rgyud so sor med la/_gzugs sku gdul bya gang 'dul ltar snang gis 'gro ba 'dul bas dpal chen po'i thugs yang dag ye shes sems dpa' ltar bsgrubs pas mchog gi dngos grub myur bar ched du bsngags shing*/_rnam pa phrin las phur pa ltar bsgrubs pas snyigs dus chos byed bar chad kyi 'phrang las sgrol ba la 'gran zla bral bas na gsar rnying gi mkhas grub thams cad kyi thugs dam lhag pa'i lhar yongs su bsngags shing tshad mas grub pa ltar skabs 'dir yang de ltar sgrub pa yin la/_des na rang gi sgo gsum dpal chen rdo rje gzhon nu'i sku gsung thugs yon tan phrin las dbyer med du ma ro gcig sangs rgyas kyi ye shes rnam pa thams cad pa'i bdag nyid shes pas de'i zag med kyi phung po lnga kI la ya rigs lnga/_dkar dmar mthing ser ljang gu sku stod khro bo sku smad phur bu/_phyag gnyis rang rigs dang mthun pa'i phur bu 'dril ba/_yum g.yas rigs lnga'i rang rtags kyi phur bu/_g.yon thod khrag_/zhabs gnyis yab kyi rked par 'khril ba/_'byung ba'i khams lnga'i yum khro mo lnga/_stobs bcu khro bo bcu/_phar phyin khro mo bcu/_skye mched dbang yul dus bzhi dag pa'i sems dpa' sems ma yab yum zhi ba ltar/_phyag bzhi la tshad med bzhi/_phra men sgo ma bzhi phyag rgya bzhi 'dzin pa/_sku'i 'od kyi klong du phur srung bcu gnyis ma 'dres gsal rdzogs su 'char ba ste/_de dag gi sku mdog phyag mtshan zhib tu gsal ma nus kyang dpal chen rdo rje gzhon nu gcig gi ye shes la dag bya dag byed dag 'bras kyi dkyil 'khor chen po gsum gdod nas 'du 'bral med pa nyi ma dang 'od zer bzhin rdzogs pa'i nges shes kyis 'khor lo'i gsal snang brtan po 'byung ba gal che zhing*/_gsal brtan dag dran bslab na bskyed rim gyi khrid yig spyi ltar la/_de lta bu'i lha de srung 'khor steng 'og phyogs mtshams gnam lcags kyi drag po'i 'khor lo rtsibs bcu pho brang 'og gi phyogs mtshams su yod pa'i dbus lte ba'i bar snang du bsgom pa ste/_de'i thugs ka tsit+ta zur brgyad pa'i lte bar bde stong gnyis su med pa'i ye shes yang dag he ru ka_/yum gyi phyag rgyar shar ba'i zur brgyad du kau ri brgyad khro mo gcer bu thams cad rdo rje dung khrag can shin tu chags nyams can gtso bor zhal phyogs pas pad nyi bam ro'i steng gar stabs ling nge ba/_gtso bo'i thugs ka 'od lnga rin chen zur brgyad klong du rdor sems thugs kar thig le mthing smug gi khong stong nang du nyi steng rdo rje rtse dgu'i lte bar ting 'dzin sems dpa' hU~M dang rdo rje'i mthar sngags phreng baiDUr+Ya lta bus bskor ba'i thog mtha'i mtshams su rta mgrin dmar po zhal nang bstan b+han+d+ha dang dung khrag 'dzin pa bzhengs stabs can gsal ba 'od zer spro bsdus don gnyis byas dmigs bsnyen pa/_de la goms nas snang srid thams cad rdo rje phur pa'i sku sngags phyag mtshan chos nyid gcig gi rol par shar ba'i sku dang sngags kyi 'od zer kha dog lnga ldan dbyibs dga' bzhi sgrub cing sngags sgra di ri ri yod par phyogs dus rgyal ba mnyes shing*/_dngos grub myur du stsol ba'i thugs dam bskul/_ma dag rigs drug gi sems can gyi las nyon rnam smin gyi sgrib pa sbyang*/_rdo rje phur pa'i dkyil 'khor gsum gyi rol par sad/_dam can srung ma rnams rdo rje'i tha tshig bskul ste tshar gcod rjes 'dzin gyi phrin las mdzad/_rig 'dzin bla ma mched lcam rnams thugs dam bskang zhing nyams chag sbyang*/_sngon yang phur gyi dngos grub brnyes pa bzhin bdag gi sgrub pa'i grogs mdzad de sku gsung thugs kyi rdo rje'i dbang bskur byin gyis brlabs/_bdud bgegs nag po'i phyogs thams cad la phog_/lo tog sad kyis khyer ba bzhin stobs nus med dpung kyis nyams/_'dar zhing dpa' bkong bran du bkol/_bstan 'gror gnod byed kyi dgra la phog_/lha dbral gzugs la dbab byad du bcug smyo ru gzhug rdul du brlag zhal du bstab pa'i mngon spyod kyi las drug gis bsgral/_snang srid dkyil 'khor gsum gyi lha tshogs thams cad ye shes kyi gzi byin nyi ma 'bum ltar 'bar/_mthu bskyed dbang thob sku gsung thugs yon tan phrin las kyi dngos grub mtha' dag 'od zer dmar po'i rnam par bdag la thim par bsam pa sgrub pa dang*/_dmigs pa'i rnam bzhag kyang o rgyan chos kyi rgyal pos snang srid phur pa sgrub pa'i man ngag las/_da ltar gyi snang ba 'di ye shes dbyings rig pa'i rtsal ma 'gag pa sna tshogs su snang ba 'di: ye shes yin te rtags lha yi dal du rdzogs:_snang ba'i dus nang na stong pa'i dbyings ste don chos nyid:_spros pa dang bral bar gnas pa de gnyis ka dbyer med pa'i sras bde chen byang chub sems dang bde ba chen por gnas pa de:_dbyings dang ye shes dbyer med pa'i lta ba zhes bya ste:_a ti yo ga'i lta ba zhes bya ba mthar thug pa'o:_zhes dmar khrid du gdams pa'i rig pa ye shes phur bu'i dgongs pa mi 'gyur ba'i gzer 'debs pa gces so/__/de yang bskyed rim srid pa phur bu ni nyams len gyi dngos gzhi yin la/_thugs kar rdor sems kyi thugs ka'i sngags phreng rdor sems dang yang dag gi zhal nas go ri ma'i zhal brgyud mkha' nas thon/_tso ri sogs lha mo so so'i zhal dang mkha' nas brgyud mthar yang dag gi sbyor mtshams dang rdor sems kyi lte ba nas thugs kar thim pa sngags phreng dkar dmar bde ba'i nyams gdangs can 'gal me ltar 'khor mun khang du sgron me btegs pa bzhin lus dkyil gyi lha dang bcas bde stong gi nyams rgyas shing sngags sgra di ri ri yod par bsam la sems stong nyid kyi ngang du bzla ba byang sems kyi phur bu dang*/_srung bzlog bsad dmigs rnams gtso bor mtshan ma rdzas kyi phur bu'i nyams len kyang tshang ba dang*/_yang dag ru lu 'bru brgyad kyi dgongs pa yang*/_'khor ba dang mya ngan las 'das pa'i chos thams cad gnyis su med pa mnyam pa nyid du rang byung gi ye shes thig le nyag gcig tu gnas pa de kho na dus gsum gyi rgyal ba thams cad kyi thugs yang dag pa'i ye shes yin pas de la yang dag ces bya'o/__/de'i phyir chos thams cad sku gsung thugs phyag rgya chen po'i dkyil 'khor du lhun gyis grub pa ni yang dag grub pa'o/__/de ni rigs thams cad kyi khyab bdag dpal chen po nyid yin pas gcig pu nyid ces bya ste/_de ltar yang dag thugs kyi sgrub pa'i mtha' thams cad yang dag rgyun gyi rnal 'byor sangs rgyas lag bcang du 'dus la/_de'i mtha' yang rang rig byang chub thugs yang dag pa'i ye shes su 'du zhing*/_de mngon du byed pa'i thabs dman pa dbyibs kyi rnal 'byor ye shes sems dpa'i sku'i gsal snang la sems bzung ba/_zab pa sngags kyi rnal 'byor gsung do la'i bzlas pa dang*/_bum pa can gyi rdo rje'i rnal 'byor thun gyi thog mtha' ru byed pa rlung gi rdzogs rim/_mthar thug chos kyi rnal 'byor snying gi mi shigs pa'i thig le hU~M gi rnam pa la sems 'dzin pa sogs mtshan bcas dang*/_mtshan med rtsol bral rdzogs pa chen po'i lam rnams la brten nas rgyal ba thams cad kyi thugs yang dag pa'i ye shes nyid du grub par bya ba nyid yin par gsungs pas de'i lam gnad kyang tshang ba ste/_des na 'gal rkyen bar chad bsal ba dang*/_mthun rkyen dngos grub sgrub pa'i thabs gnyis ka sgrub thabs kyang tshang bas nyams len bde ba dang*/_tshe sgrub dmigs bsal dgos na zur byang ltar sbyar zhing*/_'di nyid rgyun khyer yin pas sgrub rten phur pa dang*/_sman raka gtor ma nyer spyod dang*/_tshogs mchod ma sbyar kyang rung zhing*/_spyir thos bsam sgom gsum spel mar gnang ba snga 'gyur rig 'dzin gong ma'i phyag bzhes yin pa rig pa ye shes kyi phur pa'i dgongs pa gtso bor brten cing gzhan rnams lam gyi grogs su khyer bas/_gegs sel dang bogs 'byin dus/_'khor ba la nges 'byung*/_gzhan phan byang sems bla ma la yid ches kyi dad pa dran shes dang ma bral ba'i brtson 'grus/_bstan 'gror sman pa'i thugs bskyed dang bsngo smon rnams gces pa'o/__/ces pa'ang bod khams bkra shis 'byung ba'i gnas mchog spa gro stag tshang seng ge bsam 'grub kyi ke'u tshang du rab 'byams mchog sprul 'gyur med bshad sgrub chos kyi seng ge gnas 'brel gyi nyams bzhes gsal 'debs su mes po rgan po rdo rje phur pa'i rigs sngags 'chang ba phrin las drag po rtsal gyis bris pas dge legs rnam par rgyal ba'i rgyur gyur cig__/sarba mang+ga laM//_//

Footnotes

Other Information