ཀུན་བཟང་ཐུགས་གཏེར་ལས་བླ་སྒྲུབ་བྱིན་རླབས་སྒྲོན་མེའི་ལས་བྱང་ཡིད་བཞིན་ནོར་བུ་བཀླག་ཆོག་ཏུ་བཀོད་པ་ཟབ་ལམ་སྒོ་འབྱེད།

From Khyentse Lineage - A Tsadra Foundation Project
Revision as of 14:44, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title kun bzang thugs gter las bla sgrub byin rlabs sgron me'i las byang yid bzhin nor bu bklag chog tu bkod pa zab lam sgo 'byed JKW-KABAB-11-DA-003.pdf
Location mkhyen brtse'i bka' babs
Volume 11, Text 3, Pages 47-84 (Folios 1a to 18b5)
Author ཕུན་ཚོགས་རྣམ་རྒྱལ་
Less details More details
Tertön བྱང་ཆུབ་གླིང་པ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (byang chub gling pa, 'jam dbyangs mkhyen brtse'i dbang po)
Citation Phun tshogs rnam rgyal. kun bzang thugs gter las bla sgrub byin rlabs sgron me'i las byang yid bzhin nor bu bklag chog tu bkod pa zab lam sgo 'byed. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 11: 47-84. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Activity Manual - las byang
Cycle བླ་སྒྲུབ་བྱིན་རླབས་སྒྲོན་མེ་ (bla sgrub byin rlabs sgron me)
Parent Cycle ཀུན་བཟང་ཐུགས་གཏེར་ (kun bzang thugs gter)
Karchag page JKW-KABAB-Volume-11-DA-Karchag
Colophon

ཅེས་པའང་༢༠༠༨ ལོར་བཀའ་བབས་སྐོར་བསྐྱར་བསྒྲིག་སྐབས། ༧འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་ཐུབ་བསྟན་ཆོས་རྒྱ་མཚོའི་ཞལ་སྔ་ནས་ཟབ་ཆོས་འདི་དག་ལ་ལོངས་སུ་སྤྱོད་པའི་སྐལ་བཟང་ཐོབ་པ་ཕུན་ཚོགས་རྣམ་རྒྱལ་པས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་རང་གནས་ཀྱི་ཁང་བུར༌། གཏེར་གཞུང་ལས་བཏུས་ཏེ་བཀླག་ཆོག་ཏུ་བསྡེབས་པའི་དགེ་བས་འགྲོ་ཀུན་པདྨ་འོད་དུ་བགྲོད་པའི་རྒྱུར་གྱུར་ཅིག།

ces pa'ang 2008_lor bka' babs skor bskyar bsgrig skabs/__'jam dbyangs mkhyen brtse rin po che thub bstan chos rgya mtsho'i zhal snga nas zab chos 'di dag la longs su spyod pa'i skal bzang thob pa phun tshogs rnam rgyal pas rdzong gsar bkra shis lha rtse'i rang gnas kyi khang bur/__gter gzhung las btus te bklag chog tu bsdebs pa'i dge bas 'gro kun pad+ma 'od du bgrod pa'i rgyur gyur cig

[edit]
༄༅། །ཀུན་བཟང་ཐུགས་གཏེར་ལས། བླ་སྒྲུབ་བྱིན་རླབས་སྒྲོན་མེའི་ལས་བྱང་ཡིད་བཞིན་ནོར་བུ་བཀླག་ཆོག་ཏུ་བཀོད་པ་ཟབ་ལམ་སྒོ་འབྱེད་ཞེས་བྱ་བ་བཞུགས་སོ།

ཕྱོགས་དུས་རྒྱལ་བ་ཀུན་གྱི་སྤྱི་ཡི་གཟུགས། །སྙིགས་དུས་འགྲོ་བའི་སྐྱབས་གཅིག་ཆོས་ཀྱི་རྗེ། །རྒྱལ་བ་མཚོ་སྐྱེས་བླ་མ་ལ་བཏུད་ནས། །ལས་བྱང་ཡིད་བཞིན་ནོར་བུའི་ཕྲེང་བ་སྤེལ། །དེ་ལ་ཐོག་མར་དབང་ཐོབ་ཅིང་དམ་ཚིག་ལ་གནས་ནས་སྒྲུབ་པ་ལྷུར་ལེན་པའི་རྣལ་འབྱོར་པས། དབེན་པའི་གནས་སུ་ཇི་ལྟར་རིགས་པའི་སྟེགས་བུ་ལ་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་པའི་མདུན་དུ་བླ་མའི་གཏོར་ཆེན་རིན་པོ་ཆེ་འབར་བ་དང་སྨན་རཀ་ཚོགས་ཀྱི་འཁོར་ལོའི་ཡོ་བྱད་སྲུང་མའི་གཏོར་འབུལ་དང་ཆད་ཐོ་སྔོན་གཏོར་དཀར་བགེགས་སོགས་ཚོགས་པར་བྱ་ཤིང༌། དབང་བསྐུར་སོགས་དང་འབྲེལ་ན་དེའི་ཡོ་བྱད་དབང་ཆོག་ལྟར་བཤམ། ཁྲུས་བྱས་བདེ་བའི་སྟན་ལ་འདུག ཚིག་བདུན་དང་བརྒྱུད་འདེབས་སྔོན་དུ་འགྲོ་བས། །ཆོ་ག་དངོས་ལ་སྦྱོར་དངོས་རྗེས་གསུམ། དང་པོ་སྦྱོར་བ་ལ་བརྒྱད་ལས་ཐོག་མར་སྐྱབས་སེམས་ནི། ཐུགས་རྗེའི་དབང་གིས་འགྲོ་དོན་མཛད༔ བླ་མ་རྣམས་ལ་སྐྱབས་སུ་མཆི༔ རང་ལས་ཡེ་ཤེས་ཤར་བའི་སྐུ༔ ཡི་དམ་ལྷ་ལ་སྐྱབས་སུ་མཆི༔ ལེགས་ཉེས་སྟངས་འཛིན་བར་ཆད་སེལ༔ མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས༔ འགྲོ་དོན་སངས་རྒྱས་འཐོབ་བྱ་སྙམ༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་ཅིང་༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ༔ ལན་གསུམ། གཉིས་པ་གཞི་བགེགས་ལ་གཏོར་མ་བསྔོ་བ་ནི། རང་ཉིད་སྐད་ཅིག་གིས་ཁྲོ་རྒྱལ་རྟ་མགྲིན་དམར་པོ་སྤྱི་བཙུག་ན་རྟ་མགོ་ལྗང་གུ་རྟ་སྐད་རབ་ཏུ་འཚེར་བ། ཕྱག་ན་པདྨ་དབྱུག་ཐོ་དང་ཐོད་ཁྲག་འཛིན་པ། དུར་ཁྲོད་ཀྱི་རྒྱན་དང་ལྡན་པ་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བར་གྱུར། རྃ་ཡྃ་ཁྃ། གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ཨོཾ་ཨཱཿཧཱུྃ༔ གསུམ། བྷཱུ་མི་པ་ཏི་ས་པཱ་རི་ཝ་ར་ས་མཱ་ཛཿས་མགྲོན་སྤྱན་དྲངས། བྷཱུ་མི་པ་ཏི་ས་པཱ་རི་ཝ་ར་ཨ་ཀཱ་རོ་སོགས་ལན་གསུམ་བསྔོས་ལ། ཁམས་གསུམ་གནས་པའི་ལྷ་དང་ཀླུ༔ གནོད་སྦྱིན་དྲི་ཟ་ལྷ་མ་ཡིན༔ གང་དག་རྫུ་འཕྲུལ་ཆེར་ལྡན་རྣམས༔ རྡོ་རྗེའི་སྙན་དང་སྤྱན་མངའ་བ༔ ས་ལ་གནས་པའི་འབྱུང་པོ་ཀུན༔ བདག་མིང་འདི་ཞེས་བགྱི་བ་ཡིས༔ སངས་རྒྱས་རྣམས་ལ་མཆོད་པ་དང་༔ སེམས་ཅན་རྣམས་ལ་ཕན་དོན་དུ༔ ས་ཕྱོགས་དགེ་གནས་འདི་ཉིད་དུ༔ བླ་མའི་དཀྱིལ་འཁོར་ཆེར་འབྱུང་བ༔ ཇི་ལྟར་བསམས་པའི་ལས་བྱེད་པས༔ དགེ་བའི་གྲོགས་པོ་ཉིད་དུ་མཛོད༔ ཅེས་བརྗོད་ལ་དཀར་གཏོར་ཕྱི་རོལ་དུ་མཆོད། བགེགས་གཏོར། ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ་གྱིས་བརླབ། ཨོཾ་སརྦ་བྷཱུ་ཏ་ཨ་ཀརྵ་ཡ་ཛཿསམགྲོན་དགུག །ཨོཾ་སརྦ་བིགྷྣཱན་ན་མཿསརྦ་སོགས་གསུམ་གྱིས་བསྔོས་ལ་བཀའ་བསྒོ་བ་ནི། ཧྲཱིཿཧཱུྃ་ཕཊ༔ ཧྲཱིཿ དུས་གསུམ་བླ་མས་བྱིན་བརླབས་པའི༔ བདག་ཉིད་དབང་ཆེན་ཧེ་རུ་ཀ༔ རབ་བརྗིད་རྒྱན་ལྡན་གར་དགུས་བརྗིད༔ ཧཱུྃ་ཕཊ་སྒྲ་སྒྲོགས་མེ་དཔུང་འབར༔ གདུག་པའི་ཚོགས་འཇོམས་བཀའ་བསྒོ་བ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ དངོས་གྲུབ་བར་ཆད་བྱེད་པ་རྣམས༔ འདི་རུ་མ་འདུག་གཞན་དུ་དེངས༔ ང་ཡི་བཀའ་ལས་མ་འདའ་ཞིག༔ ཅི་སྟེ་མི་འགྲོ་འདུག་གྱུར་ན༔ རྡོ་རྗེ་མེ་དབལ་ཁྲོས་པ་ཡིས༔ ལུས་ངག་རྡུལ་བཞིན་བརླག་པར་བྱེད༔ དེ་བས་མ་གནས་མྱུར་དུ་དེངས༔ སརྦ་བིགྷྣཱན་ཨུ་ཙ་ཏ་ཡ་ཕཊ༔ སུམ་བྷ་ནིས་བསྐྲད༔ གསུམ་པ་མཚམས་གཅད་པ་ནི། ཧྲཱི༔ བདག་ཉིད་དཔལ་ཆེན་ཐུགས་ཀ་ནས༔ ཧཱུྃ་ལས་འོད་འཕྲོས་ཁྲོ་བོའི་སྐུ༔ ཕྱོགས་མཚམས་ཀུན་ཏུ་ཁེངས་པ་ཡིས༔ བར་ཆད་བགེགས་རྣམས་རྡུལ་དུ་རློག༔ རྡོ་རྗེ་མཚོན་ཆ་འབར་འཕྲོས་པས༔ ཕྱོགས་མཚམས་རྡོ་རྗེ་མཚོན་ཆས་གཏམས༔ རླུང་ཡང་འགྱུ་བའི་སྐབས་མེད་ན༔ བར་ཆད་བགེགས་ཀྱིས་ཚུགས་མི་འགྱུར༔ ཁྲོ་བོ་མཚོན་ཆའི་འོད་ཟེར་ལས༔ བསྐལ་པའི་མེ་དཔུང་རབ་འབར་བས༔ སྟེང་འོག་ཕྱོགས་མཚམས་ཀུན་ཏུ་འབར༔ བགེགས་རྣམས་རྡུལ་ཕྲན་བཞིན་དུ་བསྲེག༔ སྲུང་བའི་འཁོར་ལོ་རབ་འབར་བསམ༔ ཧྲཱིཿཧཱུྃ་བཛྲ་ཀྲོ་དྷ་བཛྲ་ཏཱིཀྵ་ཛྭ་ལ་རམ་རཀྵ་རཀྵ་ཧཱུྃ་ཕཊ༔ བསྲུང་བྱ་སྲུང་བྱེད་ངོ་བོས་སྟོང་༔ རྟོག་བྲལ་རང་གྲོལ་ཆོས་སྐུའི་མཚམས༔ བརྗོད་བྲལ་མཉམ་ཉིད་ངང་དུ་བཅད༔ རེ་དོགས་བགེགས་ཆེན་བྲལ་བར་གྱུར༔ བཞི་པ་མཆོད་པ་བྱིན་བརླབ་ནི། རྃ་ཡྃ་ཁྃ༔ སརྦ་དྷརྨ་བི་ཤུདྡྷོ྅ཧཾ༔ བྷྲཱུྃ༔ རིན་ཆེན་མཚན་ལྡན་སྣོད་མཆོག་ཡངས་པ་རུ༔ སྣ་ཚོགས་ཐབས་ལྡན་མཆོད་པའི་ཡོ་བྱད་རྣམས༔ ཤེས་རབ་ཟབ་མོའི་ཏིང་འཛིན་བསྒོམ་པ་དང་༔ དུས་གསུམ་རྒྱལ་བ་ཀུན་གྱི་བྱིན་རླབས་གྱིས༔ ཕུན་སུམ་ཚོགས་པ་མཛེས་ཤིང་རྒྱ་ཆེ་བའི༔ གཉིས་མེད་བདུད་རྩི་ཆེན་པོར་བྱིན་གྱིས་བརླབས༔ ཨོཾ་ཨཱཿབཛྲ་ཨརྒྷ༔ ཨཱ་ཧ་ར༔ པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་ཝི་དྱ༔ ཤབྡ་པཱུ་ཛ་ཧཱུྃ༔ སྨན། ཡྃ་རྃ༔ ཨོཾ་ཨཱཿཧཱུྃ༔ ཨཱཿཧཱུྃ་ཨོཾ་སྭཱ་ཨཱཾཿཧཱཿ སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧཱུྃ་ཧྲཱིཿབི་ཤུདྡྷ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱཿ དྷརྨ་པཉྩ་ཨ་མྲི་ཏ་ཧཱུྃ་ཧྲཱིཿཋཱཿ བཛྲ་ཡཀྴ་ཀྲོ་དྷ་ཛྭ་ལ་ཧ་ན་ཧ་ན་ཧཱུྃ་ཕཊ༔ གཏོར་མ། བྷྲཱུྃ༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་བ་ལིནྟ༔ ཏེ་ཛོ་བ་ལིནྟ༔ བ་ལ་བ་ཏི་གུ་ཧྱ་ས་མ་ཡེ་ཧཱུྃ་སྭཱ་ཧཱ༔ རཀྟ། ཨ་ཀ་པཱ་ལ་བྷཱནྡྷ་བྷྲཱུྃ༔ ར་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ༔ ལྔ་པ་ཚོགས་རྟེན་སྤྱན་དྲངས་པ་ནི། བྷྲཱུྃ་རཏྣ་མཎྜ་ལ༔ སཱུརྻ་ཙནྡྲ་པདྨ་མཎྜ་ལ་ཨོཾ་ཨཱཿཧཱུྃ༔ སཱུརྻ་ཙནྡྲ་ཛཿ ཨོཾ་བཛྲ་ས་མ་ཡ་ཛཿ ཧཱུྃ༔ ཨུ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་སྐུ་འཁྲུངས་པ༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་དཔའ་བོ་མཁའ་འགྲོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་རློབ་ཅིང་གཤེགས་སུ་གསོལ༔ གུ་རུ་བཛྲ་ས་མཱ་ཛ༔ དྲུག་པ་ཡན་ལག་བརྒྱད་ཀྱིས་ཚོགས་བསགས་པ་ནི། ཡང་དག་དོན་དུ་དག་མོད་ཅིང་༔ རྟོག་པའི་དྲི་མ་མི་མངའ་ཡང་༔ སྲི་ཞུ་གུས་པའི་ཚུལ་གྱིས་ནི༔ འགྲོ་བའི་དོན་དུ་སྐུ་བསིལ་ལོ༔ ཨཱ་ཧ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ༔ མྱ་ངན་མི་འདའ་ཐུགས་རྗེ་ཡིས༔ ཉོན་མོངས་མི་སྤོང་གོས་པ་མེད༔ མ་ཆགས་རང་བཞིན་དག་པས་ན༔ པདྨའི་གདན་ལ་བཞུགས་སུ་གསོལ༔ བཛྲ་པདྨ་ཀ་མ་ལཱ་ཡ་སྟྭམ༔ སྐྱེ་ཤི་གཉིས་སྤངས་རྡོ་རྗེ་ལྟ་བུའི་སྐུ༔ སྐུ་གསུང་ཐུགས་ལ་མི་འགྱུར་གཡོ་བ་མེད༔ ལུས་ངག་ཡིད་གསུམ་བྱིན་གྱིས་རློབ་མཛད་པའི༔ སློབ་དཔོན་པདྨའི་སྐུ་ལ་ཕྱག་འཚལ་ལོ༔ བཱ་ད་བནྡྷ་ནཾ་ཀ་རོ་མི༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ནས༔ འདོད་ཡོན་རྣམ་ལྔ་རིན་ཆེན་བདུན་ལ་སོགས༔ ཕྱི་ནང་གསང་བའི་མཆོད་སྤྲིན་བློས་བླངས་ནས༔ བླ་མ་སངས་རྒྱས་མཆོག་ལ་མཆོད་པར་བགྱི༔ སརྦ་པཱུ་ཛཿཧོ༔ མ་རིག་བདག་གི་ལུས་དང་ངག་སེམས་ཀྱིས༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ༔ ཕྱི་ནང་སྡོམ་དམ་ཉམས་ཆག་ཞིག་གྱུར་པ༔ གནོང་ཞིང་འགྱོད་པས་བླ་མའི་སྤྱན་སྔར་བཤགས༔ སྐུ་གསུང་ཐུགས་ཀྱི་རྣམ་ཐར་དཔག་མེད་ཀྱིས༔ འགྲོ་ཀུན་ཐར་པའི་ལམ་ལ་འགོད་མཛད་ཅིང་༔ མ་ཆགས་ཆོསཀྱི་འཁོར་ལོ་བསྐོར་བ་ལ༔ གསོལ་འདེབས་བསྐུལ་ཞིང་རྗེས་སུ་ཡི་རང་ངོ་༔ ཐོག་མེད་དུས་ནས་བསྐྱངས་པའི་མ་རྣམས་ཕྱིར༔ བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ༔ ས་ལམ་ཡོན་ཏན་མ་ལུས་མངོན་གྱུར་ནས༔ བསམ་བཞིན་མངོན་ཏུ་གྱུར་པར་མཛད་དུ་གསོལ༔ བདུན་པ་དམ་བཅའ་བ་ནི། རྒྱུད་དྲུག་རང་བྱུང་ཡེ་ནས་ལྷ༔ མ་རྟོགས་སྡུག་བསྔལ་འཁོར་བ་ཡི༔ འགྲོ་བའི་དོན་དུ་བླ་མ་ལྷ༔ འདུ་འབྲལ་མེད་པར་བསྒྲུབ་པར་བགྱི༔ བརྒྱད་པ་བྱིན་དབབ་པ་ནི་སྤོས་རོལ་དབྱངས་དང་བཅས་པས། ཧྲཱིཿ བླ་མ་སངས་རྒྱས་འདུས་པའི་སྐུ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ འཁོར་བའི་སྐྱབས་མཆོག་འགྲོ་བའི་མགོན༔ བླ་མེད་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛ༔ སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཛཿཧཱུྃ་བྃ་ཧོཿ གཉིས་པ་དངོས་གཞི་ལ་བརྒྱད་ལས་ཐོག་མར་དམ་ཚིག་པ་བསྐྱེད་པ་ནི། ཧཱུྃ༔ ཆོས་ཉིད་སྟོང་གསལ་རྣམ་དག་ནམ་མཁའི་ཀློང་༔ གདོད་ནས་མ་སྐྱེས་སྤྲོས་པའི་མཐའ་དང་བྲལ༔ དེ་ཉིད་མ་རྟོགས་སྣྲེལ་ཞི་འཁོར་བ་ལ༔ སྙིང་རྗེ་བྱམས་པའི་འོད་ཟེར་ཉི་འོད་གསལ༔ སྟོང་ཉིད་སྙིང་རྗེའི་སྙིང་པོ་ཡི་གེ་ཧཱུྃ༔ མ་འགགས་རང་གསལ་རིག་པའི་ངོ་བོར་ཤར༔ ཧཱུྃ༔ དེ་ལས་འོད་འཕྲོས་སྣོད་བཅུད་ཞེན་རྟོག་སྦྱངས༔ མ་ལུས་འོད་གྱུར་རྣམ་དག་ཧཱུྃ་ལ་ཐིམ༔ ཧཱུྃ་ལས་ཨེ་འཕྲོས་འབྱུང་བ་ནམ་མཁའི་ཀློང་༔ ཆོས་ཉིད་རྣམ་པར་དག་པའི་ངང་དུ་བསྒོམ༔ ཧཱུྃ་ལས་ཡྃ་འཕྲོས་འབྱུང་བ་རླུང་གི་དལ༔ སྐྱོད་བྱེད་ཐོགས་མེད་ཀློང་ཡངས་འཁྱིལ་པར་བསྒོམ༔ ཧཱུྃ་ལས་རྃ་འཕྲོས་འབྱུང་བ་མེ་ཆེན་འབར༔ སྨིན་བྱེད་སྟོབས་ལྡན་ཡེ་ཤེས་ངང་འབར་བསྒོམ༔ ཧཱུྃ་ལས་ཁྃ་འཕྲོས་འབྱུང་བ་ཆུ་ཡི་ཀློང་༔ སྡུད་བྱེད་རྣམ་དག་རྒྱ་མཚོ་རྦ་ཀློང་འཁྱིལ༔ ཧཱུྃ་ལས་ལྃ་འཕྲོས་རིན་ཆེན་རི་རབ་དག༔ བརྟན་བྱེད་བརྗིད་ལྡན་མི་འགྱུར་མི་གཡོ་བསྒོམ༔ དེ་སྟེང་ཡངས་པར་ཧཱུྃ་ལས་འོད་འཕྲོས་པས༔ ཡེ་ཤེས་རྡོ་རྗེ་མེ་རི་གུར་ཁང་དབུས༔ བྷྲཱུྃ་ལས་རིན་ཆེན་འབར་བའི་གཞལ་ཡས་ཁང་༔ རིན་ཆེན་ས་གཞི་པདྨ་བརྡལ་བའི་སྟེང་༔ རྩིག་པ་འདོད་ཡོན་ཕ་གུ་དྲྭ་བ་དང་༔ དྲྭ་ཕྱེད་མངའ་ཡབ་རིན་ཆེན་སྣ་ལྔར་ལྡན༔ སྒོ་བཞི་རྟ་བབས་བརྒྱད་ལྡན་ཆོས་འཁོར་བརྒྱན༔ རིན་ཆེན་ཀ་གདུང་ཐོག་ཕུབ་འོད་ལྔ་གསལ༔ རྒྱ་ཡངས་མ་ཆད་རིན་ཆེན་ཏོག་དང་ལྡན༔ ཉི་འོད་ལྟར་གསལ་འཇའ་ཚོན་འཁོར་ཡུག་ལྡན༔ ཁྱམས་དང་གྲུ་ཆད་ཕྱོགས་བཞིའི་སྒོ་རྣམས་དག༔ དཀར་སེར་དམར་ལྗང་ཁ་དོག་མ་འདྲེས་གསལ༔ དབུས་ཉིད་མཐིང་ག་བཻཌཱུར་ས་གཞིའི་སྟེང་༔ རིན་ཆེན་ཟུར་བརྒྱད་གསེར་མདོག་འོད་ཟེར་འབར༔ ལྟེ་བ་ཡངས་པར་ཙཀྲ་རྩིབས་བཞི་པ༔ རྡོ་རྗེའི་མུ་ཁྱུད་རྩིབས་བཞི་ཕྱོགས་ཀྱི་མདོག༔ ལྟེ་བར་ཆུ་སྐྱེས་རིན་ཆེན་ཁྲིར་བཅས་པ༔ སེང་གེས་བཏེགས་སྟེང་ཉི་ཟླ་འོད་གསལ་གདན༔ དེ་སྟེང་ཧཱུྃ་ཉིད་འཕྲོས་འདུས་ཡོངས་གྱུར་པས༔ ཐུགས་མཆོག་རྡོ་རྗེ་རིགས་ཀྱི་ཐོད་ཕྲེང་རྩལ༔ ཞལ་གཅིག་ཕྱག་གཉིས་གར་གྱི་ཉམས་དང་ལྡན༔ མཐིང་ནག་སྐུ་ལ་རིན་ཆེན་རུས་པས་བརྒྱན༔ ཕྱག་གཡས་རྡོ་རྗེ་གཡོན་པས་དྲིལ་བུ་འཛིན༔ ཐབས་མཆོག་རྒྱལ་པོ་ཡབ་ཀྱི་མདུན་ཉིད་དུ༔ གསང་བའི་ཡུམ་མཆོག་རྡོ་རྗེ་མཁའ་འགྲོ་མ༔ དམར་མོ་ཕྱག་གཡས་གྲི་གུག་འཕྱར༔ གཡོན་པས་ཐོད་ཁྲག་གཙོ་ལ་སྟོབ༔ ཁྲག་ཞག་ཐིག་ལེ་རུས་པའི་རྒྱན་ལྡན་པ༔ ཤེས་རབ་བདེ་ཆེན་ཡབ་ཀྱི་སྐུ་ལ་འཁྲིལ༔ བདེ་སྟོང་དབྱེར་མེད་གསལ་ལ་རྟོག་མེད་བསྒོམ༔ ཡབ་ཀྱི་གསང་བ་རྡོ་རྗེ་ཧཱུྃ་གིས་མཚན༔ ཡུམ་གྱི་གསང་བ་པདྨ་ཨཱཾ་དང་ལྡན༔ མཉམ་སྦྱོར་བདེ་སྟོང་འོད་ཀྱི་འཕྲོ་འདུ་ལས༔ དཀར་སེར་དམར་ལྗང་ཧཱུྃ་བཞི་ཕྱོགས་བཞིར་འཕྲོས༔ འཁོར་ལོ་རྩིབས་བཞིར་ཆུ་སྐྱེས་རིན་ཆེན་ཁྲི༔ གླང་ཆེན་རྟ་དང་རྨ་བྱ་མཁའ་ལྡིང་གིས༔ བཏེགས་པའི་སྟེང་དུ་ཉི་ཟླ་འོད་གསལ་གདན༔ སྟེང་དུ་ཧཱུྃ་བཞི་ཡོངས་གྱུར་པས༔ ཤར་དུ་འཁོར་ལོ་ཐོད་ཕྲེང་རྩལ༔ དཀར་པོ་འཁོར་ལོ་དྲིལ་བུ་འཛིན༔ བུདྡྷ་མཁའ་འགྲོ་ཡུམ་དང་སྦྱོར༔ ལྷོ་རུ་རིན་ཆེན་ཐོད་ཕྲེང་རྩལ༔ གསེར་མདོག་རིན་ཆེན་དྲིལ་བུ་འཛིན༔ རིན་ཆེན་མཁའ་འགྲོ་ཡུམ་དང་སྦྱོར༔ ནུབ་ཏུ་པདྨ་ཐོད་ཕྲེང་རྩལ༔ རཱ་ག་པདྨ་དྲིལ་བུ་འཛིན༔ པདྨ་མཁའ་འགྲོ་ཡུམ་དང་སྦྱོར༔ བྱང་དུ་ཀརྨ་ཐོད་ཕྲེང་རྩལ༔ ལྗང་གུ་རྒྱ་གྲམ་དྲིལ་བུ་འཛིན༔ ཀརྨ་མཁའ་འགྲོ་ཡུམ་དང་སྦྱོར༔ རྒྱན་དང་ཆ་ལུགས་གཙོ་དང་མཐུན༔ ཡེ་ཤེས་མེ་འོད་ཀློང་ན་བཞུགས༔ སྤྱན་གསུམ་ཁྲོ་འཛུམ་འགྱིང་བག་ཅན༔ འོད་དང་གཟི་བརྗིད་འབར་བ་བསྒོམ༔ རྩིབས་མཆན་བཞི་ལ་ཤུགས་འགྲོ་བཞི་་་་་་་་སྔོ་སེར་དམར་ལྗང་བཞི༔ དུར་ཁྲོད་རྒྱན་ལྡན་མཛེས་པ་བསྐྱེད༔ ཡིད་བཞིན་རིན་ཆེན་ཟུར་བརྒྱད་སྟེང་༔ སྤྲུལ་པའི་མཚན་བརྒྱད་་་་་་་་ཤར་དུ་པདྨ་རྒྱལ་པོ་དཀར། ཤར་ལྷོ་ཉི་མ་འོད་ཟེར་དམར་སེར། ལྷོར་བློ་ལྡན་དཀར་སེར། ལྷོ་ནུབ་ཏུ་ཐོད་ཕྲེང་སྔོ་སྐྱ། ནུབ་ཏུ་ཤཱཀྱ་སེངྒེ་སེར་པོ། ནུབ་བྱང་དུ་མཚོ་སྐྱེས་དམར་སྐྱ། བྱང་དུ་རྡོ་རྗེ་གྲོ་ལོད་དམར་ལྗང༌། བྱང་ཤར་དུ་སེང་གེ་སྒྲ་སྒྲོགས་མཐིང་ག །ཐམས་ཅད་ལོངས་སྐུ་གར་སྟབས། རྡོ་རྗེ་ཐོད་ཁྲག་ཁ་ཊྭཱྃ་ཅན་ནོ། འཁོར་གྱིས་བསྐོར༔ བློ་འབུར་བཞི་ལ་མཁའ་འགྲོ་ནི་་་་་ཤུགས་འགྲོ་བཞི་དང་གསང་ཡུམ་བཞི་འཁྲིལ་སྦྱོར་དུ་འདུག་གོ༔ ཉི་མ་་་་སྔོ་སྐྱ་སྤྱན་གཅིག་མནྡྷཱ་ར་་་དམར་སེར༔ མ་མོ་་་དུད་ཁ་རྡོ་རྗེ་སྨན་གཅིག་མ་་་་་ལྗང་ནག༔ རིགས་བཞིའི་ཚུལ་འཆང་རྒྱན་ལྡན་བསམ༔ གྲུ་ཆད་བཞི་ལ་གནས་པ་ནི༔ རྒྱ་མཚོའི་གླིང་གི་མཁའ་འགྲོ་མ༔ ཞི་བ་མཚོ་་་་་་་སྐུ་མདོག་མ་ངེས་པ། གར་ཐབས་གྲི་ཐོད་ཁ་ཊྭཱྃ་ཅན། དར་དང་རུས་རྒྱན་གྱིས་བརྒྱན་པའོ་་་་་་་དང་བདུད་འདུལ་མ༔ ཡེ་ཤེས་མཁའ་འགྲོ་ལ་སོགས་བསམ༔ ཐམས་ཅད་གཅེར་བུ་རུས་རྒྱན་ཅན༔ གྲི་གུག་ཐོད་པ་ཁ་ཊྭཱྃ་འཛིན༔ བར་ཁྱམས་ཕྲིན་ལས་བཞི་ཡི་ལྷ༔ གིང་ཆེན་སྡེ་བཞི་དཔའ་མོ་སྡེ་བཞི་དང་༔ བདག་སྐྱོབས་ལྷ་དང་རིག་འཛིན་དང་༔ ཆོས་སྐྱོང་སྲུང་མ་མ་ལུས་བསམ༔ སྒོ་བཞིར་ཡེ་ཤེས་སྒོ་མ་བཞི༔ རྒྱལ་ཆེན་བཞི་དང་མཉམ་པར་སྦྱོར༔ འགུགས་འདྲེན་འཆིང་སྡོམ་ལས་མཛད་བསམ༔ སྟེང་གི་ཆ་ཕྱོགས་ནམ་མཁའ་ལ༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་བསམ༔ བར་སྣང་སྒྲུབ་ཆེན་བཀའ་བརྒྱད་ལྷ༔ ཁྲོ་བོ་ཁྲོ་མོའི་ཚོགས་བཅས་བསམ༔ ཕྱི་རོལ་འོད་ཀྱི་འཁོར་ཡུག་ལ༔ སྤྲུལ་པའི་ཞིང་ཁམས་དཔག་མེད་བསམ༔ དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར༔ བརྡ་རྟགས་སྤྲུལ་པའི་འཁོར་ལོ་བསྒོམ༔ གཙོ་བོའི་སྤྱི་བོར་ཀུན་བཟང་སྐུ༔ རིགས་བདག་ཕྱག་རྒྱར་བསྒོམ་བྱ་ཞིང་༔ ཀླད་ཁང་མགྲིན་པ་སྙིང་ག་རུ༔ རྣམ་སྣང་མཐའ་ཡས་མི་བསྐྱོད་པ༔ སྐུ་གསུང་ཐུགས་ཀྱི་བདག་པོར་བསྒོམ༔ ཀུན་གྱི་ཐུགས་ཀར་ཡི་གེ་ཧཱུྃ༔ རང་རང་མདོག་ལྡན་གསལ་བར་བསམ༔ གཙོ་བོའི་མདུན་དུ་དབང་ཆེན་སྐུ༔ དམར་སྨུག་འོད་ཟེར་རབ་ཏུ་འབར༔ པདྨ་ཐོད་ཁྲག་འཛིན་བྱེད་ཅིང་༔ དུར་ཁྲོད་རྒྱན་སྤྲས་རྟ་ཞལ་ལྡན༔ སྲིད་གསུམ་དབང་དུ་སྡུད་བྱེད་བསྒོམ༔ ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས༔ ཡེ་ནས་ལྷུན་གྲུབ་དབང་བྱིན་རྫོགས༔ ཧཱུྃ་ཨོཾ་སྭཱ་ཨཱྃཿཧཱ༔ ཨོཾ་ཨཱཿཧཱུྃ༔ གཉིས་པ་ཡེ་ཤེས་པ་སྤྱན་དྲངས་པ་ནི། འོད་ཀྱིས་དབྱིངས་ནས་ཡེ་ཤེས་པ༔ སྤྱན་དྲངས་བསྟིམ་ཞིང་བརྟན་པར་བཞུགས༔ རོལ་མོའི་སྒྲ་བསྒྲག། དར་གྱིས་གཡབ། སྤོས་སྣ་ཚོགས་དང་གསུར་ཆེན་བཏང༌། གདུང་བའི་དབྱངས་དང་བཅས་པས། ཧཱུྃ༔ ཡུལ་གྱི་མིང་ནི་ཨུ་རྒྱན་ཡུལ༔ དྷ་ན་ཀོ་ཥའི་མཚོ་གླིང་དུ༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ༔ རྨོངས་པའི་མུན་པ་སེལ་མཛད་པ༔ ཉི་མ་འོད་ཟེར་གྲགས་པ་བྱོན༔ ཤེས་བྱ་ཀུན་ལ་མ་རྨོངས་པའི༔ བློ་ལྡན་མཆོག་སྲེད་གཤེགས་སུ་གསོལ༔ བདུད་དང་མུ་སྟེགས་ཚར་གཅོད་པ༔ འཕགས་པ་སེང་གེ་སྒྲ་སྒྲོགས་བྱོན༔ ལོག་འདྲེན་གདུག་པ་འདུལ་མཛད་པ༔ ཤཱཀྱ་སེང་གེ་གཤེགས་སུ་གསོལ༔ མ་ཆགས་སྐྱོན་གྱིས་མ་གོས་པའི༔ པདྨ་ཐོད་ཕྲེང་རྩལ་དུ་གྲགས༔ ཡོན་ཏན་ཐམས་ཅད་རབ་རྫོགས་པ༔ པདྨ་སཾ་བྷ་གཤེགས་སུ་གསོལ༔ འཁོར་འདས་ཀུན་ལ་དབང་སྒྱུར་བའི༔ པདྨ་རྒྱལ་པོ་ཞེས་ཀྱང་བྱ༔ བོད་ཀྱི་ཡུལ་དུ་བྱོན་པའི་ཚེ༔ གསང་མཚན་རྡོ་རྗེ་གྲོ་བོ་ལོད༔ བྱིན་གྱིས་རློབ་ཅིང་གཤེགས་སུ་གསོལ༔ བཛྲ་མ་ཧཱ་གུ་རུ་ས་མ་ཡ་ཛ༔ སྐྱེ་མེད་ཆོས་དབྱིངས་ཕོ་བྲང་ནས༔ སྟོང་ཉིད་ཡེ་ཤེས་མཁའ་འགྲོ་མ༔ ཡེ་ཤེས་མཁའ་འགྲོ་འབུམ་གྱིས་བསྐོར༔ བྱིན་གྱིས་རློབ་ཅིང་གཤེགས་སུ་གསོལ༔ ལུས་གནད་རྩ་ཡི་ཕོ་བྲང་ནས༔ སེམས་ཉིད་ཡེ་ཤེས་མཁའ་འགྲོ་མ༔ བདེ་སྟོང་ཡེ་ཤེས་དབྱེར་མེད་པའི༔ མཁའ་འགྲོ་འབུམ་དང་གཤེགས་སུ་གསོལ༔ ཤར་རྡོ་རྗེ་རིགས་ཀྱི་ཕོ་བྲང་ནས༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ༔ མཁའ་འགྲོ་འབུམ་དང་བཅས་ཏེ་གཤེགས་སུ་གསོལ༔ ལྷོ་རིན་ཆེན་རིགས་ཀྱི་ཕོ་བྲང་ནས༔ རིན་ཆེན་རིགས་ཀྱི་ཌཱ་ཀི་མ༔ ཌཱ་ཀི་འབུམ་དང་བཅས་ཏེ་གཤེགས་སུ་གསོལ༔ ནུབ་པདྨ་རིགས་ཀྱི་ཕོ་བྲང་ནས༔ པདྨ་རིགས་ཀྱི་ཌཱ་ཀི་མ༔ ཌཱ་ཀི་འབུམ་དང་བཅས་ཏེ་གཤེགས་སུ་གསོལ༔ བྱང་ལས་ཀྱི་རིགས་ཀྱི་ཕོ་བྲང་ནས༔ ལས་ཀྱི་རིགས་ཀྱི་ཌཱ་ཀི་མ༔ ཌཱ་ཀི་འབུམ་དང་བཅས་ཏེ་གཤེགས་སུ་གསོལ༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ མཁའ་འགྲོ་སྡེ་བརྒྱད་གཤེགས་སུ་གསོལ༔ ཞུབ་ཅན་སྟོང་སྒྲ་སི་ལི་ལི༔ མཁའ་འགྲོ་འབུམ་སྡེ་ཐིབས་སེ་ཐིབ༔ དཔའ་བོ་བྲོ་བརྡུང་ཁྲབས་སེ་ཁྲབ༔ དཔའ་མོ་གླུ་ལེན་ཀྱུ་རུ་རུ༔ གདུགས་དང་རྒྱལ་མཚན་ཐིབས་སེ་ཐིབ༔ དབུ་སྐྲ་ཐོར་ཚུགས་ཤིགས་སེ་ཤིག༔ དར་གྱི་ཅོད་པན་པུ་རུ་རུ༔ དུང་གི་རྣ་ཆ་ཝངས་སེ་ཝང་༔ གསེར་གྱི་གདུ་བུ་སི་ལི་ལི༔ སིལ་སྙན་མང་པོ་ཁྲོ་ལོ་ལོ༔ རྒྱན་ཆ་མང་པོ་ཁྲོ་ལོ་ལོ༔ ཌཱ་རུ་ཅང་ཏེའུ་ཁྲོ་ལོ་ལོ༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ བྱིན་གྱིས་རློབ་ཅིང་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་བྱིན་གྱིས་རློབས༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོངས་དངོས་གྲུབ་སྩོལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ས་མ་ཡ་ཛཿཧཱུྃ་བྃ་ཧོཿ གསུམ་པ་ཞབས་བསིལ་དབུལ་བ་ནི་བཟེད་ཞལ་དུ་དབུལ་ལ། ཡང་དག་དོན་དུ་དག་མོད་ཅིང་༔ རྟོག་པའི་དྲི་མ་མི་མངའ་ཡང་༔ སྲི་ཞུ་གུས་པའི་ཚུལ་གྱིས་སུ༔ འགྲོ་བའི་དོན་ཕྱིར་སྐུ་བསིལ་ལོ༔ ཨརྒྷཾ་ཨཱ་ཧ་ར་པཱུ་ཛཿཧཱུྃ༔ བཞི་པ་བཞུགས་སུ་གསོལ་བ་ནི། ཧཱུྃ༔ རིན་ཆེན་གཞལ་ཡས་ཉམས་རེ་དགའ༔ དུར་ཁྲོད་གཞལ་ཡས་བྱིན་རེ་ཆེ༔ པདྨ་འདབ་བརྒྱད་མདངས་དང་ལྡན༔ ཉི་ཟླ་ཁ་སྦྱོར་འོད་རེ་གསལ༔ རྟོག་མེད་རོ་ལྡན་བག་རེ་དྲོ༔ བཞུགས་པའི་གནས་སུ་དང་རེ་སྤྲོ༔ སློབ་དཔོན་མཁའ་འགྲོ་གིང་གི་ཚོགས༔ བྱིན་གྱིས་རློབ་ཅིང་བརྟན་པར་བཞུགས༔ མོས་པའི་བུ་ལ་ཞལ་བསྟན་འཚལ༔ གསུང་གིས་གདམས་པའི་གནད་བསྒྲག་འཚལ༔ འགྲོ་བའི་དོན་དུ་སྐུ་བཞུགས་འཚལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཌཱ་ཀི་ནཱི་ས་མ་ཡ་ཏིཥྛ་ལྷན༔ ལྔ་པ་བརྡ་ཕྱག་འཚལ་བ་ནི། ཧཱུྃ༔ སྐྱེ་ཤི་གཉིས་སྤངས་རྡོ་རྗེ་ལྟ་བུའི་སྐུ༔ སྐུ་གསུང་ཐུགས་ལྡན་ཅིར་ཡང་སྤྲུལ་པའི་སྐུ༔ རྫུ་འཕྲུལ་སྟོབས་ལྡན་ལྷ་སྲིན་དམ་ལ་འདོགས༔ སློབ་དཔོན་པདྨའི་སྐུ་ལ་ཕྱག་འཚལ་ལོ༔ རྣམ་ཤེས་གནས་གྱུར་ཞེ་སྡང་རྣམ་དག་པས༔ མེ་ལོང་ཡེ་ཤེས་བཛྲ་ཐོད་ཕྲེང་རྩལ༔ རྡོ་རྗེའི་རིགས་མཆོག་ཉོན་མོངས་ཞེ་སྡང་སྦྱོང་༔ ཐུགས་མཆོག་པད་འབྱུང་ཐུགས་ལ་ཕྱག་འཚལ་ལོ༔ གཟུགས་ཕུང་གནས་གྱུར་གཏི་མུག་རྣམ་དག་པས༔ ཆོས་དབྱིངས་ཡེ་ཤེས་བུདྡྷ་ཐོད་ཕྲེང་རྩལ༔ དེ་བཞིན་རིགས་མཆོག་ཉོན་མོངས་གཏི་མུག་སྦྱོང་༔ སྐུ་མཆོག་པད་འབྱུང་སྐུ་ལ་ཕྱག་འཚལ་ལོ༔ ཚོར་ཕུང་གནས་གྱུར་ང་རྒྱལ་རྣམ་དག་པས༔ མཉམ་ཉིད་ཡེ་ཤེས་རིན་ཆེན་ཐོད་ཕྲེང་རྩལ༔ རིན་ཆེན་རིགས་མཆོག་ཉོན་མོངས་ང་རྒྱལ་སྦྱོང་༔ ཡོན་ཏན་པད་འབྱུང་གཏེར་ལ་ཕྱག་འཚལ་ལོ༔ འདུ་ཤེས་གནས་གྱུར་འདོད་ཆགས་རྣམ་དག་པས༔ ཀུན་རྟོག་ཡེ་ཤེས་པདྨ་ཐོད་ཕྲེང་རྩལ༔ པདྨའི་རིགས་མཆོག་ཉོན་མོངས་འདོད་སྲེད་སྦྱོང་༔ གསུང་མཆོག་པད་འབྱུང་གསུང་ལ་ཕྱག་འཚལ་ལོ༔ འདུ་བྱེད་གནས་གྱུར་ཕྲ་དོག་རྣམ་དག་པས༔ བྱ་གྲུབ་ཡེ་ཤེས་ཀརྨ་ཐོད་ཕྲེང་རྩལ༔ ལས་ཀྱི་རིགས་མཆོག་ཉོན་མོངས་ཁོང་ཁྲོ་སྦྱོང་༔ ཕྲིན་ལས་པད་འབྱུང་གྲུབ་ལ་ཕྱག་འཚལ་ལོ༔ ཆོས་དབྱིངས་རྣམ་དག་ནམ་མཁའི་དཀྱིལ་འཁོར་ནས༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས༔ རྒྱལ་བ་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ༔ སྐྱེ་མེད་རྣམ་པར་དག་པའི་མཁའ་དབྱིངས་ནས༔ རང་བྱུང་ཡེ་ཤེས་ཤུགས་ཀྱིས་འགྲོ་མཛད་ཅིང་༔ ཆོས་དབྱིངས་རྣམ་པར་དག་པའི་མཁའ་དབྱིངས་ནས༔ གཉིས་མེད་བདེ་སྟོང་རང་བྱུང་ཤུགས་ཀྱིས་འགྲོ༔ ཡེ་ཤེས་ཌཱ་ཀི་རྣམས་ལ་ཕྱག་འཚལ་ལོ༔ ཆོས་ཉིད་དོན་དམ་རྣམ་དག་མཁའ་དབྱིངས་ནས༔ རིག་པའི་ཡེ་ཤེས་ཐབས་ཀྱིས་འགྲོ་བའི་དཔལ༔ མ་བཅོས་ཤུགས་ལས་བྱུང་བ་སྤྲུལ་པའི་ཚོགས༔ མཁའ་འགྲོ་དམ་ཅན་རྣམས་ལ་ཕྱག་འཚལ་ལོ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ས་མ་ཡ་ཧོ༔ དྲུག་པ་མཆོད་པ་འབུལ་བ་ལ་ཕྱག་རྒྱ་གར་མཆོད་ནི། ཆེ་མཆོག་པདྨ་ཐོད་ཕྲེང་རྩལ༔ སྐུ་གསུང་ཐུགས་ཀྱི་གར་དང་ལྡན༔ ཕྱག་རྒྱ་བཞི་དང་མཉམ་པར་སྦྱོར༔ དང་པོ་ལས་ཀྱི་ཕྱག་རྒྱ་སྟེ༔ གཉིས་པ་དམ་ཚིག་ཕྱག་རྒྱའོ༔ གསུམ་པ་ཆོས་ཀྱི་ཕྱག་རྒྱ་སྟེ༔ བཞི་པ་དབྱེར་མེད་ཕྱག་རྒྱ་ཆེ༔ ཕྱག་རྒྱ་གར་གྱི་མཆོད་པ་འབུལ༔ མ་ཧཱ་མུཾ་དྲ་ནཱིརྟི་པཱུ་ཛ་ཧཱུྃ༔ མཎྜལ་འབུལ་བ་ནི། ཧཱུྃ༔ མཛེས་པའི་ཞིང་ཁམས་ཕྱི་ནང་མཆོད་པས་བརྒྱན༔ ཡིད་འོང་རྒྱ་ཆེན་མཆོད་པ་ཇི་སྙེད་པ༔ བདག་གཞན་ལུས་ངག་ཡིད་གསུམ་ལྷ་ལ་འབུལ༔ འགྲོ་བའི་དོན་དུ་དགྱེས་པས་བཞེས་སུ་གསོལ༔ རཏྣ་མཎྜ་ལ་པཱུ་ཛ་ཧོ༔ ཕྱི་མཆོད་རྣམས་རིམ་པར་འབུལ་བ་ལས་ཉེར་སྤྱོད་ནི། ཧཱུྃ༔ ཨུ་རྒྱན་ཆེན་པོ་པདྨ་འཁོར་བཅས་ལ༔ དགེས་པའི་མཆོད་པ་སྣ་ཚོགས་འབུལ་བ་ནི༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང་༔ ཞལ་ཟས་རོལ་མོ་དབྱངས་སྙན་མཆོད་པ་འབུལ༔ འགྲོ་བ་ཐུགས་རྗེས་བསྐྱང་ཕྱིར་བཞེས་སུ་གསོལ༔ འདོད་ཡོན་དྲུག་འབུལ། མཛེས་པའི་གཟུགས་དང་སྙན་པའི་སྒྲ་དབྱངས་དང་༔ ཚིམ་པའི་དྲི་དང་བདའ་བའི་རོ་མཆོག་དང་༔ རེག་འཇམ་ན་བཟའ་ཆོས་དབྱིངས་ལྷ་མོ་སོགས༔ འདོད་ཡོན་ནམ་མཁའ་གང་བའི་མཆོད་པ་འབུལ༔ འགྲོ་བ་ཐུགས་རྗེས་བསྐྱང་ཕྱིར་བཞེས་སུ་གསོལ༔ རྒྱལ་སྲིད་སྣ་བདུན། ཕུན་སུམ་ཚོགས་པའི་འཁོར་ལོ་བཙུན་མོ་དང་༔ ནོར་བུ་རིན་ཆེན་བློན་པོ་གླང་པོ་རྟ༔ དམག་དཔོན་གཏེར་གྱི་བུམ་པ་དཔག་བསམ་ཤིང་༔ འདོད་འཇོའི་བ་སོགས་རིན་ཆེན་སྣ་ཚོགས་འབུལ༔ འགྲོ་བ་ཐུགས་རྗེས་བསྐྱང་ཕྱིར་བཞེས་སུ་གསོལ༔ བཀྲ་ཤིས་རྟགས་བརྒྱད། རིན་ཆེན་གདུགས་མཆོག་བཀྲ་ཤིས་གསེར་ཉ་དང་༔ པདྨ་མདངས་ལྡན་དུང་དཀར་གཡས་སུ་འཁྱིལ༔ བུམ་བཟང་དཔལ་བེའུ་གཡུང་དྲུང་འཁྱིལ་བ་དང་༔ རྡོ་རྗེ་རྒྱལ་མཚན་འཁོར་ལོ་ལ་སོགས་འབུལ༔ འགྲོ་བ་ཐུགས་རྗེས་བསྐྱང་ཕྱིར་བཞེས་སུུ་གསོལ༔ བླ་རེ་ཡོལ་བ་དར་དཔྱངས་ལྷབ་ལྷུབ་དང་༔ རིན་ཆེན་ཕྲེང་བ་དྲིལ་བུ་གཡེར་ཁ་སོགས༔ བ་དན་འཕན་དར་རྔ་ཡབ་ཁྲི་གདན་བཅས༔ དགེས་པའི་རོལ་མོ་མཉེས་པའི་ཡོ་བྱད་འབུལ༔ འགྲོ་བ་ཐུགས་རྗེས་བསྐྱང་ཕྱིར་བཞེས་སུུ་གསོལ༔ ལྷ་ཀླུ་མི་སོགས་འགྲོ་བ་ཕོ་མོ་རྣམས༔ མཛེས་པའི་ཡིད་འོང་རྒྱན་དང་ལྡན་པ་དང་༔ ས་ཆུ་མེ་རླུང་ནམ་མཁའ་ཉི་ཟླའི་འོད༔ རྩི་བཅུད་ལོ་ཏོག་སྣང་སྲིད་མཆོད་པ་འབུལ༔ འགྲོ་བ་ཐུགས་རྗེས་བསྐྱང་ཕྱིར་བཞེས་སུ་གསོལ༔ སརྦ་པཱུ་ཛ་ཧོ༔ ནང་སྨན་གཏོར་རཀྟའི་མཆོད་པ་ལས་སྨན་མཆོད་ནི། རྡོ་རྗེ་སློབ་དཔོན་གསན་ཅིང་དགོངས་སུ་གསོལ༔ རང་གི་དམ་ཚིག་བསྐང་བའི་ཕྱིར༔ རང་གི་སློབ་དཔོན་གཉན་ལ་མཆོད༔ སྤྱི་གཙུག་རྒྱན་དུ་བཞུགས་སུ་གསོལ༔ ཡི་དམ་ལྷ་ཚོགས་གསན་ཅིང་དགོངས་སུ་གསོལ༔ རང་གི་སེམས་ཉིད་རྟོགས་བྱའི་ཕྱིར༔ རང་གི་ཡི་དམ་གཉན་ལ་མཆོད༔ སྙིང་གི་པདྨར་བཞུགས་སུ་གསོལ༔ མ་མོ་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ༔ རང་གི་དངོས་གྲུབ་ཐོབ་བྱའི་ཕྱིར༔ རང་གི་མཁའ་འགྲོ་གཉན་ལ་མཆོད༔ ལྟེ་བའི་གནས་སུ་བཞུགས་སུ་གསོལ༔ གདོད་ནས་རྣམ་པར་དག་པའི་ཕྱིར༔ གཙང་སྨེའི་རྣམ་རྟོག་ཀུན་དང་བྲལ༔ ཐབས་ཆེན་ཡེ་ཤེས་ཤ་ཆེན་ལྔ༔ ཤེས་རབ་ཆོས་དབྱིངས་བདུད་རྩི་ལྔ༔ འབྱུང་བའི་བཅུད་དང་དམ་ཚིག་རྫས༔ གཉིས་སུ་མེད་པར་མཉམ་སྦྱར་ནས༔ བླ་མ་ཡི་དམ་མཁའ་འགྲོ་རྣམས་ལ་འབུལ༔ དགེས་ཆེན་མཆོག་གིས་བཞེས་སུ་གསོལ༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ སྐྱེ་མེད་སྐུ་ལ་འགག་མེད་གསུང་༔ སྤྲོས་བྲལ་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ གཏོར་མ་འབུལ་བ་ནི། ཧཱུྃ༔ མཚན་ལྡན་ཐོད་པ་སྣོད་ཀྱི་འཇིག་རྟེན་དུ༔ རོ་མཆོག་ལྡན་པ་བཅུད་ཀྱི་ལོངས་སྤྱོད་རྣམས༔ ཡེ་ཤེས་ལྔ་ལྡན་གཏོར་མར་བྱིན་བརླབས་ཏེ༔ བླ་མ་ཡི་དམ་མཁའ་འགྲོ་རྣམས་ལ་འབུལ༔ བཞེས་ནས་བླ་མེད་མཆོག་གི་དངོས་གྲུབ་སྩོལ༔ མ་ཧཱ་བ་ལིནྟ་པཱུ་ཛ་ཁ་རཾ་ཁཱ་ཧི༔ རཀྟ་འབུལ་བ་ནི། ཧཱུྃ༔ བདེ་སྟོང་རྣམ་དག་ཐུགས་རྗེ་ཆགས་པའི་དབྱིངས༔ སྦྱོར་སྒྲོལ་རང་བྱུང་དམར་ཆེན་རཀྟ་འདི༔ འཁོར་བའི་གཞི་རྩ་དབྱིངས་སུ་བཅད་བྱའི་ཕྱིར༔ བླ་མ་ཡི་དམ་མཁའ་འགྲོ་རྣམས་ལ་འབུལ༔ དབང་དྲག་ཕྲིན་ལས་ཐུགས་རྗེའི་དངོས་གྲུབ་སྩོལ༔ མ་ཧཱ་རཀྟ་པཱུ་ཛ་ཁ་རཾ་ཁཱ་ཧི༔ གསང་མཆོད་སྦྱོར་སྒྲོལ་གཉིས་ལས་སྦྱོར་མཆོད་ནི། ཧྲཱིཿ སྣང་བ་ཡབ་ལ་སྟོང་པ་ཡུམ༔ དབྱེར་མེད་བདེ་ཆེན་བྱང་ཆུབ་སེམས༔ རྩ་བྲལ་འདོད་སྲེད་ཞེན་པ་དག༔ བདེ་ཆེན་མཉམ་སྦྱོར་རོལ་པའི་མཆོད་པར་བཞེས༔ ལྷན་སྐྱེས་བདེ་ཆེན་དངོས་གྲུབ་སྩོལ༔ ཛྙཱ་ན་དྷཱ་ཏུ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ བསྒྲལ་མཆོད་ནི། ཧཱུྃ༔ འགྲོ་དྲུག་སེམས་སུ་གསལ་བརྟགས་ནས༔ རྩ་བྲལ་སྐྱེ་མེད་ངང་ལས་འཁྲུལ་པའི་སེམས༔ འགག་མེད་ཡེ་ཤེས་རིག་པའི་རྩལ་གྱིས་བསྒྲལ༔ ང་བདག་རྩད་བཅད་བསྒྲལ་བའི་མཆོད་པ་འབུལ༔ སྐྱེ་མེད་རང་གྲོལ་ཆོས་སྐུའི་སིདྡྷི་སྩོལ༔ དུཿཁ་ཨ་མ་ར་པཱུ་ཛ་ཧོ༔ དེ་ཁོ་ན་ཉིད་ཀྱི་མཆོད་པ་ལ་སྣང་སྟོང་གཉིས་ལས་སྣང་བ་ལོངས་སྤྱོད་རྒྱན་གྱི་མཆོད་པ་ནི། མཉམ་པའི་གྲུབ་རྫས་ཆེན་པོ་དག༔ བདག་དང་མཉམ་པའི་ཚོགས་ལ་དབུལ༔ བཟའ་དང་བཅའ་དང་བཏུང་དང་བགོ༔ ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ཀུན༔ དག་མཉམ་རྟོགས་པའི་མཆོད་པར་བཞེས༔ སྒོ་ལྔའི་ཞེན་འཛིན་དག་པའི་དངོས་གྲུབ་སྩོལ༔ སྟོང་པ་ངོ་བོ་ཉིད་ཀྱི་མཆོད་པ་ནི། ཆོས་སྐུ་རྣམ་དག་བླ་མ་དགོངས་སུ་གསོལ༔ སྣོད་བཅུད་རང་བྱུང་ཆོས་ཀྱི་དབྱིངས༔ མ་སྐྱེས་སྤྲོས་བྲལ་ངོ་བོ་ཉིད༔ རང་སྣང་མཉམ་ཉིད་རང་བཞིན་མཆོག༔ མ་འགགས་རང་གསལ་མཚན་ཉིད་ཅན༔ གནས་ལུགས་སྐུ་གསུམ་དབྱེར་མེད་མཆོད་པ་འབུལ༔ སྐུ་བཞི་མངོན་དུ་འགྱུར་བར་བྱིན་གྱིས་རློབས༔ བདུན་པ་བསྟོད་པ་ནི། ཧཱུྃ༔ ཆོས་དབྱིངས་སྤྲོས་བྲལ་རང་བཞིན་རྣམ་དག་ལས༔ མ་སྐྱེས་མི་འགག་མཁའ་ལ་འཇའ་ཚོན་ལྟར༔ ཡེ་ཤེས་སྐུར་སྣང་པདྨ་ཐོད་ཕྲེང་རྩལ༔ རང་བྱུང་བླ་མ་མཆོག་ལ་ཕྱག་འཚལ་བསྟོད༔ ཞིང་ཁམས་དཔག་མེད་ནམ་མཁའི་མཐའ་ཀླས་པར༔ གདུལ་བྱ་དཔག་མེད་མོས་པ་ཐ་དད་ཀྱི༔ བསམ་པའི་ཁྱད་པར་ཇི་བཞིན་དོན་མཛད་པ༔ རང་བྱུང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ ཆོས་དབྱིངས་རྒྱ་མཚོ་རྒྱ་ཆེན་ཀློང་ཡངས་ལས༔ རྣམ་དག་སྐྱོན་བྲལ་དཔག་བསམ་པད་སྡོང་ལ༔ ཡེ་ཤེས་རང་གསལ་ཡིད་བཞིན་མཆོག་གི་སྐུ༔ མཚོ་སྐྱེས་རྡོ་རྗེ་པདྨ་མཆོག་ལ་བསྟོད༔ སྐུ་མདོག་ཕྱག་མཚན་གཅིག་ཏུ་མ་ངེས་ཅིར་ཡང་སྟོན༔ ལ་ལར་ཐུགས་རྗེ་རྣམ་དག་ཞི་བའི་སྐུར་བསྟན་ནས༔ གདུལ་བྱའི་ཚོགས་འདྲེན་ཐར་པའི་ས་ལ་ཕྱིན་པར་མཛད༔ འཇིག་རྟེན་ཆོས་བརྒྱད་ཉོན་མོངས་ཞི་བར་མཛད་ལ་ཕྱག་འཚལ་བསྟོད༔ ལ་ལར་སྐྱོན་བྲལ་ཡོན་ཏན་རྒྱས་པའི་སྐུར་བསྟན་ནས༔ ཐུགས་རྗེའི་སྟོབས་དང་སྨོན་ལམ་དཔག་ཏུ་མེད་པའི་མཐུས༔ རང་རང་རེ་འདོད་ཡོངས་རྫོགས་ཡིད་བཞིན་ནོར་བུའི་ཚུལ༔ ཚེ་འབྱོར་ཡེ་ཤེས་རྒྱས་པར་མཛད་ལ་ཕྱག་འཚལ་བསྟོད༔ ལ་ལར་དབང་སྒྱུར་དབང་མཛད་དབང་གི་སྐུར་བསྟན་ནས༔ ཐུགས་རྗེའི་དབང་གིས་གདུལ་བྱ་གདུག་པའི་ཚོགས་རྣམས་ཀུན༔ དབང་དུ་སྡུད་མཛད་ཕྲིན་ལས་ལྷུན་གྲུབ་དབང་གི་སྐུ༔ འཁོར་འདས་དབང་སྒྱུར་པདྨ་དབང་ལ་ཕྱག་འཚལ་བསྟོད༔ དུག་གསུམ་རགས་པས་འཁོར་བར་གདུག་པའི་བསམ་སྦྱོར་ཅན༔ ཁྲོ་བ་གདུལ་ཕྱིར་གཏུམ་དྲག་འཇིགས་པའི་སྐུར་བསྟན་ནས༔ གདུག་པ་ཚར་གཅོད་དུག་ལྔ་ང་བདག་རྩད་ནས་འབྱིན༔ བདུད་འདུལ་རྡོ་རྗེ་དྲག་པོ་རྩལ་ལ་ཕྱག་འཚལ་བསྟོད༔ ཕྲིན་ལས་ལྔ་རྫོགས་སྐུ་ལྔ་ཡེ་ཤེས་ལྷུན་གྱིས་གྲུབ༔ དུག་ལྔ་རྣམ་དག་ཡེ་ཤེས་ལྔ་ལྡན་རྒྱལ་བའི་སྐུ༔ འགྲོ་ལྔ་རྗེས་འཛིན་ཐར་པའི་ལམ་ལྔ་སྟོན་པར་མཛད༔ ཕྲིན་ལས་ཡོངས་རྫོགས་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ ཆོས་ཉིད་དོན་དམ་རྣམ་དག་མཁའ་དབྱིངས་ལ༔ རིག་པའི་ཡེ་ཤེས་རང་བྱུང་ཤུགས་ཀྱིས་འགྲོ༔ འབྱུང་ལྔ་རྣམ་དག་བདེ་ཆེན་ཡུམ་གྱི་ཚུལ༔ སྡེར་བཅས་མཁའ་འགྲོ་རྣམ་ལྔའི་ཚོགས་ལ་བསྟོད༔ རྒྱལ་བའི་འཁོར་སྐྱོང་བཀའ་ཡི་ཐ་ཚིག་ཅན༔ ཉམས་ཀྱི་དྲོད་ཉུལ་དམ་ཅན་གྲོགས་མཛད་ཅིང་༔ དམ་ཚིག་ཉམས་པའི་གཤེད་མ་དྲེགས་པའི་ཚོགས༔ བཀའ་ཉན་སྲུང་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ བརྒྱད་པ་བཟླས་པ་བྱ་བ་ནི། རང་གི་ཐུགས་ཀའི་ས་བོན་ལས༔ འོད་འཕྲོས་འཕགས་པའི་ཐུགས་དམ་བསྐུལ༔ ཐམས་ཅད་གསང་སྔགས་སྒྲར་ལྡན་པས༔ འགྲོ་ཀུན་བདེ་ལ་འགོད་པའི་བློས༔ གསང་སྔགས་དག་ཅིང་བསལ་བར་བཟླ༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿ སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་བསྙེན་སྔགས་དང༌། ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿ སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཧྲཱིཿམ་ཧ་རི་ནི་ས༔ ར་ཙ་ཧྲི་ཡ་ཧཱུྃ་ཛ༔ ཞེས་རྩ་བའི་བསྙེན་པ་ཤམ་བུ་དང་བཅས་པ་དང༌། །ཨོཾ་ཨཱཿཧཱུྃ་བུདྡྷ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿ སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔དང༌། ཨོཾ་ཨཱཿཧཱུྃ༔ རཏྣ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ༔ ཨཱ་ཡུཿཛྙཱ་ན་པུཎྱེ་པུཥྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔དང༌། ཨོཾ་ཨཱཿཧཱུྃ༔ པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿ ཨ་ནྲི་ཏྲྀ་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔དང༌། ཨོཾ་ཨཱཿཧཱུྃ༔ བཛྲ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿ ནྲྀ་ཏྲི་ཤ་ཏྲཱུཾ་མཱ་ར་ཡ་ཕཊ༔དང༌། ཨོཾ་ཨཱཿཧཱུྃ༔ ཀརྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿ ཀརྨ་སིདྡྷི་ཧཱུྃ་ཧཱུྃ༔རྣམས་ནི་ལས་སྦྱོར་ཏེ། མཆོག་སྒྲུབ་པ་ལ་རྩ་བའི་བསྙེན་པ་འབུམ་ཕྲག་བཅུ་གཅིག་ལ་སོགས་བཟླ། དེ་ནས་ཤམ་བུ་བཏགས་ཏེ་མཁའ་འགྲོ་བསྒྲུབ། དེ་ལ་རྟགས་མཚན་གྲུབ་པར་མངོན་པ་དང་དངོས་གྲུབ་བླང༌། དེ་ནས་ལས་བཞིའི་བསྙེན་པ་རིམ་པར་འབུམ་ཕྲག་རེ་བཟླ་བར་གསུངས། ཐུན་མཐར་དབྱངས་གསལ་རྟེན་སྙིང་ཡིག་བརྒྱབརྗོད་པས་ནུས་པ་བརྟན་པར་བྱས་ལ་འོག་ནས་འབྱུང་བའི་མཆོད་བསྟོད་མདོར་བསྡུས་བྱ། མཚམས་འདིར་སྤྲོ་ན་བཤགས་སྐོང་ཅི་རིགས་དང༌། བཀའ་གཏེར་སྲུང་མའི་གཏོར་འབུལ་སྤྱི་དང་བྱེ་བྲག་སྤུ་གྲི་མཆེད་གསུམ་དང་དམ་ཅན་གཏོར་འབུལ་ཀྱང་བྱ། གསུམ་པ་རྗེས་ཀྱི་བྱ་བ་ལ་བདུན་ལས་དང་པོ་ཚོགས་ཀྱི་མཆོད་པ་ལ་བཅུ་ལས། མ་དཱ་ན་དང་བ་ལ་སོགས་དམ་ཚིག་གི་རྫས་སུ་འོས་པའི་ཚོགས་ཀྱི་ཡོ་བྱད་འདུ་བྱས་ལ། དང་པོ་དམ་མེད་པའི་བགེགས་བསལ་བ་ནི། ཧཱུྃ༔ རྡོ་རྗེ་འདུ་བར་འདུས་པ་ཡི༔ ཐེག་མཆོག་དམ་པའི་རིགས་ཅན་རྣམས༔ བླ་འོག་རིམ་པ་ཇི་བཞིན་དུ༔ རྡོ་རྗེ་གསང་བའི་གྲལ་འཁོད་དེ༔ རིགས་མ་ཡིན་པར་རིགས་མི་འགྱུར༔ རིགས་ཅན་རྣམས་ཀྱི་དམ་ཚིག་ནི༔ རིགས་མེད་པ་ལ་འབབ་མི་འགྱུར༔ དེ་ལས་འདས་ན་དེ་རླག་བྱེད༔ དེ་ལས་སྐལ་ལྡན་ཚོགས་འཁོད་ལ༔ དམ་མེད་པ་རྣམས་ཕྱིར་དེངས་ཤིག༔ ས་མ་ཡ༔ ས་མ་ཡ༔ དམ་མེད་ཨུཙྪ་ཏ་ཡ་ཕཊ༔ གཉིས་པ་མཚམས་བཅད་པ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ སྟེང་ཡང་ཧཱུྃ་གི་རང་བཞིན་ལ༔ འོག་ཀྱང་ཧཱུྃ་གི་རང་བཞིན་ནོ༔ ཕྱོགས་མཚམས་ཧཱུྃ་གི་རང་བཞིན་ལས༔ སྟེང་ཡང་དཔའ་བོ་དཔའ་མོས་གང་༔ འོག་ཀྱང་དཔའ་བོ་དཔའ་མོས་གང་༔ ཕྱོགས་མཚམས་དཔའ་བོ་དཔའ་མོས་ཁེངས༔ དཔའ་བོ་དཔའ་མོའི་རང་བཞིན་ལ༔ བར་ཆད་བགེགས་ཀྱི་མིང་ཡང་མེད༔ དཔའ་བོ་དཔའ་མོའི་རོལ་མཚམས་ལས༔ འདས་ན་ཐལ་བར་བརླག་པར་འགྱུར༔ བར་ཆོད་བགེགས་སོགས་སྨོས་ཅི་དགོས༔ ཧཱུྃ་ཧཱུྃ་ཧཱུྃ༔ གསུམ་པ་ཚོགས་བྱིན་གྱིས་བརླབ་པ་ནི། ཧཱུྃ༔ ཆོས་སྐུ་རྣམ་དག་སྐྱེ་བ་མེད་པ་ལ༔ ལོངས་སྐུ་འགག་མེད་འོད་དཔག་མེད་དུ་ཤར༔ སྣ་ཚོགས་སྤྲུལ་པ་མ་ཧཱ་གུ་རུའི་སྐུ༔ ཆེ་མཆོག་པདྨ་དཔལ་གྱི་ཐུགས་ཀ་ནས༔ རྃ་ཡྃ་ཁྃ་གསུམ་ཡིག་འབྲུའི་འཕྲོ་འདུ་ཡིས༔ ཚོགས་ཀྱི་ཞལ་ཟས་འདོད་པའི་ལོངས་སྤྱོད་རྣམས༔ མི་གཙང་དྲི་མ་ཉེས་པའི་སྐྱོན་རྣམས་ཀུན༔ བསྲེག་དང་གཏོར་དང་བག་ཆགས་སྦྱང་བར་བྱ༔ བཛྲ་ཛྭ་ལ་རཾ༔ ཡྃ་སྥ་ར་ཎ་ཕཊ༔ ཁྃ་བི་ཤུདྡྷོ྅ཧཾ༔ ཧཱུྃ༔ རང་གི་ཐུགས་ཀའི་ས་བོན་ལས་བྱུང་བའི༔ ཡྃ་རྃ་ཀྃ་དང་ཨ་ཡི་འཕྲོ་འདུ་ལས༔ རླུང་མེ་ཐོད་སྒྱེད་བྷནྡྷའི་ནང་དུ་ནི༔ བཅུད་ཀྱི་སྙིང་པོ་ཡི་གེ་འབྲུ་གསུམ་བསམ༔ ཧཱུྃ༔ བྷནྡྷ་མཚན་ལྡན་རིན་ཆེན་སྣོད་ནང་དུ༔ ཨོཾ་དང་ཨཱཿཧཱུྃ་ཡི་གེའི་འཕྲཽ་འདུ་ལས༔ ཚོགས་ཀྱི་ཞལ་ཟས་ཤ་ལྔ་བདུད་རྩི་ལྔ༔ ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ལས༔ འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་རུ༔ རྒྱལ་བའི་ཐུགས་དམ་བསྐང་ཕྱིར་བྱིན་གྱིས་རློབས༔ ཨོཾ་ཨཱ་ཧཱུྃ་སརྦ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཐཱ༔ བཞི་པ་ཚོགས་རྟེན་སྤྱན་དྲངས་པ་ནྀ་མོས་གདུང་དྲག་པོས་འདི་སྐད་དོ། ཧཱུྃ༔ ནུབ་ཕྱོགས་ཨུ་རྒྱན་དུར་ཁྲོད་ཆེན་པོ་ནས༔ གནས་གསུམ་མཁའ་འགྲོ་སྤྲིན་ཚོགས་འདུས་པའི་དབྱིངས༔ ཆགས་བྲལ་པད་ཉི་རོ་ཡི་གདན་སྟེང་ནས༔ རྔམས་བརྗིད་སྟོབས་ལྡན་པདྨ་ཐོད་ཕྲེང་རྩལ༔ དུས་ངན་སྙིགས་མའི་འགྲོ་བ་འདུལ་བ་དང་༔ བདག་ཅག་རྗེས་འཇུག་ཐུགས་རྗེས་བཟུང་སླད་དུ༔ ཞལ་ཟས་ལོངས་སྤྱོད་ཚོགས་ལ་སྤྱན་འདྲེན་ན༔ ཐུགས་རྗེ་རྫུ་འཕྲུལ་ལྡན་པའི་སྐུ་བསྐྱོད་ལ༔ བྱིན་རླབས་དངོས་གྲུབ་འབེབས་ཕྱིར་གཤེགས་སུ་གསོལཿ དགའ་བདེ་ཡེ་ཤེས་རྒྱུད་ལ་སྤོར་བའི་ཕྱིར༔ ཕག་མོ་ཡུམ་གྱི་ཚོགས་བཅས་གཤེགས་སུ་གསོལ༔ ཞི་བས་འཇིགས་པ་བརྒྱད་ལས་སྐྱོབ་པའི་ཕྱིར༔ རྡོ་རྗེ་མཁའ་འགྲོའི་ཚོགས་བཅས་གཤེགས་སུ་གསོལ༔ རྒྱས་པས་འབྱོར་དྲུག་ཡེ་ཤེས་སྤེལ་བའི་ཕྱིར༔ རིན་ཆེན་ཌཱ་ཀིའི་ཚོགས་བཅས་གཤེགས་སུ་གསོལ༔ དབང་མཆོག་མོས་པ་བཞི་དང་ལྡན་པའི་ཕྱིར༔ པདྨ་ཌཱ་ཀིའི་ཚོགས་བཅས་གཤེགས་སུ་གསོལ༔ དྲག་པོས་མངོན་སྤྱོད་ལས་རྣམས་སྒྲུབ་པའི་ཕྱིར༔ ལས་ཀྱི་ཌཱ་ཀིའི་ཚོགས་བཅས་གཤེགས་སུ་གསོལ༔ ཕྲིན་ལས་སྣ་ཚོགས་ལས་རྣམས་སྒྲུབ་པའི་ཕྱིར༔ དཔའ་བོ་མཁའ་འགྲོའི་ཚོགས་བཅས་གཤེགས་སུ་གསོལ༔ བསྟན་པ་བསྲུང་ཞིང་བར་ཆད་བསྒྲལ་བའི་ཕྱིར༔ བཀའ་སྲུང་ཆོས་སྐྱོང་ཚོགས་བཅས་གཤེགས་སུ་གསོལ༔ གུ་རུ་པདྨ་དྷེ་ཝ་ཌཱ་ཀི་ནཱི་ཨེ་ཨཱ་ར་ལི་ཕེཾ་ཕེཾ༔ ལྔ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ༔ ཚོགས་ཁང་དུར་ཁྲོད་འབར་བའི་གཞལ་ཡས་འདིར༔ ཉི་ཟླ་པདྨ་བམ་ཆེན་གདན་སྟེང་དུ༔ འཕན་གདུགས་བླ་བྲེ་ཁྲི་ཡོལ་རྒྱན་དུ་བྲེས༔ ཞལ་ཟས་ཚོགས་ཀྱི་མཆོད་པ་གཅལ་དུ་བཀྲམ༔ ཡིད་འོང་སྐལ་ལྡན་འདུས་པའི་ཕོ་བྲང་འདིར༔ ཆེ་མཆོག་པདྨ་མཁའ་འགྲོའི་ཚོགས་དང་བཅས༔ རྔམས་བརྗིད་དགྱེས་པའི་ཚུལ་གྱིས་བཞུགས་སུ་གསོལ༔ གུ་རུ་པདྨ་དེ་བ་ཌཱ་ཀི་ནི་ས་མ་ཡ་ཏིཥྛ་ལྷན༔ དྲུག་པ་ཕྱག་འཚལ་བ་ནི། ཧཱུྃ༔ མཐའ་ཡས་སྤྲུལ་སྐུ་སྐྱེ་འགྲོ་ཡོངས་ཀྱི་མགོན༔ ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ དབང་བསྐུར་བྱིན་བརླབས་པདྨ་ཐོད་ཕྲེང་རྩལ༔ ཡོན་ཏན་གྲངས་མེད་ཆེ་མཆོག་ཧེ་རུ་ཀ༔ དབང་དྲག་པདྨའི་སྐུ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨ་ལ་ལ་ཧོ༔ བདུན་པ་ཚོགས་དང་པོ་མཆོད་པ་ནི། བསྡུ་ན་འདི་མན་ཆད་ཁོ་ན་འདོན་ཀྱང་རུང་ངོ༌། དགོངས་སམ་རྡོ་རྗེ་སློབ་དཔོན་རྣམས༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ འདིར་བྱོན་ཚོགས་དང་གཏོར་མ་འབུལ༔ བྱིན་གྱིས་རློབ་ཅིང་བཞེས་སུ་གསོལ༔ དགོངས་སམ་མ་མོ་མཁའ་འགྲོ་རྣམས༔ ལས་དང་ཡེ་ཤེས་གྲུབ་པ་མོ༔ འདིར་བྱོན་ཚོགས་དང་གཏོར་མ་འབུལ༔ བྱིན་གྱིས་རློབ་ཅིང་བཞེས་སུ་གསོལ༔ དགོངས་སམ་རིག་འཛིན་སློབ་དཔོན་རྣམས༔ གདུང་བ་དྲག་པོས་བདག་འབོད་ན༔ བྱིན་གྱིས་རློབ་ཅིང་གཤེགས་སུ་གསོལ༔ འདིར་བྱོན་རྒྱན་གྱི་མཆོད་པ་འབུལ༔ དམ་རྫས་གཏོར་མའི་མཆོད་པ་འབུལ༔ སྣང་བ་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ༔ སྲིད་པ་བཅུད་ཀྱི་འཇིག་རྟེན་གཏོར་མ་བཤམས༔ དཔལ་གྱི་གཏོར་མ་བརྗིད་ལྡན་འགྱིང་བ་འདི༔ རི་རྒྱལ་ལྷུན་པོ་བས་ཀྱང་མཐོ་ཞིང་བརྗིད༔ མ་མོའི་གཏོར་མ་པདྨས་བསྐོར་བ་འདི༔ གླིང་བཞི་གླིང་ཕྲན་བས་ཀྱང་བཀོད་རེ་ལེགས༔ དཀར་གྱི་ཐིག་གདབ་དམར་གྱི་གུར་ཕུབ་པ༔ གསེར་གྱི་རི་བདུན་བས་ཀྱང་བརྗིད་རེ་ཆེ༔ བདུད་རྩི་ཆང་གི་མཆོད་པ་སྒྲེང་བ་འདི༔ ལྷ་ཡི་ཞལ་ཟས་ལས་ཀྱང་རོ་རེ་བདའ༔ རཀྟ་དམར་གྱི་ཨརྒྷཾ་བསྐྱིལ་བ་འདི༔ རྒྱ་མཚོའི་འཆིང་སྣམས་ལས་ཀྱང་གཏིང་རེ་ཟབ༔ དཀར་རྩི་དམར་རྩི་དྲི་ཆེན་དྲི་ཆུ་དང་༔ ཤ་ཆེན་ལ་སོགས་བདུད་རྩི་རྣམ་པ་ལྔ༔ གླང་རྟ་བ་གླང་ཁྱི་ཤ་དང་༔ མཆོག་ཆེན་མི་ལ་སོགས་ཏེ་ཤ་ཆེན་ལྔ༔ མ་ཧཱ་མཱཾ་ས་ལ་སོགས་ཤ་སྣ་སྟོང་༔ མ་ཧཱ་ཙིཏྟ་ལ་སོགས་སྙིང་སྣ་སྟོང་༔ མ་ཧཱ་རཀྟ་ལ་སོགས་ཁྲག་སྣ་སྟོང་༔ དབང་པོ་ལྔ་དང་གོ་རོ་ཙ་ན་དང་༔ བ་སུ་ཏ་དང་ནང་ཁྲོལ་རྣམ་པ་ལྔ༔ ཤིང་ཏོག་མེ་ཏོག་འབྲུ་དང་སྨན་རྣམས་དང་༔ མངར་དང་ཁུར་བ་ཐུག་པའི་བྱེ་བྲག་དང་༔ མར་ཐུད་སྤྲི་ཁྲུམ་ཞོ་དང་འོ་མ་དང་༔ རྩི་དང་ཙཱ་རུ་རྩི་ཆེན་གོ་སྙོད་དང་༔ སྒ་དང་ལན་ཚྭ་སྤོད་ཀྱི་བྱེ་བྲག་དང་༔ རི་སྒོ་ལུང་སྒོག་ཤ་བལ་སྣ་ཚོགས་དང་༔ རམ་བུ་རུག་པ་ཤ་མོ་སྣ་ཚོགས་དང་༔ བཟའ་དང་བཅའ་དང་བཏུང་བའི་བྱེ་བྲག་དང་༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ འདོད་ཡོན་ལྔ་ལྡན་མཆོད་པ་དམ་པ་འདི༔ ཏིང་འཛིན་དགོངས་བརྒྱུད་དག་པས་བྱིན་བརླབས་ནས༔ བདུད་རྩིར་སྦྱར་བའི་གཏོར་མ་ཆེན་པོ་འདི༔ དུས་གསུམ་བླ་མའི་ཚོགས་ལ་མཆོད་པ་འབུལ༔ རྡོ་རྗེ་སློབ་དཔོན་ཐུགས་དམ་བསྐང་གྱུར་ཅིག༔ རྒྱལ་བ་ཞི་ཁྲོའི་ཚོགས་ལ་མཆོད་པ་འབུལ༔ ཡི་དམ་ལྷ་ཚོགས་ཐུགས་དམ་བསྐང་གྱུར་ཅིག༔ དཔའ་བོ་དཔའ་མོ་རྣམས་ལ་མཆོད་པར་འབུལ༔ མ་མོ་མཁའ་འགྲོའི་ཐུགས་དམ་བསྐང་གྱུར་ཅིག༔ དུས་གསུམ་བདེ་གཤེགས་ཚོགས་ལ་མཆོད་པ་འབུལ༔ རིག་འཛིན་རྩལ་འཆང་ཐུགས་དམ་བསྐང་གྱུར་ཅིག༔ དམ་ཅན་སྲུང་མའི་ཚོགས་ལ་མཆོད་པར་འབུལ༔ ཆོས་སྐྱོང་སྲུང་མའི་ཐུགས་དམ་བསྐང་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱ་ཀི་ནཱི་པཱུ་ཛ་བ་ལིནྟ་ག་ཎ་ཙཀྲ་ཨ་མྲྀ་ཏ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ ཆེ་མཆོག་པདྨའི་ལྷ་ཚོགས་འཁོར་བཅས་ལ༔ འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ་བ་ནི༔ གཟུགས་ཀྱི་ལྷ་མོ་མེ་ལོང་འཛིན༔ སྤྱན་གྱི་མཆོད་པར་བཞེས་སུ་གསོལ༔ སྒྲ་ཡི་ལྷ་མོ་སྙན་པའི་རོལ་མོ་ཐོགས༔ སྙན་གྱི་མཆོད་པར་བཞེས་སུ་གསོལ༔ དྲི་ཡི་ལྷ་མོ་དྲི་ཞིམ་བདུག་སྤོས་ཐོགས༔ ཤངས་ཀྱི་མཆོད་པར་བཞེས་སུ་གསོལ༔ རོ་ཡི་ལྷ་མོ་ཞིམ་པའི་ཞལ་ཟས་འཛིན༔ ལྗགས་ཀྱི་མཆོད་པར་བཞེས་སུ་གསོལ༔ རེག་པའི་ལྷ་མོ་བདེ་འཇམ་ན་བཟའ་འཛིན༔ སྐུ་ཡི་མཆོད་པར་བཞེས་སུ་གསོལ༔ ཆོས་ཀྱི་ལྷ་མོ་བདེ་སྟོང་ཆོས་འབྱུང་འཛིན༔ ཐུགས་ཀྱི་མཆོད་པར་འབུལ་ལོ་བཞེས་སུ་གསོལ༔ ཨོཾ་ག་ཎ་ཙཀྲ་པཱུ་ཛ་རཱུ་པ་ ཤབྡ་ གནྡྷེ་ ར་ས་ སྤརྴེ་ དྷརྨ་དྷཱ་ཏུ་པཱུ་ཛ་ཨོཾ་ཨཱཿཧཱུྃ༔ བརྒྱད་པ་བར་པ་བཤགས་པ་ནི། ཧཱུྃ༔ དབང་དྲག་པདྨའི་ལྷ་ཚོགས་དགོངས་སུ་གསོལ༔ རྣལ་འབྱོར་དབང་ཕྱུག་རྡོ་རྗེ་ཧེ་རུ་ཀས༔ བསྐལ་པ་ཐོག་མ་མེད་པའི་སྔོན་རོལ་ནས༔ ཐ་མ་ལུས་འདི་བླངས་པ་ཡན་ཆད་དུ༔ ཉོན་མོངས་རྣམ་རྟོག་འཁྲུལ་པའི་དབང་གྱུར་པས༔ ལུས་ངག་ཡིད་གསུམ་མི་དགེ་ཅི་བགྱིས་པ༔ རྒྱལ་བའི་སྐུ་གསུང་ཐུགས་དང་འགལ་བ་རྣམས༔ ཚོགས་ཀྱི་མཆོད་པ་འདི་ལ་བརྟེན་ནས་ནི༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས༔ ཐུགས་རྗེ་བརྩེ་བས་ཚངས་པར་ཡར་བཞེས་ལ༔ ཡེ་ཤེས་དོན་གྱི་དངོས་གྲུབ་སྩལ་དུ་གསོལ༔ ས་མ་ཡ༔ ཨ་ཨ་ཨ༔ དགུ་པ་ཐ་མ་བསྟབ་པ་ནི་ལིང་ག་ལ་ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བྃ་ཧོཿས་དགུག །ནྲྀ་ཏྲི་ཤ་ཏྲཱུཾ་མཱ་ར་ཡ་ཕཊ་ཀྱིས་བསྒྲལ་ཏེ། ཧཱུྃ༔ དབང་དྲག་པདྨའི་ལྷ་ཚོགས་སྐུ་བཞེངས་ལ༔ རྔམས་བརྗིད་རབ་ཏུ་དགེས་པའི་ཞལ་ཕྱེས་ཤིག༔ གྲུ་གསུམ་བྷནྡྷ་འབར་བའི་སྣོད་ནང་དུ༔ བར་ཆད་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་འདི༔ ཆེ་མཆོག་པདྨའི་ལྷ་ཚོགས་ཞལ་དུ་བསྟབ༔ དགེས་པར་རོལ་ཅིག་བཛྲ་ཨཱ་རལླི༔ གཏི་མུག་ཤ་ལ་ཆེམ་ཆེམ་དགེས་པར་རོལ༔ འདོད་ཆགས་ཁྲག་ལ་ཧུབ་ཧུབ་དགེས་པར་རོལ༔ ཞེ་སྡང་རུས་ལ་ཁྲུམ་ཁྲུམ་དགེས་པར་རོལ༔ དུག་གསུམ་ཤ་ཁྲག་རུས་པའི་མཆོད་པ་འདི༔ དབང་དྲག་པདྨའི་ཞལ་གྱིས་བཞེས་ནས་ཀྱང་༔ བྱང་ཆུབ་སྒྲུབ་ལ་བར་ཆད་མེད་པར་མཛོད༔ མ་ཧཱ་མཱྃ་ས་ལ་ཁཱ་ཧི༔ ཙིཏྟ་རཀྟ་གོ་རོ་ཙ་ན་བ་སུ་ཏ༔ ཀིཾ་ནི་རི་ཏི་ཁཱ་ཧི༔ བཅུ་པ་ཚོགས་ཀྱི་དངོས་གྲུབ་བླང་བ་ནི། ཧཱུྃ་དབང་དྲག་པདྨའི་ལྷ་ཚོགས་དགོངས་སུ་གསོལ༔ སྙིགས་མ་ལྔ་ལྡན་དུས་ཀྱི་ཐ་མ་འདིར༔ འཁོར་བའི་རྒྱ་མཚོར་བྱིང་བའི་འགྲོ་བ་རྣམས༔ ཁྱེད་ལ་སྐྱབས་གསོལ་ཡུན་གྱི་མགོན་བགྱིད་ན༔ ཡེ་ཤེས་ཐུགས་རྗེའི་སྤྱན་གྱིས་གཟིགས་ནས་ཀྱང་༔ ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་༔ མཆོག་དང་ཐུན་མོང་དངོས་གྲུབ་ཐམས་ཅད་ཀུན༔ ཚོགས་ཀྱི་ཞལ་ཟས་འདི་ལ་ཆར་ལྟར་ཕོབ༔ དུས་འདི་ཉིད་དུ་བདག་ལ་སྩལ་དུ་གསོལ༔ འགྱུར་བ་མེད་པ་སྐུ་ཡི་དངོས་གྲུབ་སྩོལ༔ འགགས་པ་མེད་པ་གསུང་གི་དངོས་གྲུབ་སྩོལ༔ སྤྲོས་པ་མེད་པ་ཐུགས་ཀྱི་དངོས་གྲུབ་སྩོལ༔ ལྷུན་གྱིས་གྲུབ་པ་ཡོན་ཏན་དངོས་གྲུབ་སྩོལ༔ ཐོགས་པ་མེད་པ་ཕྲིན་ལས་དངོས་གྲུབ་སྩོལ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ གུ་ཎ་སིདྡྷི་སྭཱ༔ དྷརྨ་སིདྡྷི་ཧྲཱིཿ ཀརྨ་སིདྡྷི་ཧཱཿ བཅུ་གཅིག་སྨོན་ལམ་གདབ་ཅིང་ཚོགས་ལ་རོལ་བ་ནི། ཧོཿ རྣམ་དག་ཆོས་ཉིད་ཀྱི་ངང་ནས༔ ཆོས་ཅན་སྣོད་བཅུད་འཁོར་འདས་ལྷ་དང་ལྷ་མོ་རིག་འཛིན་སྤྲུལ་པ་དང་བཅས་པར་བཞུགས་པ་རྣམས༔ དམིགས་པ་མེད་པའི་ཐུགས་རྗེས་འདུ་འབྲལ་མེད་པར་བདག་ལ་དགོངས་སུ་གསོལ༔ འདིར་རྣལ་འབྱོར་འདུས་པའི་ལོངས་སྤྱོད་འདོད་ཡོན་རྒྱན་གྱི་རོལ་པར་སྣང་བ་རྣམས༔ ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དམ་ཚིག༔ ཟག་པ་མེད་པའི་བདུད་རྩི་སྦྱར་བ་འདི༔ རྒྱལ་བའི་སྐུ་རྣམ་པར་དག་པ་ལ་བཀྲེས་པ་མི་མངའ་ཡང་༔ རྣལ་འབྱོར་མཆོག་གི་དམ་ཚིག་རང་བྱུང་དག་པའི་དོན༔ ཞེན་པ་མེད་པའི་ཚུལ་གྱིས་རེ་དོགས་མེད་པར་འབུལ་ན༔ གཉིས་སུ་མེད་པའི་ཚུལ་གྱིས་བླང་དོར་མེད་པར་བཞེས་ནས་རྣམ་དག་ཆོས་ཉིད་ཀྱི་དབྱིངས་སུ་ཡེ་ཤེས་རོལ་པའི་ལོངས་སྤྱོད་རང་ལ་ཐིམ་པར་མཛད་དུ་གསོལ༔ དེ་ལྟར་གྱུར་པའི་བྱིན་གྱི་རླབས་ཀྱིས་ཚོགས་ཀྱི་གཞི་འཛིན་པའི་སྦྱིན་བདག་དང་༔ ཚོགས་ཀྱི་ལས་རྫོགས་ཤིང་མཐར་ཕྱིན་པར་མཛད་པའི་རྡོ་རྗེའི་སློབ་དཔོན༔ མཆེད་ལྕམ་དྲལ་རྣམས་ཀྱི་ཚོགས་རྣམ་པ་གཉིས་རྫོགས་ནས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉེས་ལྟུང་ཐམས་ཅད་ལས་གྲོལ་ཏེ༔ ཐེག་པ་ཆེན་པོའི་ལམ་མཐར་ཕྱིན་ནས་སངས་རྒྱས་པར་གྱུར་ཅིག༔ འདིར་ཡང་སྤང་བྱ་མི་འདོད་ཅིང་མི་མཐུན་པ་ཐམས་ཅད་མི་འབྱུང་ཞིང་༔ བསྒྲུབ་པ་གསང་སྔགས་ཐེག་པ་ཆེན་པོའི་གྲོགས་དང་རྒྱུར་གྱུར་པ་རྣམས་མངོན་དུ་འགྱུར་བ་དང་༔ རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་དུ་གསོལ༔ དེས་མཚོན་ནས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱང་གྲོགས་བླ་མ་དམ་པས་རྗེས་སུ་བཟུང་ནས༔ ཐེག་པ་ཆེན་པོའི་དོན་མངོན་དུ་བྱས་ནས་སངས་རྒྱས་པར་གྱུར་ཅིག༔ བརྡ་དང་བརྡ་ཡི་འབུལ་ལེན་བཅས་ཚོགས་ལ་རོལ། རྡོ་རྗེའི་གླུ་ལ་སོགས་པ་དབང་བཞིའི་སྤྱོད་པ་རང་ཉམས་དང་སྦྱར་ཏེ་བྱའོ། བཅུ་གཉིས་པ་དཀྱིལ་འཁོར་པ་ལ་མཆོད་བསྟོད་གསོལ་བ་གདབ་པ་ནི། མཆོད་ཁ་གསོས་ལ་འབྲུ་གསུམ་གྱིས་བརླབ། ཧཱུྃ༔ རྗེ་བཙུན་ཐོད་ཕྲེང་རྩལ་འཆང་འཁོར་བཅས་ལ༔ དགྱེས་པའི་མཆོད་པ་སྣ་ཚོགས་འབུལ་བ་ནི༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང་༔ ཞལ་ཟས་རོལ་མོ་དབྱངས་སྙན་མཆོད་པར་འབུལ༔ འགྲོ་བ་ཐུགས་རྗེས་བསྐྱང་ཕྱིར་བཞེས་སུ་གསོལ༔ སརྦ་པཱུ་ཛ་ཧོ༔ སརྦ་པཉྩ་ཨ་མྲྀ་ཏ་མ་ཧ་བ་ལིཾ་ཏ་མ་ཧཱ་རཀྟ་པཱུ་ཛ་ཁཱ་ཧི༔ ཧཱུྃ༔ ཆོས་དབྱིངས་སྤྲོས་བྲལ་རང་བཞིན་རྣམ་དག་ལས༔ མ་སྐྱེས་མི་འགག་མཁའ་ལ་འཇའ་ཚོན་ལྟར༔ ཡེ་ཤེས་སྐུར་སྣང་པདྨ་ཐོད་ཕྲེང་རྩལ༔ རང་བྱུང་བླ་མ་མཆོག་ལ་ཕྱག་འཚལ་བསྟོད༔ གདུང་བའི་དབྱངས་དང་མོས་གུས་བསྐྱེད་ལ། དངོས་གྲུབ་མཆོག་བརྙེས་རྗཻ་བཙུན་རིན་པོ་ཆེ༔ སྐུ་ནི་མི་གཡོ་ཚེ་ཡི་རིག་འཛིན་བརྙེས༔ གསུང་ནི་མི་འགགས་དྲག་སྔགས་དགོངས་པ་ལྡན༔ ཐུགས་ནི་མི་རྟོག་སྐྱེ་མེད་ཆོས་ཀྱི་དབྱིངས༔ ཡོན་ཏན་ལྷུན་གྲུབ་བླ་མེད་གྲུབ་མཆོག་བརྙེས༔ ཕྲིན་ལས་ཐོགས་མེད་ལྷ་སྲིན་དམ་ལ་འདོགས༔ པདྨ་ལས་བྱུང་རྫུ་འཕྲུལ་མཐུ་དང་ལྡན༔ པདྨ་འབྱུང་གནས་སྐུ་ལ་ཕྱག་འཚལ་བསྟོད༔ སྐུ་ཡིས་བྱིན་གྱིས་བརླབ་ཏུ་གསོལ༔ བདེ་ཆེན་ལུས་ལ་འབར་བར་བྱིན་གྱིས་རློབས༔ གསུང་གིས་བྱིན་གྱིས་བརླབ་ཏུ་གསོལ༔ ནུས་མཆོག་ངག་ལ་སྨིན་པར་བྱིན་གྱིས་རློབས༔ ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ༔ རྟོགས་མཆོག་སེམས་རྒྱུད་གྲོལ་བར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཀཱ་ཡ་བཱ་ཀ་ཙིཏྟ་སིདྡྷི་ཧཱུྃ་ཨཱ༔ ཞེས་བརྗོད་དབང་བསྐུར་སོགས་དགོས་ན་སྐབས་འདིར་བྱ། བཅུ་གསུམ་པ་ལྷག་མ་བཏང་བ་ནི། ལྷག་མ་གསོག་འཇོག་མེད་པར་བསྡུས་ལ། བྷྲཱུྃཿ ཨོཾ་ཨཱཿཧཱུྃ་ཞེས་པས་བྱིན་གྱིས་བརླབ་ཅིང༌། སྤྱན་དྲངས་པ་ནི། ཧྲཱིཿཧྲཱི༔ པདྨ་རྒྱལ་པོའི་བཀའ་འཁོར་ན༔ གནས་པའི་བྲན་གཡོག་ཕོ་ཉའི་ཚོགས༔ མཁའ་འགྲོ་གིང་དང་ལང་ཀའི་ཚོགས༔ དབང་ཕྱུག་མཁའ་འགྲོ་ཕྲ་མན་མ༔ ཤུགས་འགྲོ་མ་སྲིང་ཕོ་ཉའི་ཚོགས༔ ལྷག་མ་ཕུད་ཀྱི་བདག་པོ་རྣམས༔ ཐམས་ཅད་མ་ལུས་འདིར་འདུས་ཤིག༔ ཨོཾ་བཛྲ་ཨཱ་རལླི་ཧྲིཾ་ཧྲིཾ༔ བཛྲ་ཌ་ཀི་ནཱི་ཛཿཛཿ མཆོད་པ་འབུལ་བ་ནི། སློབ་དཔོན་པདྨའི་བཀའ་ཉན་ལྷག་མ་ལ་གཏོགས་པ་རྣམས་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧིཿ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཕྲིན་ལས་བཅོལ་བ་ནི། སངས་རྒྱས་ཀྱི་བསྟན་པ་སྲུངས༔ དཀོན་མཆོག་གི་དབུ་འཕང་སྟོད༔ མི་ནུབ་པའི་རྒྱལ་མཚན་ཚུགས༔ སྡང་བའི་དགྲ་ཐུལ༔ གནོད་པའི་བགེགས་ཆོམ༔ ཞིང་བཅུ་ཐལ་བའི་རྡུལ་བཞིན་རློག༔ རྣལ་འབྱོར་པའི་འཁོར་སྲུངས༔ རྐྱེན་ངན་དང་བར་ཆོད་ཟློག༔ ཚེ་དང་དབང་ཕྱུག་སྤེལ༔ བདག་ཅག་གི་བསམ་པ་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་ཨ་མྲྀ་ཏ་ཨོཾ་ཨཱཿཧཱུྃ༔ ཞེས་སྨན་རཀ་བསྲེས་ལ་ཁ་ཕྲུ་གདབ༔ ཧཱུྃ༔ དང་པོ་ཕུད་ཀྱིས་མི་མཆོད་དུ༔ པདྨ་འབྱུང་གནས་ཕུད་ཀྱི་བདག༔ བར་དུ་ཚོགས་ཀྱིས་མི་མཆོད་དུ༔ མ་དང་མཁའ་འགྲོ་ཚོགས་ཀྱི་བདག༔ ཐ་མར་ལྷག་མས་མི་མཆོད་དུ༔ བྲན་དང་ཕོ་ཉ་ལྷག་མའི་བདག༔ ལྷག་མ་ཁ་ཆུས་མི་བྲན་དུ༔ མ་སྲིང་དམ་ལས་འདས་ཀྱི་དོགས༔ རྣམ་གསུམ་གཅིག་ཏུ་མི་བསྲེ་རུ༔ ཆོས་ཀྱི་དབྱིངས་སུ་མཉམ་པ་ཉིད༔ ལྷག་མ་རྟིང་ལ་མི་སྦྱིན་དུ༔ ལས་ཀྱི་མཐའ་རྣམས་ཁྱོད་ལ་འཚལ༔ ལྷག་མའི་མཆོད་པ་འདི་བཞེས་ལ༔ སྔོན་གྱི་ཐུགས་དམ་མ་གཡེལ་བར༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ དབང་ཆེན་པདྨའི་འཁོར་དུ་གཏོགས་པ་ཡི༔ ཕྱི་འཁོར་སྐྱོང་བའི་སྲུང་མ་ཐུགས་དམ་ཅན༔ དབང་ཕྱུག་མཁའ་འགྲོ་གིང་དང་ལང་ཀ་ཡི༔ ཕྲ་མེན་ཤུགས་འགྲོ་མ་སྲིང་ཕོ་ཉའི་ཚོགས༔ ལྷག་སྡུད་གཏོར་ལེན་གཤིན་རྗེ་སྲིན་པོ་རྣམས༔ འཇིགས་པའི་ལུས་ལ་རྔམས་པའི་ཆ་བྱད་ཅན༔ ཉེས་ལེགས་སྟང་འཛིན་དམ་ཚིག་རྗེས་གཅོད་མ༔ རྫུ་འཕྲུལ་ཐོགས་མེད་དཔལ་གྱིས་ཕ་འབབ་སྡུད༔ ཏིང་འཛིན་དྲོད་ཉུལ་རྣལ་འབྱོར་ཚོགས་ཁང་འགྲིམ༔ རང་རང་སྲུང་མ་འཁོར་དང་བཅས་པ་རྣམས༔ ཞལ་ཟས་ཚོགས་ཀྱི་ལྷག་མ་འདི་བཞེས་ལ༔ ཇི་ལྟར་དབང་པོའི་ཕྲིན་ལས་གྲུབ་པར་མཛོད༔ ཨོཾ་ཨུཙྪིཥྟ་སརྦ་ཌཱ་ཀི་ནཱི་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ལྷག་མ་ཕྱིར་བསྐྱལ། དེ་ནས་ཆོས་སྲུང་གི་གཏོར་འབུལ་བྱས་ལ་རྩ་བའི་གཉིས་པ་ཆད་ཐོ་བསྐྱང་བ་ནི། ཧཱུྃ༔ སྔོན་ཚེ་སློབ་དཔོན་པདྨ་ཡི༔ སྤྱན་སྔར་དམ་བཅས་ཞལ་བཞེས་པའི༔ ལྷ་སྲིན་ཕོ་ཉ་དྲེགས་པའི་འཁོར༔ ཕོ་རྒྱུད་མོ་རྒྱུད་ལས་མཁན་ཚོགས༔ ཐ་ཚིག་བཞིན་དུ་དམ་ལ་འདུ༔ མཆོད་གཏོར་འདི་ལོངས་ཕྲིན་ལས་མཛོད༔ བྷྱོ༔ མཁའ་འགྲོ་འབུམ་སྡེ་ཉེ་རེ་རེ༔ ཞུབ་ཅན་སྟོང་སྡེ་སི་ལི་ལི༔ ཕོ་ཉ་གཏོར་ལེན་ཤ་ར་ར༔ ལ་ལ་གསེར་གྱི་སྐེད་ཆིངས་ཅན༔ ལ་ལ་གཡུ་ཡི་ལན་ཕྲན་ཅན༔ ལ་ལ་བྱེ་རུའི་འཕར་ཆག་ཅན༔ ལ་ལ་དངུལ་གྱི་སྐེ་རགས་ཅན༔ ལ་ལ་ཟངས་ཀྱི་ཐོད་གདེངས་ཅན༔ འདི་ལྟར་མ་ཚོགས་བསམ་ལས་འདས༔ ཕྱག་ན་གསེར་དངུལ་གཞོང་པ་བསྣམས༔ གཏོར་མ་བཏུད་ཅིང་བཏུད་ཅིང་ལེན༔ གཏོར་མ་འདི་ལོངས་ཕྲིན་ལས་མཛོད༔ སློབ་དཔོན་པདྨ་འབྱུང་གནས་ཀྱི༔ དྲུང་དུ་ཁས་བླངས་དམ་བཅས་བཞིན༔ དགྲ་དང་བདུད་དཔུང་ཞི་བར་མཛོད༔ ཐུགས་དམ་བཞིན་དུ་གཏོར་མ་ལོངས༔ དུས་ལ་བབ་ཀྱི་ཕྲིན་ལས་མཛོད༔ ཅེས་གཏོར་མ་ཕྱིར་བཏེགས། གསུམ་པ་རྟ་བྲོ་ནི་གཏོར་སྣོད་ཁ་སྦུབ་ལ་རྒྱ་གྲམ་གྱིས་མནན་ཏེ། ཧཱུྃ༔ ཆེ་མཆོག་པདྨ་ཐོད་ཕྲེང་རྩལ༔ དགྲ་བགེགས་སྒྲོལ་མཛད་འཇིགས་པའི་སྐུ༔ ཉོན་མོངས་དགྲ་བགེགས་རྡུལ་དུ་རློག༔ ཞབས་ཀྱི་བྲོ་བརྡུང་ཁྲིགས་སེ་ཁྲིག༔ ཆེ་མཆོག་རིགས་ལྔས་བྲོ་བརྡུང་པས༔ ནད་གདོན་བར་ཆོད་ཞི་གྱུར་ཅིག༔ ཚེ་དང་བསོད་ནམས་རྒྱས་གྱུར་ཅིག༔ སྣང་སྲིད་དབང་དུ་འདུས་གྱུར་ཅིག༔ དགྲ་བགེགས་འབྱུང་པོ་བརླག་གྱུར་ཅིག༔ ཨོཾ་ལྃ་ཧཱུྃ་ལྃ་སྟྭམ་བྷ་ཡ་ནན༔ བཞི་པ་བཏང་རག་གི་མཆོད་བསྟོད་བྱ་བ་ནི། མཆོད་ཁ་གསོས་ལ་འབྲུ་གསུམ་གྱིས་བརླབ། ཧཱུྃ༔ རྗེ་བཙུན་ཐོད་ཕྲེང་རྩལ་འཆང་འཁོར་བཅས་ལ༔ དགྱེས་པའི་མཆོད་པ་སྣ་ཚོགས་འབུལ་བ་ནི༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང་༔ ཞལ་ཟས་རོལ་མོ་དབྱངས་སྙན་མཆོད་པར་འབུལ༔ འགྲོ་བ་ཐུགས་རྗེས་བསྐྱང་ཕྱིར་བཞེས་སུ་གསོལ༔ སརྦ་པཱུ་ཛ་ཧོ༔ སརྦ་པཉྩ་ཨ་མྲྀ་ཏ་མ་ཧ་བ་ལིཾ་ཏ་མ་ཧཱ་རཀྟ་པཱུ་ཛ་ཁཱ་ཧི༔ ཧཱུྃ༔ ཆོས་དབྱིངས་སྤྲོས་བྲལ་རང་བཞིན་རྣམ་དག་ལས༔ མ་སྐྱེས་མི་འགག་མཁའ་ལ་འཇའ་ཚོན་ལྟར༔ ཡེ་ཤེས་སྐུར་སྣང་པདྨ་ཐོད་ཕྲེང་རྩལ༔ རང་བྱུང་བླ་མ་མཆོག་ལ་ཕྱག་འཚལ་བསྟོད༔ ལྔ་པ་ནོངས་བཤགས་སོགས་ནི། པདྨ་འབྱུང་གནས་འཁོར་བཅས་ལ༔ མ་རིག་ནོངས་གྱུར་བཟོད་པར་གསོལ༔ བག་མེད་ཉོན་མོངས་བཟོད་པར་གསོལ༔ ལྷག་ཆད་འགལ་འཁྲུལ་བཟོད་པར་གསོལ༔ ཐུགས་རྗེ་ཆེན་པོ་འགྲོ་བའི་མགོན༔ ཚངས་པ་ཆེན་པོའི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པ་བརྗོད། རྟེན་ཡོད་ན་འདིར་ནི་གཟུགས་དང་སོགས་བརྟན་བཞུགས་དང༌། མེད་ན་ཨོཾ༔ ཐུགས་རྗེའི་བདག་པོའི་གུ་རུ་རྗེ༔ སེམས་ཅན་དོན་མཛད་བདེ་ལ་བཀོད༔ སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་༔ སླར་ཡང་འབྱོན་པར་མཛད་དུ་གསོལ༔ ཨོཾ་གུ་རུ་དྷ་ཀི་ནཱི་བཛྲ་མུ༔ཞེས་ཡེ་ཤེས་པ་གཤེགས་ནས། ཛཿཧཱུྃ་བྃ་ཧོཿདམ་ཚིག་གི་དཀྱིལ་འཁོར་རང་ལ་ཐིམ༔ བདག་ཉིད་ལྷར་སྣང་བ་འོད་གསལ་གྱི་ངང་དུ་ཐིམ་པར་བསམ་ལ་དམིགས་མེད་བློ་བྲལ་ངང་ལ་བཞག སླར་ཡང་ཆུ་ལས་ཉ་ལྡང་བ་ལྟར་བླ་མའི་སྐུར་ལམ་གྱིས་གསལ་བའི་གནས་གསུམ་རྡོ་རྗེ་གསུམ་གྱི་ཡི་གེས་མཚན་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ དྲུག་པ་སྨོན་ལམ་ནི། བདག་གི་དགེ་བའི་རྩ་བ་འདིས༔ མཐའ་ཡས་སེམས་ཅན་ཐམས་ཅད་ཀུན༔ རིག་འཛིན་རྣམ་བཞི་མཐར་ཕྱིན་ནས༔ བླ་མེད་བྱང་ཆུབ་ཐོབ་པར་ཤོག༔ བདུན་པ་བཀྲ་ཤིས་ནི། ཨོཾ༔ སྐུ་གསུང་ཐུགས་རྫོགས་པདྨ་རྒྱལ་པོ་སྟེ༔ རིག་འཛིན་ཆེ་མཆོག་བཀྲ་ཤིས་གང་ལགས་པ༔ བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཞི་ཁྲོ་རབ་འབྱམས་ལྷ་ཚོགས་སྤྲུལ་པར་བཅས༔ ལྷག་པའི་ལྷ་མཆོག་བཀྲ་ཤིས་གང་ལགས་པ༔ བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ དངོས་གྲུབ་ཀུན་སྟེར་དཔའ་བོ་མཁའ་འགྲོའི་ཚོགས༔ བསམ་པ་ཀུན་འགྲུབ་བཀྲ་ཤིས་གང་ལགས་པ༔ བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཕུན་ཚོགས་བདེ་ཆེན་ལྷུན་གྲུབ་བཀྲ་ཤིས་ཤོག༔ བདེ་ལེགས་ཆོས་ལ་སྤྱོད་པའི་བཀྲ་ཤིས་ཤོག༔ ཅེས་བརྗོད་མེ་ཏོག་ཆར་དུ་བསྙིལ་བས་དགེ་ལེགས་སུ་བྱའོ། སྣང་སྤྱོད་ཐམས་ཅད་པདྨ་ཀ་རའི་སྐུ། །སྒྲར་གྲགས་རྡོ་རྗེའི་སྔགས་ཀྱི་དབྱངས་སུ་དག །དྲན་རྟོག་བདེ་སྟོང་ཐུགས་སུ་རྩལ་རྫོགས་ཏེ། །གསང་བ་གསུམ་གྱི་རྣལ་འབྱོར་མཐར་ཕྱིན་ཤོག ཅེས་པའང་༢༠༠༨ ལོར་བཀའ་བབས་སྐོར་བསྐྱར་བསྒྲིག་སྐབས། ༧འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་ཐུབ་བསྟན་ཆོས་རྒྱ་མཚོའི་ཞལ་སྔ་ནས་ཟབ་ཆོས་འདི་དག་ལ་ལོངས་སུ་སྤྱོད་པའི་སྐལ་བཟང་ཐོབ་པ་ཕུན་ཚོགས་རྣམ་རྒྱལ་པས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་རང་གནས་ཀྱི་ཁང་བུར༌། གཏེར་གཞུང་ལས་བཏུས་ཏེ་བཀླག་ཆོག་ཏུ་བསྡེབས་པའི་དགེ་བས་འགྲོ་ཀུན་པདྨ་འོད་དུ་བགྲོད་པའི་རྒྱུར་གྱུར་ཅིག། །།

[edit]

@#/__/kun bzang thugs gter las/__bla sgrub byin rlabs sgron me'i las byang yid bzhin nor bu bklag chog tu bkod pa zab lam sgo 'byed zhes bya ba bzhugs so/___phyogs dus rgyal ba kun gyi spyi yi gzugs/__/snyigs dus 'gro ba'i skyabs gcig chos kyi rje/__/rgyal ba mtsho skyes bla ma la btud nas/__/las byang yid bzhin nor bu'i phreng ba spel/__/de la thog mar dbang thob cing dam tshig la gnas nas sgrub pa lhur len pa'i rnal 'byor pas/__dben pa'i gnas su ji ltar rigs pa'i stegs bu la sku gsung thugs kyi rten bkram pa'i mdun du bla ma'i gtor chen rin po che 'bar ba dang sman raka tshogs kyi 'khor lo'i yo byad srung ma'i gtor 'bul dang chad tho sngon gtor dkar bgegs sogs tshogs par bya shing*/__dbang bskur sogs dang 'brel na de'i yo byad dbang chog ltar bsham/__khrus byas bde ba'i stan la 'dug__tshig bdun dang brgyud 'debs sngon du 'gro bas/__/cho ga dngos la sbyor dngos rjes gsum/_dang po sbyor ba la brgyad las thog mar skyabs sems ni/__thugs rje'i dbang gis 'gro don mdzad:__bla ma rnams la skyabs su mchi:__rang las ye shes shar ba'i sku:__yi dam lha la skyabs su mchi:__legs nyes stangs 'dzin bar chad sel:__mkha' 'gro'i tshogs la skyabs su mchi:__sngon nas bsags pa'i sdig sgrib bshags:__'gro don sangs rgyas 'thob bya snyam:__smon pa'i byang chub sems bskyed cing :__sems can yongs su smin bya'i phyir:__gsang sngags spyod pa rlabs chen spyad:__don dam spros bral byang chub sems:__rang byung mtha' bral stong gsal bsgom:__lan gsum/__gnyis pa gzhi bgegs la gtor ma bsngo ba ni/__rang nyid skad cig gis khro rgyal rta mgrin dmar po spyi btsug na rta mgo ljang gu rta skad rab tu 'tsher ba/__phyag na pad+ma dbyug tho dang thod khrag 'dzin pa/__dur khrod kyi rgyan dang ldan pa gzi brjid bskal pa'i me ltar 'bar bar gyur/__ra~M ya~M kha~M/__gtor gzhong rat+na'i gzhal yas su:__gtor ma 'dod yon phung por spungs:__oM AHhU~M:__gsum/__b+hU mi pa ti sa pA ri wa ra sa mA dzaHsa mgron spyan drangs/__b+hU mi pa ti sa pA ri wa ra a kA ro sogs lan gsum bsngos la/__khams gsum gnas pa'i lha dang klu:__gnod sbyin dri za lha ma yin:__gang dag rdzu 'phrul cher ldan rnams:__rdo rje'i snyan dang spyan mnga' ba:__sa la gnas pa'i 'byung po kun:__bdag ming 'di zhes bgyi ba yis:__sangs rgyas rnams la mchod pa dang :__sems can rnams la phan don du:__sa phyogs dge gnas 'di nyid du:__bla ma'i dkyil 'khor cher 'byung ba:__ji ltar bsams pa'i las byed pas:__dge ba'i grogs po nyid du mdzod:__ces brjod la dkar gtor phyi rol du mchod/__bgegs gtor/__oM AHhU~M hoH__lan gsum gyis brlab/__oM sarba b+hU ta a kar+Sha ya dzaHsamagron dgug__/oM sarba big+h+nAn na maHsarba sogs gsum gyis bsngos la bka' bsgo ba ni/__hrIHhU~M phaT:__hrIH__dus gsum bla mas byin brlabs pa'i:__bdag nyid dbang chen he ru ka:__rab brjid rgyan ldan gar dgus brjid:__hU~M phaT sgra sgrogs me dpung 'bar:__gdug pa'i tshogs 'joms bka' bsgo ba:__nyon cig bgegs dang log 'dren tshogs:__dngos grub bar chad byed pa rnams:__'di ru ma 'dug gzhan du dengs:__nga yi bka' las ma 'da' zhig:__ci ste mi 'gro 'dug gyur na:__rdo rje me dbal khros pa yis:__lus ngag rdul bzhin brlag par byed:__de bas ma gnas myur du dengs:__sarba big+h+nAn u tsa ta ya phaT:__sum b+ha nis bskrad:__gsum pa mtshams gcad pa ni/__hrI:__bdag nyid dpal chen thugs ka nas:__hU~M las 'od 'phros khro bo'i sku:__phyogs mtshams kun tu khengs pa yis:___bar chad bgegs rnams rdul du rlog:__rdo rje mtshon cha 'bar 'phros pas:__phyogs mtshams rdo rje mtshon chas gtams:__rlung yang 'gyu ba'i skabs med na:__bar chad bgegs kyis tshugs mi 'gyur:__khro bo mtshon cha'i 'od zer las:__bskal pa'i me dpung rab 'bar bas:__steng 'og phyogs mtshams kun tu 'bar:__bgegs rnams rdul phran bzhin du bsreg:__srung ba'i 'khor lo rab 'bar bsam:__hrIHhU~M badz+ra kro d+ha badz+ra tIk+Sha dz+wa la ram rak+Sha rak+Sha hU~M phaT:__bsrung bya srung byed ngo bos stong :__rtog bral rang grol chos sku'i mtshams:__brjod bral mnyam nyid ngang du bcad:__re dogs bgegs chen bral bar gyur:__bzhi pa mchod pa byin brlab ni/__ra~M ya~M kha~M:__sarba d+harma bi shud+d+ho\u0f85haM:__b+h+rU~M:__rin chen mtshan ldan snod mchog yangs pa ru:__sna tshogs thabs ldan mchod pa'i yo byad rnams:__shes rab zab mo'i ting 'dzin bsgom pa dang :__dus gsum rgyal ba kun gyi byin rlabs gyis:__phun sum tshogs pa mdzes shing rgya che ba'i:__gnyis med bdud rtsi chen por byin gyis brlabs:__oM AHbadz+ra ar+g+ha:_A ha ra:__puSh+pe:__d+hU pe:__A lo ke:__gan+d+he:__nai wi d+ya:__shab+da pU dza hU~M:__sman/__ya~M ra~M:__oM AHhU~M:__AHhU~M oM swA AMHhAH__s+pha ra Na phaT:_saM ha ra Na hU~M:_oM AHhU~M sarba pany+tsa a mr-i ta hU~M hU~M hrIHbi shud+d+ha a mr-i ta hU~M hrIHThAH__d+harma pany+tsa a mri ta hU~M hrIHThAH__badz+ra yak+sha kro d+ha dz+wa la ha na ha na hU~M phaT:__gtor ma/__b+h+rU~M:__oM AHhU~M:_ma hA ba lin+ta:__te dzo ba lin+ta:__ba la ba ti gu h+ya sa ma ye hU~M swA hA:__rak+ta/__a ka pA la b+hAn+d+ha b+h+rU~M:__ra rak+ta dz+wa la maN+Da la hU~M:__lnga pa tshogs rten spyan drangs pa ni/__b+h+rU~M rat+na maN+Da la:__sUr+Ya tsan+d+ra pad+ma maN+Da la oM AHhU~M:__sUr+Ya tsan+d+ra dzaH__oM badz+ra sa ma ya dzaH__hU~M:__u rgyan yul gyi nub byang mtshams:__pad+ma ge sar sdong po la:__ya mtshan mchog gi sku 'khrungs pa:__pad+ma 'byung gnas zhes su grags:__'khor du dpa' bo mkha' 'gros bskor:__khyed kyi rjes su bdag sgrub kyis:__byin gyis rlob cing gshegs su gsol:__gu ru badz+ra sa mA dza:__drug pa yan lag brgyad kyis tshogs bsags pa ni/__yang dag don du dag mod cing :__rtog pa'i dri ma mi mnga' yang :__sri zhu gus pa'i tshul gyis ni:__'gro ba'i don du sku bsil lo:__A ha ra ar+g+haM pra tIts+tsha swA hA:__mya ngan mi 'da' thugs rje yis:__nyon mongs mi spong gos pa med:__ma chags rang bzhin dag pas na:__pad+ma'i gdan la bzhugs su gsol:__badz+ra pad+ma ka ma lA ya s+t+wam:__skye shi gnyis spangs rdo rje lta bu'i sku:__sku gsung thugs la mi 'gyur g.yo ba med:__lus ngag yid gsum byin gyis rlob mdzad pa'i:__slob dpon pad+ma'i sku la phyag 'tshal lo:__bA da ban+d+ha naM ka ro mi:__dngos su 'byor dang yid kyis rnam sprul nas:__'dod yon rnam lnga rin chen bdun la sogs:__phyi nang gsang ba'i mchod sprin blos blangs nas:__bla ma sangs rgyas mchog la mchod par bgyi:__sarba pU dzaHho:__ma rig bdag gi lus dang ngag sems kyis:__bag med tshul gyis dam las 'gal gyur te:__phyi nang sdom dam nyams chag zhig gyur pa:__gnong zhing 'gyod pas bla ma'i spyan sngar bshags:__sku gsung thugs kyi rnam thar dpag med kyis:__'gro kun thar pa'i lam la 'god mdzad cing :__ma chags chosakyi 'khor lo bskor ba la:__gsol 'debs bskul zhing rjes su yi rang ngo :__thog med dus nas bskyangs pa'i ma rnams phyir:__bla med byang chub mchog tu sems bskyed de:__sa lam yon tan ma lus mngon gyur nas:__bsam bzhin mngon tu gyur par mdzad du gsol:__bdun pa dam bca' ba ni/__rgyud drug rang byung ye nas lha:__ma rtogs sdug bsngal 'khor ba yi:__'gro ba'i don du bla ma lha:__'du 'bral med par bsgrub par bgyi:__brgyad pa byin dbab pa ni spos rol dbyangs dang bcas pas/__hrIH__bla ma sangs rgyas 'dus pa'i sku:__rje btsun pad+ma thod phreng rtsal:__'khor ba'i skyabs mchog 'gro ba'i mgon:__bla med mchog gi dngos grub stsol:__oM AHhU~M badz+ra gu ru pad+ma sid+d+hi hU~M:__gu ru d+he ba DA ki nI badz+ra sa ma ya dza:__sid+d+hi pha la hU~M A:__dzaHhU~M ba~M hoH__gnyis pa dngos gzhi la brgyad las thog mar dam tshig pa bskyed pa ni/__hU~M:__chos nyid stong gsal rnam dag nam mkha'i klong :__gdod nas ma skyes spros pa'i mtha' dang bral:__de nyid ma rtogs snrel zhi 'khor ba la:__snying rje byams pa'i 'od zer nyi 'od gsal:__stong nyid snying rje'i snying po yi ge hU~M:__ma 'gags rang gsal rig pa'i ngo bor shar:__hU~M:__de las 'od 'phros snod bcud zhen rtog sbyangs:__ma lus 'od gyur rnam dag hU~M la thim:_hU~M las e 'phros 'byung ba nam mkha'i klong :__chos nyid rnam par dag pa'i ngang du bsgom:__hU~M las ya~M 'phros 'byung ba rlung gi dal:__skyod byed thogs med klong yangs 'khyil par bsgom:_hU~M las ra~M 'phros 'byung ba me chen 'bar:__smin byed stobs ldan ye shes ngang 'bar bsgom:__hU~M las kha~M 'phros 'byung ba chu yi klong :__sdud byed rnam dag rgya mtsho rba klong 'khyil:__hU~M las la~M 'phros rin chen ri rab dag:__brtan byed brjid ldan mi 'gyur mi g.yo bsgom:__de steng yangs par hU~M las 'od 'phros pas:__ye shes rdo rje me ri gur khang dbus:__b+h+rU~M las rin chen 'bar ba'i gzhal yas khang :__rin chen sa gzhi pad+ma brdal ba'i steng :__rtsig pa 'dod yon pha gu drwa ba dang :__drwa phyed mnga' yab rin chen sna lngar ldan:__sgo bzhi rta babs brgyad ldan chos 'khor brgyan:__rin chen ka gdung thog phub 'od lnga gsal:__rgya yangs ma chad rin chen tog dang ldan:__nyi 'od ltar gsal 'ja' tshon 'khor yug ldan:__khyams dang gru chad phyogs bzhi'i sgo rnams dag:__dkar ser dmar ljang kha dog ma 'dres gsal:__dbus nyid mthing ga baiDUr sa gzhi'i steng :__rin chen zur brgyad gser mdog 'od zer 'bar:__lte ba yangs par tsakra rtsibs bzhi pa:__rdo rje'i mu khyud rtsibs bzhi phyogs kyi mdog:__lte bar chu skyes rin chen khrir bcas pa:__seng ges btegs steng nyi zla 'od gsal gdan:__de steng hU~M nyid 'phros 'dus yongs gyur pas:__thugs mchog rdo rje rigs kyi thod phreng rtsal:__zhal gcig phyag gnyis gar gyi nyams dang ldan:__mthing nag sku la rin chen rus pas brgyan:__phyag g.yas rdo rje g.yon pas dril bu 'dzin:__thabs mchog rgyal po yab kyi mdun nyid du:__gsang ba'i yum mchog rdo rje mkha' 'gro ma:__dmar mo phyag g.yas gri gug 'phyar:__g.yon pas thod khrag gtso la stob:__khrag zhag thig le rus pa'i rgyan ldan pa:__shes rab bde chen yab kyi sku la 'khril:__bde stong dbyer med gsal la rtog med bsgom:__yab kyi gsang ba rdo rje hU~M gis mtshan:__yum gyi gsang ba pad+ma AM dang ldan:__mnyam sbyor bde stong 'od kyi 'phro 'du las:__dkar ser dmar ljang hU~M bzhi phyogs bzhir 'phros:__'khor lo rtsibs bzhir chu skyes rin chen khri:__glang chen rta dang rma bya mkha' lding gis:__btegs pa'i steng du nyi zla 'od gsal gdan:__steng du hU~M bzhi yongs gyur pas:__shar du 'khor lo thod phreng rtsal:__dkar po 'khor lo dril bu 'dzin:__bud+d+ha mkha' 'gro yum dang sbyor:__lho ru rin chen thod phreng rtsal:__gser mdog rin chen dril bu 'dzin:__rin chen mkha' 'gro yum dang sbyor:__nub tu pad+ma thod phreng rtsal:__rA ga pad+ma dril bu 'dzin:__pad+ma mkha' 'gro yum dang sbyor:__byang du karma thod phreng rtsal:__ljang gu rgya gram dril bu 'dzin:__karma mkha' 'gro yum dang sbyor:__rgyan dang cha lugs gtso dang mthun:__ye shes me 'od klong na bzhugs:__spyan gsum khro 'dzum 'gying bag can:__'od dang gzi brjid 'bar ba bsgom:__rtsibs mchan bzhi la shugs 'gro bzhi sngo ser dmar ljang bzhi:__dur khrod rgyan ldan mdzes pa bskyed:__yid bzhin rin chen zur brgyad steng :__sprul pa'i mtshan brgyad shar du pad+ma rgyal po dkar/__shar lho nyi ma 'od zer dmar ser/__lhor blo ldan dkar ser/__lho nub tu thod phreng sngo skya/__nub tu shAkya seng+ge ser po/__nub byang du mtsho skyes dmar skya/__byang du rdo rje gro lod dmar ljang*/__byang shar du seng ge sgra sgrogs mthing ga__/thams cad longs sku gar stabs/__rdo rje thod khrag kha T+wA~M can no/__'khor gyis bskor:__blo 'bur bzhi la mkha' 'gro ni shugs 'gro bzhi dang gsang yum bzhi 'khril sbyor du 'dug go:__nyi ma sngo skya spyan gcig man+d+hA ra dmar ser:__ma mo dud kha rdo rje sman gcig ma ljang nag:__rigs bzhi'i tshul 'chang rgyan ldan bsam:__gru chad bzhi la gnas pa ni:__rgya mtsho'i gling gi mkha' 'gro ma:__zhi ba mtsho sku mdog ma nges pa/__gar thabs gri thod kha T+wA~M can/__dar dang rus rgyan gyis brgyan pa'o dang bdud 'dul ma:__ye shes mkha' 'gro la sogs bsam:__thams cad gcer bu rus rgyan can:__gri gug thod pa kha T+wA~M 'dzin:__bar khyams phrin las bzhi yi lha:__ging chen sde bzhi dpa' mo sde bzhi dang :__bdag skyobs lha dang rig 'dzin dang :__chos skyong srung ma ma lus bsam:__sgo bzhir ye shes sgo ma bzhi:__rgyal chen bzhi dang mnyam par sbyor:__'gugs 'dren 'ching sdom las mdzad bsam:__steng gi cha phyogs nam mkha' la:__phyogs bcu'i rgyal ba sras bcas bsam:__bar snang sgrub chen bka' brgyad lha:__khro bo khro mo'i tshogs bcas bsam:__phyi rol 'od kyi 'khor yug la:__sprul pa'i zhing khams dpag med bsam:__dur khrod brgyad kyis yongs su bskor:__brda rtags sprul pa'i 'khor lo bsgom:__gtso bo'i spyi bor kun bzang sku:__rigs bdag phyag rgyar bsgom bya zhing :__klad khang mgrin pa snying ga ru:__rnam snang mtha' yas mi bskyod pa:__sku gsung thugs kyi bdag por bsgom:__kun gyi thugs kar yi ge hU~M:__rang rang mdog ldan gsal bar bsam:__gtso bo'i mdun du dbang chen sku:__dmar smug 'od zer rab tu 'bar:__pad+ma thod khrag 'dzin byed cing :__dur khrod rgyan spras rta zhal ldan:__srid gsum dbang du sdud byed bsgom:__ye shes lnga dang sku gsung thugs:__ye nas lhun grub dbang byin rdzogs:__hU~M oM swA A~MHhA:__oM AHhU~M:__gnyis pa ye shes pa spyan drangs pa ni/__'od kyis dbyings nas ye shes pa:__spyan drangs bstim zhing brtan par bzhugs:__rol mo'i sgra bsgrag/__dar gyis g.yab/__spos sna tshogs dang gsur chen btang*/__gdung ba'i dbyangs dang bcas pas/__hU~M:__yul gyi ming ni u rgyan yul:__d+ha na ko Sha'i mtsho gling du:__pad+ma ge sar sdong po la:__ya mtshan mchog gi dngos grub brnyes:__pad+ma 'byung gnas zhes su grags:__'khor du mkha' 'gro mang pos bskor:__khyed kyi rjes su bdag sgrub kyis:__byin gyis rlobs phyir gshegs su gsol:__rmongs pa'i mun pa sel mdzad pa:__nyi ma 'od zer grags pa byon:__shes bya kun la ma rmongs pa'i:__blo ldan mchog sred gshegs su gsol:__bdud dang mu stegs tshar gcod pa:__'phags pa seng ge sgra sgrogs byon:__log 'dren gdug pa 'dul mdzad pa:__shAkya seng ge gshegs su gsol:__ma chags skyon gyis ma gos pa'i:__pad+ma thod phreng rtsal du grags:__yon tan thams cad rab rdzogs pa:__pad+ma saM b+ha gshegs su gsol:__'khor 'das kun la dbang sgyur ba'i:__pad+ma rgyal po zhes kyang bya:__bod kyi yul du byon pa'i tshe:__gsang mtshan rdo rje gro bo lod:__byin gyis rlob cing gshegs su gsol:__badz+ra ma hA gu ru sa ma ya dza:__skye med chos dbyings pho brang nas:__stong nyid ye shes mkha' 'gro ma:__ye shes mkha' 'gro 'bum gyis bskor:__byin gyis rlob cing gshegs su gsol:__lus gnad rtsa yi pho brang nas:__sems nyid ye shes mkha' 'gro ma:__bde stong ye shes dbyer med pa'i:__mkha' 'gro 'bum dang gshegs su gsol:__shar rdo rje rigs kyi pho brang nas:__rdo rje rigs kyi mkha' 'gro ma:__mkha' 'gro 'bum dang bcas te gshegs su gsol:__lho rin chen rigs kyi pho brang nas:__rin chen rigs kyi DA ki ma:__DA ki 'bum dang bcas te gshegs su gsol:__nub pad+ma rigs kyi pho brang nas:__pad+ma rigs kyi DA ki ma:__DA ki 'bum dang bcas te gshegs su gsol:__byang las kyi rigs kyi pho brang nas:__las kyi rigs kyi DA ki ma:__DA ki 'bum dang bcas te gshegs su gsol:__dur khrod chen po'i gnas brgyad nas:__mkha' 'gro sde brgyad gshegs su gsol:_zhub can stong sgra si li li:__mkha' 'gro 'bum sde thibs se thib:__dpa' bo bro brdung khrabs se khrab:__dpa' mo glu len kyu ru ru:__gdugs dang rgyal mtshan thibs se thib:__dbu skra thor tshugs shigs se shig:__dar gyi cod pan pu ru ru:__dung gi rna cha wangs se wang :__gser gyi gdu bu si li li:__sil snyan mang po khro lo lo:__rgyan cha mang po khro lo lo:__DA ru cang te'u khro lo lo:__glu len gar byed khyugs se khyug:__byin gyis rlob cing gshegs su gsol:__gnas mchog 'di ru byin phob la:__sgrub mchog bdag la byin gyis rlobs:__bgegs dang log 'dren bar chad sol:__mchog dang thun mongs dngos grub stsol:__gu ru d+he wa DA ki nI sa ma ya dzaHhU~M ba~M hoH__gsum pa zhabs bsil dbul ba ni bzed zhal du dbul la/__yang dag don du dag mod cing :__rtog pa'i dri ma mi mnga' yang :__sri zhu gus pa'i tshul gyis su:__'gro ba'i don phyir sku bsil lo:__ar+g+haM A ha ra pU dzaHhU~M:__bzhi pa bzhugs su gsol ba ni/__hU~M:__rin chen gzhal yas nyams re dga':__dur khrod gzhal yas byin re che:__pad+ma 'dab brgyad mdangs dang ldan:__nyi zla kha sbyor 'od re gsal:__rtog med ro ldan bag re dro:__bzhugs pa'i gnas su dang re spro:__slob dpon mkha' 'gro ging gi tshogs:__byin gyis rlob cing brtan par bzhugs:__mos pa'i bu la zhal bstan 'tshal:__gsung gis gdams pa'i gnad bsgrag 'tshal:__'gro ba'i don du sku bzhugs 'tshal:__oM AHhU~M badz+ra gu ru pad+ma sid+d+hi hU~M:__DA ki nI sa ma ya tiSh+Tha lhan:__lnga pa brda phyag 'tshal ba ni/__hU~M:__skye shi gnyis spangs rdo rje lta bu'i sku:__sku gsung thugs ldan cir yang sprul pa'i sku:__rdzu 'phrul stobs ldan lha srin dam la 'dogs:__slob dpon pad+ma'i sku la phyag 'tshal lo:__rnam shes gnas gyur zhe sdang rnam dag pas:__me long ye shes badz+ra thod phreng rtsal:__rdo rje'i rigs mchog nyon mongs zhe sdang sbyong :__thugs mchog pad 'byung thugs la phyag 'tshal lo:__gzugs phung gnas gyur gti mug rnam dag pas:__chos dbyings ye shes bud+d+ha thod phreng rtsal:__de bzhin rigs mchog nyon mongs gti mug sbyong :__sku mchog pad 'byung sku la phyag 'tshal lo:__tshor phung gnas gyur nga rgyal rnam dag pas:__mnyam nyid ye shes rin chen thod phreng rtsal:__rin chen rigs mchog nyon mongs nga rgyal sbyong :__yon tan pad 'byung gter la phyag 'tshal lo:__'du shes gnas gyur 'dod chags rnam dag pas:__kun rtog ye shes pad+ma thod phreng rtsal:__pad+ma'i rigs mchog nyon mongs 'dod sred sbyong :__gsung mchog pad 'byung gsung la phyag 'tshal lo:__'du byed gnas gyur phra dog rnam dag pas:__bya grub ye shes karma thod phreng rtsal:__las kyi rigs mchog nyon mongs khong khro sbyong :__phrin las pad 'byung grub la phyag 'tshal lo:__chos dbyings rnam dag nam mkha'i dkyil 'khor nas:__'das dang ma byon da lta dus gsum gyi:__phyogs bcu'i sangs rgyas byang chub sems dpa'i tshogs:__rgyal ba rgya mtsho'i tshogs la phyag 'tshal lo:__skye med rnam par dag pa'i mkha' dbyings nas:__rang byung ye shes shugs kyis 'gro mdzad cing :__chos dbyings rnam par dag pa'i mkha' dbyings nas:__gnyis med bde stong rang byung shugs kyis 'gro:__ye shes DA ki rnams la phyag 'tshal lo:__chos nyid don dam rnam dag mkha' dbyings nas:__rig pa'i ye shes thabs kyis 'gro ba'i dpal:__ma bcos shugs las byung ba sprul pa'i tshogs:__mkha' 'gro dam can rnams la phyag 'tshal lo:__gu ru d+he wa DA ki nI sa ma ya ho:__drug pa mchod pa 'bul ba la phyag rgya gar mchod ni/__che mchog pad+ma thod phreng rtsal:__sku gsung thugs kyi gar dang ldan:__phyag rgya bzhi dang mnyam par sbyor:__dang po las kyi phyag rgya ste:__gnyis pa dam tshig phyag rgya'o:__gsum pa chos kyi phyag rgya ste:__bzhi pa dbyer med phyag rgya che:__phyag rgya gar gyi mchod pa 'bul:__ma hA muM dra nIrti pU dza hU~M:__maN+Dal 'bul ba ni/__hU~M:__mdzes pa'i zhing khams phyi nang mchod pas brgyan:__yid 'ong rgya chen mchod pa ji snyed pa:__bdag gzhan lus ngag yid gsum lha la 'bul:__'gro ba'i don du dgyes pas bzhes su gsol:__rat+na maN+Da la pU dza ho:__phyi mchod rnams rim par 'bul ba las nyer spyod ni/__hU~M:__u rgyan chen po pad+ma 'khor bcas la:__dges pa'i mchod pa sna tshogs 'bul ba ni:__me tog bdug spos mar me dri chab dang :__zhal zas rol mo dbyangs snyan mchod pa 'bul:__'gro ba thugs rjes bskyang phyir bzhes su gsol:__'dod yon drug 'bul/__mdzes pa'i gzugs dang snyan pa'i sgra dbyangs dang :__tshim pa'i dri dang bda' ba'i ro mchog dang :__reg 'jam na bza' chos dbyings lha mo sogs:__'dod yon nam mkha' gang ba'i mchod pa 'bul:__'gro ba thugs rjes bskyang phyir bzhes su gsol:__rgyal srid sna bdun/__phun sum tshogs pa'i 'khor lo btsun mo dang :__nor bu rin chen blon po glang po rta:__dmag dpon gter gyi bum pa dpag bsam shing :__'dod 'jo'i ba sogs rin chen sna tshogs 'bul:__'gro ba thugs rjes bskyang phyir bzhes su gsol:__bkra shis rtags brgyad/__rin chen gdugs mchog bkra shis gser nya dang :__pad+ma mdangs ldan dung dkar g.yas su 'khyil:__bum bzang dpal be'u g.yung drung 'khyil ba dang :__rdo rje rgyal mtshan 'khor lo la sogs 'bul:__'gro ba thugs rjes bskyang phyir bzhes su+u gsol:__bla re yol ba dar dpyangs lhab lhub dang :__rin chen phreng ba dril bu g.yer kha sogs:__ba dan 'phan dar rnga yab khri gdan bcas:__dges pa'i rol mo mnyes pa'i yo byad 'bul:__'gro ba thugs rjes bskyang phyir bzhes su+u gsol:_lha klu mi sogs 'gro ba pho mo rnams:__mdzes pa'i yid 'ong rgyan dang ldan pa dang :__sa chu me rlung nam mkha' nyi zla'i 'od:__rtsi bcud lo tog snang srid mchod pa 'bul:__'gro ba thugs rjes bskyang phyir bzhes su gsol:__sarba pU dza ho:__nang sman gtor rak+ta'i mchod pa las sman mchod ni/__rdo rje slob dpon gsan cing dgongs su gsol:__rang gi dam tshig bskang ba'i phyir:__rang gi slob dpon gnyan la mchod:__spyi gtsug rgyan du bzhugs su gsol:__yi dam lha tshogs gsan cing dgongs su gsol:__rang gi sems nyid rtogs bya'i phyir:__rang gi yi dam gnyan la mchod:__snying gi pad+mar bzhugs su gsol:__ma mo mkha' 'gro gsan cing dgongs su gsol:__rang gi dngos grub thob bya'i phyir:__rang gi mkha' 'gro gnyan la mchod:__lte ba'i gnas su bzhugs su gsol:__gdod nas rnam par dag pa'i phyir:__gtsang sme'i rnam rtog kun dang bral:__thabs chen ye shes sha chen lnga:__shes rab chos dbyings bdud rtsi lnga:__'byung ba'i bcud dang dam tshig rdzas:__gnyis su med par mnyam sbyar nas:__bla ma yi dam mkha' 'gro rnams la 'bul:__dges chen mchog gis bzhes su gsol:__oM sarba pany+tsa a mr-i ta khA hi:__bla ma yi dam mkha' 'gro yi:__sku gsung thugs kyi dngos grub stsol:__skye med sku la 'gag med gsung :__spros bral thugs kyi dngos grub stsol:__kA ya sid+d+hi oM:__wA ka sid+d+hi A:__tsit+ta sid+d+hi hU~M:__gtor ma 'bul ba ni/__hU~M:__mtshan ldan thod pa snod kyi 'jig rten du:__ro mchog ldan pa bcud kyi longs spyod rnams:__ye shes lnga ldan gtor mar byin brlabs te:__bla ma yi dam mkha' 'gro rnams la 'bul:__bzhes nas bla med mchog gi dngos grub stsol:__ma hA ba lin+ta pU dza kha raM khA hi:__rak+ta 'bul ba ni/__hU~M:_bde stong rnam dag thugs rje chags pa'i dbyings:__sbyor sgrol rang byung dmar chen rak+ta 'di:__'khor ba'i gzhi rtsa dbyings su bcad bya'i phyir:__bla ma yi dam mkha' 'gro rnams la 'bul:__dbang drag phrin las thugs rje'i dngos grub stsol:__ma hA rak+ta pU dza kha raM khA hi:__gsang mchod sbyor sgrol gnyis las sbyor mchod ni/_hrIH__snang ba yab la stong pa yum:__dbyer med bde chen byang chub sems:__rtsa bral 'dod sred zhen pa dag:__bde chen mnyam sbyor rol pa'i mchod par bzhes:__lhan skyes bde chen dngos grub stsol:__dz+nyA na d+hA tu bo d+hi tsit+ta ma hA su kha pU dza ho:__bsgral mchod ni/_hU~M:__'gro drug sems su gsal brtags nas:__rtsa bral skye med ngang las 'khrul pa'i sems:__'gag med ye shes rig pa'i rtsal gyis bsgral:__nga bdag rtsad bcad bsgral ba'i mchod pa 'bul:__skye med rang grol chos sku'i sid+d+hi stsol:__duHkha a ma ra pU dza ho:__de kho na nyid kyi mchod pa la snang stong gnyis las snang ba longs spyod rgyan gyi mchod pa ni/__mnyam pa'i grub rdzas chen po dag:__bdag dang mnyam pa'i tshogs la dbul:__bza' dang bca' dang btung dang bgo:__longs spyod lnga ldan thams cad kun:__dag mnyam rtogs pa'i mchod par bzhes:__sgo lnga'i zhen 'dzin dag pa'i dngos grub stsol:__stong pa ngo bo nyid kyi mchod pa ni/___chos sku rnam dag bla ma dgongs su gsol:__snod bcud rang byung chos kyi dbyings:__ma skyes spros bral ngo bo nyid:__rang snang mnyam nyid rang bzhin mchog:__ma 'gags rang gsal mtshan nyid can:__gnas lugs sku gsum dbyer med mchod pa 'bul:__sku bzhi mngon du 'gyur bar byin gyis rlobs:__bdun pa bstod pa ni/__hU~M:__chos dbyings spros bral rang bzhin rnam dag las:__ma skyes mi 'gag mkha' la 'ja' tshon ltar:__ye shes skur snang pad+ma thod phreng rtsal:__rang byung bla ma mchog la phyag 'tshal bstod:__zhing khams dpag med nam mkha'i mtha' klas par:__gdul bya dpag med mos pa tha dad kyi:__bsam pa'i khyad par ji bzhin don mdzad pa:__rang byung sprul pa'i sku la phyag 'tshal bstod:__chos dbyings rgya mtsho rgya chen klong yangs las:__rnam dag skyon bral dpag bsam pad sdong la:__ye shes rang gsal yid bzhin mchog gi sku:__mtsho skyes rdo rje pad+ma mchog la bstod:__sku mdog phyag mtshan gcig tu ma nges cir yang ston:__la lar thugs rje rnam dag zhi ba'i skur bstan nas:__gdul bya'i tshogs 'dren thar pa'i sa la phyin par mdzad:__'jig rten chos brgyad nyon mongs zhi bar mdzad la phyag 'tshal bstod:__la lar skyon bral yon tan rgyas pa'i skur bstan nas:__thugs rje'i stobs dang smon lam dpag tu med pa'i mthus:__rang rang re 'dod yongs rdzogs yid bzhin nor bu'i tshul:__tshe 'byor ye shes rgyas par mdzad la phyag 'tshal bstod:__la lar dbang sgyur dbang mdzad dbang gi skur bstan nas:__thugs rje'i dbang gis gdul bya gdug pa'i tshogs rnams kun:__dbang du sdud mdzad phrin las lhun grub dbang gi sku:__'khor 'das dbang sgyur pad+ma dbang la phyag 'tshal bstod:__dug gsum rags pas 'khor bar gdug pa'i bsam sbyor can:__khro ba gdul phyir gtum drag 'jigs pa'i skur bstan nas:__gdug pa tshar gcod dug lnga nga bdag rtsad nas 'byin:__bdud 'dul rdo rje drag po rtsal la phyag 'tshal bstod:__phrin las lnga rdzogs sku lnga ye shes lhun gyis grub:__dug lnga rnam dag ye shes lnga ldan rgyal ba'i sku:__'gro lnga rjes 'dzin thar pa'i lam lnga ston par mdzad:__phrin las yongs rdzogs thod phreng rtsal la phyag 'tshal bstod:__chos nyid don dam rnam dag mkha' dbyings la:__rig pa'i ye shes rang byung shugs kyis 'gro:__'byung lnga rnam dag bde chen yum gyi tshul:__sder bcas mkha' 'gro rnam lnga'i tshogs la bstod:__rgyal ba'i 'khor skyong bka' yi tha tshig can:__nyams kyi drod nyul dam can grogs mdzad cing :__dam tshig nyams pa'i gshed ma dregs pa'i tshogs:__bka' nyan srung ma'i tshogs la phyag 'tshal bstod:__brgyad pa bzlas pa bya ba ni/__rang gi thugs ka'i sa bon las:__'od 'phros 'phags pa'i thugs dam bskul:__thams cad gsang sngags sgrar ldan pas:__'gro kun bde la 'god pa'i blos:__gsang sngags dag cing bsal bar bzla:__oM AHhU~M:__badz+ra gu ru pad+ma thod phreng rtsal badz+ra sa ma ya dzaH__sid+d+hi pha la hU~M A:__zhes bsnyen sngags dang*/__oM AHhU~M:__badz+ra gu ru pad+ma thod phreng rtsal badz+ra sa ma ya dzaH__sid+d+hi pha la hU~M A:__hrIHma ha ri ni sa:__ra tsa hri ya hU~M dza:__zhes rtsa ba'i bsnyen pa sham bu dang bcas pa dang*/__/oM AHhU~M bud+d+ha thod phreng rtsal badz+ra sa ma ya dzaH__sarba pA paM shAn+tiM ku ru ye swA hA:dang*/__oM AHhU~M:__rat+na thod phreng rtsal badz+ra sa ma ya dza:__A yuHdz+nyA na puN+ye puSh+tiM ku ru ye swA hA:dang*/__oM AHhU~M:__pad+ma thod phreng rtsal badz+ra sa ma ya dzaH__a n+ri tr-i pa shaM ku ru ye swA hA:dang*/__oM AHhU~M:__badz+ra thod phreng rtsal badz+ra sa ma ya dzaH__nr-i tri sha trUM mA ra ya phaT:dang*/__oM AHhU~M:__karma thod phreng rtsal badz+ra sa ma ya dzaH__karma sid+d+hi hU~M hU~M:rnams ni las sbyor te/__mchog sgrub pa la rtsa ba'i bsnyen pa 'bum phrag bcu gcig la sogs bzla/__de nas sham bu btags te mkha' 'gro bsgrub/__de la rtags mtshan grub par mngon pa dang dngos grub blang*/__de nas las bzhi'i bsnyen pa rim par 'bum phrag re bzla bar gsungs/__thun mthar dbyangs gsal rten snying yig brgyabarjod pas nus pa brtan par byas la 'og nas 'byung ba'i mchod bstod mdor bsdus bya/__mtshams 'dir spro na bshags skong ci rigs dang*/__bka' gter srung ma'i gtor 'bul spyi dang bye brag spu gri mched gsum dang dam can gtor 'bul kyang bya/__gsum pa rjes kyi bya ba la bdun las dang po tshogs kyi mchod pa la bcu las/__ma dA na dang ba la sogs dam tshig gi rdzas su 'os pa'i tshogs kyi yo byad 'du byas la/__dang po dam med pa'i bgegs bsal ba ni/__hU~M:_rdo rje 'du bar 'dus pa yi:__theg mchog dam pa'i rigs can rnams:__bla 'og rim pa ji bzhin du:__rdo rje gsang ba'i gral 'khod de:__rigs ma yin par rigs mi 'gyur:__rigs can rnams kyi dam tshig ni:__rigs med pa la 'bab mi 'gyur:__de las 'das na de rlag byed:__de las skal ldan tshogs 'khod la:__dam med pa rnams phyir dengs shig:__sa ma ya:__sa ma ya:__dam med uts+tsha ta ya phaT:__gnyis pa mtshams bcad pa ni/__hU~M hU~M hU~M:__steng yang hU~M gi rang bzhin la:__'og kyang hU~M gi rang bzhin no:__phyogs mtshams hU~M gi rang bzhin las:__steng yang dpa' bo dpa' mos gang :__'og kyang dpa' bo dpa' mos gang :__phyogs mtshams dpa' bo dpa' mos khengs:__dpa' bo dpa' mo'i rang bzhin la:__bar chad bgegs kyi ming yang med:__dpa' bo dpa' mo'i rol mtshams las:__'das na thal bar brlag par 'gyur:__bar chod bgegs sogs smos ci dgos:__hU~M hU~M hU~M:__gsum pa tshogs byin gyis brlab pa ni/__hU~M:__chos sku rnam dag skye ba med pa la:__longs sku 'gag med 'od dpag med du shar:__sna tshogs sprul pa ma hA gu ru'i sku:__che mchog pad+ma dpal gyi thugs ka nas:__ra~M ya~M kha~M gsum yig 'bru'i 'phro 'du yis:__tshogs kyi zhal zas 'dod pa'i longs spyod rnams:__mi gtsang dri ma nyes pa'i skyon rnams kun:__bsreg dang gtor dang bag chags sbyang bar bya:__badz+ra dz+wa la raM:__ya~M s+pha ra Na phaT:__kha~M bi shud+d+ho\u0f85haM:__hU~M:__rang gi thugs ka'i sa bon las byung ba'i:__ya~M ra~M ka~M dang a yi 'phro 'du las:__rlung me thod sgyed b+han+d+ha'i nang du ni:__bcud kyi snying po yi ge 'bru gsum bsam:__hU~M:__b+han+d+ha mtshan ldan rin chen snod nang du:__oM dang AHhU~M yi ge'i 'phrau 'du las:__tshogs kyi zhal zas sha lnga bdud rtsi lnga:__zag med ye shes bdud rtsi'i rgya mtsho las:__'dod pa'i yon tan lnga dang ldan pa ru:__rgyal ba'i thugs dam bskang phyir byin gyis rlobs:__oM A hU~M sarba ma hA pany+tsa a mr-i ta hU~M hrIHthA:__bzhi pa tshogs rten spyan drangs pa n-i mos gdung drag pos 'di skad do/__hU~M:__nub phyogs u rgyan dur khrod chen po nas:__gnas gsum mkha' 'gro sprin tshogs 'dus pa'i dbyings:__chags bral pad nyi ro yi gdan steng nas:__rngams brjid stobs ldan pad+ma thod phreng rtsal:__dus ngan snyigs ma'i 'gro ba 'dul ba dang :__bdag cag rjes 'jug thugs rjes bzung slad du:__zhal zas longs spyod tshogs la spyan 'dren na:__thugs rje rdzu 'phrul ldan pa'i sku bskyod la:__byin rlabs dngos grub 'bebs phyir gshegs su gsolaH__dga' bde ye shes rgyud la spor ba'i phyir:__phag mo yum gyi tshogs bcas gshegs su gsol:__zhi bas 'jigs pa brgyad las skyob pa'i phyir:__rdo rje mkha' 'gro'i tshogs bcas gshegs su gsol:__rgyas pas 'byor drug ye shes spel ba'i phyir:__rin chen DA ki'i tshogs bcas gshegs su gsol:__dbang mchog mos pa bzhi dang ldan pa'i phyir:__pad+ma DA ki'i tshogs bcas gshegs su gsol:__drag pos mngon spyod las rnams sgrub pa'i phyir:__las kyi DA ki'i tshogs bcas gshegs su gsol:__phrin las sna tshogs las rnams sgrub pa'i phyir:__dpa' bo mkha' 'gro'i tshogs bcas gshegs su gsol:__bstan pa bsrung zhing bar chad bsgral ba'i phyir:__bka' srung chos skyong tshogs bcas gshegs su gsol:__gu ru pad+ma d+he wa DA ki nI e A ra li pheM pheM:__lnga pa bzhugs su gsol ba ni/__hU~M:__tshogs khang dur khrod 'bar ba'i gzhal yas 'dir:__nyi zla pad+ma bam chen gdan steng du:__'phan gdugs bla bre khri yol rgyan du bres:__zhal zas tshogs kyi mchod pa gcal du bkram:__yid 'ong skal ldan 'dus pa'i pho brang 'dir:__che mchog pad+ma mkha' 'gro'i tshogs dang bcas:__rngams brjid dgyes pa'i tshul gyis bzhugs su gsol:__gu ru pad+ma de ba DA ki ni sa ma ya tiSh+Tha lhan:__drug pa phyag 'tshal ba ni/__hU~M:__mtha' yas sprul sku skye 'gro yongs kyi mgon:__phyogs bcu dus gsum sangs rgyas thams cad kyi:__dbang bskur byin brlabs pad+ma thod phreng rtsal:___yon tan grangs med che mchog he ru ka:__dbang drag pad+ma'i sku la phyag 'tshal lo:__a ti pU ho:__pra tIts+tsha ho:__a la la ho:__bdun pa tshogs dang po mchod pa ni/__bsdu na 'di man chad kho na 'don kyang rung ngo*/__dgongs sam rdo rje slob dpon rnams:__rje btsun pad+ma thod phreng rtsal:__'dir byon tshogs dang gtor ma 'bul:__byin gyis rlob cing bzhes su gsol:__dgongs sam ma mo mkha' 'gro rnams:__las dang ye shes grub pa mo:__'dir byon tshogs dang gtor ma 'bul:__byin gyis rlob cing bzhes su gsol:__dgongs sam rig 'dzin slob dpon rnams:__gdung ba drag pos bdag 'bod na:__byin gyis rlob cing gshegs su gsol:__'dir byon rgyan gyi mchod pa 'bul:__dam rdzas gtor ma'i mchod pa 'bul:__snang ba snod kyi 'jig rten gtor gzhong du:__srid pa bcud kyi 'jig rten gtor ma bshams:__dpal gyi gtor ma brjid ldan 'gying ba 'di:__ri rgyal lhun po bas kyang mtho zhing brjid:__ma mo'i gtor ma pad+mas bskor ba 'di:__gling bzhi gling phran bas kyang bkod re legs:__dkar gyi thig gdab dmar gyi gur phub pa:__gser gyi ri bdun bas kyang brjid re che:__bdud rtsi chang gi mchod pa sgreng ba 'di:__lha yi zhal zas las kyang ro re bda':__rak+ta dmar gyi ar+g+haM bskyil ba 'di:__rgya mtsho'i 'ching snams las kyang gting re zab:__dkar rtsi dmar rtsi dri chen dri chu dang :__sha chen la sogs bdud rtsi rnam pa lnga:__glang rta ba glang khyi sha dang :__mchog chen mi la sogs te sha chen lnga:__ma hA mAM sa la sogs sha sna stong :__ma hA tsit+ta la sogs snying sna stong :__ma hA rak+ta la sogs khrag sna stong :__dbang po lnga dang go ro tsa na dang :__ba su ta dang nang khrol rnam pa lnga:__shing tog me tog 'bru dang sman rnams dang :__mngar dang khur ba thug pa'i bye brag dang :__mar thud spri khrum zho dang 'o ma dang :__rtsi dang tsA ru rtsi chen go snyod dang :__sga dang lan tshwa spod kyi bye brag dang :__ri sgo lung sgog sha bal sna tshogs dang :__ram bu rug pa sha mo sna tshogs dang :__bza' dang bca' dang btung ba'i bye brag dang :__gzugs sgra dri ro reg bya chos la sogs:__'dod yon lnga ldan mchod pa dam pa 'di:__ting 'dzin dgongs brgyud dag pas byin brlabs nas:__bdud rtsir sbyar ba'i gtor ma chen po 'di:__dus gsum bla ma'i tshogs la mchod pa 'bul:__rdo rje slob dpon thugs dam bskang gyur cig:__rgyal ba zhi khro'i tshogs la mchod pa 'bul:__yi dam lha tshogs thugs dam bskang gyur cig:__dpa' bo dpa' mo rnams la mchod par 'bul:__ma mo mkha' 'gro'i thugs dam bskang gyur cig:__dus gsum bde gshegs tshogs la mchod pa 'bul:__rig 'dzin rtsal 'chang thugs dam bskang gyur cig:__dam can srung ma'i tshogs la mchod par 'bul:__chos skyong srung ma'i thugs dam bskang gyur cig:__oM AHhU~M gu ru d+he ba DA ki nI pU dza ba lin+ta ga Na tsakra a mr-i ta pU dza kha kha khA hi khA hi:__hU~M:__che mchog pad+ma'i lha tshogs 'khor bcas la:__'dod yon tshogs kyi mchod pa 'bul ba ni:__gzugs kyi lha mo me long 'dzin:__spyan gyi mchod par bzhes su gsol:__sgra yi lha mo snyan pa'i rol mo thogs:__snyan gyi mchod par bzhes su gsol:__dri yi lha mo dri zhim bdug spos thogs:__shangs kyi mchod par bzhes su gsol:__ro yi lha mo zhim pa'i zhal zas 'dzin:__ljags kyi mchod par bzhes su gsol:__reg pa'i lha mo bde 'jam na bza' 'dzin:__sku yi mchod par bzhes su gsol:__chos kyi lha mo bde stong chos 'byung 'dzin:__thugs kyi mchod par 'bul lo bzhes su gsol:__oM ga Na tsakra pU dza rU pa _shab+da _gan+d+he _ra sa _spar+she _d+harma d+hA tu pU dza oM AHhU~M:__brgyad pa bar pa bshags pa ni/__hU~M:__dbang drag pad+ma'i lha tshogs dgongs su gsol:__rnal 'byor dbang phyug rdo rje he ru kas:__bskal pa thog ma med pa'i sngon rol nas:__tha ma lus 'di blangs pa yan chad du:__nyon mongs rnam rtog 'khrul pa'i dbang gyur pas:__lus ngag yid gsum mi dge ci bgyis pa:__rgyal ba'i sku gsung thugs dang 'gal ba rnams:__tshogs kyi mchod pa 'di la brten nas ni:__gnong zhing 'gyod pa'i sems kyis mthol lo bshags:__thugs rje brtse bas tshangs par yar bzhes la:__ye shes don gyi dngos grub stsal du gsol:__sa ma ya:__a a a:__dgu pa tha ma bstab pa ni ling ga la nr-i tri badz+ra ang+ku sha dzaH__dzaHhU~M ba~M hoHsa dgug__/nr-i tri sha trUM mA ra ya phaT kyis bsgral te/__hU~M:__dbang drag pad+ma'i lha tshogs sku bzhengs la:__rngams brjid rab tu dges pa'i zhal phyes shig:__gru gsum b+han+d+ha 'bar ba'i snod nang du:__bar chad dgra bgegs bsgral ba'i sha khrag 'di:__che mchog pad+ma'i lha tshogs zhal du bstab:__dges par rol cig badz+ra A ral+li:__gti mug sha la chem chem dges par rol:__'dod chags khrag la hub hub dges par rol:__zhe sdang rus la khrum khrum dges par rol:__dug gsum sha khrag rus pa'i mchod pa 'di:__dbang drag pad+ma'i zhal gyis bzhes nas kyang :__byang chub sgrub la bar chad med par mdzod:__ma hA mA~M sa la khA hi:__tsit+ta rak+ta go ro tsa na ba su ta:__kiM ni ri ti khA hi:__bcu pa tshogs kyi dngos grub blang ba ni/__hU~M dbang drag pad+ma'i lha tshogs dgongs su gsol:__snyigs ma lnga ldan dus kyi tha ma 'dir:__'khor ba'i rgya mtshor bying ba'i 'gro ba rnams:__khyed la skyabs gsol yun gyi mgon bgyid na:__ye shes thugs rje'i spyan gyis gzigs nas kyang :__khyed kyi sku gsung thugs kyi byin rlabs dang :__mchog dang thun mong dngos grub thams cad kun:__tshogs kyi zhal zas 'di la char ltar phob:__dus 'di nyid du bdag la stsal du gsol:__'gyur ba med pa sku yi dngos grub stsol:__'gags pa med pa gsung gi dngos grub stsol:__spros pa med pa thugs kyi dngos grub stsol:__lhun gyis grub pa yon tan dngos grub stsol:__thogs pa med pa phrin las dngos grub stsol:__kA ya sid+d+hi oM:__wA ka sid+d+hi AH__tsit+ta sid+d+hi hU~M:__gu Na sid+d+hi swA:__d+harma sid+d+hi hrIH__karma sid+d+hi hAH__bcu gcig smon lam gdab cing tshogs la rol ba ni/__hoH__rnam dag chos nyid kyi ngang nas:__chos can snod bcud 'khor 'das lha dang lha mo rig 'dzin sprul pa dang bcas par bzhugs pa rnams:__dmigs pa med pa'i thugs rjes 'du 'bral med par bdag la dgongs su gsol:__'dir rnal 'byor 'dus pa'i longs spyod 'dod yon rgyan gyi rol par snang ba rnams:__thabs dang shes rab gnyis su med pa'i dam tshig:__zag pa med pa'i bdud rtsi sbyar ba 'di:__rgyal ba'i sku rnam par dag pa la bkres pa mi mnga' yang :__rnal 'byor mchog gi dam tshig rang byung dag pa'i don:__zhen pa med pa'i tshul gyis re dogs med par 'bul na:__gnyis su med pa'i tshul gyis blang dor med par bzhes nas rnam dag chos nyid kyi dbyings su ye shes rol pa'i longs spyod rang la thim par mdzad du gsol:__de ltar gyur pa'i byin gyi rlabs kyis tshogs kyi gzhi 'dzin pa'i sbyin bdag dang :__tshogs kyi las rdzogs shing mthar phyin par mdzad pa'i rdo rje'i slob dpon:__mched lcam dral rnams kyi tshogs rnam pa gnyis rdzogs nas rtsa ba dang yan lag gi dam tshig nyes ltung thams cad las grol te:__theg pa chen po'i lam mthar phyin nas sangs rgyas par gyur cig:__'dir yang spang bya mi 'dod cing mi mthun pa thams cad mi 'byung zhing :__bsgrub pa gsang sngags theg pa chen po'i grogs dang rgyur gyur pa rnams mngon du 'gyur ba dang :__re ba thams cad yongs su rdzogs par mdzad du gsol:__des mtshon nas khams gsum sems can thams cad kyang grogs bla ma dam pas rjes su bzung nas:__theg pa chen po'i don mngon du byas nas sangs rgyas par gyur cig:__brda dang brda yi 'bul len bcas tshogs la rol/__rdo rje'i glu la sogs pa dbang bzhi'i spyod pa rang nyams dang sbyar te bya'o/__bcu gnyis pa dkyil 'khor pa la mchod bstod gsol ba gdab pa ni/__mchod kha gsos la 'bru gsum gyis brlab/__hU~M:__rje btsun thod phreng rtsal 'chang 'khor bcas la:__dgyes pa'i mchod pa sna tshogs 'bul ba ni:__me tog bdug spos mar me dri chab dang :__zhal zas rol mo dbyangs snyan mchod par 'bul:__'gro ba thugs rjes bskyang phyir bzhes su gsol:__sarba pU dza ho:__sarba pany+tsa a mr-i ta ma ha ba liM ta ma hA rak+ta pU dza khA hi:__hU~M:__chos dbyings spros bral rang bzhin rnam dag las:__ma skyes mi 'gag mkha' la 'ja' tshon ltar:__ye shes skur snang pad+ma thod phreng rtsal:__rang byung bla ma mchog la phyag 'tshal bstod:__gdung ba'i dbyangs dang mos gus bskyed la/__dngos grub mchog brnyes rjai btsun rin po che:__sku ni mi g.yo tshe yi rig 'dzin brnyes:__gsung ni mi 'gags drag sngags dgongs pa ldan:__thugs ni mi rtog skye med chos kyi dbyings:__yon tan lhun grub bla med grub mchog brnyes:__phrin las thogs med lha srin dam la 'dogs:__pad+ma las byung rdzu 'phrul mthu dang ldan:__pad+ma 'byung gnas sku la phyag 'tshal bstod:__sku yis byin gyis brlab tu gsol:__bde chen lus la 'bar bar byin gyis rlobs:__gsung gis byin gyis brlab tu gsol:__nus mchog ngag la smin par byin gyis rlobs:__thugs kyis byin gyis brlab tu gsol:__rtogs mchog sems rgyud grol bar byin gyis rlobs:__oM AHhU~M badz+ra gu ru pad+ma sid+d+hi hU~M:__kA ya bA ka tsit+ta sid+d+hi hU~M A:__zhes brjod dbang bskur sogs dgos na skabs 'dir bya/__bcu gsum pa lhag ma btang ba ni/__lhag ma gsog 'jog med par bsdus la/__b+h+rU~MH__oM AHhU~M zhes pas byin gyis brlab cing*/__spyan drangs pa ni/__hrIHhrI:__pad+ma rgyal po'i bka' 'khor na:__gnas pa'i bran g.yog pho nya'i tshogs:__mkha' 'gro ging dang lang ka'i tshogs:__dbang phyug mkha' 'gro phra man ma:__shugs 'gro ma sring pho nya'i tshogs:__lhag ma phud kyi bdag po rnams:__thams cad ma lus 'dir 'dus shig:__oM badz+ra A ral+li hriM hriM:__badz+ra Da ki nI dzaHdzaH__mchod pa 'bul ba ni/__slob dpon pad+ma'i bka' nyan lhag ma la gtogs pa rnams kyi zhal du sarba pany+tsa a mr-i ta khA hi:__ma hA rak+ta khA hiH__ma hA ba liM ta khA hi:__phrin las bcol ba ni/_sangs rgyas kyi bstan pa srungs:__dkon mchog gi dbu 'phang stod:__mi nub pa'i rgyal mtshan tshugs:__sdang ba'i dgra thul:__gnod pa'i bgegs chom:__zhing bcu thal ba'i rdul bzhin rlog:__rnal 'byor pa'i 'khor srungs:__rkyen ngan dang bar chod zlog:__tshe dang dbang phyug spel:__bdag cag gi bsam pa yid bzhin du 'grub par mdzad du gsol:__oM AHhU~M badz+ra a mr-i ta oM AHhU~M:__zhes sman raka bsres la kha phru gdab:__hU~M:__dang po phud kyis mi mchod du:__pad+ma 'byung gnas phud kyi bdag:__bar du tshogs kyis mi mchod du:__ma dang mkha' 'gro tshogs kyi bdag:__tha mar lhag mas mi mchod du:__bran dang pho nya lhag ma'i bdag:__lhag ma kha chus mi bran du:__ma sring dam las 'das kyi dogs:__rnam gsum gcig tu mi bsre ru:__chos kyi dbyings su mnyam pa nyid:__lhag ma rting la mi sbyin du:__las kyi mtha' rnams khyod la 'tshal:__lhag ma'i mchod pa 'di bzhes la:__sngon gyi thugs dam ma g.yel bar:__bcol ba'i phrin las grub par mdzod:__dbang chen pad+ma'i 'khor du gtogs pa yi:__phyi 'khor skyong ba'i srung ma thugs dam can:__dbang phyug mkha' 'gro ging dang lang ka yi:__phra men shugs 'gro ma sring pho nya'i tshogs:__lhag sdud gtor len gshin rje srin po rnams:__'jigs pa'i lus la rngams pa'i cha byad can:__nyes legs stang 'dzin dam tshig rjes gcod ma:__rdzu 'phrul thogs med dpal gyis pha 'bab sdud:__ting 'dzin drod nyul rnal 'byor tshogs khang 'grim:__rang rang srung ma 'khor dang bcas pa rnams:__zhal zas tshogs kyi lhag ma 'di bzhes la:__ji ltar dbang po'i phrin las grub par mdzod:__oM uts+tshiSh+ta sarba DA ki nI ba lin+ta kha kha khA hi khA hi:__zhes lhag ma phyir bskyal/__de nas chos srung gi gtor 'bul byas la rtsa ba'i gnyis pa chad tho bskyang ba ni/__hU~M:__sngon tshe slob dpon pad+ma yi:__spyan sngar dam bcas zhal bzhes pa'i:__lha srin pho nya dregs pa'i 'khor:__pho rgyud mo rgyud las mkhan tshogs:__tha tshig bzhin du dam la 'du:__mchod gtor 'di longs phrin las mdzod:__b+h+yo:__mkha' 'gro 'bum sde nye re re:__zhub can stong sde si li li:__pho nya gtor len sha ra ra:__la la gser gyi sked chings can:__la la g.yu yi lan phran can:__la la bye ru'i 'phar chag can:__la la dngul gyi ske rags can:__la la zangs kyi thod gdengs can:__'di ltar ma tshogs bsam las 'das:__phyag na gser dngul gzhong pa bsnams:__gtor ma btud cing btud cing len:__gtor ma 'di longs phrin las mdzod:__slob dpon pad+ma 'byung gnas kyi:__drung du khas blangs dam bcas bzhin:__dgra dang bdud dpung zhi bar mdzod:__thugs dam bzhin du gtor ma longs:__dus la bab kyi phrin las mdzod:__ces gtor ma phyir btegs/__gsum pa rta bro ni gtor snod kha sbub la rgya gram gyis mnan te/__hU~M:__che mchog pad+ma thod phreng rtsal:__dgra bgegs sgrol mdzad 'jigs pa'i sku:__nyon mongs dgra bgegs rdul du rlog:__zhabs kyi bro brdung khrigs se khrig:__che mchog rigs lngas bro brdung pas:__nad gdon bar chod zhi gyur cig:__tshe dang bsod nams rgyas gyur cig:__snang srid dbang du 'dus gyur cig:__dgra bgegs 'byung po brlag gyur cig:__oM la~M hU~M la~M s+t+wam b+ha ya nan:__bzhi pa btang rag gi mchod bstod bya ba ni/__mchod kha gsos la 'bru gsum gyis brlab/__hU~M:__rje btsun thod phreng rtsal 'chang 'khor bcas la:__dgyes pa'i mchod pa sna tshogs 'bul ba ni:__me tog bdug spos mar me dri chab dang :__zhal zas rol mo dbyangs snyan mchod par 'bul:__'gro ba thugs rjes bskyang phyir bzhes su gsol:__sarba pU dza ho:__sarba pany+tsa a mr-i ta ma ha ba liM ta ma hA rak+ta pU dza khA hi:__hU~M:__chos dbyings spros bral rang bzhin rnam dag las:__ma skyes mi 'gag mkha' la 'ja' tshon ltar:__ye shes skur snang pad+ma thod phreng rtsal:__rang byung bla ma mchog la phyag 'tshal bstod:__lnga pa nongs bshags sogs ni/__pad+ma 'byung gnas 'khor bcas la:__ma rig nongs gyur bzod par gsol:__bag med nyon mongs bzod par gsol:__lhag chad 'gal 'khrul bzod par gsol:__thugs rje chen po 'gro ba'i mgon:__tshangs pa chen po'i dngos grub stsol:__yi ge brgya pa brjod/__rten yod na 'dir ni gzugs dang sogs brtan bzhugs dang*/__med na oM:__thugs rje'i bdag po'i gu ru rje:__sems can don mdzad bde la bkod:__sangs rgyas yul du gshegs nas kyang :__slar yang 'byon par mdzad du gsol:__oM gu ru d+ha ki nI badz+ra mu:zhes ye shes pa gshegs nas/__dzaHhU~M ba~M hoHdam tshig gi dkyil 'khor rang la thim:__bdag nyid lhar snang ba 'od gsal gyi ngang du thim par bsam la dmigs med blo bral ngang la bzhag__slar yang chu las nya ldang ba ltar bla ma'i skur lam gyis gsal ba'i gnas gsum rdo rje gsum gyi yi ges mtshan par gyur:__oM AHhU~M:__drug pa smon lam ni/__bdag gi dge ba'i rtsa ba 'dis:__mtha' yas sems can thams cad kun:__rig 'dzin rnam bzhi mthar phyin nas:__bla med byang chub thob par shog:__bdun pa bkra shis ni/__oM:__sku gsung thugs rdzogs pad+ma rgyal po ste:__rig 'dzin che mchog bkra shis gang lags pa:__bkra shis dam pa des kyang deng 'dir bde legs shog:__zhi khro rab 'byams lha tshogs sprul par bcas:__lhag pa'i lha mchog bkra shis gang lags pa:__bkra shis dam pa des kyang deng 'dir bde legs shog:__dngos grub kun ster dpa' bo mkha' 'gro'i tshogs:__bsam pa kun 'grub bkra shis gang lags pa:__bkra shis dam pa des kyang deng 'dir bde legs shog:__phun tshogs bde chen lhun grub bkra shis shog:__bde legs chos la spyod pa'i bkra shis shog:__ces brjod me tog char du bsnyil bas dge legs su bya'o/___snang spyod thams cad pad+ma ka ra'i sku/__/sgrar grags rdo rje'i sngags kyi dbyangs su dag__/dran rtog bde stong thugs su rtsal rdzogs te/__/gsang ba gsum gyi rnal 'byor mthar phyin shog__ces pa'ang 2008_lor bka' babs skor bskyar bsgrig skabs/__7'jam dbyangs mkhyen brtse rin po che thub bstan chos rgya mtsho'i zhal snga nas zab chos 'di dag la longs su spyod pa'i skal bzang thob pa phun tshogs rnam rgyal pas rdzong gsar bkra shis lha rtse'i rang gnas kyi khang bur*/__gter gzhung las btus te bklag chog tu bsdebs pa'i dge bas 'gro kun pad+ma 'od du bgrod pa'i rgyur gyur cig/__//

Footnotes

Other Information