མཁའ་འགྲོ་སྡེ་ལྔའི་མཆོད་བསྟོད་ཟུར་བཀོལ་བླ་མའི་ཐུགས་སྒྲུབ་གསང་བ་འདུས་པའི་ལས་བྱང་གི་ལྷན་ཐབས་སུ་སྦྱར་བ།

From Khyentse Lineage - A Tsadra Foundation Project
Revision as of 15:45, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

JKW-KABAB-12-NA-002
Wylie title mkha' 'gro sde lnga'i mchod bstod zur bkol bla ma'i thugs sgrub gsang ba 'dus pa'i las byang gi lhan thabs su sbyar ba JKW-KABAB-12-NA-002.pdf
Location mkhyen brtse'i bka' babs
Volume 12, Text 2, Pages 41-42 (Folios 1a1 to 1b6)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Tertön རྡོ་རྗེ་གླིང་པ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (rdo rje gling pa, 'jam dbyangs mkhyen brtse'i dbang po)
Citation 'jam dbyangs mkhyen brtse'i dbang po. mkha' 'gro sde lnga'i mchod bstod zur bkol bla ma'i thugs sgrub gsang ba 'dus pa'i las byang gi lhan thabs su sbyar ba. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 12: 41-42. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Offerings and Praises - mchod bstod
Cycle བླ་མ་བཀའ་བརྒྱད་འདུས་པ་རིན་ཆེན་གཏེར་སྤུངས་ (bla ma bka' brgyad 'dus pa rin chen gter spungs)
Karchag page JKW-KABAB-Volume-12-NA-Karchag
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-JA-015
[edit]
༄༅༔ མཁའ་འགྲོ་སྡེ་ལྔའི་མཆོད་བསྟོད་ཟུར་བཀོལ་འདུས་པ་བླ་མའི་ཐུགས་སྒྲུབ་གསང་བ་འདུས་པའི་ལས་བྱང་གི་ལྷན་ཐབས་སུ་སྦྱར་བ་བཞུགས་སོ༔ ཧཱུྃ་ཧྲཱིཿ སྐྱེ་མེད་ཆོས་དབྱིངས་ཕོ་བྲང་ནས༔ སྟོང་ཉིད་ཡེ་ཤེས་མཁའ་འགྲོ་མ༔ དབྱིངས་དང་ཡེ་ཤེས་གཉིས་མེད་པར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ལུས་གནས་རྩ་ཡི་གཞལ་ཡས་ནས༔ སེམས་ཉིད་ཡེ་ཤེས་མཁའ་འགྲོ་མ༔ བདེ་སྟོང་གཉིས་སུ་དབྱེར་མེད་པར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ རང་བྱུང་དུར་ཁྲོད་གནས་བརྒྱད་ནས༔ རིགས་ལྔའི་མཁའ་འགྲོ་སྡེ་བརྒྱད་སོགས༔ དངོས་གྲུབ་སྟེར་ཅིང་བར་ཆད་སེལ༔ ཕྲིན་ལས་སྒྲུབ་ཕྱིར་གཤེགས་སུ་གསོལ༔ ཅེས་པས་སྤྱན་དྲངས༔ མཆོད་པ་ནི༔ ཧྲཱྀ༔ ཡེ་ཤེས་མཁའ་འགྲོ་བགྱི་བ་དེ༔ ཆོས་ཀྱི་ཆོས་ཉིད་མ་ལགས་སམ༔ འཁོར་འདས་ཐམས་ཅད་མཆོད་པར་འབུལ༔ རྡོ་རྗེ་མཁའ་འགྲོ་བགྱི་བ་དེ༔ སེམས་ཀྱི་སེམས་ཉིད་མ་ལགས་སམ༔ སྣང་སྲིད་ཐམས་ཅད་མཆོད་པར་འབུལ༔ རིན་ཆེན་མཁའ་འགྲོ་བགྱི་བ་དེ༔ སྣ་ཚོགས་སྤྲུལ་སྐུ་མ་ལགས་སམ༔ མཉམ་ཉིད་སྤྲོས་བྲལ་མཆོད་པར་འབུལ༔ པདྨ་མཁའ་འགྲོ་བགྱི་བ་དེ༔ ཆགས་མེད་སྐྱོན་བྲལ་མ་ལགས་སམ༔ གཟུང་འཛིན་བྲལ་བའི་མཆོད་པ་འབུལ༔ ལས་ཀྱི་མཁའ་འགྲོ་བགྱི་བ་དེ༔ ལས་ཀྱི་ཕྱག་རྒྱ་མ་ལགས་སམ༔ ཕུང་པོ་ལྔ་ཡི་མཆོད་པ་འབུལ༔ ཤ་ཟ་མཁའ་འགྲོ་བགྱི་བ་དེ༔ གཏོར་ལེན་ཕོ་མོ་ལགས་སམ༔ ཤ་ཁྲག་དམར་གྱི་མཆོད་པ་འབུལ༔ དམ་རྫས་གཏོར་མ་འདི་དག་ཀུན༔ གཉིས་མེད་མཉམ་པའི་ངང་དུ་འབུལ༔ བླང་དོར་མེད་པའི་ཚུལ་གྱིས་བཞེས༔ ཐིམ་པའི་ཚུལ་དུ་དགྱེས་པར་རོལ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ ཆོས་སྐྱོང་སྲུང་མ་འཁོར་བཅས་རྣམས༔ དམ་རྫས་རྒྱན་གྱི་གཏོར་མ་བཞེས༔ བཞེས་ཤིག་རོལ་ཅིག་ཁ་རྃ་ཁཱ་ཧི༔ གཏོར་མ་ཁྱེད་ལ་ཕར་ཕུལ་བས༔ དངོས་གྲུབ་བདག་ལ་ཚུར་སྩོལ་ཅིག༔ ཚེ་སྲིངས་ནོར་སྤེལ་བདེ་ལེགས་སྒྲུབས༔ འཁོར་སྲུངས་རྐྱེན་ཟློག་བར་ཆོད་སོལ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ མ་ཧཱ་མཱཾ་ས་ལ་ཁཱ་ཧཱི༔ མ་ཧཱ་རཀྟ་ལ་ཁཱ་ཧཱིཿ མ་ཧཱ་པཉྩ་ལ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ལ་ཁ་ཧི༔ ཅེས་སོགས་འབྱོར་ཚོགས་ཅི་ཆེར་འབུལ༔ བསྟོད་པ་ནི༔ ཧཱུྃ་ཧྲཱི༔ མཐའ་བྲལ་སྟོང་ཉིད་ནམ་མཁའི་ཀློང་༔ མ་འགགས་རང་གསལ་ལོངས་སྤྱོད་རྫོགས༔ སྤྲུལ་པའི་དཔའ་བོ་འབུམ་ཕྲག་འགྱེད༔ རྟ་མཆོག་དབང་གི་སྐུ་ལ་བསྟོད༔ སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ༔ ཆོས་དབྱིངས་ཡེ་ཤེས་མཁའ་འགྲོ་མ༔ བདེ་སྟོང་རྟོགས་པའི་ཡེ་ཤེས་སྤོར༔ ཕག་མོ་ཡུམ་ལ་ཕྱག་འཚལ་བསྟོད༔ ཆོས་སྐུ་ཡེ་ནས་རྣམ་པར་དག༔ སྟོང་གསལ་འཛིན་མེད་ལོངས་སྤྱོད་རྫོགས༔ སྤྲུལ་སྐུའི་རང་བཞིན་ཅིར་ཡང་སྣང་༔ མཁའ་འགྲོ་རྒྱ་མཚོའི་ཚོགས་ལ་བསྟོད༔

Footnotes

Other Information