དབང་བཞི་བླང་བ།

From Khyentse Lineage - A Tsadra Foundation Project
DKR-KABUM-02-KHA-008
Wylie title dbang bzhi blang ba DKR-KABUM-02-KHA-008.pdf
Location dil mgo mkhyen brtse bka' 'bum
Volume 2, Text 8, Pages 46 (Folios 1a1 to 1a6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Dbang bzhi blang ba. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 46. Delhi: Shechen Publications, 1994.
Genre Guru Offering Texts- bla ma mchod pa  ·  Guru Yoga Texts - bla ma'i rnal 'byor
[edit]
དེ་ལྟར་སྐྱབས་གནས་ཐམས་ཅད་འདུས་པའི་དངོས། །དཔལ་ལྡན་རྡོ་རྗེ་འཆང་ཆེན་ངོ་བོ་ཉིད། །རིགས་ཀུན་ཁྱབ་བདག་རྩ་བའི་བླ་མ་ལ། །སྙིང་ནས་གུས་པས་གསོལ་བ་བཏབ་པའི་མཐུས། །བླ་མའི་དཔྲལ་བའི་ཨོཾ་ལས་འོད་དཀར་པོ། །དཔག་མེད་བྱུང་ནས་རང་གི་དཔྲལ་བར་ཐིམ། །བུམ་པའི་དབང་ཐོབ་ལུས་ཀྱི་དྲི་མ་དག །སྐུ་ཡི་བྱིན་རླབས་སྤྲུལ་སྐུའི་ས་བོན་བཞག །བླ་མའི་མགྲིན་པའི་ཨཱཿལས་འོད་དམར་པོ། །དཔག་མེད་བྱུང་ནས་རང་གི་མགྲིན་པར་ཐིམ། །གསང་བའི་དབང་ཐོབ་ངག་གི་དྲི་མ་དག །གསུང་གི་བྱིན་རླབས་ལོངས་སྐུའི་ས་བོན་བཞག །བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་སྔོན་པོ། །དཔག་མེད་བྱུང་ནས་རང་གི་སྙིང་གར་ཐིམ། །གསུམ་པའི་དབང་ཐོབ་སེམས་ཀྱི་དྲི་མ་དག །ཐུགས་ཀྱི་བྱིན་རླབས་ཆོས་སྐུའི་ས་བོན་བཞག །བླ་མའི་ཡི་གེ་གསུམ་ལས་འོད་སྣ་ཚོགས། །དཔག་མེད་བྱུང་ནས་རང་གི་གནས་གསུམ་ཐིམ །བཞི་པའི་དབང་ཐོབ་སྒྲིབ་པའི་དྲི་མ་དག །ཀུན་གྱི་བྱིན་རླབས་ངོ་བོར་ཉིད་སྐུར་གྱུར།།
[edit]

de ltar skyabs gnas thams cad 'dus pa'i dngos/__/dpal ldan rdo rje 'chang chen ngo bo nyid/__/rigs kun khyab bdag rtsa ba'i bla ma la/__/snying nas gus pas gsol ba btab pa'i mthus/__/bla ma'i dpral ba'i oM las 'od dkar po/__/dpag med byung nas rang gi dpral bar thim/__/bum pa'i dbang thob lus kyi dri ma dag__/sku yi byin rlabs sprul sku'i sa bon bzhag__/bla ma'i mgrin pa'i AHlas 'od dmar po/__/dpag med byung nas rang gi mgrin par thim/__/gsang ba'i dbang thob ngag gi dri ma dag__/gsung gi byin rlabs longs sku'i sa bon bzhag__/bla ma'i thugs ka'i hU~M las 'od sngon po/__/dpag med byung nas rang gi snying gar thim/__/gsum pa'i dbang thob sems kyi dri ma dag__/thugs kyi byin rlabs chos sku'i sa bon bzhag__/bla ma'i yi ge gsum las 'od sna tshogs/__/dpag med byung nas rang gi gnas gsum thim__/bzhi pa'i dbang thob sgrib pa'i dri ma dag__/kun gyi byin rlabs ngo bor nyid skur gyur//

Footnotes

Other Information