ལྕེ་བཙུན་ཆེན་པོ་བི་མ་ལའི་ཟབ་ཏིག་གི་ཉེ་བརྒྱུད་སྐོང་བ་དད་པའི་གདུང་དབྱངས།

From Khyentse Lineage - A Tsadra Foundation Project
Revision as of 14:47, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

JKW-KABAB-17-TSA-015
Wylie title lce btsun chen po bi ma la'i zab tig gi nye brgyud skong ba dad pa'i gdung dbyangs JKW-KABAB-17-TSA-015.pdf
Location mkhyen brtse'i bka' babs
Volume 17, Text 15, Pages 135-139 (Folios 1a1 to 3a2)
Author ཨ་འཛོམས་འབྲུག་པ་འགྲོ་འདུལ་དཔའ་བོ་རྡོ་རྗེ་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Citation A 'dzoms 'brug pa 'gro 'dul dpa' bo rdo rje. lce btsun chen po bi ma la'i zab tig gi nye brgyud skong ba dad pa'i gdung dbyangs. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 17: 135-139. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Mending Rituals - bskang chog
Cycle ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་ (lce btsun chen po'i bi ma la'i zab tig)
Karchag page JKW-KABAB-Volume-17-TSA-Karchag
Colophon

ཞེས་གཏེར་ཆེན་རྡོ་རྗེ་འཆང་གི་ཞལ་སྔ་ནས། ཉེར་མཁོའི་ཆེད་དུ་འདི་ལྟར་གྱིས་ཤིགས་ཞེས་པའི་བཀའ་སྩལ་སྤྱི་བོར་མཆོད་དེ། བག་མེད་ལྷོད་པོ་སྣ་ཚོགས་རང་གྲོལ་བས་དབེན་རི་དུང་དཀར་སྒང་གི་རི་ངོགས་སུ་བྲིས་པ་དགེའོ། །དགེའོ། དགེའོ།།

zhes gter chen rdo rje 'chang gi zhal snga nas/__nyer mkho'i ched du 'di ltar gyis shigs zhes pa'i bka' stsal spyi bor mchod de/__bag med lhod po sna tshogs rang grol bas dben ri dung dkar sgang gi ri ngogs su bris pa dge'o/__/dge'o/__dge'o//

[edit]
༄༅། །ལྕེ་བཙུན་ཆེན་པོ་བི་མ་ལའི་ཟབ་ཏིག་གི་ཉེ་བརྒྱུད་སྐོང་བ་དད་པའི་གདུང་དབྱངས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བིདྱཱ་དྷ་ར་ཡེ། འདིར་རིག་འཛིན་བརྒྱུད་བསྐང་བྱ་བར་འདོད་པ་དག་གིས། ཚོགས་རྫས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་ལན་གསུམ་སྤེལ་ལ། དབྱངས་སྙན་པོས། ཧཱུྃ་ཧྲཱིཿ ཀུན་བཟང་གདོད་ནས་རྣམ་དག་སྤྲོས་དང་བྲལ། །ཀུན་ལ་ཡེ་ནས་རྟག་ཁྱབ་ཚུལ་གྱིས་བརྡལ། །ཀུན་བྱེད་སྒྱུ་འཕྲུལ་དྲྭ་བའི་སྤྱི་དཔལ་ཆེ། །ཀུན་བཟང་རྡོ་རྗེ་སེམས་པའི་ཐུགས་དམ་བསྐང༌། །དགའ་ཆེན་མི་འགྱུར་ཡེ་ཤེས་ལྔ་ཡི་བདག །དགའ་མཆོག་ཁ་སྦྱོར་བདུན་ལ་དགྱེས་རོལ་ཞིང༌། །དགའ་བའི་མཚན་དཔེར་ངེས་གསང་སྟོན་པའི་ཚུལ། །དགའ་རབ་རྡོ་རྗེ་རྩལ་གྱི་ཐུགས་དམ་བསྐང༌། །མཚན་ཉིད་ཆོས་ཀྱི་སྒྲཽ་འདོགས་ཡོངས་བཅད་དེ། །མཚན་མའི་རྟོག་པ་གདོད་མའི་དབྱིངས་སུ་དེངས། །མཚན་ཙམ་ཐོས་པས་ཐེ་ཚོམ་དྲྭ་བ་གཅོད། །མཚན་ལྡན་འཇམ་དཔལ་བཤེས་གཉེན་ཐུགས་དམ་བསྐང༌། །རིག་པའི་གནས་ལ་སྦྱངས་པ་ཕ་མཐར་སོན། །རིག་འཛིན་གསང་ལམ་འོད་གསལ་རྫོགས་ཆེན་དོན། །རིག་པས་ཕྲལ་ཏེ་ལམ་བཟང་སྲོལ་འབྱེད་པ། །རིག་འཛིན་ཤྲཱི་སེང་ཧའི་ཐུགས་དམ་བསྐང༌། །རང་འཁྲུལ་རྟོག་ཚོགས་འོད་གསལ་དབྱིངས་སུ་དག །རང་སྣང་མཚན་འཛིན་སྐུ་དང་ཐིག་ལེར་སྨིན། །རང་བཞིན་ཆོས་ཀུན་སྐུ་གསུམ་འབྲས་བུར་རྫོགས། །རང་གྲོལ་དྲི་མེད་བཤེས་གཉེན་ཐུགས་དམ་བསྐང༌། །གསང་ཆེན་ཐེག་རྩེ་འོད་གསལ་སྙིང་པོའི་དོན། །གསང་ཚུལ་བགྲང་བྱ་བདུན་དུ་ཉམས་བཞེས་ཚེ། །གསང་ལམ་སྣང་བཞི་མཐར་ཕྱིན་འཇའ་སྐུར་གྲུབ། །གསང་བདག་སིཾ་ཧེ་ཤྭ་རའི་ཐུགས་དམ་བསྐང༌། །འོད་གསལ་བདེ་བ་ཆེན་པོའི་སྒྱུ་འཕྲུལ་གར། །འོད་གསལ་དབྱིངས་ལས་དགོངས་པའི་རྩལ་ཆེན་རྫོགས། །འོད་གསལ་སྙིང་པོ་གསལ་བྱེད་འཁོར་ལོས་སྒྱུར། །འོད་གསལ་སྤྲུལ་པའི་རྡོ་རྗེའི་ཐུགས་དམ་བསྐང༌། །བཀའ་བཞིན་བསྒྲུབ་པས་ཕན་བདེ་ལག་རྩེར་སྦྱིན། །བཀའ་གསང་གཉན་པོའི་སྨིན་གྲོལ་བདུད་རྩི་ཡིས། །བཀའ་བབས་སྐལ་ལྡན་འགྲོ་བ་རྗེས་སུ་འཛིན། །བཀའ་དྲིན་འཁོར་མེད་བླ་མའི་ཐུགས་དམ་བསྐང༌། །མདོར་ན་དུས་གསུམ་གཤེགས་བཞུགས་འབྱོན་གྱུར་པའི། །སངས་རྒྱས་བྱང་སེམས་རྩ་གསུམ་དམ་ཅན་དང༌། །འཁོར་འདས་མཉམ་ཉིད་མགྲོན་རིགས་ཐམས་ཅད་ཀྱི། །ཐུགས་དམ་བསྐང་བའི་དམ་རྫས་མཆོད་པ་ནི། །མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་རོལ་པའི་ལྷ་མོ་བཅས། །འདོད་ཡོན་ཕྱི་ཡི་མཆོད་པས་ཐུགས་དམ་བསྐང༌། །རང་བྱུང་ནང་གི་མཆོད་པས་ཐུགས་དམ་བསྐང༌། །སྦྱོར་སྒྲོལ་གསང་བའི་མཆོད་པས་ཐུགས་དམ་བསྐང༌། །བདེ་ཆེན་ཕྱག་རྒྱའི་མཆོད་པས་ཐུགས་དམ་བསྐང༌། །ཟུང་འཇུག་བླ་མེད་མཆོད་པས་ཐུགས་དམ་བསྐང༌། །བསྐང་དུ་མེད་དེ་ཡེ་གྲོལ་ཆེན་པོར་བསྐང༌། །སྦྱོར་དུ་མེད་དེ་ཟུང་འཇུག་ཆེན་པོར་སྦྱོར། །བསྒྲལ་དུ་མེད་དེ་མཉམ་ཉིད་དབྱིངས་སུ་སྒྲོལ། །ཡེ་བསྐང་ཡེ་སྦྱོར་ཡེ་སྒྲོལ་ཆེན་པོར་བསྐང༌། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཨཿ དེ་ལྟར་འཁོར་གསུམ་མཚན་མའི་རྟོག་ཚོགས་ཀུན། །རང་བྱུང་རང་སྣང་རང་ཤར་རང་གྲོལ་དུ། །འོད་གསལ་འདུས་མ་ཡེ་བྱས་བརྗོད་བྲལ་དབྱིངས། །འུབ་ཆུབ་བློ་འདས་ཆེན་པོར་ཨེ་མ་ཧོ། །ཚིག་སྙན་འཇའ་རིས་བཀྲ་མིན་ཀྱང༌། །དོན་བཟང་རིག་འཛིན་བརྒྱུད་པ་ལ། །དད་པའི་ཤུགས་ཀྱིས་ཉེར་དྲངས་པས། །འདི་ལ་ནོངས་པ་མེད་དོ་སྙམ། །ལྷག་བསམ་འོད་དཀར་བདུད་རྩིའི་ཟིལ་དྭངར་ཀྱྀས། །ཡིད་ཅན་ལྟུང་བའི་དྲི་ཚོགས་ཡོངས་སྦྱངས་ཏེ། །འགྲོ་རྒྱུད་འདའ་དཀའི་སྨན་མཆོག་བཟང་པོས་གཏམས། །དུཿཁའི་གཅོང་ནད་དྲུང་ནས་འབྱིན་གྱུར་ཅིག །ཅེས་དད་མོས་ཀྱི་སྒོ་ནས་ཉེ་བརྒྱུད་ཀྱི་དོན་བསྐང་འདི་ཉིད་རིག་འཛིན་སྣ་ཚོགས་རང་གྲོལ་དུ་འབོད་པའི་གདོལ་སྤྱོད་པ་དེས་ཤར་མར་བྲིས་པས་དུས་གསུམ་རིག་འཛིན་རྒྱ་མཚོས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག ༈ །།གསང་བ་དོན་ཕྲིན་གྱི་སྐོང་བཤགས་མཁའ་འགྲོའི་ཐོལ་གླུ་བཞུགས་སོ། །ན་མོ་གུ་རུ་ཡེ། ངེས་དོན་འོད་གསལ་བི་མའི་ཟབ་ཏིག་སྲོལ། །སླར་ཡང་གསལ་བྱེད་སྤྲུལ་པའི་རོལ་གར་ཅན། །བརྒྱུད་ལྡན་རྡོ་རྗེ་རིག་འཛིན་མཁའ་འགྲོ་མར། །འདུད་དོ་གྲུབ་གཉིས་ཤིས་པ་སྩོལ་མཛོད་ཀྱེ། །འདིར་གསང་བ་དོན་ཕྲིན་གྱི་བསྐང་བཤགས་སྤྲོ་ན། མཆོད་རྫས་ནམ་མཁའ་མཛོད་ཀྱྀ་སྔགས་རྒྱས་སྤེལ་ཏེ། ཨཿ ཆོས་ཉིད་དྲི་མེད་ཀ་དག་དབྱིངས། །དགོངས་ཀློང་འདུ་འབྲལ་མེད་པའི་ངང༌། །སྙིང་པོའི་དཀྱིལ་འཁོར་བླ་ན་མེད། །དགོངས་བརྒྱུད་བླ་མའི་ཐུགས་དམ་བསྐང༌། །ངེས་གསང་ཟབ་ཏིག་བདུད་རྩིའི་ཐིག །བཀྲལ་སྡུད་སྣང་མཛད་གདམས་པའི་མཛོད། །རྟོགས་གྲོལ་དུས་མཉམ་རིག་པ་འཛིན། །བརྡ་བརྒྱུད་བླ་མའི་ཐུགས་དམ་བསྐང༌། །རིག་འཛིན་གསང་ལམ་རྨད་པོ་ཆེ། །མཁའ་འགྲོའི་ཞལ་རླངས་ཐོལ་ལེ་བ། །ཕུལ་བྱུང་གདམས་པའི་བཅུད་མངའ་བའི། །སྙན་བརྒྱུད་བླ་མའི་ཐུགས་དམ་བསྐང༌། །མདོ་སྔགས་རྒྱུད་སྡེའི་མཛོད་མངའ་ཞིང༌། །འོད་གསལ་སྙིང་པོའི་ཤིང་རྟ་ཆེ། །འཁོར་ལོའི་དབང་ཕྱུག་རྡོ་རྗེ་འཛིན། །དཔལ་མགོན་བླ་མའི་ཐུགས་དམ་བསྐང༌། །རྒྱུད་བཞི་སྡེ་གསུམ་ཐེག་པ་ཡི། །དངོས་གྲུབ་རྒྱ་མཚོའི་དཔལ་མངའ་བ། །སྒྱུ་འཕྲུལ་དྲྭ་བའི་རོལ་གར་ཅན། །ཡི་དམ་ལྷ་ཚོགས་ཐུགས་དམ་བསྐང༌། །ཕྱི་ནང་གསང་བའི་གནས་ཡུལ་བདག །བསྒྲུབ་པའི་དྲོད་ཉུལ་ལེགས་ཉེས་མཁན། །བར་ཆད་སེལ་བའི་གཡར་དམ་ཅན། །མ་ཚོགས་མཁའ་འགྲོའི་ཐུགས་དམ་བསྐང༌། །ཆོས་བཞིན་བསྒྲུབ་པའི་རྣལ་འབྱོར་ལ། །མོས་པ་རྣམ་བཞིའི་ཕྲིན་ལས་ཅན། །སྙིང་པོའི་དྲོད་འཛིན་ཐ་ཚིག་གཉན། །དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང༌། །ཨ༔ ཡེ་བསྐང་ཡེ་སྦྱོར་ཡེ་སྒྲོལ་བདེ་ཆེན་ངང༌། །ཕྱི་ནང་གསང་བ་ཡང་གསང་བླ་མེད་ཀྱྀ། །རབ་འབྱམས་ཟག་མེད་མཆོད་སྤྲིན་རྒྱ་མཚོས་བསྐང༌། །ལས་བཞི་ལྷུན་གྲུབ་དོན་གཉིས་དངོས་གྲུབ་སྩོལ། །གཟུང་འཛིན་སྒྲིབ་ཚོགས་ཀ་དག་དབྱིངས་སུ་བཤགས། །དམིགས་མེད་དོན་གྱི་ཚངས་པ་བསྩལ་དུ་གསོལ། །ཡི་གེ་བརྒྱ་པ་བརྗོད། ཞེས་གཏེར་ཆེན་རྡོ་རྗེ་འཆང་གི་ཞལ་སྔ་ནས། ཉེར་མཁོའི་ཆེད་དུ་འདི་ལྟར་གྱིས་ཤིགས་ཞེས་པའི་བཀའ་སྩལ་སྤྱི་བོར་མཆོད་དེ། བག་མེད་ལྷོད་པོ་སྣ་ཚོགས་རང་གྲོལ་བས་དབེན་རི་དུང་དཀར་སྒང་གི་རི་ངོགས་སུ་བྲིས་པ་དགེའོ། །དགེའོ། དགེའོ།། །།
[edit]

@#/__/lce btsun chen po bi ma la'i zab tig gi nye brgyud skong ba dad pa'i gdung dbyangs zhes bya ba bzhugs so/__/na mo gu ru bid+yA d+ha ra ye/__'dir rig 'dzin brgyud bskang bya bar 'dod pa dag gis/__tshogs rdzas nam mkha' mdzod kyi sngags rgyas lan gsum spel la/__dbyangs snyan pos/__hU~M hrIH__kun bzang gdod nas rnam dag spros dang bral/__/kun la ye nas rtag khyab tshul gyis brdal/__/kun byed sgyu 'phrul drwa ba'i spyi dpal che/__/kun bzang rdo rje sems pa'i thugs dam bskang*/__/dga' chen mi 'gyur ye shes lnga yi bdag__/dga' mchog kha sbyor bdun la dgyes rol zhing*/__/dga' ba'i mtshan dper nges gsang ston pa'i tshul/__/dga' rab rdo rje rtsal gyi thugs dam bskang*/__/mtshan nyid chos kyi sgrau 'dogs yongs bcad de/__/mtshan ma'i rtog pa gdod ma'i dbyings su dengs/__/mtshan tsam thos pas the tshom drwa ba gcod/__/mtshan ldan 'jam dpal bshes gnyen thugs dam bskang*/__/rig pa'i gnas la sbyangs pa pha mthar son/__/rig 'dzin gsang lam 'od gsal rdzogs chen don/__/rig pas phral te lam bzang srol 'byed pa/__/rig 'dzin shrI seng ha'i thugs dam bskang*/__/rang 'khrul rtog tshogs 'od gsal dbyings su dag__/rang snang mtshan 'dzin sku dang thig ler smin/__/rang bzhin chos kun sku gsum 'bras bur rdzogs/__/rang grol dri med bshes gnyen thugs dam bskang*/__/gsang chen theg rtse 'od gsal snying po'i don/__/gsang tshul bgrang bya bdun du nyams bzhes tshe/__/gsang lam snang bzhi mthar phyin 'ja' skur grub/__/gsang bdag siM he shwa ra'i thugs dam bskang*/__/'od gsal bde ba chen po'i sgyu 'phrul gar/__/'od gsal dbyings las dgongs pa'i rtsal chen rdzogs/__/'od gsal snying po gsal byed 'khor los sgyur/__/'od gsal sprul pa'i rdo rje'i thugs dam bskang*/__/bka' bzhin bsgrub pas phan bde lag rtser sbyin/__/bka' gsang gnyan po'i smin grol bdud rtsi yis/__/bka' babs skal ldan 'gro ba rjes su 'dzin/__/bka' drin 'khor med bla ma'i thugs dam bskang*/__/mdor na dus gsum gshegs bzhugs 'byon gyur pa'i/__/sangs rgyas byang sems rtsa gsum dam can dang*/__/'khor 'das mnyam nyid mgron rigs thams cad kyi/__/thugs dam bskang ba'i dam rdzas mchod pa ni/__/mchod yon me tog bdug spos mar me dri/__/zhal zas rol mo rol pa'i lha mo bcas/__/'dod yon phyi yi mchod pas thugs dam bskang*/__/rang byung nang gi mchod pas thugs dam bskang*/__/sbyor sgrol gsang ba'i mchod pas thugs dam bskang*/__/bde chen phyag rgya'i mchod pas thugs dam bskang*/__/zung 'jug bla med mchod pas thugs dam bskang*/__/bskang du med de ye grol chen por bskang*/__/sbyor du med de zung 'jug chen por sbyor/__/bsgral du med de mnyam nyid dbyings su sgrol/__/ye bskang ye sbyor ye sgrol chen por bskang*/__/mchog dang thun mong dngos grub stsal du gsol/__/aH__de ltar 'khor gsum mtshan ma'i rtog tshogs kun/__/rang byung rang snang rang shar rang grol du/__/'od gsal 'dus ma ye byas brjod bral dbyings/___/'ub chub blo 'das chen por e ma ho/__/tshig snyan 'ja' ris bkra min kyang*/__/don bzang rig 'dzin brgyud pa la/__/dad pa'i shugs kyis nyer drangs pas/__/'di la nongs pa med do snyam/__/lhag bsam 'od dkar bdud rtsi'i zil dwangar ky-is/__/yid can ltung ba'i dri tshogs yongs sbyangs te/__/'gro rgyud 'da' dka'i sman mchog bzang pos gtams/__/duHkha'i gcong nad drung nas 'byin gyur cig__/ces dad mos kyi sgo nas nye brgyud kyi don bskang 'di nyid rig 'dzin sna tshogs rang grol du 'bod pa'i gdol spyod pa des shar mar bris pas dus gsum rig 'dzin rgya mtshos rjes su 'dzin pa'i rgyur gyur cig__!__//gsang ba don phrin gyi skong bshags mkha' 'gro'i thol glu bzhugs so/__/na mo gu ru ye/__nges don 'od gsal bi ma'i zab tig srol/__/slar yang gsal byed sprul pa'i rol gar can/__/brgyud ldan rdo rje rig 'dzin mkha' 'gro mar/__/'dud do grub gnyis shis pa stsol mdzod kye/__/'dir gsang ba don phrin gyi bskang bshags spro na/__mchod rdzas nam mkha' mdzod ky-i sngags rgyas spel te/__aH__chos nyid dri med ka dag dbyings/__/dgongs klong 'du 'bral med pa'i ngang*/__/snying po'i dkyil 'khor bla na med/__/dgongs brgyud bla ma'i thugs dam bskang*/__/nges gsang zab tig bdud rtsi'i thig__/bkral sdud snang mdzad gdams pa'i mdzod/__/rtogs grol dus mnyam rig pa 'dzin/__/brda brgyud bla ma'i thugs dam bskang*/__/rig 'dzin gsang lam rmad po che/__/mkha' 'gro'i zhal rlangs thol le ba/__/phul byung gdams pa'i bcud mnga' ba'i/__/snyan brgyud bla ma'i thugs dam bskang*/__/mdo sngags rgyud sde'i mdzod mnga' zhing*/__/'od gsal snying po'i shing rta che/__/'khor lo'i dbang phyug rdo rje 'dzin/__/dpal mgon bla ma'i thugs dam bskang*/__/rgyud bzhi sde gsum theg pa yi/__/dngos grub rgya mtsho'i dpal mnga' ba/__/sgyu 'phrul drwa ba'i rol gar can/__/yi dam lha tshogs thugs dam bskang*/__/phyi nang gsang ba'i gnas yul bdag__/bsgrub pa'i drod nyul legs nyes mkhan/__/bar chad sel ba'i g.yar dam can/__/ma tshogs mkha' 'gro'i thugs dam bskang*/__/chos bzhin bsgrub pa'i rnal 'byor la/__/mos pa rnam bzhi'i phrin las can/__/snying po'i drod 'dzin tha tshig gnyan/__/dam can rgya mtsho'i thugs dam bskang*/__/a:__ye bskang ye sbyor ye sgrol bde chen ngang*/__/phyi nang gsang ba yang gsang bla med ky-i/__/rab 'byams zag med mchod sprin rgya mtshos bskang*/__/las bzhi lhun grub don gnyis dngos grub stsol/__/gzung 'dzin sgrib tshogs ka dag dbyings su bshags/__/dmigs med don gyi tshangs pa bstsal du gsol/__/yi ge brgya pa brjod/__zhes gter chen rdo rje 'chang gi zhal snga nas/__nyer mkho'i ched du 'di ltar gyis shigs zhes pa'i bka' stsal spyi bor mchod de/__bag med lhod po sna tshogs rang grol bas dben ri dung dkar sgang gi ri ngogs su bris pa dge'o/__/dge'o/__dge'o//__//___________

Footnotes

Other Information