DKR-KABUM-17-TSA-005

From Khyentse Lineage - A Tsadra Foundation Project
Revision as of 13:33, 7 November 2022 by WikiBot2015 (talk | contribs)

Wylie title DKR-KABUM-17-TSA-005.pdf
Location dil mgo mkhyen brtse bka' 'bum
Volume Expression error: Unrecognized word "tsa"., Text 5, Pages (Folios to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation
Genre "TSA" is not a number.

<ul><li>":Property:textsubnumber|textsubnumber" can not be assigned to a declared number type with value 1.</li> <!--br--><li>"TSA" is not a number.</li></ul>

[edit]
༄༅། རང་བྱུང་པདྨའི་སྙིང་ཐིག་ལས། རྩ་གསུམ་ཀུན་འདུས་གུ་རུའི་ཐུགས་སྒྲུབ་དངོས་གྲུབ་སྙིང་པོའི་བརྒྱུད་འདེབས་ཡེ་ཤེས་ཆར་འབེབས་བཞུགས། ཨེ་མ་ཧོ། ཡེ་ཤེས་ནང་གསལ་གཞོན་ནུ་བུམ་པའི་སྐུ། །ཕྱོགས་དུས་རྒྱལ་བའི་མཁྱེན་བརྩེ་ནུས་པའི་གཏེར། །བླ་མ་ཆོས་སྐུ་འོད་མི་འགྱུར་བ་ལ། །གསོལ་བ་འདེབས་སོ་དགོངས་བརྒྱུད་བྱིན་རླབས་སྩོལ། །བདེ་ཆེན་འཕོ་མེད་འོག་མིན་གངས་ཆེན་མཚོ། །ཚངས་པ་རྔ་སྒྲ་ཡེ་ཤེས་སྙིང་པོའི་ཞིང༌། །བླ་མ་ལོངས་སྐུ་གར་དབང་རྡོ་རྗེ་ཆོས། །གསོལ་བ་འདེབས་སོ་བརྡ་བརྒྱུད་ཡེ་ཤེས་སྤོར། །འགྲོ་འདུལ་མཁའ་ཁྱབ་ཐུགས་རྗེའི་ཀློང་ཡངས་ནས། །རྩ་གསུམ་ཀུན་འདུས་སྲིད་ཞི་ཉེར་འཚོའི་བདག །བླ་མ་སྤྲུལ་སྐུ་རྡོ་རྗེ་ཐོད་ཕྲེང་རྩལ། །གསོལ་བ་འདེབས་སོ་སྙན་བརྒྱུད་སྨིན་གྲོལ་སྩོལ། །སྐུ་གསུམ་རྒྱལ་བ་འདུས་པ་སྟོན་འཁོར་ཚུལ། །ལས་སྐལ་སྣོད་ལྡན་རྗེ་འབངས་གྲོགས་གསུམ་སོགས། །བླ་མ་འགྲོ་འདུལ་ཟབ་ཆོས་སྲོག་ཤིང་ལ། །གསོལ་བ་འདེབས་སོ་ཐུགས་ཡིད་དབྱེར་མེད་མཛོད། །རབ་འབྱམས་ཤེས་བྱ་ཀུན་མཁྱེན་འཇམ་པའི་དབྱངས། །དམིགས་མེད་ཐུགས་བརྩེར་ཡོངས་རྫོགས་བསྟན་འགྲོའི་མགོན། །བླ་མ་འཇིགས་བྲལ་ནུས་གཏེར་མདོ་སྔགས་གླིང༌། །གསོལ་བ་འདེབས་སོ་སྐལ་བཟང་དཔྱིད་གྲུབ་མཛོད། །ཐབས་མཁས་ཐུགས་རྗེའི་དཔལ་གྱུར་འགྲོ་བའི་མགོན། །ཟབ་གསང་ལམ་སྟོན་ལས་འཕྲོ་དུས་སུ་སད། །གཏེར་འབྱིན་བླ་མ་གར་དབང་བདེ་ཆེན་གླིང༌། །གསོལ་བ་འདེབས་སོ་དངོས་གྲུབ་གཉིས་ཐོབ་མཛོད། །འཇམ་མགོན་ཆོས་རྗེ་མཁྱེན་བརྩེའི་ཡེ་ཤེས་དཔྱིད། །མཁའ་ཁྱབ་ཞིང་དུ་ཐུགས་རྗེའི་ཕྲིན་ལས་མཐུ། །མཚུངས་མེད་བླ་མ་ཆོས་ཀྱི་བློ་གྲོས་ལ། །གསོལ་བ་འདེབས་སོ་ཟབ་ཏིག་མཁའ་ཁྱབ་མཛོད། །སྐུ་ལྔ་མཚན་བརྒྱད་རིག་འཛིན་སྒྱུ་འཕྲུལ་དྲྭ། །ཆེ་མཆོག་དབང་ཆེན་ཡི་དམ་སྒྲུབ་སྡེ་བརྒྱད། །དབྱིངས་ཕྱུག་རིགས་ལྔ་དཔལ་མགོན་མ་ནིང་ལ། །གསོལ་བ་འདེབས་སོ་ཕྲིན་ལས་ལྷུན་གྲུབ་མཛོད། །ངེས་འབྱུང་སྙིང་རྗེ་དད་བློས་རང་རྒྱུད་དུལ། །སྨིན་གྲོལ་བཅུད་ཀྱིས་སྐུ་བཞིའི་ས་བོན་ཐེབ། །རིམ་གཉིས་ལྟ་སྒོམ་སྤྱོད་མཐར་རིག་འཛིན་བཞིའི། །རྡོ་རྗེའི་ལམ་རྫོགས་བླ་མའི་མཆོག་ཐོབ་ཤོག །ཅེས་པའང་དད་མོས་བློ་ལྡན་ཨོ་རྒྱན་གཞན་ཕན་ནས་བསྐུལ་བ་བཞིན་ཕྲིན་ལས་ཀྱི་ཆ་ལག་ཏུ་ཉེ་བར་མཁོ་བར་མཐོང་ནས་པདྨ་མདོ་སྔགས་གླིང་པས་ཨོ་རྒྱན་ཆོས་རྫོང་གི་གཙུག་ལག་ཁང་དུ་ཆུ་སྟོད་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུ་ལ་བྲིས་པ་དགེ་ལེགས་འཕེལ།། །།
[edit]

@#/__rang byung pad+ma'i snying thig las/_rtsa gsum kun 'dus gu ru'i thugs sgrub dngos grub snying po'i brgyud 'debs ye shes char 'bebs bzhugs/__e ma ho/_ye shes nang gsal gzhon nu bum pa'i sku/_/phyogs dus rgyal ba'i mkhyen brtse nus pa'i gter/_/bla ma chos sku 'od mi 'gyur ba la/_/gsol ba 'debs so dgongs brgyud byin rlabs stsol/_/bde chen 'pho med 'og min gangs chen mtsho/_/tshangs pa rnga sgra ye shes snying po'i zhing*/_/bla ma longs sku gar dbang rdo rje chos/_/gsol ba 'debs so brda brgyud ye shes spor/_/'gro 'dul mkha' khyab thugs rje'i klong yangs nas/_/rtsa gsum kun 'dus srid zhi nyer 'tsho'i bdag_/bla ma sprul sku rdo rje thod phreng rtsal/_/gsol ba 'debs so snyan brgyud smin grol stsol/_/sku gsum rgyal ba 'dus pa ston 'khor tshul/_/las skal snod ldan rje 'bangs grogs gsum sogs/_/bla ma 'gro 'dul zab chos srog shing la/_/gsol ba 'debs so thugs yid dbyer med mdzod/_/rab 'byams shes bya kun mkhyen 'jam pa'i dbyangs/_/dmigs med thugs brtser yongs rdzogs bstan 'gro'i mgon/_/bla ma 'jigs bral nus gter mdo sngags gling*/_/gsol ba 'debs so skal bzang dpyid grub mdzod/_/thabs mkhas thugs rje'i dpal gyur 'gro ba'i mgon/_/zab gsang lam ston las 'phro dus su sad/_/gter 'byin bla ma gar dbang bde chen gling*/_/gsol ba 'debs so dngos grub gnyis thob mdzod/_/'jam mgon chos rje mkhyen brtse'i ye shes dpyid/_/mkha' khyab zhing du thugs rje'i phrin las mthu/_/mtshungs med bla ma chos kyi blo gros la/_/gsol ba 'debs so zab tig mkha' khyab mdzod/_/sku lnga mtshan brgyad rig 'dzin sgyu 'phrul drwa/_/che mchog dbang chen yi dam sgrub sde brgyad/_/dbyings phyug rigs lnga dpal mgon ma ning la/_/gsol ba 'debs so phrin las lhun grub mdzod/_/nges 'byung snying rje dad blos rang rgyud dul/_/smin grol bcud kyis sku bzhi'i sa bon theb/_/rim gnyis lta sgom spyod mthar rig 'dzin bzhi'i/_/rdo rje'i lam rdzogs bla ma'i mchog thob shog_/ces pa'ang dad mos blo ldan o rgyan gzhan phan nas bskul ba bzhin phrin las kyi cha lag tu nye bar mkho bar mthong nas pad+ma mdo sngags gling pas o rgyan chos rdzong gi gtsug lag khang du chu stod zla ba'i dkar phyogs kyi tshes bcu la bris pa dge legs 'phel//_//

Footnotes

Other Information