DKR-KABUM-02-KHA-025

From Khyentse Lineage - A Tsadra Foundation Project
Revision as of 17:01, 7 November 2022 by Mort (talk | contribs)

Wylie title ' DKR-KABUM-02-KHA-025.pdf
Location dil mgo mkhyen brtse bka' 'bum
Volume 2, Text 25, Pages (Folios 1a to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. '. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: . Delhi: Shechen Publications, 1994.
Genre Guru Yoga Texts - bla ma'i rnal 'byor

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
༄༅། །བླ་མའི་རྣལ་འབྱོར་རྡོ་རྗེའི་ཡེ་ཤེས་སྣང་བ་བཞུགས་སོ། རིག་སྟོང་འོད་གསལ་ངེས་དོན་རྡོ་རྗེ་སེམས། །གདོད་ནས་འདུ་འབྲལ་མེད་པས་སྐྱབས་སུ་མཆི། །མ་རྟོགས་གློ་བུར་འཁྲུལ་པའི་ཡིད་ཅན་རྣམས། །སྐུ་གསུམ་ཞིང་དུ་སྦྱོང་བར་སེམས་བསྐྱེད་དོ། ཨ། ཆོས་ཀུན་མཉམ་ཉིད་བྱང་ཆུབ་སེམས་ཀྱི་ཀློང༌། །ཅིར་སྣང་དག་ཆེན་འོག་མིན་སྟུག་པོ་བཀོད། །རང་མདུན་ཀུན་བཟང་མཆོད་སྤྲིན་རྒྱ་མཚོའི་དབུས། །སེང་ཁྲི་པདྨ་ཉི་ཟླའི་གདན་གསུམ་དབུས། །སྐྱབས་གནས་ཀུན་འདུས་པདྨ་སཾ་བྷ་ཝ། །གཞོན་ཚུལ་རྒྱ་གར་པཎྜི་ཏ་ཡི་ཚུལ། །ཕྱག་གཡས་རྡོ་རྗེས་སྣང་སྲིད་ཟིལ་གྱིས་གནོན། །གཡོན་པས་མཉམ་བཞག་བྷནྡྷ་ཚེ་བུམ་གྱིས། །རིག་འཛིན་རྣམ་བཞིའི་ས་ལམ་རྫོགས་པའི་བརྡ། །ཞབས་ཟུང་མི་གཡོ་རྡོ་རྗེའི་སྐྱིལ་ཀྲུང་གིས། །སྲིད་ཞིར་མི་གནས་འཆི་མེད་རྡོ་རྗེའི་སྐུ། །ཁ་ཊྭཱྃ་མཆན་བཅུག་འཇའ་ཟེར་འོད་ཀློང་འགྱིང༌། །གཡས་སུ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོ་ནི། །ཞི་དུལ་མཁན་ཆེན་བྱང་ཆུབ་སེམས་དཔའི་ཚུལ། །ཕྱག་གཉིས་ཆོས་འཆད་མཉམ་བཞག་ལྷུང་བཟེད་འཛིན། །པཎ་ཞྭ་ཆོས་གོས་གསུམ་གསོལ་སྐྱིལ་ཀྲུང་བཞུགས། །གཡོན་དུ་ཐེག་མཆོག་བསྟན་པའི་རྒྱལ་མཚན་ནི། །ཚངས་པ་ལྷ་ཡི་མེ་ཏོག་རྒྱལ་པོའི་ཚུལ། །ཆོས་འཆད་པད་སྡོང་རལ་པོད་འཁོར་ལོས་སྤྲས། །དགོངས་པ་མི་གཡོ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །རབ་འབྱམས་སྐྱབས་གནས་རྒྱ་མཚོའི་ཚོགས་མ་ལུས། །བླ་མའི་ཡེ་ཤེས་གཅིག་གི་རོལ་པར་ཤར། །སྣང་སྲིད་མ་ལུས་ཀུན་བཟང་བླ་མའི་ཞིང༌། །དག་པ་རབ་འབྱམས་ལྟ་བས་ཕྱག་འཚལ་ཞིང༌། །ཆོས་ཉིད་བདེ་ཆེན་རང་མདངས་མཆོད་པ་འབུལ། །ཡིད་དཔྱོད་བློ་ཡི་འཛིན་སྟངས་དབྱིངས་སུ་བཤགས། །ཟག་མེད་ཡོན་ཏན་རྫོགས་ལ་རྗེས་ཡི་རང༌། །དུས་གསུམ་འཕོ་འགྱུར་མེད་པར་ཆོས་འཁོར་བསྐོར། །སྐྱེ་འགག་གནས་མེད་ཡེ་ཤེས་སྐུར་བཞུགས་གསོལ། །ཟག་མེད་ཡོན་ཏན་རྫོགས་ཕྱིར་དགེ་ཀུན་བསྔོ། །གཞི་ཡི་བླ་མ་རང་རིག་ཡེ་རྫོགས་དོན། །བརྡ་ཡི་བླ་མས་མངོན་སུམ་ངོ་སྤྲད་པས། །ལམ་གྱི་བླ་མའི་སྤང་རྟོགས་སྒྲ་ཇི་བཞིན། །སྤྱོད་པ་འབྲས་བུའི་བླ་མ་རྡོ་རྗེ་སེམས། །རིག་སྟོང་མཚོ་སྐྱེས་རྡོ་རྗེ་སངས་རྒྱས་གཉིས། །སྔ་འགྱུར་བསྟན་པའི་ཤིང་རྟ་ཐུབ་བསྟན་མཚན། །ཐེག་མཆོག་བསྟན་པའི་རྒྱལ་མཚན་རྣམ་པ་གསུམ། །དཔག་ཡས་སྐུ་དང་ཞིང་ཁམས་རྒྱ་མཚོའི་བདག །མི་ཤིགས་ཐིག་ལེ་ཆེན་པོར་འདུ་འབྲལ་མེད། །འཁོར་འདས་ཀུན་ཁྱབ་བཞུགས་པའི་རིག་རྩལ་གདངས། །མཉམ་ཉིད་ཆོས་སྐུར་ལྟ་བའི་མོས་གུས་ཀྱིས། །དགོངས་པ་གཅིག་ཏུ་འདྲེས་པར་མཛད་དུ་གསོལ། །སྲིད་ལས་ངེས་འབྱུང་བྱང་ཆུབ་སེམས་གཉིས་འབྱོངས། །མོས་གུས་སྟོབས་ཀྱིས་བླ་མ་སངས་རྒྱས་མཐོང༌། །བསྐྱེད་རྫོགས་སྙིང་པོའི་ཉམས་ལེན་མཐའ་རུ་ཕྱིན། །ཐེག་མཆོག་ལམ་གྱི་ཡོན་ཏན་ཡོངས་རྫོགས་པས། །དོན་གཉིས་ལྷུན་གྲུབ་ཐུགས་ཡིད་དབྱེར་མེད་ཤོག །ཚིག་བདུན་གསོལ་འདེབས་དང༌། ཞལ་གསུང་གསོལ་འདེབས་ཅི་རིགས་གྲངས་བསགས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་དང༌། ཨོཾ་ཨཱཿཧཱུྃ་གུ་རུ་མཉྫུ་གྷོ་ཥ་མུ་ནི་ཤཱ་ས་བྷ་ཥ་ས་ག་ར་སིདྡྷི་ཨཱ་ཧཱུྃ། ཞེས་དང༌། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་མངྒ་ལ་ཤྲཱི་བྷཱུ་ཏི་སརྦ་སིདྡྷི་ཧཱུྃ། དེ་རྣམས་སོ་སོར་གྲང་བསགས། རིགས་ཀུན་ཁྱབ་བདག་བླ་མ་རྡོ་རྗེ་སེམས། །རབ་འབྱམས་རྒྱལ་བའི་རྡོ་རྗེ་གཞི་དབྱིངས་ཀྱིས། །བྱིན་རླབས་དབང་བཞིའི་ཚུལ་དུ་བསྐུར་ནས་ཀྱང༌། །ཐུགས་ཡིད་གཅིག་ཏུ་འདྲེས་པར་མཛད་དུ་གསོལ། །ཐུགས་རྒྱུད་བསྐུལ་བས་ཆོས་རྒྱལ་འོད་དཀར་དུ། །གྱུར་ནས་དཔྲལ་ཐིམ་གུ་རུ་འོད་དམར་གྱིས། །མགྲིན་ཐིམ་མཁན་ཆེན་འོད་མཐིང་སྙིང་གར་ཐིམ། །སྐུ་གསུང་ཐུགས་དབང་ཐོབ་ཅིང་སྒྲིབ་བཞི་དག །ལམ་བཞིའི་སྣོད་གྱུར་ཡེ་ཤེས་རྡོ་རྗེ་དང༌། །གཅིག་འདྲེས་ཆོས་དབྱིངས་ཀློང་དུ་ཨེ་མ་ཧོ། །བསོད་ནམས་ཕུལ་བྱུང་བླ་མ་མཆོད་པ་ཡིས། །བྱིན་རླབས་ཕུལ་བྱུང་དགོངས་ཀློང་གཅིག་ཏུ་འདྲེས། །ལམ་མཆོག་ཕུལ་བྱུང་དགོངས་པའི་གསང་མཛོད་བརྡོལ། །མཐར་འབྲས་རྨད་བྱུང་བླ་མའི་གནས་ཐོབ་ཤོག །ཚེ་རབས་ཀུན་ཏུ་མཉེས་གསུམ་ཞབས་ཏོག་ཞུ། །ཅི་མཛད་ལེགས་མཐོང་སྐྱོན་དག་ཡོན་ཏན་རྫོགས། །རྒྱལ་བ་རྒྱ་མཚོའི་རྣམ་ཐར་ལོངས་སྤྱོད་པས། །སྐྱོན་དག་ཡོན་ཏན་རྫོགས་པའི་དཔལ་ཐོབ་ཤོག །སྲིད་ཞིའི་ཁྱབ་བདག་བླ་མའི་ཡེ་ཤེས་ལས། །དགེ་ལེགས་དངོས་ཀུན་སྩོལ་མེད་ཐོབ་ནས་ཀྱང༌། །དོན་གཉིས་ལྷུན་གྲུབ་ཟག་མེད་བདེ་ཆོས་དབྱིངས། །འཕེལ་འགྲིབ་བྲལ་བའི་དཔལ་གྱི་བཀྲ་ཤིས་ཤོག །ཅེས་པའང་སྡོམ་བརྩོན་ཆོས་བཞིན་སྤྱོད་པ་རིག་འཛིན་པདྨ་བསྟན་འཛིན་རྡོ་རྗེས་བསྐུལ་ངོར་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་བྲིས་པ་དཔལ་ལྡན་བླ་མའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །མངྒ་ལཾ། དགེའོ།། །།
[edit]

@#/__/bla ma'i rnal 'byor rdo rje'i ye shes snang ba bzhugs so/___rig stong 'od gsal nges don rdo rje sems/__/gdod nas 'du 'bral med pas skyabs su mchi/__/ma rtogs glo bur 'khrul pa'i yid can rnams/__/sku gsum zhing du sbyong bar sems bskyed do/__a/__chos kun mnyam nyid byang chub sems kyi klong*/__/cir snang dag chen 'og min stug po bkod/__/rang mdun kun bzang mchod sprin rgya mtsho'i dbus/__/seng khri pad+ma nyi zla'i gdan gsum dbus/__/skyabs gnas kun 'dus pad+ma saM b+ha wa/__/gzhon tshul rgya gar paN+Di ta yi tshul/__/phyag g.yas rdo rjes snang srid zil gyis gnon/__/g.yon pas mnyam bzhag b+han+d+ha tshe bum gyis/__/rig 'dzin rnam bzhi'i sa lam rdzogs pa'i brda/__/zhabs zung mi g.yo rdo rje'i skyil krung gis/__/srid zhir mi gnas 'chi med rdo rje'i sku/__/kha T+wA~M mchan bcug 'ja' zer 'od klong 'gying*/__/g.yas su thub bstan bshad sgrub rgya mtsho ni/__/zhi dul mkhan chen byang chub sems dpa'i tshul/__/phyag gnyis chos 'chad mnyam bzhag lhung bzed 'dzin/__/paN zhwa chos gos gsum gsol skyil krung bzhugs/__/g.yon du theg mchog bstan pa'i rgyal mtshan ni/__/tshangs pa lha yi me tog rgyal po'i tshul/__/chos 'chad pad sdong ral pod 'khor los spras/__/dgongs pa mi g.yo rdo rje'i skyil krung bzhugs/__/rab 'byams skyabs gnas rgya mtsho'i tshogs ma lus/__/bla ma'i ye shes gcig gi rol par shar/__/snang srid ma lus kun bzang bla ma'i zhing*/__/dag pa rab 'byams lta bas phyag 'tshal zhing*/__/chos nyid bde chen rang mdangs mchod pa 'bul/__/yid dpyod blo yi 'dzin stangs dbyings su bshags/__/zag med yon tan rdzogs la rjes yi rang*/__/dus gsum 'pho 'gyur med par chos 'khor bskor/__/skye 'gag gnas med ye shes skur bzhugs gsol/__/zag med yon tan rdzogs phyir dge kun bsngo/__/gzhi yi bla ma rang rig ye rdzogs don/__/brda yi bla mas mngon sum ngo sprad pas/__/lam gyi bla ma'i spang rtogs sgra ji bzhin/__/spyod pa 'bras bu'i bla ma rdo rje sems/__/rig stong mtsho skyes rdo rje sangs rgyas gnyis/__/snga 'gyur bstan pa'i shing rta thub bstan mtshan/__/theg mchog bstan pa'i rgyal mtshan rnam pa gsum/__/dpag yas sku dang zhing khams rgya mtsho'i bdag__/mi shigs thig le chen por 'du 'bral med/__/'khor 'das kun khyab bzhugs pa'i rig rtsal gdangs/__/mnyam nyid chos skur lta ba'i mos gus kyis/__/dgongs pa gcig tu 'dres par mdzad du gsol/__/srid las nges 'byung byang chub sems gnyis 'byongs/__/mos gus stobs kyis bla ma sangs rgyas mthong*/__/bskyed rdzogs snying po'i nyams len mtha' ru phyin/__/theg mchog lam gyi yon tan yongs rdzogs pas/_/don gnyis lhun grub thugs yid dbyer med shog__/tshig bdun gsol 'debs dang*/__zhal gsung gsol 'debs ci rigs grangs bsags/__oM AHhU~M badz+ra gu ru pad+ma sid+d+hi hU~M:__zhes dang*/__oM AHhU~M gu ru many+dzu g+ho Sha mu ni shA sa b+ha Sha sa ga ra sid+d+hi A hU~M/__zhes dang*/__oM AHhU~M badz+ra ma hA gu ru mang+ga la shrI b+hU ti sarba sid+d+hi hU~M/__de rnams so sor grang bsags/__rigs kun khyab bdag bla ma rdo rje sems/__/rab 'byams rgyal ba'i rdo rje gzhi dbyings kyis/__/byin rlabs dbang bzhi'i tshul du bskur nas kyang*/_/thugs yid gcig tu 'dres par mdzad du gsol/__/thugs rgyud bskul bas chos rgyal 'od dkar du/__/gyur nas dpral thim gu ru 'od dmar gyis/__/mgrin thim mkhan chen 'od mthing snying gar thim/__/sku gsung thugs dbang thob cing sgrib bzhi dag__/lam bzhi'i snod gyur ye shes rdo rje dang*/__/gcig 'dres chos dbyings klong du e ma ho/__/bsod nams phul byung bla ma mchod pa yis/__/byin rlabs phul byung dgongs klong gcig tu 'dres/__/lam mchog phul byung dgongs pa'i gsang mdzod brdol/__/mthar 'bras rmad byung bla ma'i gnas thob shog__/tshe rabs kun tu mnyes gsum zhabs tog zhu/__/ci mdzad legs mthong skyon dag yon tan rdzogs/__/rgyal ba rgya mtsho'i rnam thar longs spyod pas/__/skyon dag yon tan rdzogs pa'i dpal thob shog__/srid zhi'i khyab bdag bla ma'i ye shes las/__/dge legs dngos kun stsol med thob nas kyang*/__/don gnyis lhun grub zag med bde chos dbyings/__/'phel 'grib bral ba'i dpal gyi bkra shis shog__/ces pa'ang sdom brtson chos bzhin spyod pa rig 'dzin pad+ma bstan 'dzin rdo rjes bskul ngor 'gyur med theg mchog bstan pa'i rgyal mtshan gyis bris pa dpal ldan bla ma'i go 'phang thob pa'i rgyur gyur cig__/mang+ga laM/___dge'o//__//

Footnotes

Other Information