ཟབ་གསང་པདྨའི་ཡང་ཏིག་ལས། བླ་མ་དྲག་པོའི་བསྐང་བ་མེ་དབལ་བཞད་པའི་རྔམས་སྒྲ།

From Khyentse Lineage - A Tsadra Foundation Project
Revision as of 08:38, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

JKCL-KABUM-09-TA-031
Wylie title zab gsang pad+ma'i yang tig las/ bla ma drag po'i bskang ba me dbal bzhad pa'i rngams sgra JKCL-KABUM-09-TA-031.pdf
Location chos kyi blo gros bka' 'bum
Volume 9, Text 31, Pages 509-514 (Folios 1a to 3b4)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
Citation Khyentse, Dilgo. zab gsang pad+ma'i yang tig las bla ma drag po'i bskang ba me dbal bzhad pa'i rngams sgra. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 9: 509-514. Bir, H.P.: Khyentse Labrang, 2012.
Genre Mending Rituals - bskang chog
Cycle ཟབ་གསང་པདྨའི་ཡང་ཏིག་ (zab gsang pad+ma'i yang tig)
Deity bla ma drag po
Recension Link Other Versions on this site: ཟབ་གསང་པདྨའི་ཡང་ཏིག་ལས། བླ་མ་དྲག་པོའི་བསྐང་བ་མེ་དབལ་བཞད་པའི་རྔམ་སྒྲ།
Colophon

།ཅེས་པའང་ཁྱབ་བདག་ཀུན་མཁྱེན༷་བླ་མའི་ཐུན་མིན་རྗེས་བརྩེའི༷་ཡེ་ཤེས་ཀྱི་གཟིགས་པས་ཐུགས་གཏེར་གྱི་སྨིན་གྲོལ་སྐལ་བཟང་དད་མོས་དབ༷ང་པོའི༷་རྒྱན་དུ་ཐོབ་པའི་སྐབས་དད་སྤྲོའི་གདུང་ཤུགས་ཀྱིས་བླ་མ་རང༷་རི༷ག་ཏུ་རྟོག༷ས་པའི་རྣལ་འབྱོར་པ་རང་བྱུང་འོད་གསལ་ཐུགས་མཆོག་རྡོ་རྗེས་དཀར་ཕྱོགས་ཌཱ་ཀི་འདུ་བའི་སྨན་ལྗོངས་བཀྲ་ཤིས་ལྷ་རྩེའི་དགའ་ཚལ་ནས་གང་ཤར་ཤུགས་འབྱུང་དུ་སྨྲས་པ་སརྦ་མངྒ་སིདྡྷི་ཧཱུྃ།།

/ces pa'ang khyab bdag kun mkhyenX bla ma'i thun min rjes brtse'iX ye shes kyi gzigs pas thugs gter gyi smin grol skal bzang dad mos dbangX po'iX rgyan du thob pa'i skabs dad spro'i gdung shugs kyis bla ma rangX rigX tu rtogsX pa'i rnal 'byor pa rang byung 'od gsal thugs mchog rdo rjes dkar phyogs DA ki 'du ba'i sman ljongs bkra shis lha rtse'i dga' tshal nas gang shar shugs 'byung du smras pa sarba mang+ga sid+d+hi hU~M//

1 Texts in this Section (sde tshan or chos tshan)

[edit]
༄༅། །ཟབ་གསང་པདྨའི་ཡང་ཏིག་ལས། བླ་མ་དྲག་པོའི་བསྐང་བ་མེ་དབལ་བཞད་པའི་རྔམས་སྒྲ་ཞེས་བྱ་བ་བཞུགས། ། ཧཱུྃ་ཧྲཱིཿགདོད་ནས་དག་པའི་བདེ་ཆེན་བྱང་ཆུབ་སེམས། །སྒྱུ་འཕྲུལ་ཉམས་བརྒྱས་སྒེག་པའི་དུས་མེའི་མདངས། །གདུག་པའི་ལོག་འདྲེན་འཇོམས་པའི་མཐུ་བོ་ཆེ། །ཡེ་ཤེས་ཁྲོས་པའི་ཤུགས་ཀྱིས་དབྱིངས་ནས་བཞེངས། །ཁྱོད་ནི་སྲིད་ཞི་ཀུན་ཁྱབ་དབྱིངས་ཀྱི་ཀློང་། །རྟོགས་ན་རང་རིག་གདོད་མའི་གནས་ལུགས་ཏེ། །མ་རྟོགས་འཁྲུལ་པས་སྒྲིབས་པའི་དྲི་བསལ་ཕྱིར། །རྩེ་གཅིག་ཐུགས་དམ་བསྐུལ་ལ་མ་གཡེལ་སྤྱོན། །སྣང་བ་རྣམ་དག་ཀློང་ལྔ་བཙུན་མོའི་མཁར། །སྲིད་པ་བདེ་ཆེན་ཀུན་བཟང་མཆོད་པའི་སྤྲིན། །སྒྱུ་འཕྲུལ་རྡོ་རྗེ་བཀོད་པའི་རོལ་མོའི་དཔྱིད། །མི་ཟད་ནམ་མཁའ་མཛོད་དུ་འཆར་བ་འདིའི། །དགོངས་ཀློང་དབྱེར་མེད་ཀུན་བཟང་རིགས་མཆོག་ལྔ། །རྟོགས་གྲོལ་དུས་མཉམ་བརྡའ་བརྒྱུད་རིག་པ་འཛིན། །ཐུགས་རྗེས་གདུལ་བྱ་འདུལ་ཕྱིར་སྙན་བརྒྱུད་ཀྱི། །བཀའ་བབ་པདྨ་ཐོད་ཕྲེང་རྗེ་འབངས་གྲོགས། །སྨོན་ལམ་ལས་སད་རང་བྱུང་པདྨ་གླིང་། །སྙན་ནས་བརྒྱུད་པ་བླ་མའི་ཐུགས་དམ་བསྐང་། །རྨད་བྱུང་བྱིན་རླབས་བདུད་རྩིའི་དབང་མཆོག་སྩོལ། །རང་བྱུང་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་དུ། །དྷཱུ་ཏིའི་པད་སྣོད་ཐིག་རླུང་དཔྱིད་དུ་ཞུ། །བཅུ་དྲུག་དགའ་བའི་ཟེག་མའི་སྤྲིན་ཕུང་འཕྲོ། །ཟག་པའི་སྡུག་བསྔལ་སེལ་བྱེད་ཨ་མྲྀ་ཏ། །རྒྱུད་དྲུག་རྩད་གཅོད་རཀྟའི་རྦ་ཀློང་འཁྲུགས། །གཉིས་མེད་གཏོར་མའི་ལྷུན་པོར་བརྩེགས་པ་འདིས། །གཏུམ་ཆེན་རབ་འབར་གདུག་པ་དབྱིངས་སྒྲོལ་ཕྱིར། །སངས་རྒྱས་ཀུན་གྱི་མཁྱེན་བརྩེའི་ཡེ་ཤེས་གཟུགས། །དཀྱིལ་འཁོར་དབང་ཕྱུག་པདྨ་དྲག་པོ་ཆེ། །ཡབ་ཡུམ་འཁོར་དང་བཅས་པའི་ཐུགས་དམ་བསྐང་། །ཁམས་གསུམ་ཡོངས་སྒྲོལ་ཕྲིན་ལས་གྲུབ་པ་སྩོལ། །སྐྱེ་འགགས་གནས་མེད་ཆོས་དབྱིངས་ཡུམ་གྱི་མཁར། །མི་ཕྱེད་ཐབས་ཀྱི་རྡོ་རྗེའི་མཚོན་ཆེན་པོས། །དུག་གསུམ་རུ་ཏྲ་སྒྲོལ་བའི་བརྟུལ་ཞུགས་ཀྱིས། །ཁམས་གསུམ་བདེ་ཆེན་སྦྱོར་བའི་མཆོད་པ་འདིས། །ཕུང་ཁམས་ཡེ་ཤེས་ཤར་བའི་རིགས་ཀྱི་གཙོ། །དུག་ལྔའི་གདོན་འཇོམས་རྡོ་རྗེ་སྲིན་པོའི་གཟུགས། །དཔལ་ཆེན་ཁྲོ་རྒྱལ་ལྔའི་ཐུགས་དམ་བསྐང་། །གསང་བ་མི་ཟད་རྒྱན་གྱི་དངོས་གྲུབ་སྩོལ། །ཟངས་ཐལ་གཉུག་མའི་དབྱིངས་ཀྱི་རྒྱན་བཀོད་པའི། །ལྷུན་གྲུབ་དྲུག་ལྡན་སྒྲོན་མའི་མཆོད་པ་བརྡལ། །རིག་པ་སྐུར་སྨིན་ལྷ་ཚོགས་མཉེས་པའི་རྫས། །རྣམ་བཞིའི་སྣང་བཞི་འོད་གསལ་ཆེན་པོ་འདིས། །འཕོ་མེད་གཞི་དབྱིངས་ཀ་ནས་དག་པའི་གདངས། །གཞི་སྣང་ཡེ་ཤེས་འཕྲུལ་གྱི་ལང་ཚོའི་དཔལ། །ཁྱད་པར་དྲུག་ལྡན་འཁོར་འདས་སྤྲོ་བསྡུའི་བདག །དབྱིངས་ཕྱུག་བདེ་ཆེན་དགྱེས་མའི་ཌཱ་ཀི་མ། །འབུམ་ཕྲག་ཡངས་པ་ཆེན་པོའི་ཐུགས་དམ་བསྐང་། །རྨད་བྱུང་རྩོལ་མེད་ཕྲིན་ལས་གྲུབ་པར་མཛོད། །ཀུན་འབྱུང་འཁྲུལ་པ་གཞི་མེད་ཆོས་ཉིད་ཀློང་། །གདོད་ནས་དག་པའི་མཚོན་ཆས་སྣང་གསུམ་སྤྲིན། །དབྱིངས་སུ་བཅོམ་པའི་འོད་ཟེར་ཆེན་པོའི་དབང་། །རྒྱལ་ཐབས་སྤྱི་བླུག་རྫོགས་པའི་བྱེད་ལས་ཀྱིས། །བདེ་གསལ་མི་རྟོག་འབར་བའི་ཡེ་ཤེས་མཚོན། །སྟོང་ཉིད་སྲོག་ཏུ་ཞུགས་པས་དུག་གསུམ་རྒྱུད། །གཅོད་བྱེད་ཤུག་སྒྲོལ་མཚོན་ཆ་རྔམས་པ་ཡིས། །བསྟན་པ་སྲུང་ཞིང་དམ་ཉམས་རྩད་གཅོད་པ། །རྡོ་རྗེའི་ཆོས་སྲུང་རྒྱ་མཚོའི་ཐུགས་དམ་བསྐང་། །རྣམ་བཞིའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད། །ཆོས་ཀུན་ཀ་དག་གཉིས་མེད་མཉམ་པའི་ཀློང་། །རིག་རྩལ་ཐུགས་རྗེ་ཁྲོས་པའི་ཡེ་ཤེས་སྐུ། །དབང་དྲག་འབར་བ་པདྨ་ཧེ་རུ་ཀའི། །དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་གཉན་པོ་བསྐང་། །སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི །དམ་ཚིག་ཉམས་ཆགས་ཉེས་ལྟུང་བཤགས་ཤིང་སྡོམ། །འགལ་འཁྲུལ་ནོངས་པ་དབྱིངས་སུ་བསྐང་བ་དང་། །ཆབ་གཅིག་ཚངས་པ་དོན་གྱི་དངོས་གྲུབ་སྩོལ། །གཉིས་འཛིན་གློ་བུར་རྟོག་པའི་ཉེར་ལེན་གྱི། །རང་གཟུགས་དུག་གསུམ་རྒྱལ་བསེན་དམ་སྲིའི་དཔུང་། །འབར་བའི་ཡེ་ཤེས་རྡོ་རྗེ་རྩེ་བརྒྱ་པའི། །ཐབས་ཀྱི་སྒྲོལ་བས་གནོད་གདུག་བཟློག་ཅིང་བསྒྱུར། །འགལ་རྐྱེན་བར་ཆད་བདུད་བཞིའི་གཡུལ་ལས་རྒྱལ། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡོན་ཏན་རྒྱས། །གདུག་པ་ཚར་གཅོད་གདུལ་དཀའ་རྗེས་འཛིན་པའི། །དབང་དང་དྲག་པོའི་ལས་ཀུན་མཐར་ཕྱིན་མཛོད། །ནད་གདོན་བྱད་ཕུར་སྲུང་བའི་རྫོང་གིས་བརྟན། །མི་མཐུན་གནོད་པ་མཐུ་སྟོབས་སེར་བས་བཟློག །ནག་པོའི་རྩ་ལག་སྔགས་ཀྱི་མཚོན་ཆས་བསྒྲལ། །དོན་གཉིས་ལྷུན་གྲུབ་ཕྱོགས་ལས་རྣམ་རྒྱལ་མཛོད། །བདག་རྟོག་གློ་བུར་འཁྲུལ་པའི་རུ་ཏྲའི་སྡེ། །གཉིས་མེད་ཡེ་ཤེས་ཕྱག་རྒྱས་བསྒྲལ་བ་ལས། །འཁོར་འདས་སྤྱི་དཔལ་པདྨ་ཧེ་རུ་ཀའི། །མི་ཕྱེད་རྡོ་རྗེའི་གོ་འཕངས་མངོན་འགྱུར་མཛོད། །ཅེས་པའང་ཁྱབ་བདག་ཀུན་མཁྱེན༷་བླ་མའི་ཐུན་མིན་རྗེས་བརྩེའི༷་ཡེ་ཤེས་ཀྱི་གཟིགས་པས་ཐུགས་གཏེར་གྱི་སྨིན་གྲོལ་སྐལ་བཟང་དད་མོས་དབ༷ང་པོའི༷་རྒྱན་དུ་ཐོབ་པའི་སྐབས་དད་སྤྲོའི་གདུང་ཤུགས་ཀྱིས་བླ་མ་རང༷་རི༷ག་ཏུ་རྟོག༷ས་པའི་རྣལ་འབྱོར་པ་རང་བྱུང་འོད་གསལ་ཐུགས་མཆོག་རྡོ་རྗེས་དཀར་ཕྱོགས་ཌཱ་ཀི་འདུ་བའི་སྨན་ལྗོངས་བཀྲ་ཤིས་ལྷ་རྩེའི་དགའ་ཚལ་ནས་གང་ཤར་ཤུགས་འབྱུང་དུ་སྨྲས་པ་སརྦ་མངྒ་སིདྡྷི་ཧཱུྃ།། །།
[edit]

@#/__/zab gsang pad+ma'i yang tig las/__bla ma drag po'i bskang ba me dbal bzhad pa'i rngams sgra zhes bya ba bzhugs/__/ hU~M hrIHgdod nas dag pa'i bde chen byang chub sems/__/sgyu 'phrul nyams brgyas sgeg pa'i dus me'i mdangs/__/gdug pa'i log 'dren 'joms pa'i mthu bo che/__/ye shes khros pa'i shugs kyis dbyings nas bzhengs/__/khyod ni srid zhi kun khyab dbyings kyi klong /__/rtogs na rang rig gdod ma'i gnas lugs te/__/ma rtogs 'khrul pas sgribs pa'i dri bsal phyir/__/rtse gcig thugs dam bskul la ma g.yel spyon/__/snang ba rnam dag klong lnga btsun mo'i mkhar/__/srid pa bde chen kun bzang mchod pa'i sprin/__/sgyu 'phrul rdo rje bkod pa'i rol mo'i dpyid/__/mi zad nam mkha' mdzod du 'char ba 'di'i/__/dgongs klong dbyer med kun bzang rigs mchog lnga/__/rtogs grol dus mnyam brda' brgyud rig pa 'dzin/__/thugs rjes gdul bya 'dul phyir snyan brgyud kyi/__/bka' bab pad+ma thod phreng rje 'bangs grogs/__/smon lam las sad rang byung pad+ma gling /__/snyan nas brgyud pa bla ma'i thugs dam bskang /__/rmad byung byin rlabs bdud rtsi'i dbang mchog stsol/__/rang byung rdo rje phung po'i grong khyer du/__/d+hU ti'i pad snod thig rlung dpyid du zhu/__/bcu drug dga' ba'i zeg ma'i sprin phung 'phro/__/zag pa'i sdug bsngal sel byed a mr-i ta/__/rgyud drug rtsad gcod rak+ta'i rba klong 'khrugs/__/gnyis med gtor ma'i lhun por brtsegs pa 'dis/__/gtum chen rab 'bar gdug pa dbyings sgrol phyir/__/sangs rgyas kun gyi mkhyen brtse'i ye shes gzugs/__/dkyil 'khor dbang phyug pad+ma drag po che/__/yab yum 'khor dang bcas pa'i thugs dam bskang /__/khams gsum yongs sgrol phrin las grub pa stsol/__/skye 'gags gnas med chos dbyings yum gyi mkhar/__/mi phyed thabs kyi rdo rje'i mtshon chen pos/__/dug gsum ru tra sgrol ba'i brtul zhugs kyis/__/khams gsum bde chen sbyor ba'i mchod pa 'dis/__/phung khams ye shes shar ba'i rigs kyi gtso/__/dug lnga'i gdon 'joms rdo rje srin po'i gzugs/__/dpal chen khro rgyal lnga'i thugs dam bskang /__/gsang ba mi zad rgyan gyi dngos grub stsol/__/zangs thal gnyug ma'i dbyings kyi rgyan bkod pa'i/__/lhun grub drug ldan sgron ma'i mchod pa brdal/__/rig pa skur smin lha tshogs mnyes pa'i rdzas/__/rnam bzhi'i snang bzhi 'od gsal chen po 'dis/__/'pho med gzhi dbyings ka nas dag pa'i gdangs/__/gzhi snang ye shes 'phrul gyi lang tsho'i dpal/__/khyad par drug ldan 'khor 'das spro bsdu'i bdag__/dbyings phyug bde chen dgyes ma'i DA ki ma/__/'bum phrag yangs pa chen po'i thugs dam bskang /__/rmad byung rtsol med phrin las grub par mdzod/__/kun 'byung 'khrul pa gzhi med chos nyid klong /__/gdod nas dag pa'i mtshon chas snang gsum sprin/__/dbyings su bcom pa'i 'od zer chen po'i dbang /__/rgyal thabs spyi blug rdzogs pa'i byed las kyis/__/bde gsal mi rtog 'bar ba'i ye shes mtshon/__/stong nyid srog tu zhugs pas dug gsum rgyud/__/gcod byed shug sgrol mtshon cha rngams pa yis/__/bstan pa srung zhing dam nyams rtsad gcod pa/__/rdo rje'i chos srung rgya mtsho'i thugs dam bskang /__/rnam bzhi'i phrin las lhun gyis grub par mdzod/__/chos kun ka dag gnyis med mnyam pa'i klong /__/rig rtsal thugs rje khros pa'i ye shes sku/__/dbang drag 'bar ba pad+ma he ru ka'i/__/dkyil 'khor lha tshogs thugs dam gnyan po bskang /__/sku gsung thugs dang rtsa ba yan lag gi__/dam tshig nyams chags nyes ltung bshags shing sdom/__/'gal 'khrul nongs pa dbyings su bskang ba dang /__/chab gcig tshangs pa don gyi dngos grub stsol/__/gnyis 'dzin glo bur rtog pa'i nyer len gyi/__/rang gzugs dug gsum rgyal bsen dam sri'i dpung /__/'bar ba'i ye shes rdo rje rtse brgya pa'i/__/thabs kyi sgrol bas gnod gdug bzlog cing bsgyur/__/'gal rkyen bar chad bdud bzhi'i g.yul las rgyal/__/tshe bsod dpal 'byor lung rtogs yon tan rgyas/__/gdug pa tshar gcod gdul dka' rjes 'dzin pa'i/__/dbang dang drag po'i las kun mthar phyin mdzod/__/nad gdon byad phur srung ba'i rdzong gis brtan/__/mi mthun gnod pa mthu stobs ser bas bzlog__/nag po'i rtsa lag sngags kyi mtshon chas bsgral/__/don gnyis lhun grub phyogs las rnam rgyal mdzod/__/bdag rtog glo bur 'khrul pa'i ru tra'i sde/__/gnyis med ye shes phyag rgyas bsgral ba las/__/'khor 'das spyi dpal pad+ma he ru ka'i/__/mi phyed rdo rje'i go 'phangs mngon 'gyur mdzod/__/ces pa'ang khyab bdag kun mkhyenaX bla ma'i thun min rjes brtse'iX ye shes kyi gzigs pas thugs gter gyi smin grol skal bzang dad mos dbaXng po'iX rgyan du thob pa'i skabs dad spro'i gdung shugs kyis bla ma rangaX riXg tu rtogaXs pa'i rnal 'byor pa rang byung 'od gsal thugs mchog rdo rjes dkar phyogs DA ki 'du ba'i sman ljongs bkra shis lha rtse'i dga' tshal nas gang shar shugs 'byung du smras pa sarba mang+ga sid+d+hi hU~M//__//

Footnotes

Other Information