DKR-KABUM-02-KHA-009

From Khyentse Lineage - A Tsadra Foundation Project
Revision as of 12:14, 7 November 2022 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

ཐུགས་དམ་རྒྱུན་གྱི་རྩ་གསུམ་ཆོས་སྲུང་དང་བཅས་པའི་གསོལ་མཆོད་ཕྲིན་ལས་གར་གྱི་རོལ་རྩེད།
Wylie title thugs dam rgyun gyi rtsa gsum chos srung dang bcas pa'i gsol mchod phrin las gar gyi rol rtsed DKR-KABUM-02-KHA-009.pdf
Location dil mgo mkhyen brtse bka' 'bum
Volume 2, Text 9, Pages 47-50 (Folios 1a1 to 4a6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Thugs dam rgyun gyi rtsa gsum chos srung dang bcas pa'i gsol mchod phrin las gar gyi rol rtsed. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 47-50. Delhi: Shechen Publications, 1994.
Genre Guru Offering Texts- bla ma mchod pa  ·  Guru Yoga Texts - bla ma'i rnal 'byor  ·  Protector Rituals - gsol mchod
Colophon

།ཅེས་པའང་བསྟན་འགྲོའི་དཔལ་མགོན་འཁྲུལ་ཞིག་མཆོག་སྤྲུལ་རིན་པོ་ཆེ་དྷརྨ་མ་ཏིའི་ཐུགས་དམ་རྒྱུན་གྱི་གཏོར་བསྔོར་གསུང་བསྐུལ་བཞིན་འཇུག་བདེའི་ཚུལ་དུ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་བྲིས་པ་བསྟན་འགྲོའི་དགེ་མཚན་ཅིས་ཀྱང་རྒྱས་པའི་དཔལ་དུ་གྱུར་ཅིག །དགེ་ལེགས་འཕེལ།།

/ces pa'ang bstan 'gro'i dpal mgon 'khrul zhig mchog sprul rin po che d+harma ma ti'i thugs dam rgyun gyi gtor bsngor gsung bskul bzhin 'jug bde'i tshul du 'gyur med theg mchog bstan pa'i rgyal mtshan gyis bris pa bstan 'gro'i dge mtshan cis kyang rgyas pa'i dpal du gyur cig__/dge legs 'phel//

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
ཐུགས་དམ་རྒྱུན་གྱི་རྩ་གསུམ་ཆོས་སྲུང་དང་བཅས་པའི་གསོལ་མཆོད་ཕྲིན་ལས་གར་གྱི་རོལ་རྩེད་ཅེས་བྱ་བ་བཞུགས། །ན་མོ་གུ་རུ་ཏྲི་མཱུ་ལ་མཎྜལ་བྷྱཿ དེ་ཡང་ནང་གི་རྣལ་འབྱོར་ལ་རྩལ་དུ་བཏོན་པས་སྤྲོས་པའི་རིམ་པ་མདོར་བསྡུས་ཏེ་རྩ་གསུམ་སྲུང་མའི་གཏོར་བསྔོ་བྱ་བ་ལ། རིན་པོ་ཆེའམ་བྷནྡྷའི་སྣོད་དུ་ཇི་ལྟར་འབྱོར་བའི་བཟའ་བཏུང་གི་ཕུད་གཙང་མ་བཤམས་ལ་ཆབ་ཀྱིས་བྲན་ཏེ། རྃ་ཡྃ་ཁྃ། གདོད་ནས་རང་རིག་གཉུག་མ་ལྷག་པའི་ལྷར། །གསལ་བའི་ཐུགས་ནས་འཕྲོས་པའི་འབྲུ་གསུམ་གྱིས། །མ་དག་དྲི་སྦྱངས་ཡེ་ཤེས་བདུད་རྩིའི་བཅུད། །བདེ་ཆེན་རིགས་ལྔའི་དམ་ཚིག་རྫས་སུ་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བྱིན་གྱིས་བརླབས་ལ། ཧཱུྃ་ཧྲཱིཿ ཆོས་དབྱིངས་ཀུན་ཁྱབ་རང་ཤར་རྩ་གསུམ་ལྷ། །འགག་མེད་ཐུགས་རྗེ་ཆེན་པོའི་ཆོ་འཕྲུལ་གྱིས། །བྱིན་རླབས་དངོས་གྲུབ་ཕྲིན་ལས་འདོད་དགུའི་གཏེར། །ཡེ་ཤེས་སྒྱུ་མར་རོལ་པས་གནས་འདིར་གཤེགས། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དེ་ཝ་དྷཱ་ཀི་ནི་སརྦ་དྷརྨ་པཱ་ལ་བ་སུ་དེ་ཝ་ནཱི་དྷི་པ་ཏི་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས། དྭངས་པའི་མཁའ་ལ་དབང་པོའི་གཞུ་བཞིན་དུ། །དམ་ཡེ་གཉིས་མེད་དགྱེས་པས་བརྟན་པར་བཞུགས། །བྱིན་རླབས་དངོས་གྲུབ་ཕྲིན་ལས་རབ་འབྱམས་བདག །རྩ་གསུམ་ཆོས་སྲུང་རྒྱ་མཚོར་གུས་པས་བཏུད། །ཛཿཧཱུྃ་བྃ་ཧོཿ ས་མ་ཡ་ཏིཥྛནྟུ། ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཞེས་བཞུགས་སུ་གསོལ་ཞིང་ཕྱག་བྱ། ཧཱུྃ་ཧྲཱིཿ ཐུན་མོང་ཉེར་སྤྱོད་ལྷ་རྫས་འདོད་དགུའི་སྤྲིན། །ཁྱད་པར་སྨན་རཀ་གཏོར་མའི་ཚོགས་ཀུན་དང༌། །བདེ་སྟོང་གསལ་བ་དེ་ཉིད་མཆོད་པའི་ཚོགས། །ཀུན་བཟང་སྒྱུ་འཕྲུལ་དྲྭ་བའི་གཏེར་གྱིས་མཆོད། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དེ་ཝ་དྷཱ་ཀི་ནི་ཤྲཱི་དྷརྨ་པཱ་ལ་བ་སུ་དེ་ཝ་ནཱི་དྷི་པ་ཏི་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྟ་པྲ་ཏཱིཙྪ་སྭཱ་ཧཱ། །ཞེས་ཐུན་མོང་དང༌། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་ཁྱད་པར་སྨན་རཀ་གིས་སྤྱིར་མཆོད། བྱེ་བྲག་གཏོར་མ་འབུལ་བ་ནི། ལྷ་ཚོགས་རྣམས་ཀྱི་ལྗགས་བརྐྱངས་འོད་ཟེར་དང༌། །ཕྱག་མཚན་སྦུ་གུས་གཏོར་མའི་བཅུད་དྲངས་མཉེས། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་བླ་མ། ཨོཾ་ཨཱཿཧཱུྃ་དྷེ་ཝ་ཤཱནྟ་ཀྲོ་དྷ་མཎྜ་ལ་ས་པ་རི་ཝཱ་ར་སོགས་སྦྱར་བས་ཡི་དམ་ཞི་ཁྲོ་སྤྱི་དང༌། ཨོཾ་ཨཱཿཧཱུྃ་དྷ་ཀ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་སོགས་དཔའ་བོ་མཁའ་འགྲོ། ཨོཾ་ཨཱཿཧཱུྃ་སརྦ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་སོགས་ཀྱིས་ཆོས་སྐྱོང་སྤྱི་དང༌། ཨོཾ་ཨཱཿཧཱུྃ་སརྦ་བ་སུ་དེ་ཝ་ས་པ་རི་ཝཱ་ར་སོགས་ཀྱིས་ནོར་ལྷ་སྤྱི་དང༌། ཨོཾ་ཨཱཿཧཱུྃ་ནཱི་དྷི་པ་ཏི་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་སོགས་ཀྱིས་གཏེར་གཞི་སོ་སོར་གཏོར་མ་ཕུལ། རྩ་གསུམ་དམིགས་བསལ་སྦྱར་དགོས་ན་སོ་སོའི་སྐབས་སུ་སྦྱར་ཏེ་ཕུལ་ཀྱང་རུང༌། ཧཱུྃ་ཧྲཱིཿ བྱིན་རླབས་སྤྲིན་ཕུང་རིག་འཛིན་བླ་མ་དང༌། །དངོས་གྲུབ་ཆར་འབེབས་ཡི་དམ་ཞི་ཁྲོའི་ལྷ། །ཕྲིན་ལས་རྨད་བྱུང་དཔའ་བོ་མཁའ་འགྲོ་ལ། །གུས་པས་བསྟོད་དོ་མཆོག་ཐུན་དངོས་གྲུབ་སྩོལ། །སྤྲོ་ན། དཔལ་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ། དུག་གསུམ་ནད་ཀྱི་སྨན་པ། རྣལ་འབྱོར་ཡོངས་ཀྱི་དགྲ་ལྷ། བདུད་དཔུང་སྒྲོལ་བའི་དཔའ་བོ། བསྟན་པའི་བཀའ་སྲུང་ཆེན་པོ། བདེ་ཆེན་ཐབས་ཀྱི་དཔའ་བོ། ལེགས་ལྡན་རྡོ་རྗེ་སྲིན་པོ་ཚོགས་ཀྱི་བདག་པོ་ལ་སོགས་པ་མགོན་པོ་ཕོ་རྒྱུད། ཤེས་རབ་དབྱིངས་ཀྱི་རྒྱལ་མོ་སྔགས་སྲུང་རྡོ་རྗེ་རལ་གཅིག་མ་ལ་སོགས་པའི་སྲིད་པ་མོ་རྒྱུད། རྒྱལ་ཆེན་རྣམ་ཐོས་སྲས་ལ་སོགས་པ་གནོད་སྦྱིན་ནོར་ལྷ་གཏེར་བདག །བཀྲ་ཤིས་ཚེ་རིང་མཆེད་ལྔ་སོགས་དཀར་ཕྱོགས་གཏེར་གཞི་འཇིག་རྟེན་སྐྱོང་བ་འཁོར་གཡོག་སྡེ་དཔོན་དང་བཅས་པས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུང་སོགས་ཀྱིས་ཕྲིན་ལས་ཀྱང་བཅོལ། ཧཱུྃ། བདེ་ཆེན་ཐབས་མཆོག་ལེགས་ལྡན་ལྗང་སྔོན་དྲག །ཀྲོ་དྷཱི་ཤྭ་རི་སྲས་འཁོར་སྤྲུལ་པ་བཅས། །ཡེ་ཤེས་མགོན་པོ་ཕྱག་བཞི་ཚེ་མགོན་དཀར། །རྡོ་རྗེ་གུར་མགོན་ཡབ་ཡུམ་སྤྲུལ་འཁོར་དཔུང༌། །མྱུར་མཛད་ཡེ་ཤེས་མགོན་པོ་དཀར་མཐིང་ཟུང༌། །ཁྲོ་རྒྱལ་མ་ནིང་ནག་པོ་མཆེད་གསུམ་དང༌། །དཔལ་མགོན་བྲམ་ཟེའི་གཟུགས་ཅན་གདོང་བཞི་པ། །ཡུམ་ཆེན་སྲིང་མོ་བཞི་དང་དྲེགས་པ་བཞི། །རྡོ་རྗེ་བེར་ཅན་ཚོགས་བདག་ཡུམ་འཁོར་བཅས། །དུར་ཁྲོད་བདག་པོ་ཆེན་པོ་མ་སྲིང་དང༌། །བདུད་མགོན་ཤྭ་ན་མུ་ཁ་ཡུམ་སྲས་འཁོར། །ཞང་བློན་ཨ་གྷོ་ར་དང་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་མགོན་པོ་ཕོ་རྒྱུད་རིགས། །ལྷ་ཆེན་ཡབ་ཡུམ་དབང་མཛད་ཌཱ་ཀི་བཞི། །བེཀྩེ་ཁྱབ་འཇུག་གཟའ་གདོང་རྒྱུ་སྐར་བཅས། བྷྱོཿ ཨེ་ཀ་ཛཱ་ཊི་དམ་ཅན་སྡེ་བདུན་ཚོགས། །དམག་ཟོར་ཤན་པ་ནག་མོ་མེ་ཡི་གདོང༌། །རེ་ཏི་དུད་སོལ་རབ་བརྟན་གཤོག་རྒོད་མ། །བདེ་རྒྱལ་སྤྱང་ཞོན་མཆེད་གསུམ་ཤ་ཟ་ཆེ། །གནས་ཡུལ་དུར་ཁྲོད་ཞིང་སྐྱོང་ལངྐ་མ། །མིང་སྲིང་བརྒྱད་དང་འཁོར་བཞི་ཤྭ་ནའི་ཚོགས། །ཙཎྜི་ཀ་སོགས་འབུམ་ཕྲག་ཌཱ་ཀིའི་སྡེ། །སེང་གདོང་ཡབ་ཡུམ་སྨན་བཙུན་མཆེད་ལྔ་དང༌། །དམ་ཅན་དམར་ནག་འབར་བ་མཆེད་སྡེ་བདུན། །རྒྱལ་ཆེན་སྐུ་ལྔ་ཙི་དམར་བདུད་བཙན་ཀླུ། །ཅེ་སྤྱང་མ་བརྒྱད་དབང་ཕྱུག་གིང་བདུད་རྩིས། །ལས་གཤིན་ཁམས་བརྒྱ་དམུས་ལོང་ཁྱི་སྤྱང་འབྲུག །ཕུར་སྲུང་བཅུ་གཉིས་རྗེ་མོ་དམན་མོ་འབུམ། །རྟ་ནག་སྡེ་དཔོན་སྔགས་བདག་ཕྱི་ནང་གསང༌། །ཡང་གསང་རྟག་ཆགས་གབ་སྦས་སྡེ་བརྒྱད་རིགས། བྷྲཱུྃ། རིན་ཆེན་གཏེར་འཆང་རྣམ་སྲས་རིགས་མཆོག་བརྒྱད། །ནོར་རྒྱུན་དཔལ་ལྷ་བརྒྱད་དང་འཛམ་ལྷ་དགུ། །རྟ་བདག་བརྒྱད་དང་ཨཱརྻ་རེ་མནྟ། །འབྲོག་གནས་མཆེད་ལྔ་ཨ་པ་ར་ཛི་ཏ། །ཚོགས་བདག་རིགས་གསུམ་ཀུན་འཁྱིལ་མི་མགོན་དཀར། །སེར་མོ་དོན་གྲུབ་ཕག་གདོང་མཆེད་ལྔ་དང༌། །སྔགས་བདག་ཡེ་ཤེས་གྲགས་དང་འཕྲོག་མ་བཅས། །ཧྲཱིཿ བཀྲ་ཤིས་ཚེ་རིང་མཆེད་ལྔ་ཞིང་སྐྱོང་གཙོ། །བརྟན་སྐྱོང་ཡ་མ་བཅུ་གཉིས་ཨ་ཕྱི་དང༌། །དབང་ཆེན་བརྟན་མ་འབྱུང་ལྔ་རླུང་རྟའི་ལྷ། །ལོ་ཟླ་ཞག་དུས་སྤར་སྨེ་ས་བདག་ཚོགས། །དགེ་སྙེན་ཉེར་གཅིག་མགུར་ལྷ་སྲིད་ལྷ་དགུ། །དཀར་པོ་བརྒྱད་ཅུ་ཐང་ལྷ་གཉན་ཆེན་བཞི། །གངས་བཟང་སེང་ཆེན་འགོ་ཞིང་སྐྱོབ་པའི་ལྷ། །མིའུ་གདུང་དྲུག་ཕ་མཚུན་དགྲ་ལྷའི་ཚོགས། །གནས་ཆེན་ཉེར་ལྔ་གནས་ཕྲན་ཞིང་སྐྱོང་རྣམས། །འཛམ་གླིང་མཐའ་དབུས་ཡུལ་གྱི་ཁྱོན་བཞུགས་པའི། །གཉུག་གནས་གློ་བུར་ལྷགས་པའི་གཞི་བདག་དང༌། །སྔ་འགྱུར་བཀའ་གཏེར་བཀའ་གདམས་ལམ་འབྲས་དང༌། །མར་ཤངས་བཀའ་བརྒྱུད་ཞི་གཅོད་སྦྱོར་བ་དྲུག །རྡོ་རྗེའི་བསྙེན་སྒྲུབ་ཤིང་རྟ་རྣམ་བརྒྱད་ཀྱི། །བཀའ་དང་བསྟན་སྐྱོང་རྒྱ་མཚོའི་ཚོགས་རྣམས་ཏེ། །ཐུབ་བསྟན་དཔལ་སྲུངས་བསྟན་འཛིན་བུ་ལྟར་སྐྱོངས། །ཚར་གཅོད་རྗེས་འཛིན་ཕྲིན་ལས་འདོད་དགུའི་དཔལ། །བརྒྱུད་གསུམ་དམ་ཅན་ནོར་ལྷ་གཞི་བདག་ལ། །གུས་པས་བསྟོད་དོ་རབ་འབྱམས་ཕྲིན་ལས་མཛོད། ༈ ཕྱི་ཡི་མཆོད་སྤྲིན་འདོད་དགུའི་ནམ་མཁའ་མཛོད། །ནང་རྟེན་མཆོད་སྐོང་བསྟེན་པའི་དམ་ཚིག་རྫས། །གསང་མཆོད་སྨན་གཏོར་རཀྟ་ཏན་གན་ལས། །ཐུགས་ལ་བཞེད་དགུ་འཆར་བས་དགྱེས་པར་བསྐང༌། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་གི །ཉམས་ཆག་ཉེས་ལྟུང་འཁྲུལ་པའི་ལས་ཀྱིས་ནོངས། །སྲུང་མའི་དབང་པོའི་ཐུགས་དང་འགལ་བ་ཀུན། །སྙིང་ནས་བཤགས་སོ་བྱང་ཞིང་དག་པར་མཛོད། །བརྒྱུད་གསུམ་རིག་འཛིན་བླ་མས་གཉེར་གཏད་བཞིན། །བཤད་སྒྲུབ་སྡེ་སྐྱོངས་སྣོད་བཅུད་ཕན་བདེར་སྦྱོར། །འགྲོ་ཀུན་མོས་སྣང་དམ་པའི་ཆོས་ལ་འདུན། །བསྟན་འཛིན་སྐྱེས་བུའི་སྐུ་ཚེའི་ཕྲིན་ལས་སྤེལ། །སྒྲུབ་པའི་རྣལ་འབྱོར་བདག་ཅག་འཁོར་དང་བཅས། །སྲུང་སྐྱོབས་སྡོང་གྲོགས་བཅོལ་བའི་ལས་ཀུན་མཛོད། །ཚེ་རབས་ཀུན་ཏུ་རིས་མེད་བསྟན་ལ་གུས། །ཐོས་བསམ་སྒོམ་པའི་ཡོན་ཏན་རྒྱུད་ལ་འབྱོར། །བཤད་སྒྲུབ་སྙིང་པོའི་བསྟན་པ་འཛིན་སྐྱོང་སྤེལ། །མཐའ་ཀླས་འགྲོ་ལ་ཕན་བདེ་སྦྱིན་ནུས་མཛོད། ༈ དགྱེས་དགུའི་དཔལ་གྱིས་མཆོད་པ་བཞེད་དགུ་འབུལ། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་དཔལ་ལ་བསྟོད། །ནོངས་པ་བཟོད་གསོལ་རྗེས་བརྩེས་རྟག་སྐྱོངས་ལ། །རབ་འབྱམས་ལས་དང་དངོས་གྲུབ་ཐོགས་མེད་མཛོད། །རྩ་གསུམ་ཡེ་ཤེས་ནོར་ལྷ་རྟེན་ལ་བཞུགས། །འཇིག་རྟེན་མགྲོན་རྣམས་སླར་གཤེགས་དུས་སུ་སྤྱོན། །ཕུན་ཚོགས་དགེ་ལེགས་གྲུབ་པའི་སྣང་བ་ཆེས། །བཀྲ་ཤིས་དཔལ་ཡོན་སྲིད་ཞི་ཀུན་ཁྱབ་ཤོག །ཅེས་པའང་བསྟན་འགྲོའི་དཔལ་མགོན་འཁྲུལ་ཞིག་མཆོག་སྤྲུལ་རིན་པོ་ཆེ་དྷརྨ་མ་ཏིའི་ཐུགས་དམ་རྒྱུན་གྱི་གཏོར་བསྔོར་གསུང་བསྐུལ་བཞིན་འཇུག་བདེའི་ཚུལ་དུ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་བྲིས་པ་བསྟན་འགྲོའི་དགེ་མཚན་ཅིས་ཀྱང་རྒྱས་པའི་དཔལ་དུ་གྱུར་ཅིག །དགེ་ལེགས་འཕེལ།། །།
[edit]

thugs dam rgyun gyi rtsa gsum chos srung dang bcas pa'i gsol mchod phrin las gar gyi rol rtsed ces bya ba bzhugs/__/na mo gu ru tri mU la maN+Dal b+h+yaH__de yang nang gi rnal 'byor la rtsal du bton pas spros pa'i rim pa mdor bsdus te rtsa gsum srung ma'i gtor bsngo bya ba la/__rin po che'am b+han+d+ha'i snod du ji ltar 'byor ba'i bza' btung gi phud gtsang ma bshams la chab kyis bran te/__ra~M ya~M kha~M/__gdod nas rang rig gnyug ma lhag pa'i lhar/__/gsal ba'i thugs nas 'phros pa'i 'bru gsum gyis/__/ma dag dri sbyangs ye shes bdud rtsi'i bcud/__/bde chen rigs lnga'i dam tshig rdzas su gyur/__/oM AHhU~M ha ho hrIH__lan gsum gyis byin gyis brlabs la/__hU~M hrIH__chos dbyings kun khyab rang shar rtsa gsum lha/__/'gag med thugs rje chen po'i cho 'phrul gyis/__/byin rlabs dngos grub phrin las 'dod dgu'i gter/__/ye shes sgyu mar rol pas gnas 'dir gshegs/__/oM AHhU~M badz+ra gu ru pad+ma de wa d+hA ki ni sarba d+harma pA la ba su de wa nI d+hi pa ti b+hU mi pa ti sa pa ri wA ra badz+ra sa mA dzaH__zhes spyan drangs/__dwangs pa'i mkha' la dbang po'i gzhu bzhin du/__/dam ye gnyis med dgyes pas brtan par bzhugs/__/byin rlabs dngos grub phrin las rab 'byams bdag__/rtsa gsum chos srung rgya mtshor gus pas btud/__/dzaHhU~M ba~M hoH__sa ma ya tiSh+Than+tu/__a ti pU hoH__pra tIts+tsha hoH__zhes bzhugs su gsol zhing phyag bya/__hU~M hrIH__thun mong nyer spyod lha rdzas 'dod dgu'i sprin/__/khyad par sman raka gtor ma'i tshogs kun dang*/__/bde stong gsal ba de nyid mchod pa'i tshogs/__/kun bzang sgyu 'phrul drwa ba'i gter gyis mchod/__/oM AHhU~M badz+ra gu ru pad+ma de wa d+hA ki ni shrI d+harma pA la ba su de wa nI d+hi pa ti b+hU mi pa ti sa pa ri wA ra ar+g+haM nas/__shab+ta pra tIts+tsha swA hA/__/zhes thun mong dang*/__ma hA pany+tsa a mr-i ta khA hi/__ma hA rak+ta khA hi/__zhes khyad par sman raka gis spyir mchod/__bye brag gtor ma 'bul ba ni/__lha tshogs rnams kyi ljags brkyangs 'od zer dang*/__/phyag mtshan sbu gus gtor ma'i bcud drangs mnyes/__/oM AHhU~M badz+ra gu ru pad+ma sa pa ri wA ra i daM ba liM ta kha kha khA hi khA hi/__lan gsum gyis bla ma/__oM AHhU~M d+he wa shAn+ta kro d+ha maN+Da la sa pa ri wA ra sogs sbyar bas yi dam zhi khro spyi dang*/__oM AHhU~M d+ha ka d+hA ki nI sa pa ri wA ra sogs dpa' bo mkha' 'gro/__oM AHhU~M sarba d+harma pA la sa pa ri wA ra sogs kyis chos skyong spyi dang*/__oM AHhU~M sarba ba su de wa sa pa ri wA ra sogs kyis nor lha spyi dang*/__oM AHhU~M nI d+hi pa ti b+hU mi pa ti sa pa ri wA ra sogs kyis gter gzhi so sor gtor ma phul/__rtsa gsum dmigs bsal sbyar dgos na so so'i skabs su sbyar te phul kyang rung*/__hU~M hrIH__byin rlabs sprin phung rig 'dzin bla ma dang*/__/dngos grub char 'bebs yi dam zhi khro'i lha/__/phrin las rmad byung dpa' bo mkha' 'gro la/__/gus pas bstod do mchog thun dngos grub stsol/__/spro na/__dpal ma hA kA la khrag 'thung gi rgyal po/__gtsug lag khang dang dkyil 'khor gyi srung ma/__dug gsum nad kyi sman pa/__rnal 'byor yongs kyi dgra lha/__bdud dpung sgrol ba'i dpa' bo/__bstan pa'i bka' srung chen po/__bde chen thabs kyi dpa' bo/__legs ldan rdo rje srin po tshogs kyi bdag po la sogs pa mgon po pho rgyud/__shes rab dbyings kyi rgyal mo sngags srung rdo rje ral gcig ma la sogs pa'i srid pa mo rgyud/__rgyal chen rnam thos sras la sogs pa gnod sbyin nor lha gter bdag__/bkra shis tshe ring mched lnga sogs dkar phyogs gter gzhi 'jig rten skyong ba 'khor g.yog sde dpon dang bcas pas mchod sbyin gyi gtor ma rgya chen po 'di bzhes la sangs rgyas kyi bstan pa srung sogs kyis phrin las kyang bcol/__hU~M/__bde chen thabs mchog legs ldan ljang sngon drag__/kro d+hI shwa ri sras 'khor sprul pa bcas/__/ye shes mgon po phyag bzhi tshe mgon dkar/__/rdo rje gur mgon yab yum sprul 'khor dpung*/__/myur mdzad ye shes mgon po dkar mthing zung*/__/khro rgyal ma ning nag po mched gsum dang*/__/dpal mgon bram ze'i gzugs can gdong bzhi pa/__/yum chen sring mo bzhi dang dregs pa bzhi/__/rdo rje ber can tshogs bdag yum 'khor bcas/__/dur khrod bdag po chen po ma sring dang*/__/bdud mgon shwa na mu kha yum sras 'khor/__/zhang blon a g+ho ra dang sku gsung thugs/__/yon tan phrin las mgon po pho rgyud rigs/__/lha chen yab yum dbang mdzad DA ki bzhi/__/bek+tse khyab 'jug gza' gdong rgyu skar bcas/__b+h+yoH__e ka dzA Ti dam can sde bdun tshogs/__/dmag zor shan pa nag mo me yi gdong*/__/re ti dud sol rab brtan gshog rgod ma/__/bde rgyal spyang zhon mched gsum sha za che/__/gnas yul dur khrod zhing skyong lang+ka ma/__/ming sring brgyad dang 'khor bzhi shwa na'i tshogs/__/tsaN+Di ka sogs 'bum phrag DA ki'i sde/__/seng gdong yab yum sman btsun mched lnga dang*/__/dam can dmar nag 'bar ba mched sde bdun/__/rgyal chen sku lnga tsi dmar bdud btsan klu/__/ce spyang ma brgyad dbang phyug ging bdud rtsis/__/las gshin khams brgya dmus long khyi spyang 'brug__/phur srung bcu gnyis rje mo dman mo 'bum/__/rta nag sde dpon sngags bdag phyi nang gsang*/__/yang gsang rtag chags gab sbas sde brgyad rigs/__b+h+rU~M/__rin chen gter 'chang rnam sras rigs mchog brgyad/__/nor rgyun dpal lha brgyad dang 'dzam lha dgu/__/rta bdag brgyad dang Ar+Ya re man+ta/__/'brog gnas mched lnga a pa ra dzi ta/__/tshogs bdag rigs gsum kun 'khyil mi mgon dkar/__/ser mo don grub phag gdong mched lnga dang*/__/sngags bdag ye shes grags dang 'phrog ma bcas/__/hrIH__bkra shis tshe ring mched lnga zhing skyong gtso/__/brtan skyong ya ma bcu gnyis a phyi dang*/__/dbang chen brtan ma 'byung lnga rlung rta'i lha/__/lo zla zhag dus spar sme sa bdag tshogs/__/dge snyen nyer gcig mgur lha srid lha dgu/__/dkar po brgyad cu thang lha gnyan chen bzhi/__/gangs bzang seng chen 'go zhing skyob pa'i lha/__/mi'u gdung drug pha mtshun dgra lha'i tshogs/__/gnas chen nyer lnga gnas phran zhing skyong rnams/__/'dzam gling mtha' dbus yul gyi khyon bzhugs pa'i/__/gnyug gnas glo bur lhags pa'i gzhi bdag dang*/__/snga 'gyur bka' gter bka' gdams lam 'bras dang*/__/mar shangs bka' brgyud zhi gcod sbyor ba drug__/rdo rje'i bsnyen sgrub shing rta rnam brgyad kyi/__/bka' dang bstan skyong rgya mtsho'i tshogs rnams te/__/thub bstan dpal srungs bstan 'dzin bu ltar skyongs/__/tshar gcod rjes 'dzin phrin las 'dod dgu'i dpal/__/brgyud gsum dam can nor lha gzhi bdag la/__/gus pas bstod do rab 'byams phrin las mdzod/__!__phyi yi mchod sprin 'dod dgu'i nam mkha' mdzod/__/nang rten mchod skong bsten pa'i dam tshig rdzas/__/gsang mchod sman gtor rak+ta tan gan las/__/thugs la bzhed dgu 'char bas dgyes par bskang*/__/spyi dang khyad par lhag pa'i dam tshig gi__/nyams chag nyes ltung 'khrul pa'i las kyis nongs/__/srung ma'i dbang po'i thugs dang 'gal ba kun/__/snying nas bshags so byang zhing dag par mdzod/__/brgyud gsum rig 'dzin bla mas gnyer gtad bzhin/__/bshad sgrub sde skyongs snod bcud phan bder sbyor/__/'gro kun mos snang dam pa'i chos la 'dun/__/bstan 'dzin skyes bu'i sku tshe'i phrin las spel/__/sgrub pa'i rnal 'byor bdag cag 'khor dang bcas/__/srung skyobs sdong grogs bcol ba'i las kun mdzod/__/tshe rabs kun tu ris med bstan la gus/__/thos bsam sgom pa'i yon tan rgyud la 'byor/__/bshad sgrub snying po'i bstan pa 'dzin skyong spel/__/mtha' klas 'gro la phan bde sbyin nus mdzod/__!__dgyes dgu'i dpal gyis mchod pa bzhed dgu 'bul/__/sku gsung thugs kyi yon tan dpal la bstod/__/nongs pa bzod gsol rjes brtses rtag skyongs la/__/rab 'byams las dang dngos grub thogs med mdzod/__/rtsa gsum ye shes nor lha rten la bzhugs/__/'jig rten mgron rnams slar gshegs dus su spyon/__/phun tshogs dge legs grub pa'i snang ba ches/__/bkra shis dpal yon srid zhi kun khyab shog__/ces pa'ang bstan 'gro'i dpal mgon 'khrul zhig mchog sprul rin po che d+harma ma ti'i thugs dam rgyun gyi gtor bsngor gsung bskul bzhin 'jug bde'i tshul du 'gyur med theg mchog bstan pa'i rgyal mtshan gyis bris pa bstan 'gro'i dge mtshan cis kyang rgyas pa'i dpal du gyur cig__/dge legs 'phel//__//

Footnotes

Other Information