དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་སྒྲུབ་ཐབས་བསྡུས་པ་དངོས་གྲུབ་རིན་པོ་ཆེའི་གཏེར་མཛོད།

From Khyentse Lineage - A Tsadra Foundation Project
Revision as of 08:35, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title dpal rdo rje 'jigs byed lha bcu gsum gyi sgrub thabs bsdus pa dngos grub rin po che'i gter mdzod JKCL-KABUM-07-JA-024.pdf
Location chos kyi blo gros bka' 'bum
Volume 7, Text 24, Pages 409-454 (Folios 1a1 to 23b2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. dpal rdo rje 'jigs byed lha bcu gsum gyi sgrub thabs bsdus pa dngos grub rin po che'i gter mdzod. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 7: 409-454. Bir, H.P.: Khyentse Labrang, 2012.
Genre Sadhanas - Evocation Ritual - sgrub thabs
Deity 'jigs byed
Colophon

།ཅེས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ལྷ་བཅུ་གསུམ་གྱི་སྒྲུབ་ཐབས་སྙན་བརྒྱུད་ཐུན་མོང་མ་ཡིན་པ་ཡིད་བཞིན་གཏེར་མཛོད་ཉིད་ཉམས་སུ་བླངས་བར་མི་ནུས་པའི་རང་འདྲའི་བློ་དམན་གྱི་དོན་དུ་ཚིག་ཚོགས་ཅུང་ཟད་བསྡུ་བའི་དབང་དུ་བྱས་ཏེ་དམ་པ་གོང་མ་རྣམས་ཀྱི་གསུང་བཞིན་དུ་རྡོ་རྗེའི་རིག་པ་འཛིན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཆུ་བྱ་སྨིན་ཟླའི་དམར་ཕྱོགས་ཀྱི་སྟོང་པ་གསུམ་པའི་ཚེས་༢༨དྲག་པོའི་སྲེག་སྦྱོར་ལ་བྲིས་པ་འདིས་ཀྱང་རྭ་ཆེན་སྙན་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་པ་དང་བདུད་དང་གཤིན་རྗེའི་གཡུལ་ལས་རྣམ་པར་རྒྱལ་ཞིང་ལྷ་མིན་ཀླ་ཀློའི་དཔུང་ཚོགས་འཇོམས་པའི་ནུས་པ་མཆོག་དང་ལྡན་པར་བླ་མ་ཡི་དམ་གྱིས་བྱིན་གྱི་བརླབ་ཏུ་གསོལ། དཔེ་འདི་ལ་ཤིན་ཏུ་དམ་པར་བྱའོ། །སརྦ་དཱ་མངྒ་ལཾ། ཤུ་བྷཾ།།

/ces dpal rdo rje 'jigs byed chen po lha bcu gsum gyi sgrub thabs snyan brgyud thun mong ma yin pa yid bzhin gter mdzod nyid nyams su blangs bar mi nus pa'i rang 'dra'i blo dman gyi don du tshig tshogs cung zad bsdu ba'i dbang du byas te dam pa gong ma rnams kyi gsung bzhin du rdo rje'i rig pa 'dzin pa 'jam dbyangs chos kyi blo gros pas chu bya smin zla'i dmar phyogs kyi stong pa gsum pa'i tshes 28drag po'i sreg sbyor la bris pa 'dis kyang rwa chen snyan brgyud kyi bstan pa rin po che phyogs dus gnas skabs thams cad du dar zhing rgyas pa dang bdud dang gshin rje'i g.yul las rnam par rgyal zhing lha min kla klo'i dpung tshogs 'joms pa'i nus pa mchog dang ldan par bla ma yi dam gyis byin gyi brlab tu gsol/__dpe 'di la shin tu dam par bya'o/__/sarba dA mang+ga laM/__shu b+haM//

1 Texts in this Section (sde tshan or chos tshan)

[edit]
༄༅། །དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་སྒྲུབ་ཐབས་བསྡུས་པ་དངོས་གྲུབ་རིན་པོ་ཆེའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། ། ན་མཿགུ་རུ་ཤྲཱི་བཛྲ་བྷཻ་ར་ཝཱ་ཡ། དཔལ་ཆེན་རྔམ་པའི་སྐུ་ཡི་གར་དང་དགྱེས་པའི་གད་མོས་ས་གསུམ་འདར། །མི་བཟད་བསྐལ་པའི་མེ་ཡི་ཤུགས་ལྡན་འཇིགས་རུང་དུས་མཐའི་ཆར་སྤྲིན་མདོག །ལྷ་དང་ལྷ་མིན་འབྱུང་པོ་སྐྲག་མཛད་འཇིགས་བྱེད་མ་ཧེའི་ཞལ་ཅན་ལ། །གུས་བཏུད་སྒྲུབ་ཐབས་ཡིད་བཞིན་གཏེར་གྱི་བཅུད་ཕྱུང་དངོས་གྲུབ་མཛོད་ཆེན་སྤེལ། །དགོས་པའི་དོན་དང་ལྡན་པའི་ཕྱིར། །བླ་མ་མཁའ་འགྲོར་གནང་བ་ཞུ། །འདི་ལ་བྱིན་གྱིས་རློབས་པ་དང་། །བདུད་ལས་རྒྱལ་བའི་ཤིས་པ་རྩོལ། །དེ་ལ་འདིར་ཡི་དམ་འདི་ཉིད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་མནོས་ཤིང་དམ་ཚིག་དང་སྡོམ་པར་ལྡན་པས་བླ་མ་ལྷ་དང་གདམས་ངག་ལ་ཡིད་ཆེས་ཤིང་མི་ཕྱེད་པའི་དད་པ་དང་ལྡན་པའི་རྣལ་འབྱོར་པ་དག་གི་ཟབ་མོའི་ལམ་ཉམས་སུ་བླང་བར་འདོད་པས་སྒྲུབ་ཐབས་རྒྱས་པ་ཉམས་སུ་བླང་བར་མི་ལྕོགས་པ་རྣམས་ཀྱིས་དེ་ལས་ཅུང་ཟད་བསྡུས་པའི་ཚུལ་གྱིས་ངག་འདོན་དུ་བགྱི་བ་ལ་བདེ་བའི་སྟན་ལ་བསམ་གཏན་གྱི་ཆོས་དང་ལྡན་པས་འདུག་སྟེ་ངེས་འབྱུང་གི་བློ་བསྐྱེད། མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་མངོན་སུམ་ལྟ་བུར་དམིགས་ལ། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམ་ལ་སྐྱབས་སུ་མཆིའོ། །རྫོགས་པའི༴ །དམ་པའི༴ །འཕགས་པའི༴ཞེས་སྐྱབས་འགྲོ་ཉེར་གཅིག་གམ་བདུན་ལ་སོགས་བརྗོད། མཐར་ལག་པ་རྡོ་རྗེའི་ཐལ་མོ་སྦྱར་ནས། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་རླབས་ཏུ་གསོལ། ཞེས་བརྗོད་པས་སྐྱབས་ཡུལ་རྣམས་རང་ལ་ཐིམ་པར་བསམ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ལམ་གྱི་རིམ་པ་ཟབ་མོ་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་གསུམ་གྱིས་སེམས་བསྐྱེད། རང་གི་སྤྱི་བོར་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་ཟླ་བ་ཞུན་མ་ལྟར་དཀར་བ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དབུ་སྐྲ་རལ་པའི་ཅོད་པན་དང་། དར་དང་རིན་པོ་ཆེའི་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། དེའི་པང་ན་ཡུམ་རྡོ་རྗེ་སྙེམས་མ་སྐུ་མདོག་དཀར་མོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་པ། དབུ་སྐྲ་ནག་པོ་སིལ་བུར་གྱུར་པས་སྐུ་སྐེད་ཡན་ཆད་ཁེབས་པ། དར་དང་རིན་པོ་ཆེས་བརྒྱན་ཅིང་པདྨའི་སྐྱིལ་ཀྲུང་གིས་ཡབ་ལ་འཁྱུད་པ། ཡབ་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དཀར་པོ། དེ་ལས་འོད་ཟེར་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ནས་ཧཱུྃ་ལ་ཐིམ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། ཧཱུྃ་ལས་བདུད་རྩིའི་རྒྱུན་བབས། རྡོ་རྗེ་སེམས་དཔའི་སྐུ་གང་། དེ་ནས་ཡུམ་གྱི་སྐུ་གང་། ཡབ་ཡུམ་གཉིས་ཀྱི་སྦྱོར་མཚམས་ནས་བབས་པས་རང་གི་སྤྱི་གཙུག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས། སྡིག་སྒྲིབ་ནད་གདོན་ཐམས་ཅད་དུད་ཁུ་དང་རྣག་ཁྲག་སྲོག་ཆག་མི་སྡུག་པའི་རྣམ་པས་བཤང་གཅི་དང་རྐང་མཐིལ་གཉིས་ནས་ཐོན། ཤུལ་ཐམས་ཅད་བདུད་རྩིས་གང་བར་བསམ་ལ། ཨོཾ་ཤྲཱི་ཡ་མཱནྟ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། ཡ་མཱནྟ་ཀ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྜྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། སོགས་ནས། བྷ་ག་ཝཱན་ཡ་མཱནྟ་ཀ་མཱ་མེ་མུཉྩ། ཡ་མཱནྟ་ཀོ་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿཧཱུྃ་ཕཊ། ཅེས་པ་ཉེར་གཅིག་ལ་སོགས་པ་བཟླས་པའི་མཐར། ཕྱག་འཚལ་བསྟོད་ཅིང་ཕྱག་འཚལ་བསྟོད། །ཕྱག་འཚལ་བསྟོད་དེ་ཕྱག་འཚལ་འདུད། །གུས་པས་སྐུ་ལ་བདག་གསོལ་འདེབས། །རྡོ་རྗེ་སེམས་དཔར་བདག་སྒྲུབས་ཤིག །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་པ་དང་སྒྲིབ་པ་ཉེས་པ་དང་ལྟུང་བ་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་བརྗོད་པས། རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་དུ་ཞུ། རང་གི་སྤྱི་བོ་ནས་ཐིམ་པས། ལུས་ཤེལ་གོང་གཡའ་དག་པ་ལྟར་གྱུར་པར་བསམ། རང་ཉིད་སྐད་ཅིག་གིས་པདྨ་དང་ཉི་མ་མ་ཧེའི་སྟེང་དུ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པ་གྲི་གུག་དང་ཐོད་ཁྲག་འཛིན་པར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་བླ་མ་མི་བསྐྱོད་པའི་རྣམ་པས་དབུ་བརྒྱན་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་མདུན་གྱི་ནམ་མཁའི་གནས་སུ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས་ལ། ན་མོ་གུ་རུ་བྷྱཿཞེས་པ་བླ་མ་ལ་ཕྱག་བྱ། ཨོཾ་བཛྲ་བྷཻ་ར་ཝཱ་ཡ་ན་མཿཞེས་པས་ཡི་དམ་ལ་ཕྱག་བྱ། དེ་ནས་རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་རྣམས་སྤྲོས་ཏེ་མཆོད་པར་བསམ་ཞིང་། ངག་ཏུ། ཨོཾ་བཛྲ་ལཱ་སྱ་ཧཱུྃ། སྒེག་མོ་དཀར་མོ་དང་། ཨོཾ་བཛྲ་མཱ་ལེ་ཏྲཱཾ། ཕྲེང་བ་མ་སེར་མོ་དང་། ཨོཾ་བཛྲ་གཱི་ཏི་ཧྲཱིཿགླུ་མ་དམར་མོ། ཨོཾ་བཛྲ་ནྲྀ་ཏྱེ་ཨཱཿགར་མ་ལྗང་གུ། ཨོཾ་བཛྲ་དྷུ་པེ་ཧཱུྃ། བདུག་སྤོས་མ་དཀར་མོ། ཨོཾ་བཛྲ་པུཥྤེ་ཏྲཱཾ། མེ་ཏོག་མ་སེར་མོ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿམར་མེ་མ་དམར་སྐྱ། ཨོཾ་བཛྲ་གནྡྷེ་ཨཱཿདྲི་ཆབ་མ་ལྗང་གུ་རྣམས་ཀྱིས་མཆོད་པར་གྱུར། ཞེས་བརྗོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བརྗོད། སྲས་བཅས་སངས་རྒྱས་ཐམས་ཅད་དང་། སོགས་ནས། སེམས་ཅན་མྱ་ངན་འདས་ལ་འགོད། ཅེས་ལན་གསུམ་བརྗོད་པས་སྡོམ་པ་གཟུང་། ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སོགས་ནས། གནས་པར་གྱུར་ཅིག །ཅེས་ཚད་མེད་བཞི་སྒོམ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པར་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡོངས་སུ་གྱུར་པ་ལས། སྣ་ཚོགས་རྡོ་རྗེ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བ། ལྟེ་བ་མཐིང་ནག་ལ་ཧཱུྃ་ཡིག་འོད་ཟེར་འབར་བས་མཚན་པ། དེ་ལས་འོད་ཟེར་སྟེང་དུ་འཕྲོས་པས་སྟེང་མཐོ་བ་ཡངས་ཤིང་རྒྱ་ཆེ་བ། རྡོ་རྗེའི་གུར་དང་བླ་བྲེ། འོག་ཏུ་འཕྲོས་པས་སྲ་ཞིང་བརྟན་པའི་རྡོ་རྗེའི་ས་གཞི། ཕྱོགས་མཚམས་རྣམས་སུ་འཕྲོས་པས་རྡོ་རྗེ་འགྲེང་བུར་གྱུར་པ་བརྟན་ཞིང་གོ་སྐབས་མེད་པ་མི་ཕྱེད་པའི་རྡོ་རྗེའི་ར་བ་དང་དྲ་བ། ཕྱི་རོལ་ཀུན་ཏུ་འཕྲོས་པས་བསྐལ་པའི་མེ་ལྟ་བུའི་ཡེ་ཤེས་ཀྱི་མེ་རི་རབ་ཏུ་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བ། དེ་ཡི་དབུས་སུ་བྷྲཱུྃ་ལས་འཁོར་ལོ་སེར་པོ་རྩིབས་བཅུ་པ་ཡངས་ཤིང་རྒྱ་ཆེ་བའི་ལྟེ་བ་དང་རྩིབས་རྣམས་སུ་རཾ་ལས་ཉི་མའི་དཀྱིལ་འཁོར་རེ་རེ། དབུས་ཀྱི་སྟེང་དུ་རང་ཉིད་ཧཱུྃ་ལས་གཙུག་ཏོར་འཁོར་ལོས་སྒྱུར་བ་སེར་པོ་གཡས་འཁོར་ལོ། གཡོན་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པ། དེའི་ཐུགས་ཀ་ནས་ཧཱུྃ་བཅུ་སྤྲོས་པ་ལས། ཤར་དུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་གཤིན་རྗེའི་གཤེད་སྔོ་ནག་གཡས་རྡོ་རྗེ་ཐོ་བ། ལྷོར་ཤེས་རབ་མཐར་བྱེད་དཀར་པོ་གཡས་དབྱུག་པ། ནུབ་ཏུ་པདྨ་མཐར་བྱེད་དམར་པོ་གཡས་པདྨ། བྱང་དུ་བགེགས་མཐར་བྱེད་སྔོ་ནག་གཡས་རྡོ་རྗེ་རྩེ་ལྔ་གདེངས་པ། ཤར་ལྷོར་འདོད་པའི་རྒྱལ་པོ་སྔོ་ནག་གཡས་ལྕགས་ཀྱུ། ལྷོ་ནུབ་ཏུ་དབྱུག་སྔོན་ཅན་སྔོ་ནག་གཡས་དབྱུག་ཐོ། ནུབ་བྱང་དུ་སྟོབས་པོ་ཆེ་སྔོ་ནག་གཡས་རྩེ་གསུམ། བྱང་ཤར་དུ་མི་གཡོ་བ་སྔོ་ནག་གཡས་རལ་གྲི། སྟེང་དུ་ཧཱུྃ་མཛད་སྔོ་ནག་གཡས་རྡོ་རྗེ། འོག་ཏུ་གནོད་མཛེས་སྔོ་ནག་གཡས་གཏུན་ཤིང་འཛིན་པ། ཐམས་ཅད་ཀྱང་གཡས་ཕྱག་མཚན་འཕྱར་ཞིང་། གཡོན་པས་ཐུགས་ཀར་སྡིགས་མཛུབ་མཛད་པ། ཁྲོ་བོའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །དེ་རྣམས་ཀྱི་མིག་ཏུ་ཀྵིཾ། རྣ་བར་ཛྲིཾ། སྣར་ཁཾ། ལྕེ་གཾ། དཔྲལ་བར་ྈྐཾ། ལྟེ་བར་སཾ། སྤྱི་བོར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཁྲོ་བོ་བཅུ་གཅིག་སྲུང་བའི་འཁོར་ལོ་དང་བཅས་པ་ཨོཾ་བཛྲ་ས་མ་ཛཿཞེས་པས་སྤྱན་དྲངས། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ་གི་བར་གྱིས་མཆོད། ཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿཞེས་པས་སྤྱན་དྲངས། གོང་ལྟར་པུཥྤེ་སོགས་ཀྱིས་མཆོད། བཅོམ་ལྡན་འདས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། ཤེས་རབ་མཐར་བྱེད་ལ་རྣམ་སྣང་། པདྨ་མཐར་བྱེད་ལ་སྣང་བ་མཐའ་ཡས། གཞན་ཐམས་ཅད་ལ་མི་བསྐྱོད་པས་དབུར་བརྒྱན། འཁོར་ལོའི་རྩིབས་བར་བརྒྱད་དུ། མེ་རླུང་གི་སྟེང་དུ་དགྲ་བགེགས་ཀྱི་གཟུགས་བརྙན་སྤྱི་བོ་ཚུགས་སུ་བསམ། འཁོར་ལོ་གཡས་སུ་འཁོར་བས་དགྲ་བགེགས་ཐམས་ཅད་ཉལ་ཉལ་བཅད་ཅིང་གཏུབས། ཁྲོ་བོ་ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་འབྲུག་ལྟར་སྒྲོགས་པར་བསམ་ལ། ཨོཾ་ཨཱཿཨུཥྞཱི་ཥ་བཛྲ་ཙཀྲ་ཝརྟི། །སརྦ་ལོ་ཀི་ཀ། ལོ་ཀོཏྟ་ར་ཎི། ཡནྟྲ་མནྟྲ་ཏནྟྲ། པྲ་ཡོ་གི་ནི། སརྦ་བི་ཥ་བི་ཙུརྞྞ་ཡ། བི་ཙུརྞྞ་ཡ། མ་མ་ཀྲི་ཏེ། ཡེ་ན་ཀེ་ན། ཙིཏྟ་ཀྲྀ་ཏཱ་ནི་ཏཱ་ནི། སརྦ་བིགྷྣཱན། ཚིནྡྷ་ཚིནྡྷ། བྷིནྡྷ་བྷིནྡྷ། ཀམྦ་ཡ་ཀམྦ་ཡ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། བི་དྷཱནྶ་ཡ་བིདྷནྶ་ཡ། ཤ་ཏ་ས་ཧ་སྲ། སརྦ་བི་ཥ་བི་ཙུརྞཱ་ཡ། བི་ཙུརྞཱ་ཡ། བཛྲ་ཨུཥྞཱི་ཥ། ཙཀྲ་ཝརྟི། བྷྲཱུྃ་བྷྲཱུྃ་བྷྲཱུྃ། རཀྵ་རཀྵ་རཀྵ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། སྭཱ་ཧཱ། ཉེར་གཅིག་ལ་སོགས་པ་བཟླས་པའི་མཐར། ཨོཾ་བྷ་ཡ་ནཱ་སཱ་ནི། ཏྲཱ་ས་ནི། སརྦ་མཱ་ར། པྲ་ཏྱཾ་གི་ར་བི་ནཱ་ས་ནི། ཡི་གེ་ཙིཏྟ་དུཥྚཱན་ས་ཏྭ་མ་མ་བི་རཱུ་པ་ཀཾ། ཀུརྦནྟི་ཏཱ་ནི། སརྦ་མཱ་ར་ཎི། པྲ་ཏྱཾ་ཀ་རི་ཎི། པཱ་ཏ་རུ་ཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་བཟླ། སུ་གང་དག་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་སྡང་བའི་སེམས་དང་ལྡན་པ་རྣམས་དང་། གདུག་པའི་སེམས་དང་ལྡན་པ་རྣམས་དང་། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང་། བསམ་པ་དང་སྦྱོར་བ་ངན་པ་རྩོམ་པར་བྱེད་པའི་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཀྱི་བསམ་སྦྱོར་ངན་པ་ཐམས་ཅད་ཞི་བར་གྱུར་ཅིག །གལ་ཏེ་ཞི་བར་མ་གྱུར་ན། དེའི་ཚེ་དེ་དག་ཐམས་ཅད་ཀྱི་ལུས་བཅིང་བར་བགྱིའོ། །ངག་བཅིང་བར་བགྱིའོ། །ཡིད༴མཐུ་བརླག་པར་གྱུར་ཅིག །སྟོབས་བརླག་པར་གྱུར་ཅིག །རྫུ་འཕྲུལ་བརླག༴དེས་བཟླས་པའི་སྔགས་ཀྱིས་དེ་ཉིད༴དེས་བསྒྲུབས་པའི་ལྷ་འདྲེས་དེ་ཉིད་ཀྱི་ཤ་ཟ་བར་གྱུར་ཅིག །སྦྱོར་བ་ངན་པ་བྱས་པའི་འབྲས་བུ་དེ་ཉིད་ལ་འབྱུང་བར་གྱུར་ཅིག །ཅེས་བརྗོད་ཅིང་ཐལ་མོ་ལན་གསུམ་བརྡབས་པའི་མཐར། ཁྲོ་བོ་འབར་བའི་ཚོགས་རྣམས་ཀྱིས། དགྲ་བགེགས་རྣམས་ནི་ཐམས་ཅད་ཀྱི། ལུས་ངག་ཐལ་བ་རྡུལ་དུ་རློག །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཞེས་བརྗོད། དེ་ནས་སྒྲུབ་ཐབས་དངོས་ལ་འཇུག་པ་ནི། ཨུཥྞི་མ་བསྒོམ་ན། དེ་ཡི་དབུས་སུ་པད་ཟླའི་སྟེང་དུ། ཞེས་སྦྲེལ། བསྒོམ་ཡོད་ན། དབུས་ཀྱི་ཁྲོ་བོ་ཞུ་བ་ལས་བྱུང་བའི་པད་ཟླའི་སྟེང་དུ་ཀུན་ཏུ་བཟང་པོ་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་འཛིན་ཤིང་སྐྱིལ་ཀྲུང་གིས་བཞུགས་པ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་དེ་ཞུ་བ་ལས་ཆོས་འབྱུང་གྲུ་གསུམ་ཕྱི་དཀར་ལ་ནང་དམར་བ་རྩ་བ་ཕྲ་བ་ཐུར་དུ་ཟུག་པ། གདེང་ཀ་ཆེ་བ་གྱེན་དུ་ཕྱོགས་པའི་ནང་དུ་པཾ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་བྷྲཱུྃ་ལས་འཁོར་ལོ་དཀར་པོ་རྩིབས་བཅུ་གཉིས་པ་དེ་ཞུ་བ་ལས་རྣམ་སྣང་དཀར་པོ་ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱས་འཁོར་ལོ་འཛིན་པ་ཞབས་གཉིས་སྐྱིལ་ཀྲུང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་དེ་ཞུ་བ་ལས་བྱུང་བའི་གཞལ་ཡས་ཁང་གྲུ་བཞི་པ། སྒོ་བཞི་པ། རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་རྩིག་པ་ནང་ནས་རིམ་པ་བཞིན་དུ་ནག་པོ། ལྗང་གུ། དམར་པོ། སེར་པོ། དཀར་པོ་སྟེ་རིམ་པ་ལྔ་དང་ལྡན་པ། རྩིག་པའི་སྟེང་ན་རིན་པོ་ཆེའི་ཕ་གུ་སེར་པོ་ལ། ཕྱི་ནང་ཀུན་ཏུའང་རིན་པོ་ཆེའི་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་བ། མུ་ཏིག་གི་ཕྲེང་བ་དང་། རྡོ་རྗེའི་སྲད་བུ་དང་། ཟླ་བ་རླུང་གིས་བསྐྱོད་པ་དང་། མེ་ལོང་དང་། རྔ་ཡབ་དང་། དྲིལ་བུ་དང་། གཡེར་ཁ་ལ་སོགས་པའི་རྒྱན་མང་པོ་འཁྲོལ་ཞིང་དཔྱང་པ། ཕ་གུའི་སྟེང་ན་རིན་པོ་ཆེའི་མདའ་ཡབ་དང་། པུ་ཤུ་མཆོད་རྟེན་གྱི་རྣམ་པས་མཛེས་པར་བྱས་པ། པུ་ཤུའི་སྟེང་གི་ཁོར་ཡུག་ཀུན་ཏུའང་། གདུགས་དང་། རྒྱལ་མཚན་དང་། བ་དན་སྣ་ཚོགས་བསྒྲེངས་བ། ནང་ཀ་བ་བརྒྱད་དང་ལྡན་ཞིང་། སྟེང་རྡོ་རྗེའི་གདུང་ཆེན་པོ་བཞི་དང་། གདུང་ཟླུམ་གྱིས་མིག་མངས་རིས་སུ་བྲིས་ཤིང་མཛེས་པར་ཕུབ་པ། དབུས་གཙང་ཁང་ཕྱུར་བུར་ཕུབ་པའི་རྩེ་མོར་རྡོ་རྗེ་ཕྱེད་པའི་ཏོག་གིས་མཚན་པ། སྒོ་བཞིའི་ཐད་ཀ་ནས་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་བང་རིམ་བཞི་བཞི་དང་ལྡན་པ། པདྨ་ལ་གནས་པའི་རི་དྭགས་དང་། ཆོས་ཀྱི་འཁོར་ལོ་ཆར་ཁེབས་ཏོག་དང་བཅས་པས་སྒོའི་སྟེང་བརྒྱན་པ། ཀ་བའི་ཕྱི་ན་བདུད་རྩིས་གང་བའི་རིན་པོ་ཆེའི་བུམ་པ་དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པའི་སྟེང་ན་གླང་པོ་ཆེ། དེའི་སྟེང་ན་སེང་གེའི་ཕྲུ་གུ་ལག་པ་བརྐྱངས་པས་སྒོའི་ཕྱི་སྟོད་ལ་སླེབས་པ། སྒོའི་ཕྱི་ནས་རིན་པོ་ཆེའི་ཐེམ་སྐས་རིམ་པ་ལྔས་མཛེས་པར་བྱས་པ། རྩིག་པའི་ཕྱི་ནས་འདོད་ཡོན་གྱི་སྣམ་བུ་དམར་པོ་ལ་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་རྫས་དུ་མ་ཐོགས་ནས་གར་བྱེད་པའོ། །གཞལ་ཡས་ཁང་གི་ཕྱི་རོལ་སྲུང་བའི་འཁོར་ལོའི་ནང་དུ་དུར་ཁྲོད་བརྒྱད། དེ་དག་ན་གནས་པའི་ཤིང་བརྒྱད། ཤིང་གི་རྩ་བ་ན་གནས་པའི་ཕྱོགས་སྐྱོང་བརྒྱད་དང་ཞིང་སྐྱོང་བརྒྱད། སྟེང་གི་ནམ་མཁའ་ལ་གནས་པའི་སྤྲིན་བརྒྱད། དེ་དག་ལ་གནས་པའི་ཀླུ་བརྒྱད། གཞན་ཡང་རྣལ་འབྱོར་པ་བརྒྱད། མེ་བརྒྱད། ཆུ་བརྒྱད། མཆོད་རྟེན་བརྒྱད། བྱ་དང་ཤ་ཟ་སྣ་ཚོགས་དང་། རོ་སྣ་ཚོགས་དང་། རོ་ལངས་དང་། སྲིན་པོ་དང་། འདྲེ་རྣམས་གནས་པའོ། །གཞལ་ཡས་ཁང་གི་དབུས་ལིང་ཚེ་དགུར་གནས་པའི་དབུས་སུ། མི་མགོའི་ར་བ་ཟླུམ་པོ་ཡངས་ཤིང་རྒྱ་ཆེ་བ་སྒོ་གཅིག་དང་ལྡན་པ། སྟེང་ཀེང་རུས་ཀྱིས་ཕུབ་པ། གཡང་གཞིའི་བླ་རེ། རྒྱུ་རློན་གྱི་ལྡ་ལྡི། རུས་པའི་ཕྲེང་བ་རྣམས་ཀྱིས་བརྒྱན་པ། ཕྱི་ནང་ཀུན་ཏུ་ཁྲག་ཞག་གི་རྒྱ་མཚོ་འཁྲུགས་པ་དེ་ལྟ་བུའི་དབུས་སུ། ཡྃ་ལས་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ཅན། དེའི་སྟེང་དུ་རོ་མགོ་མེད་ལག་མེད། ཤར་དུ་མགོ་བོ། ལྷོར་ལག་པ། ནུབ་ཏུ་རྒྱུ་མ། བྱང་དུ་རྐང་པ། ཤར་ལྷོར་ཐོད་པ། ལྷོ་ནུབ་ཏུ་ཐོད་ཚལ། ནུབ་བྱང་དུ་རླུང་རས། བྱང་ཤར་དུ་སྐྱེས་བུ་གསལ་ཤིང་ལ་བཙུགས་པ། ཁྱམས་ཀྱི་ནང་དུ་ཤར་སྒོའི་གཡས་ནས་མཚམས་ལ་ཐུག་གི་བར་དུ་གྲི་གུག་དང་། མཚོན་རྩེ་གཅིག་པ་དང་། གཏུན་ཤིང་ངོ་། ཤར་སྒོའི་གཡོན་ནས་མཚམས་ལ་ཐུག་གི་བར་དུ་ཆུ་གྲི་དང་། རྡོ་རྗེ་རྩེ་གཅིག་པ་དང་། ལྕགས་ཀྱུ་རྣམས་སོ། །ལྷོ་སྒོའི་གཡས་ནས་མཚམས་ལ་ཐུག་གི་བར་དུ་དགྲ་སྟྭ་དང་། མདའ་དང་། ཁ་ཊྲཱྃ་གའོ། །ལྷོ་སྒོའི་གཡོན་ནས་མཚམས་ལ་ཐུག་གི་བར་དུ་དབྱུག་ཐོ་དང་། འཁོར་ལོ་དང་། རྡོ་རྗེ་ཞགས་པ་རྣམས་སོ། །ནུབ་སྒོའི་གཡས་ནས་མཚམས་ལ་ཐུག་གི་བར་དུ་རྡོ་རྗེ་རྩེ་ལྔ་པ་དང་། རྡེའུ་ཆུང་དང་། ཕུབ་རྣམས་སོ། །ནུབ་སྒོའི་གཡོན་ནས་མཚམས་ལ་ཐུག་གི་བར་དུ་གཞུ་དང་། དྲིལ་བུ་དང་། རླུང་གི་རས་རྣམས་སོ། །བྱང་སྒོའི་གཡས་ནས་མཚམས་ལ་ཐུག་གི་བར་དུ་སྡིག་མཛུབ་དང་། འཕན་རྩེ་གསུམ་པ་དང་། གླང་པོ་ཆེའི་པགས་པ་རྣམས་སོ། །བྱང་སྒོའི་གཡོན་ནས་མཚམས་ལ་ཐུག་གི་བར་དུ་རྡོ་རྗེ་ཐོ་བ་དང་། མདུང་ཐུང་དང་། མེ་ཐབས་རྣམས་སོ། །ཤར་སྒོར་ཐོ་བ། ལྷོ་སྒོར་དབྱུག་པ། ནུབ་སྒོར་པདྨ་། བྱང་སྒོར་རལ་གྲི། གྲྭ་བཞིར་རོ་ལངས་མགོ་གསུམ། ལག་པ་གསུམ། རྐང་པ་གསུམ་ཡོད་པས་གར་བྱེད་པའོ། །དབུས་སུ་རླུང་གི་དཀྱིལ་འཁོར་དང་། རོ་མགོ་མེད་ལག་མེད་ཀྱི་སྟེང་དུ་པཾ་ལས་པདྨའི་སྡོང་པོ་འདབ་མ་སྟོང་དང་ལྡན་པའི་སྟེང་དུ་རྃ་ལས་ཉི་མའི་དཀྱིལ་འཁོར་འབར་ཞིང་ཚ་བ་དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ཤར་དུ་མགོ་བོའི་སྟེང་དུ་པདྨ་དང་ཟླ་བའི་གདན། ལྷོར་ལག་པ་གཉིས་ཀྱི་སྟེང་དུ་པདྨ་དང་ཉི་མའི་གདན། ནུབ་ཏུ་རྒྱུ་མའི་སྟེང་དུ་པདྨ་དང་ཉི་མ་འོད་དང་བྲལ་བ། བྱང་དུ་རྐང་པ་གཉིས་ཀྱི་སྟེང་དུ་པདྨ་དང་རླུང་གི་དཀྱིལ་འཁོར། མཚམས་བཞིར་པདྨ་དང་ཟླ་བའི་གདན། སྒོ་བཞིར་པདྨ་དང་ཉི་མའི་གདན་ནོ། །དབུས་ཀྱི་གདན་གྱི་སྟེང་དུ་རང་གི་སེམས་ཉིད་དྷཱིཿལས་རལ་གྲི་དྷཱིཿས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་རྒྱུའི་འཇམ་དཔལ་སྐུ་མདོག་གསེར་གྱི་མདོག་ཅན། ཕྱག་གཡས་རལ་གྲི་དཔུང་པའི་ཐད་དུ་འཛིན་ཅིང་། གཡོན་པས་ཨུཏྤ་ལའི་ཡུ་བ་ཐུགས་ཀར་མཐེབ་སྲིན་གྱིས་འཛིན་པའི་སྟེང་དུ་པུསྟི་འཛིན་པ། ཞི་བ་འཛུམ་པ་སྒེག་པའི་ཉམས་ཅན། རལ་པའི་ཟུར་ཕུད་ལྔ་དང་ལྡན་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀར་ཨ་ལས་ཉི་མའི་དཀྱིལ་འཁོར། དེ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ། རིག་པའི་ལྷ་མོ། ཁྲོ་བོ་གཤིན་རྗེའི་གཤེད་ཀྱི་ལྷ་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། ཉི་མའི་དཀྱིལ་འཁོར་ལ་ཐིམ་པས་འབར་བ་དང་བཅས་པའི་འོད་ཀྱི་གོང་བུ་ཆེན་པོར་གྱུར་པ་ནི་སྐུའི་ཞིང་ཁམས་རྣམ་པར་དག་པའི་དགའ་བའོ། །དེ་ལས་འོད་ཟེར་འཕྲོས་པས་དེ་དག་གི་ཐུགས་ཀ་ནས། ཨ་ཨཱ་ནས། ཨཾ་ཨཿཀ་ཁ་ག་གྷ་ང་། སོགས་ནས། ཤ་ཥ་ས་ཧ་ཀྵ། ཡ་ར་ལ་ཝ་ཌ་ཌྷ། ཨོཾ་ཡ་མ་རཱ་ཛ། ས་དོ་མེ་ཡ། ཡ་མེ་དོ་རུ། ཎ་ཡོ་ད་ཡ། ཡ་དཱཾ་ཡོ་ནི། ར་ཡ་ཀྵེ་ཡ། ཡ་ཀྵེ་ཡཙྪ། ནི་རཱ་མ་ཡ་ཧཱུྃ་ཕཊ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ། ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཅེས་པ་རྣམས་འདུས། རང་ལ་ཕོག་པའི་རྐྱེན་གྱིས་འབར་བ་དང་བཅས་པའི་ཧཱུྃ་ནག་པོ་འོད་ཟེར་ལྔ་དང་ལྡན་པར་གྱུར་པ་ནི་གསུང་གི་ཞིང་ཁམས་རྣམ་པར་དག་པའི་དགའ་བའོ། །དེ་ལས་དཔག་ཏུ་མེད་པའི་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་གྲི་གུག་དང་ཐོད་པ་ལ་སོགས་པའི་ཕྱག་མཚན་གྱི་བྱེ་བྲག་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། རང་ལ་ཕོག་པའི་རྐྱེན་གྱིས་རྡོ་རྗེ་ནག་པོ་རྩེ་དགུ་པ་རྭ་གདེངས་པའི་ལྟེ་བ་ལ་ཧཱུྃ་གིས་མཚན་པར་གྱུར་པ་ནི་ཐུགས་ཀྱི་ཞིང་ཁམས་རྣམ་པར་དག་པའི་དགའ་བའོ། །དེ་ལས་དཔག་ཏུ་མེད་པའི་འོད་ཟེར་འཕྲོས་པས་གཞལ་དུ་མེད་པའི་སེམས་ཅན་གྱི་དོན་བྱས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། སྣོད་བཅུད་ཐམས་ཅད་རྡོ་རྗེ་འཇིགས་བྱེད་ཀྱི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཆེན་པོ་གྱུར། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་སྐུ་མདོག་ཆར་སྤྲིན་གྱི་མདོག་ལྟར་གནག་ཅིང་ནམ་མཁའི་འོད་ལྟར་གསལ་བ། ཞལ་དགུ་ཕྱག་སུམ་ཅུ་རྩ་བཞི་པ། ཞབས་བཅུ་དྲུག་དང་ལྡན་པ། རྩ་ཞལ་ནག་པོ་མ་ཧེའི་གདོང་པ་ཅན། མཆེ་བ་གཙིག་ཤིང་ལྗགས་འདྲིལ་བ། ཁྲོ་གཉེར་དང་བཅས་པ། རྭ་སྔོན་པོ་རྣོ་ཟེངས་བ་ལ་རུས་པའི་རྒྱན་འཁྲོལ་བ། ཕཊ་དང་ཕཻཾ་གྱི་སྒྲ་སྒྲོགས་པ། དེའི་སྟེང་ན་སྲིན་པོའི་ཞལ་དམར་པོ་ཁྲག་འཛག་ཅིང་མཆེ་བ་གཙིགས་པ། དེའི་སྟེང་ན་འཇམ་དཔལ་གྱི་ཞལ་སེར་པོ་འཛུམ་ཞིང་ཅུང་ཟད་ཁྲོ་བ། སྙན་གོང་ན་ཨུཏྤལ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། རྭའི་གཡས་ཀྱི་ཞལ་དང་པོ་སྔོན་པོ་མཆེ་བ་གཙིགས་པ། དེའི་སྟེང་ན་གཉིས་པ་དམར་པོ་ལྗགས་འདྲིལ་བ། དེའི་སྟེང་ན་གསུམ་པ་སེར་པོ་ཁྲོ་གཉེར་བསྡུས་པ། རྭའི་གཡོན་གྱི་ཞལ་དང་པོ་དཀར་པོས་རྨོངས་པར་བྱེད་པ། དེའི་སྟེང་ན་གཉིས་པ་དུད་ཀས་རེངས་པར་བྱེད་པ། དེའི་སྟེང་ན་གསུམ་པ་ནག་པོས་གསོད་པར་བྱེད་པ། ཞལ་རེ་རེ་ཞིང་སྤྱན་གསུམ་གསུམ་མེ་སྟག་གི་ཕུང་པོ་ལྟར་དམར་ལ་ཟླུམ་པ། མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། ཁྲོ་གཉེར་བསྡུས་པ། སྨ་ར་དང་སྨིན་མ་དམར་སེར་གྱེན་དུ་འབར་བ་ཐོད་སྐམ་ལྔ་ལྔས་ཁྲོ་ཞལ་རྣམས་ཀྱི་དབུ་ལ་བརྒྱན་པ། ཐམས་ཅད་ཀྱི་དབུ་སྐྲ་ཁམ་ནག་འཇམ་དཔལ་གྱི་སྤྱི་གཙུག་ཏུ་འཁྱིལ་བ། ཧཱུྃ་དང་ཕཊ་དང་ཧ་ཧའི་གད་རྒྱང་རྣམ་པར་སྒྲོགས་པའོ། །ཕྱག་སུམ་ཅུ་རྩ་བཞིའི་གཡས་པ་རྣམས་ཀྱིས་རིམ་པ་བཞིན་དུ་གྲི་གུག་དང་། མཚོན་རྩེ་གཅིག་པ་དང་། གཏུན་ཤིང་དང་། ཆུ་གྲི་དང་། རྡོ་རྗེ་རྩེ་གཅིག་པ་དང་། དགྲ་སྟྭ་དང་། མདུང་ཐུང་དང་། མདའ་དང་། ལྕགས་ཀྱུ་དང་། དབྱུག་པ་དང་། ཁ་ཊྭཱྃ་ག་དང་། འཁོར་ལོ་དང་། རྡོ་རྗེ་རྩེ་ལྔ་བ་དང་། རྡོ་རྗེ་ཐོ་བ་དང་། རལ་གྲི་དང་། རྔེའུ་ཆུང་རྣམས་བསྣམས་པའོ། །གཡོན་པ་རྣམས་ཀྱིས་རིམ་པ་བཞིན་དུ་ཁྲག་གིས་གང་བའི་ཐོད་པ་དང་། མགོ་བོ་དང་། ཕུབ་དང་། རྐང་པ་དང་། ཞགས་པ་དང་། གཞུ་དང་། རྒྱུ་མ་དང་། དྲིལ་བུ་དང་། ལག་པ་དང་། དུར་ཁྲོད་ཀྱི་རས་དང་། སྐྱེས་བུ་གསལ་ཤིང་ལ་བཙུགས་པ་དང་། མེ་ཐབ་དང་། ཐོད་ཚལ་དང་། སྡིགས་མཛུབ་དང་། འཕན་རྩེ་གསུམ་པ་དང་། རླུང་གིས་འཕྱར་བའི་རས་རྣམས་བསྣམས་པའོ། །ཕྱག་ཐ་མ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་རློན་པ་བརྒྱངས་ནས་འཛིན་པ། ཞབས་བཅུ་དྲུག་གི་གཡས་པ་རྣམས་བསྐུམས་པས་རིམ་པ་བཞིན་དུ་མི་དང་། མ་ཧེ་དང་། གླང་དང་། བོང་བུ་དང་། རྔ་མོ་དང་། ཁྱི་དང་། ལུག་དང་། ཝ་རྣམས་མནན་པའོ། །གཡོན་པ་བརྒྱད་བརྐྱངས་པས་རིམ་པ་བཞིན་དུ་བྱ་རྒོད་དང་། འུག་པ་དང་། ཁྭ་ཏ་དང་། ནེ་ཙོ་དང་། ཁྲ་དང་། ཁྱུང་དང་། རི་སྐེགས་དང་། བཞད་རྣམས་མནན་པའོ། །དེ་རྣམས་ཀྱི་འོག་ཏུ་ཚངས་པ་སེར་པོ། དབང་པོ་དཀར་པོ། ཉེ་དབང་སྔོན་པོ། དྲག་པོ་ནག་པོ། གཞོན་ནུ་གདོང་དྲུག་ལྗང་གུ་རྣམས་ཁ་སྦུབ་ཏུ་མནན་པ། གཅེར་བུ་མཚན་མ་གྱེན་དུ་སྒྲེང་བ། མིའི་ཁྲག་དང་། ཚིལ་དང་། ཞག་དང་། རྐང་རྣམས་ཞལ་དུ་གསོལ་བ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ལ་བསྡིགས་པར་མཛད་པ། མི་མགོ་རློན་པ་ཁྲག་འཛག་པ་ལྔ་བཅུའི་ཕྱང་འཕྲུལ་དང་། སྦྲུལ་དང་རུས་པའི་རྒྱན་གྱིས་བརྒྱན་པ། ཐལ་ཆེན་གྱི་ཚོམ་བུ་དང་། ཁྲག་གི་ཐིག་ལེ་དང་། ཞག་གི་ཟོ་རིས་དང་ལྡན་པ། ཁམས་གསུམ་ཟ་བར་ནུས་པ། སྒེག་པ་དཔའ་བ་མི་སྡུག་པ། དགོད་པ་དྲག་ཤུལ་འཇིགས་སུ་རུང་བ། སྙིང་རྗེ་རྔམ་དང་ཞི་བ་སྟེ། གར་དགུའི་ཉམས་དང་ལྡན་པའོ། །དེ་དག་ནི་འབྲས་བུའི་གཤིན་རྗེ་གཤེད་དོ། །དེའི་ཐུགས་ཀར་པདྨ་དང་ཉི་མའི་སྟེང་དུ་ཡེ་ཤེས་སེམས་དཔའ་རྗེ་བཙུན་འཇམ་པའི་དབྱངས་སྐུ་མདོག་གསེར་གྱི་མདོག་ཅན། ཕྱག་གཡས་རལ་གྲི་དཔུང་པའི་ཐད་དུ་འཛིན་ཅིང་། གཡོན་པས་ཨུཏྤ་ལའི་ཡུ་བ་ཐུགས་ཀར་མཐེབ་སྲིན་གྱིས་འཛིན་པའི་སྟེང་དུ་པུསྟི་འཛིན་པ། ཞི་བ་འཛུམ་པ་སྒེག་པའི་ཉམས་ཅན། རལ་པའི་ཟུར་ཕུད་ལྔ་དང་ལྡན་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་གྱེན་དུ་ལངས་པའི་ལྟེ་བ་ལ་ཧཱུྃ་མཐིང་ནག་གིས་མཚན་པ། དེའི་པང་ན་ཡུམ་རྡོ་རྗེ་རོ་ལངས་མ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ལྔ་དང་ལྡན་པ། ཞབས་གཡས་བརྐྱང་ཞིང་གཡོན་པས་བཅོམ་ལྡན་འདས་ལ་འཁྲིལ་བ། གཉིས་ཀའང་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པའོ། །ཡབ་ཀྱི་གསང་བའི་གནས་མི་དམིགས་ཏེ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ། ཡུམ་གྱི་མཁའ་མི་དམིགས་ཏེ་ཨོཾ་ལས་པདྨ་དམར་པོ་འདབ་མ་ལྔ་པ་ཟེའུ་འབྲུ་ལ་ཨོཾ་གིས་མཚན་པ་གཉིས་ཀའི་བུ་གར་ཕཊ་ཀྱིས་བཀག་པ། ཡབ་ཡུམ་སྙོམས་པར་ཞུགས་པའི་སྒྱུ་མ་ལྟ་བུའི་དགའ་བའི་སྒྲས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། ཡབ་ཀྱི་ཞལ་དུ་ཞུགས། ཐུགས་ཀ་ནས་སྲོག་དག་པའི་ལམ་ནས་བརྒྱུད། ཡུམ་གྱི་མཁར་བབས་པས། ཐིག་ལེ་བཅུ་གཉིས་སུ་གྱུར་ཏེ། དེ་དག་གནས་གྱུར་པ་ལས་ཤར་དུ་གཏི་མུག་གཤིན་རྗེའི་གཤེད་དཀར་པོ་དཀར་སྔོ་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་གྲི་གུག་འཁོར་ལོ་རལ་གྲི། གཡོན་གསུམ་ཐོད་ཁྲག་རིན་ཆེན་པདྨ་འཛིན་པ། ལྷོར་སེར་སྣ་གཤིན་རྗེའི་གཤེད་སེར་པོ་སེར་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་གྲི་གུག་རིན་ཆེན་རལ་གྲི། གཡོན་གསུམ་ཐོད་ཁྲག་ནོར་བུ་པདྨ་འཛིན་པ། ནུབ་ཏུ་འདོད་ཆགས་གཤིན་རྗེའི་གཤེད་དམར་པོ་དམར་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་གྲི་གུག་པདྨ་རལ་གྲི། གཡོན་གསུམ་ཐོད་ཁྲག་ནོར་བུ་འཁོར་ལོ་འཛིན་པ། བྱང་དུ་ཕྲག་དོག་གཤིན་རྗེའི་གཤེད་ལྗང་གུ་ལྗང་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་གྲི་གུག་རལ་གྲི་འཁོར་ལོ། གཡོན་གསུམ་ཐོད་ཁྲག་པདྨ་ནོར་བུ་འཛིན་པ། ཤར་ལྷོར་ཙ་རྩི་ཀཱ་དཀར་མོ་དཀར་སྔོ་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་གྲི་གུག་འཁོར་ལོ་རལ་གྲི། གཡོན་གསུམ་ཐོད་ཁྲག་རིན་ཆེན་པདྨ་འཛིན་པ། ལྷོ་ནུབ་ཏུ་ཕག་མོ་རྩ་ཞལ་གྱི་སྟེང་ན་ཕག་གདོང་གྱེན་དུ་ལྟ་བ་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་གྲི་གུག་རྡོ་རྗེ་རལ་གྲི། གཡོན་གསུམ་ཐོད་ཁྲག་འཁོར་ལོ་པདྨ་འཛིན་པ། ནུབ་བྱང་དུ་དབྱངས་ཅན་མ་དམར་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་གྲི་གུག་པདྨ་རལ་གྲི། གཡོན་གསུམ་ཐོད་ཁྲག་ནོར་བུ་འཁོར་ལོ་འཛིན་པ། བྱང་ཤར་དུ་གཽ་རཱི་ལྗང་གུ་ལྗང་སྔོ་དཀར་པའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་གྲི་གུག་རལ་གྲི་འཁོར་ལོ། གཡོན་གསུམ་ཐོད་ཁྲག་པདྨ་ནོར་བུ་འཛིན་པ། ཤར་སྒོར་ཐོ་བ་གཤིན་རྗེའི་གཤེད་སྔོན་པོ་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་གྲི་གུག་ཐོ་བ་རལ་གྲི། གཡོན་གསུམ་ཐོད་ཁྲག་ནོར་བུ་པདྨ་འཛིན་པ། ལྷོ་སྒོར་དབྱུག་པ་གཤིན་རྗེའི་གཤེད་དཀར་པོ་དཀར་སྔོ་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་གྲི་གུག་དབྱུག་པ་རལ་གྲི། གཡོན་གསུམ་ཐོད་ཁྲག་པདྨ་འཁོར་ལོ་འཛིན་པ། ནུབ་སྒོར་པདྨ་གཤིན་རྗེའི་གཤེད་དམར་པོ་དམར་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་གྲི་གུག་པདྨ་རལ་གྲི། གཡོན་གསུམ་ཐོད་ཁྲག་འཁོར་ལོ་ནོར་བུ་འཛིན་པ། བྱང་སྒོར་རལ་གྲི་གཤིན་རྗེའི་གཤེད་ལྗང་གུ་ལྗང་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་གྲི་གུག་རལ་གྲི་འཁོར་ལོ། གཡོན་གསུམ་ཐོད་ཁྲག་ནོར་བུ་པདྨ་འཛིན་པ། ཡབ་རྣམས་ཀྱི་རྩ་བའི་ཕྱག་དང་པོ་གཉིས་ཀྱི་རང་འོད་ཀྱི་ཤེས་རབ་མ་དང་། ཡུམ་རྣམས་ཀྱི་རང་འོད་ཀྱི་ཡབ་ལ་འཁྱུད་ཅིང་མཉམ་པར་སྦྱོར་བ་ཐམས་ཅད་ཀྱང་ཐོད་པ་དང་སྦྲུལ་དང་མི་སྡུག་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའོ། །དེ་ནས་དམ་ཚིག་གི་དཀྱིལ་འཁོར་དུ་སྤྲོ་བར་བྱ་སྟེ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ། ཨོཾ་ཛི་ན་ཛི་ཀ་ཧཱུྃ་ཕཊ། ཨོཾ་རཏྣ་དྡྷྲྀཀ་ཧཱུྃ་ཕཊ། ཨོཾ་ཨ་རོ་ལྀཀ་ཧཱུྃ་ཕཊ། ཨོཾ་པྲ་ཛྙཱ་དྡྷྲྀཀ་ཧཱུྃ་ཕཊ། ཨོཾ་མོ་ཧ་རཱ་ཏི་ཧཱུྃ་ཕཊ། ཨོཾ་དྭི་ཥ་རཱ་ཏི་ཧཱུྃ་ཕཊ། ཨོཾ་རཱ་ག་རཱ་ཏི་ཧཱུྃ་ཕཊ། ཨོཾ་བཛྲ་རཱ་ཏི་ཧཱུྃ་ཕཊ། ཨོཾ་མུངྒ་ར་དྡྷྲྀཀ་ཧཱུྃ་ཕཊ། ཨོཾ་དཎྜ་དྡྷྲྀཀ་ཧཱུྃ་ཕཊ། ཨོཾ་པདྨ་དྡྷྲྀཀ་ཧཱུྃ་ཕཊ། ཨོཾ་ཁཌྒ་དྡྷྲྀཀ་ཧཱུྃ་ཕཊ། ཅེས་བརྗོད་པས། རང་གི་བ་སྤུའི་བུ་ག་ཇི་སྙེད་ཡོད་པ་ནས་མཁའ་ནང་གི་གཙོ་བོ་ཡབ་ཡུམ་འཁོར་དང་བཅས་པ་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་ཞེ་སྡང་དང་གཏི་མུག་སེར་སྣ་འདོད་ཆགས་དང་ཕྲག་དོགའབྱུང་བ་བཞིའི་ཁམས་སུ་འཛིན་པའི་བག་ཆགས་དང་བདུད་བཞི་དང་སྒྲིབ་པ་བཞི་དང་ལྟ་བ་བཞི་རྣམས་བཅོམ་ལྷ་སོ་སོའི་གོ་འཕང་ལ་བཀོད་ཚུར་འདུས་གཙོ་འཁོར་སོ་སོའི་སྐུར་གྱུར་པ་རྣམས་གཞལ་ཡས་ཁང་གི་དབུས་ཀྱི་གཙོ་བོ་ལ་ཐིམ་ཞིང་འཁོར་རྣམས་ཕྱོགས་མཚམས་སྒོ་བཞི་རྣམས་སུ་རང་རང་གི་གདན་གྱི་སྟེང་དུ་ཞབས་གཡོན་བརྐྱང་གི་སྟབས་ཀྱིས་འཁོད་པར་གྱུར། ལྷ་དེ་ཐམས་ཅད་ཀྱི་མིག་ཏུ་ཀྵིཾ་དང་འཁོར་ལོ་ལས་ས་སྙིང་དཀར་པོ་དཀར་སྔོ་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་གྲི་གུག་འཁོར་ལོ་རལ་གྲི། གཡོན་གསུམ་ཐོད་ཁྲག་རིན་ཆེན་པདྨ་འཛིན་པ། རྣ་བ་ཛྲིཾ་དང་རྡོ་རྗེ་ལས་ཕྱག་རྡོར་ནག་པོ་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་གྲི་གུག་རྡོ་རྗེ་རལ་གྲི། གཡོན་གསུམ་ཐོད་ཁྲག་འཁོར་ལོ་པདྨ་འཛིན་པ། སྣར་ཁཾ་དང་རིན་པོ་ཆེ་ལས་ནམ་སྙིང་སེར་པོ་སེར་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་གྲི་གུག་རིན་ཆེན་རལ་གྲི། གཡོན་གསུམ་ཐོད་ཁྲག་འཁོར་ལོ་པདྨ་འཛིན་པ། ལྕེར་གཾ་དང་པདྨ་ལས་སྤྱན་གཟིགས་དམར་པོ་དམར་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་གྲི་གུག་པདྨ་རལ་གྲི། གཡོན་གསུམ་ཐོད་ཁྲག་ནོར་བུ་འཁོར་ལོ་འཛིན་པ། དཔྲལ་བར་ྈྐཾ་དང་རལ་གྲི་ལས་སྒྲིབ་སེལ་ལྗང་གུ་ལྗང་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་གྲི་གུག་རལ་གྲི་འཁོར་ལོ། གཡོན་གསུམ་ཐོད་ཁྲག་པདྨ་ནོར་བུ་འཛིན་པ། ལྟེ་བར་སཾ་དང་འཁོར་ལོ་ལས་ཀུན་བཟང་དཀར་པོ་དཀར་སྔོ་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་གྲི་གུག་འཁོར་ལོ་རལ་གྲི། གཡོན་གསུམ་ཐོད་ཁྲག་རིན་ཆེན་པདྨ་འཛིན་པ། སྤྱི་བོར་ཨོཾ་ལས་སྐུ་རྡོ་རྗེ་དཀར་པོ་དཀར་སྔོ་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་གྲི་གུག་འཁོར་ལོ་རལ་གྲི། གཡོན་གསུམ་ཐོད་ཁྲག་རིན་ཆེན་པདྨ་འཛིན་པ། མགྲིན་པར་ཨཱཿལས་གསུང་རྡོ་རྗེ་དམར་པོ་དམར་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་གྲི་གུག་པདྨ་རལ་གྲི། གཡོན་གསུམ་ཐོད་ཁྲག་ནོར་བུ་འཁོར་ལོ་འཛིན་པ། སྙིང་གར་ཧཱུྃ་ལས་ཐུགས་རྡོ་རྗེ་ནག་པོ་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་གྲི་གུག་རྡོ་རྗེ་རལ་གྲི། གཡོན་གསུམ་ཐོད་ཁྲག་འཁོར་ལོ་པདྨ་འཛིན་པ། དེ་ཐམས་ཅད་ཀྱི་ཕྱག་དང་པོ་གཉིས་ཀྱིས་ཕྱག་མཚན་ཐུགས་ཀར་འཛིན་པའོ། །ལྷ་དེ་རྣམས་ཀྱི་ཐུགས་ཀར་རང་རང་གི་ཕྱག་མཚན་ས་བོན་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་ཨོཾ་ཤྲཱི་བཛྲ་བྷཻ་ར་ཝ་མཎྜ་ལ་ས་པ་རི་ཝཱ་ར་ཨོཾ་བཛྲ་ས་མཱ་ཛཿཞེས་པས་སྤྱན་དྲངས། ཨོཾ་ཤྲཱི་བཛྲ་བྷཻ་ར་ཝཱ་མཎྜ་ལ་ས་པ་རི་ཝཱ་ར། བཛྲ་པུཥྤེ་ཨཱཿཧཱུྃ། བཛྲ་དྷཱུ་པེ་ཨཱཿཧཱུྃ། ནས། བཛྲ་ནཻ་ཝི་དྱཱ་ཨཱཿཧཱུྃ། གིས་མཆོད། ཨོཾ་བཛྲ་མུངྒ་ར་ཛཿཞེས་པས་དམ་ཚིག་པའི་སྤྱི་བོར་སྤྱན་དྲངས། ཨོཾ་བཛྲ་དཎྜ་ཧཱུྃ། གིས་གཉིས་མེད་དུ་བྱ། ཨོཾ་བཛྲ་པདྨ་བྃ། གྱིས་ཆུ་ལ་ཆུ་འདྲེས་པ་ལྟར་གྱུར། ཨོཾ་བཛྲ་ཁངྒ་ཧོཿམཉེས་ཏེ་ཞུ་བར་བསམ་ལ་རང་གི་ཕྱག་རྒྱ་བཅས་པས་དགུག་གཞུག་བྱ། སླར་ཡང་དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་དབང་བསྐུར་གྱི་ལྷ་རིགས་ལྔ། ཡུམ་བཞི། སེམས་དཔའ་བརྒྱད། ཁྲོ་བོ་བཅུ། རིག་པའི་ལྷ་མོ་དྲུག་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿཨོཾ་སརྦ་ཏ་ཐཱ་ག་ཏ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་བཛྲ་པུཥྤེ་ཨཱཿཧཱུྃ། སོགས་ལྔས་མཆོད། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །ཐུགས་རྗེའི་རང་བཞིན་ཅན་རྣམས་ཀྱི། །ཁྱེད་ཀྱིས་བདག་ལ་དབང་བསྐུར་གསོལ། །ཞེས་གསོལ་བ་བཏབ་པས་རིགས་ལྔས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་བཞི་བུམ་པ་ཐོག་ཏེ་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བོ་བཅུས་བགེགས་བསྐྲད། རིག་མ་རྣམས་ཀྱིས་རྡོ་རྗེའི་གླུ་བླངས་སྟེ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུ་ད་ཀ་ཨ་བྷི་ཥིཉྩ་མཱཾ། ཞེས་དབང་བསྐུར་བའི་ཆུ་རྒྱུན་དེ་སྤྱི་གཙུག་ནས་ཞུགས། རྐང་མཐིལ་ཡན་ཆད་གང་། ལུས་ངག་ཡིད་གསུམ་གྱི་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་དབང་རྟགས་སུ་གཙོ་བོ་ཡབ་ཡུམ་ལ་མི་བསྐྱོད་པ། གཏི་མུག་གཤིན་རྗེའི་གཤེད་དང་། ཙ་རྩི་ཀཐོ་བ་གཤིན་རྗེའི་གཤེད་ཡབ་ཡུམ་རྣམས་ལ་རྣམ་པར་སྣང་མཛད། སེར་སྣ་གཤིན་རྗེའི་གཤེད་དང་། ཕག་མོ། དབྱུག་པ་གཤིན་རྗེའི་གཤེད་ཡབ་ཡུམ་རྣམས་ལ་རིན་ཆེན་འབྱུང་ལྡན། འདོད་ཆགས་གཤིན་རྗེའི་གཤེད་དང་། དབྱངས་ཅན་མ། པདྨ་གཤིན་རྗེའི་གཤེད་ཡབ་ཡུམ་རྣམས་ལ་འོད་དཔག་མེད། ཕྲག་དོག་གཤིན་རྗེའི་གཤེད་དང་། གཽ་རཱི། རལ་གྲི་གཤིན་རྗེའི་གཤེད་ཡབ་ཡུམ་རྣམས་ལ་དོན་ཡོད་གྲུབ་པ་རྣམས་ཀྱིས་དབུ་བརྒྱན་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཅེས་ཡན་ལག་བཞི་རྫོགས་པའི་ཆོ་གས་སྒྲུབ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོ་བདག་ཡིན་ནོ་སྙམ་དུ་ལྷ་ཡི་ང་རྒྱལ་བརྟན་པ་དང་། རྣམ་པ་གསལ་བ། སྣང་སྟོང་དབྱེར་མེད་ལ་སེམས་གཏད་པས་ཇི་ཙམ་གནས་ཀྱི་བར་དུ་མཉམ་པར་འཇོག་གོ། དེ་ནས་མཆོད་པ་སོགས་བྱ་བ་སྤྲོ་ན། རང་གི་སྙིང་ག་ནས་མཆོད་པའི་ལྷ་མོ་སྤྲོས་ནས་དཀྱིལ་འཁོར་གྱི་ལྷ་ལ་མཆོད་པར་བསམ་ལ། ཨོཾ་ཤྲཱི་བཛྲ་བྷཻ་ར་ཝ་མཎྜ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། དེ་བཞིན་སྦྱར་བའི། པཱ་དྱཾ། པུཥྤེ། དྷཱུ་པེ་ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱཱ། ཤབྡའི་བར་དང་། མཚན་སྔགས་མགོར་སྦྱར་བའི། རཱུ་པ་པཱུ་ཛ་ཨཱཿཧཱུྃ་ནས། སྤཪྵེའི་བར་དང་། ཨོཾ་ཤྲཱི་བཛྲ་བྷཻ་ར་ཝ་མཎྜ་ལ་ས་པ་རི་ཝཱ་ར་དྷརྨ་དྷཱ་ཏུ་ཨཱ་ཀཱ་ཤ་ཨཱཿཧཱུྃ། ཞེས་པ་རྣམས་ཀྱིས་མཆོད། དེ་ནས་མཆོད་པའི་གླུ་བླངས་སྟེ། གཟུགས་སྒྲ་ལ་སོགས་དྲུག་པོ་འདི། །དངོས་མེད་ནམ་མཁའ་ལྟ་བུ་ལ། །ལོངས་སྤྱོད་ཡུལ་དུ་དུ་མར་སྣང་། །ཤེལ་ལ་ཚོན་ནི་ཇི་བཞིན་ནོ། །འདོད་ཡོན་ལྔ་དང་ཆོས་རྣམས་ལ། །རྣལ་འབྱོར་རྟག་ཏུ་སྤྱོད་པར་ཤོག །ཨ་ལ་ལ་ཧོ་རོལ་དུ་གསོལ། །མཉེས་པར་མཛོད། མི་འཛིན་སྒྱུ་མ་ལྟ་བུ་ལ། །དགྱེས་པའི་གར་གྱིས་རོལ་པར་མཛོད། །རེག་བྱ་འགག་པ་མེད་པ་ལ། །མི་གཡོ་བཞིན་དུ་རོལ་པར་མཛོད། །ཧོཿཆགས་པ་མེད་བཞིན་ཆགས་པར་མཛོད། །དེ་ནས་མཆོད་བྱ་མཆོད་བྱེད་མཆོད་པ་རྣམས་མི་དམིགས་པར་བསམ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པ་ནི་མཆོད་པའོ། །དེ་ནས་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་གཙོ་བོ་ལ་བསྟོད་པར་བསམ་ནས། ཧཱུྃ། དུར་ཁྲོད་རྒྱན་གྱིས་རྣམ་བརྒྱན་པའི། །ཞེ་སྡང་གཤིན་རྗེའི་གཤེད་པོ་ནི། །དངོས་མེད་ནམ་མཁའ་ལྟ་བུ་ལ། །ཐུགས་རྗེས་སྤྲུལ་པའི་སྐུར་བསྟན་པ། །ཡེ་ཤེས་ཁྲོ་རྒྱལ་རབ་འཇིགས་པ། །དུད་ཀ་མུན་འཇིགས་ཁྱོད་ལ་བསྟོད། །མི་ཐུང་སྒེག་པོ་སྤྲིན་ལྟའི་མདོག །འོད་ཟེར་འཕྲོ་བ་རྣམ་པར་བཞེངས། །མཚན་མ་ལེགས་པ་མ་ཧེའི་ཞལ། །འཇིགས་མཛད་སྐུ་ལ་ཕྱག་འཚལ་ལོ། །ཞེས་དང་། གཙོ་བོའི་འཁོར་རྣམས་ལ་བསྟོད་པ་ནི། གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེའི་གཤེད་པོ་རབ་མཚུངས་པ། །སྟོན་པ་སངས་རྒྱས་ཀུན་རང་བཞིན། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །སེར་སྣ་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེའི་གཤེད་པོ་རབ་འཇིགས་པ། །རྡོ་རྗེའི་ཐུགས་དང་རབ་མཚུངས་པ། །རིན་ཆེན་རྡོ་རྗེ་ཕྱག་འཚལ་བསྟོད། །འདོད་ཆགས་རྡོ་རྗེའི་རང་བཞིན་ཁྱོད། །འདོད་ཆགས་ཆོས་ཀྱི་འབྱུང་གནས་གཙོ། །དབྱངས་མཆོག་ཀུན་གྱི་མཆོག་གི་མཆོག །རྡོ་རྗེའི་གསུང་ལ་ཕྱག་འཚལ་བསྟོད། །ཕྲག་དོག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེའི་གཤེད་པོ་ལས་ཀུན་བྱེད། །རྡོ་རྗེའི་སྐུ་དང་རབ་མཚུངས་པ། །ཕྱག་ན་རལ་གྲིར་ཕྱག་འཚལ་བསྟོད། །ཅེས་རིགས་བཞི་ལ་བསྟོད། འབྱུང་བཞི་རྣམ་དག་ཚད་མེད་བཞི། །ཕྲིན་ལས་བཞི་དང་སྐུ་བཞིར་ལྡན། །འགྱིང་བག་ལྡན་པའི་ཤེས་རབ་མ། །མཉེས་མཛད་ཡུམ་བཞིའི་སྐུ་ལ་བསྟོད། །ཅེས་ཡུམ་བཞི་ལ་བསྟོད། བདུད་བཞི་སྒྲིབ་པ་བཞི་སྦྱོང་ཞིང་། །ལྟ་བ་བཞི་ལས་རྣམ་གྲོལ་བ། །འགུགས་འཛིན་འཆིང་སྡོམ་གཟིར་བྱེད་པའི། །གཤེད་པོ་བཞི་ལ་ཕྱག་འཚལ་བསྟོད། །ཅེས་པ་བསྟོད་དོ། །དེ་ནས་བསྟོད་ཡུལ། བསྟོད་པ་བསྟོད་མཁན་གསུམ་པོ་མི་དམིགས་པར་བསམ། ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་ཏི་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད། བསྟོད་པའི་མཆོད་པའོ། །མཉེས་མཆོད་ནི། ཡབ་ཀྱི་གསང་གནས་མི་དམིགས་ཏེ། ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ། ཡུམ་གྱི་མཁའ་མི་དམིགས་ཏེ་ཨོཾ་ལས་པདྨ་དམར་པོ་འདབ་མ་ལྔ་པ་ཟེའུ་འབྲུ་ལ་ཨོཾ་གིས་མཚན་པ། གཉིས་ཀའི་བུ་གར་ཕཊ་ཀྱིས་བཀག་པ། ཡབ་ཡུམ་སྙོམས་པར་ཞུགས་པ་སྒྱུ་མ་ལྟ་བུའི་དགའ་བའི་སྒྲ་ཧ་ཧ་སི་སི་ཀུནྡུ་རུ་ཞེས་གྲགས་པས་མཉེས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་ཅིང་ལག་པ་གཉིས་སྙིང་གར་བསྣོལ་བ་འཁྱུད་པའི་ཕྱག་རྒྱ་བྱ། དེ་ནས་བདུད་རྩིའི་མཆོད་པ་ལ་ཐོད་ཆང་། ཨོཾ་ཨཱཿབིགྷྣནྟ་ཀྲྀཏ་ཧཱུྃ་ཕཊ། ཅེས་པས་བསང་། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ་྅་ཧཾ། གིས་སྟོང་པར་སྦྱང་། སྟོང་པའི་ངང་ལས་ཡྃ་ལས་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ཅན་བ་དན་གྱིས་མཚན་པ། དེའི་སྟེང་དུ་རྃ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་འབར་བས་མཚན་པ། དེའི་སྟེང་དུ་ཀྃ་ལས་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་ཐོད་པའི་སྣོད་ཕྱི་དཀར་ལ་ནང་དམར་བ། ཡངས་ཤིང་རྒྱ་ཆེ་བ་དཔྲལ་བ་རང་ལ་བསྟན་པའི་ནང་དུ། དབུས་སུ་ན་ལས་མིའི་ཤ། ཤར་དུ་གོ་ལས་བ་ལང་གི་ཤ། ལྷོར་ཀུ་ལས་ཁྱིའི་ཤ། ནུབ་ཏུ་ད་ལས་རྟའི་ཤ། བྱང་དུ་ཧ་ལས་གླང་པོ་ཆེའི་ཤ། དེ་རྣམས་སྦྱོང་བྱེད་ཡི་གེ་དབུས་སུ་ཡ། ཤར་དུ་ཀྵེ། ལྷོར་མ། ནུབ་ཏུ་མེ། བྱང་དུ་ད་རྣམས་བསམ། ཡང་དབུས་སུ་ཤུ་ལས་བྱང་ཆུབ་ཀྱི་སེམས། ཤར་ལྷོར་བི་ལས་དྲི་ཆེན། ལྷོ་ནུབ་ཏུ་མུ་ལས་དྲི་ཆུ། ནུབ་བྱང་དུ་མ་ལས་ཀླད་པ། བྱང་ཤར་དུ་ར་ལས་རཀྟ། དེ་རྣམས་སྦྱོང་བྱེད་ཀྱི་ཡི་གེ་དབུས་སུ་ཧཱུྃ། ཤར་ལྷོར་ཛ། ལྷོ་ནུབ་ཏུ་ས། ནུབ་བྱང་དུ་དོ། བྱང་ཤར་དུ་རུ་རྣམས་བསམ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རླུང་གཡོས། མེ་སྦར། ཤ་ལྔ། བདུད་རྩི་ལྔ། ཡི་གེ་བཅུ་རྣམས་ཞུ། སྤྲིས་མ་སྣ་ཚོགས་རྡོ་རྗེའི་ཚུལ་དུ་ཆགས་པའི་ལྟེ་བ་ལ་ཞེ་སྡང་གཤིན་རྗེའི་གཤེད། ཤར་དུ་གཏི་མུག་གཤིན་རྗེའི་གཤེད། ལྷོར་སེར་སྣ་གཤིན་རྗེའི་གཤེད། ནུབ་ཏུ་འདོད་ཆགས་གཤིན་རྗེའི་གཤེད། བྱང་དུ་ཕྲག་དོག་གཤིན་རྗེའི་གཤེད་རྣམས་རང་རང་གི་ཡུམ་དང་བཅས་པ། ཡབ་ལྔ་ཡུམ་ལྔ་སྙོམས་པར་ཞུགས་པས་དགའ་བ་སྒྱུ་མ་ལྟ་བུའི་སྒྲས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། ཡབ་ཀྱི་ཞལ་དུ་ཞུགས། སྐུའི་དབྱིབ་བརྒྱུད། སྲོག་དག་པའི་ལམ་རྡོ་རྗེའི་རྩེ་མོ་ནས་ཐོན། ཡུམ་གྱི་མཁར་བབས་པས་རྗེས་ཆགས་ཀྱི་མེས་ཡབ་ཡུམ་བཅུ་འོད་དུ་ཞུ་བ་ལས་བྱུང་བའི་རྫས་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་འཆི་བ་མེད་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། པར་བསམ་ཏེ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཞེས་ལན་གསུམ་བརྗོད་ཕྱག་རྒྱ་དང་བཅས་པས་བྱིན་གྱིས་བརླབས། གཡོན་པའི་མཐེབ་སྲིན་གྱིས་བདུད་རྩིའི་དབུས་ནས་བླངས་ཏེ་གཏོར་ལ། རྩ་བའི་བླ་མའི་ཞལ་དུ་ཨོཾ་ཨཱཿཧཱུྃཿབརྒྱུད་པའི་བླ་མའི་ཞལ་དུ༴དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ༴སྣོད་བཅུད་ལྷར་གསལ་བ་རྣམས་ཀྱིས་ཞལ༴རང་གི་ལྕེ་ཐོག་ཏུ་བཞག་པས་ལྗགས་རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་དྲངས་ཏེ་གསོལ་བས་ཟག་མེད་ཀྱི་བདེ་བས་རྒྱུད་གང་བར་བསམ་ལ། ཨོཾ་ཨཱཿཧཱུྃ། ཞེས་པས་མྱང་ཞིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་སྭཱ་ད་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད། བཟླས་པ་བྱེད་པར་འདོད་པས་ཕྲེང་བ་གསར་པ་ཡིན་ན་ཆུ་དང་ནང་མཆོད་ཀྱིས་བཀྲུས། གུ་གུལ་གྱིས་བདུག །ཆང་ལ་བདུད་རྩི་རིལ་བུ་སྦྱར་ནས་བྱུག་ལ། ཡ་མཱནྟ་ཀས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཕྲེང་རྡོག་རེ་རེ་ནས་གཞལ་ཡས་ཁང་གི་ནང་དུ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པ་གསལ་བའི་མིག་ཏུ་ཀྵིཾ། རྣ་བ་ཛྲིཾ། སྣར་ཁཾ། ལྕེ་གཾདཔྲལ་བར་ྈྐཾ། ལྟེ་བར་སཾ། སྤྱི་བོར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རང་འདྲའི་ཡེ་ཤེས་པ་ཨོཾ་བཛྲ་ས་མཱ་ཛཿཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་ཐིམ། ནམ་མཁར་བཞུགས་པའི་དབང་གི་ལྷ་རྣམས་ཀྱིས། ཨོཾ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན། དེ་རྣམས་འོད་དུ་ཞུ་བ་ལས་བྱུང་བའི་མི་མགོ་རློན་པ་ཁྲག་འཛག་པའི་ཕྲེང་བ་བགྲངས་བ་ཙམ་གྱིས་ལས་ཐམས་ཅད་ཐོགས་མེད་དུ་འགྲུབ་པའི་ནུས་ལྡན་དུ་བསམ་ལ། ཧྲཱིཿཥྚྲཱིཿབརྒྱ་རྩ་བརྒྱད་དང་། ཨོཾ་པ་དེ་པ་དེ་མ་ཧཱ་ཛྙཱ་ནཾ་སརྦ་བུདྡྷ་མ་ཡཾ་བྷཱ་ཝ་ཏེ་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། ཞེས་པ་ཉེར་གཅིག་གིས་བྱིན་གྱིས་བརླབ། ཨོཾ་རུ་ཙི་ར་མ་ནི། པྲ་ཝརྟ་ནི་ཧཱུྃ་ཕཊ། ཅེས་པའང་ཅི་རིགས་པ་བཟླས་པས་ཕན་ཡོན་འབུམ་དུ་འགྲོ་བ་བཤད་དོ། །དུས་རྒྱུན་པར་ནི། ཐུན་གྱི་མགོར་བྱིན་རླབས་དྲན་པ་ཙམ་བྱས་ལ་སྔགས་གསུམ་པོ་བདུན་ནམ་ཉེར་གཅིག་ལ་སོགས་པ་བཟླའོ། །སྔགས་བཟླ་བའི་ཚེ། མཐེ་བོང་རྡོ་རྗེ་ལྕགས་ཀྱུས་དངོས་གྲུབ་ཐམས་ཅད་བཀུག་ནས་རང་ལ་ཐིམ་པར་བསམ་ཞིང་ཕྲེང་བ་བགྲང་ངོ་། །བཟླ་དུས་ཀྱི་དམིགས་པ་ཐུན་མོང་མ་ཡིན་པ་ནི། རང་ཉིད་རྡོ་རྗེ་འཇིག་བྱེད་དུ་གསལ་བའི་ཐུགས་ཀར་ཐུགས་རྡོ་རྗེ། དེའི་ཐུགས་ཀར་རྒྱུའི་འཇམ་དཔལ་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་གྱེན་དུ་ལངས་པ། དེའི་ལྟེ་བར་འཁོར་ལོ་སྔོན་པོ་རྩིབས་བརྒྱད་པ་ཁོང་སྟོང་གུར་ཐབས་སུ་ཡོད་པ། དེའི་ནང་དུ་སྟེང་འོག་ཏུ་པདྨ་དམར་པོ་འདབ་མ་བརྒྱད་པ་གཉིས་ཁ་སྦྱོར་དུ་ཡོད་པའི་འདབ་མ་བརྒྱད་རྩིབས་ཀྱི་ནང་དུ་སོན་པ། འོག་གི་པདྨའི་ལྟེ་བར་རང་གི་རྣམ་ཤེས་དང་རྡོ་རྗེ་འཇིགས་བྱེད་ཀྱི་ཐུགས་དབྱེར་མེད་པའི་ཧཱུྃ་མཐིང་ནག་གསལ་ཞིང་དྭངས་ལ་འོད་ཟེར་འཕྲོ་བ་གྱེན་དུ་ལངས་པའི་རྣམ་པ་ཅན། དེའི་མཐའ་མར་མདུན་ནས་བརྩམས་ཏེ་གཡས་བསྐོར་དུ་ཉེ་སྙིང་དང་། དེའི་ཕྱིར་རོལ་དུ་སྙིང་པོའི་སྔགས་ཀྱིས་བསྐོར་བ། ཕྱོགས་མཚམས་ཀྱི་འདབ་མ་རྣམས་ཀྱི་ནང་གི་བར་སྣང་ལ་རྩ་སྔགས་བཀོད་པ་ནི། ཤར་དུ་ཡ་མ་ནི་རཱ་ཛ། ཤར་ལྷོར་ས་དོ་མེ་ད་ཡ། ལྷོར་ཡ་མེ་དོ་རུ། ལྷོ་ནུབ་ཏུ་ཎ་ཡོ་ད་ཡ། ནུབ་ཏུ་ཡ་དཱ་ཡོ་ནི། ནུབ་བྱང་དུ་ར་ཡ་ཀྵེ་ཡ། བྱང་དུ་ཡཀྵེ་ཡཙྪ། བྱང་ཤར་དུ་ནི་རཱ་མ་ཡ། ཞེས་པའི་ཡི་གེ་བཞི་པོ་རེ་རེའི་སྟེང་དུ་ཨོཾ་ཞབས་སུ་ཧཱུྃ་ཕཊ་བསམ། དེ་ལྟར་ཕྱི་ནང་གི་ཡིག་འབྲུ་ཐམས་ཅད་ཁ་དོག་མཐིང་ནག་འོད་འབར་ཞིང་སྔགས་ཀྱི་རང་སྒྲ་སྒྲོགས་པ་ལ་སེམས་གཏད་དེ་དག་ལས་མེ་རླུང་འབར་བའི་ཁྲོད་ནས་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་ཕྲ་མོ་ནས་འབྲས་དང་རྡུལ་ཕྲན་ཙམ་གྲངས་མེད་བསམ་གྱིས་མི་ཁྱབ་པ་འཕྲོས། མ་ཧེའི་ཞལ་གྱི་ཤངས་བུག་གཡས་ནས་ཕྱིར་ཐོན། རང་གི་བྱང་ཆུབ་སྒྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད་སྐད་ཅིག་དེ་ཉིད་ལ་ཚར་བཅད། སྣོད་བཅུད་ཐམས་ཅད་ལ་ཕོག་པས་དེ་ཐམས་ཅད་ཀྱང་རྡོ་རྗེ་འཇིགས་བྱེད་ཀྱི་སྐུར་གྱུར། འོད་ཟེར་སྐུ་དང་བཅས་པ་ཚུར་འདུས། ཤང་བུག་གཡོན་ནས་ཞུགས། རང་གི་ལུས་ཀྱི་ནང་ཐམས་ཅད་གང་། ནད་གདོན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག །མཐར་སྔགས་ཕྲེང་ས་བོན་དང་བཅས་པ་ལ་ཐིམ་པས་རྒྱུད་བྱིན་གྱིས་རླབས་པར་བསམ་ཞིང་། སེམས་འཛིན་མེད་དུ་བཞག་ལ་སྔགས་གསུམ་རིམ་བཞིན་བཟླས། ཅུང་ཟད་དྲག་ཅིང་མྱུར་བར་འདོད་ན་བསྙེན་སྒྲུབ་ཀྱི་ཚུལ་དུ་བཟླས་པ་ནི། རང་བཞིན་གྱི་གནས་ནས་རང་ཇི་ལྟར་བའི་རྡོ་རྗེ་འཇིགས་བྱེད་ཅིག་སྤྱན་དྲངས། མདུན་དུ་མངོན་སུམ་ལྟར་བཞུགས་པར་བསམ་ལ། དེ་དང་རང་གི་བར་དུ་དགྲ་བགེགས་དམིགས་ཀྱིས་གསལ་བ་ཡོད་ན་དེ་ཉིད་དམ་མེད་ནའང་མི་གཟུགས་ཀྱི་རྣམ་པ་རིད་ཅིང་ཉམ་ཐག་པ་གན་རྐྱལ་དུ་འགྱེལ་པ་ཞིག་བསམ་པའི་ལག་པ་གཉིས་རང་གི་ཞབས་འོག་དང་། རྐང་པ་གཉིས་མདུན་བསྐྱེད་ཀྱི་ལྷའི་ཞབས་འོག་ཏུ་མནན་པར་བསྒོམ། རང་དང་མདུན་བསྐྱེད་ཀྱི་ཞབས་འོག་གི་གདོང་བརྙན་རྣམས་ལས། དེ་ལྟ་བུའི་གདོང་བརྙན་དང་ལྡན་པའི་གཤིན་རྗེ་གྲངས་མེད་པ་ཉི་ཟེར་གྱི་རྡུལ་ལྟ་བུར་འཕྲོས་སྲིད་པ་གསུམ་ན་ཡོད་པའི་བསྟན་པ་དང་རྣལ་འབྱོར་ལ་སྡང་བའི་དགྲ་བགེགས་ཐམས་ཅད་སྐད་ཅིག་ཉིད་ལ་བཀུག་ནས་འོག་གི་དགྲ་བགེགས་རྣམས་ལ་ཐིམ་པས་དེ་རྣམས་དངོས་ཡིན་སྙམ་པའི་ངེས་ཤེས་དྲག་པོ་བྱེད། སྤྲོས་པའི་ཕོ་ཉ་དེ་རྣམས་ཀྱིས་དགྲ་བགེགས་ཀྱི་གཟུགས་དེ་ཉིད་ཀྱི་མཐར་བསྐོར་ནས་ཤ་ཟ་ཞིང་ཁྲག་འཐུང་བ་སོགས་བསད་པའི་ལས་བྱེད་པར་བསམ། རང་གི་ཐུགས་ཀའི་སྔགས་འཁོར་གྱི་སྔགས་གང་བཟླ་བ་དེ་ལས་སྔགས་ཀྱི་ཡིག་འབྲུ་ཆུ་ལས་ཆུ་བུར་རྡོལ་བའི་ཚུལ་དུ་བྱུང་ནས་སོ་སོའི་ཨོཾ་ནས་རིམ་བཞིན་དབུས་ཀྱི་ཧཱུྃ་གི་ཞབས་ཀྱུ་ནས་ཡར་ཞུགས། མདུན་སྐོར་གྱི་རྩེ་ནས་འཐོན་པདྨ་དང་འཁོར་ལོའི་སྟེང་ཕྱོགས་ལ་ཐོགས་མེད་དུ་སོང་། རྡོ་རྗེའི་རྭ་རྩེ་ནས་དུ་བ་འཐོན་པར་ལྟར་སྔགས་ཕྲེང་ནར་གྱིས་བྱུང་བ། འཇམ་དཔལ་དང་ཐུགས་རྡོ་རྗེའི་རྩ་ཞལ་གྱི་མ་ཧེའི་ཞལ་ནས་ཡར་རིམ་བཞིན་འཐོན་ནས་བར་སྣང་ལ་ཕར་སོང་། མདུན་བསྐྱེད་ཀྱི་མ་ཧེའི་ཞལ་དུ་ཞུགས། །དེའི་ཐུགས་ཀར་འཇམ་དཔལ་དང་སྔགས་འཁོར་བདག་བསྐྱེད་ཇི་ལྟར་བ་བཞིན་བསམ་པའི་ཧཱུྃ་གི་སྟེང་ནས་ཐོགས་མེད་དུ་ཞུགས་ཤིང་ཐིམ་པར་བསམ། མདུན་བསྐྱེད་དེའི་ཐུགས་ཀ་ནས་ཀྱང་སྔགས་ཀྱི་འཐོན་ཚུལ་སོགས་གོང་བཞིན་ཇི་ལྟར་བ་བྱས་ནས། རང་ཉིད་ཀྱི་མ་ཧེའི་ཞལ་ནས་རིམ་བཞིན་བརྒྱུད་ཐུགས་ཀའི་ཧཱུྃ་ལ་ཐིམ། སླར་ཡང་བདག་མདུན་གཉིས་ཆར་ལས་སྔགས་ཀྱི་ཕྲེང་བ་སྤྲོ་བསྡུ་གོང་ལྟར་འཁོར་ཡུག་ཏུ་བསྐྱེད། སྔགས་ཕྲེང་དེ་རྣམས་ལས་འཕྲོས་པའི་ལས་ཀྱི་གཤིན་རྗེ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་ནམ་མཁའ་གང་བ་བྱུང་སྟེ། དགྲ་བགེགས་གདུག་པ་ཅན་ཐམས་ཅད་སྐད་ཅིག་ལ་བསྡུས། སྔགས་ཕྲེང་ལས་མགར་གྱི་སོལ་མལ་གྱི་མེ་སྟག་ལྟ་བུའི་འོད་ཟེར་བཟོད་པར་དཀའ་བ་འཕྲོས་ཤིང་ཅུང་ཟད་བསྒྲིལ་བའི་བར་དུ་དགྲ་བགེགས་ཐམས་ཅད་འུབ་ཀྱིས་བསྡུས་པས་སྦྲང་བུ་མེ་ཚུབ་ཀྱི་གསེབ་ཏུ་ཤོར་བ་བཞིན་གཞོབ་ཐུལ་ཚིག་པར་བསམ། ཡང་སྔགས་ཕྲེང་གི་ཁྲོད་ནས་མཚོན་ཆ་མེའི་ཚ་ཚ་འཕྲོ་བའི་ཆར་བབ་པས། འོག་གི་དགྲ་བགེགས་ཀྱི་ལུས་ཐམས་ཅད་གཞོབ་ཐུལ་ཏུ་བསྲེག །ངག་གི་ནུས་པ་བཅོམ། རྣམ་ཤེས་ཀྱི་ངོ་བོ་སྙིང་ནང་འོད་མར་མེ་ལྟ་བུ་གཅིག་ཡོད་པ་དེ་ཆུ་བླུགས་པ་ལྟར་ནག་ཐུམ་ཐུམ་སོང་བར་བསམས་ལ་སྔགས་བཟླས། སྔགས་བཟླ་བའི་དུས་ཐམས་ཅད་དུ་སྣང་སྲིད་འཁོར་འདས་ཐམས་ཅད་རྡོ་རྗེ་འཇིགས་བྱེད་དུ་གསལ་བ་དང་། དེ་རེ་རེས་ཀྱང་སྔགས་ཀྱི་སྒྲ་འབྲུག་གི་སྒྲ་བཞིན་འུར་འུར་དིར་དིར་བཟླས་པར་བསམ་མོ། །ཞི་རྒྱས་དབང་དྲག་གི་ལས་བྱེ་བྲག་ཏུ་བསྒྲུབ་པར་འདོད་ན། སྔགས་ཕྲེང་ལས་འོད་ཟེར་དཀར་སེར་དམར་གསུམ་བདུད་རྩིའི་རང་བཞིན་འཕྲོས་པས་ཞི་རྒྱས་དབང་གསུམ་གྱི་ལས་གང་ཡིན་པ་བདེ་བླག་ཏུ་འགྲུབ་པ་དང་། འོད་ཟེར་ནག་པོ་མཚོན་ཆའི་དབྱིབས་ཅན་འཕྲོས་པས་དྲག་པོའི་ལས་ཐོགས་མེད་དུ་འགྲུབ་པར་བསམ་མོ། །དེ་ལྟར་ཉེ་སྙིང་གི་ཡི་གེ་བཞི་ནི་རྒྱལ་ཆེན་སྡེ་བཞིའི་སྲོག་སྙིང་དང་། ཡི་གེ་བཅུ་པ་ནི་ཕྱོགས་སྐྱོང་བཅུའི་སྲོག་སྙིང་དང་། རྩ་སྔགས་ནི་ལས་ཀྱི་གཤིན་རྗེ་ཕོ་མོ་བཅུ་དྲུག་དང་། དྲེགས་པ་སྡེ་བརྒྱད་ཀྱི་སྲོག་སྙིང་ཡིན་པས་སྔགས་འདི་རྣམས་གཞན་ལས་ལས་མྱུར་ཞིང་རྩུབ་བོ། །ཐུགས་ཀའི་སྔགས་འཁོར་གྱི་གདམས་ངག་མེད་པར་སྙིང་ཁར་བསྒོམས་ན་ཚེ་དང་སྲོག་ལ་གནོད་ཅིང་སྨྱོ་འབོགས་ལ་སོགས་པའི་འཇིགས་པ་འབྱུང་བར་གསུངས། དམིགས་པའི་བྱེ་བྲག་འདི་རྣམས་རྭ་ཆེན་ལོ་ཙཱ་བའི་ཐུགས་ཀྱི་ཉིང་ཁུ་སྙན་ནས་སྙན་དང་ཞལ་ནས་ཞལ་དུ་བརྒྱུད་པ་རྒྱལ་ཁམས་ཕྱོགས་མེད་ཉུལ་ནས་དཀའ་བ་ཁྱད་དུ་བསད་ཅིང་བརྒྱད་ལྡན་གྱི་བླ་མ་དམ་པ་ལ་ནན་ཏན་ཆེན་པོས་ཞུས་པའི་གསེར་ཆོས་ཤ་སྟག་ཡིན་པས། དེང་སང་གི་དཔེ་ཙམ་མཐོང་ནས་སྤོམ་ཡོར་ཉམས་སུ་ལེན་ཅིང་སྟོན་པར་རློམ་པ་དང་ཡེ་མི་འདྲ་བས། ལུང་མ་ཐོབ་པའི་གང་ཟག་དཔེ་མཐོང་འཕྲལ་དུ་བླ་མ་ལས་མ་ཐོས་པར་གཞན་ལ་སྟོན་པ་རྣམས་ཀྱི་རྣ་བའི་ལམ་དུ་མི་བསྒྲག་ཅིང་དཔེ་འདི་ལ་ཤིན་ཏུ་དམ་པར་བྱའོ། །འཁོར་རྣམས་ཀྱི་སྔགས་བཟླ་བའི་ཚེ། སོ་སོའི་ཐུགས་ཀར་ཉི་མའི་སྟེང་དུ་རང་རང་གི་ས་བོན་དང་སྔགས་ཀྱིས་བསྐོར་བ་ལས་རང་སྒྲ་སྒྲོགས་ཤིང་འོད་ཟེར་དང་མེ་ཡི་མཚོན་ཆ་སྤྲོས་བྱང་ཆུབ་སྒྲུབ་པའི་བར་གཅོད་ཐམས་ཅད་སྐད་ཅིག་གིས་ཚར་བཅད། སྣོད་བཅུད་ཐམས་ཅད་ལ་ཕོག་པས་དེ་ཐམས་ཅད་ལྷ་སོར་སོའི་སྐུར་གྱུར། འོད་ཟེར་སྐུ་དང་བཅས་པ་ཚུར་འདུས་ལྷ་སོ་སོའི་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པར་བསམ་ལ། ཨོཾ་ཛི་ན་ཛིག་ཧཱུྃ་ཕཊ། ཨོཾ་རཏྣ་དྷྲྀཀ་ཧཱུྃ་ཕཊ། ཨོཾ་ཨ་རོ་ལྀཀ་ཧཱུྃ་ཕཊ། ཨོཾ་པྲཛྙཱ་དྷྲྀཀ་ཧཱུྃ་ཕཊ། ཨོཾ་མོ་ཧཱ་རཱ་ཏི་ཧཱུྃ་ཕཊ། ཨོཾ་དཱེ་ཥ་རཱ་ཏི་ཧཱུྃ་ཕཊ། ཨོཾ་རཱ་ག་རཱ་ཏི་ཧཱུྃ་ཕཊ། ཨོཾ་བཛྲ་རཱ་ཏི་ཧཱུྃ་ཕཊ། ཨོཾ་མུངྒ་ར་དྷྲྀཀ་ཧཱུྃ་ཕཊ། ཨོཾ་དཎྜ་དྷྲྀཀ་ཧཱུྃ་ཕཊ། ཨོཾ་པདྨ་དྷྲྀཀ་ཧཱུྃ་ཕཊ། ཨོཾ་ཁཌྒ་དྷྲྀཀ་ཧཱུྃ་ཕཊ། ཅེས་རེ་རེ་བཞིན་བཟླའོ། །བསྙེན་པའི་ཚད་ནི། ཡ་མཱནྟ་ཀ་དྲུག་འབུམ། །ཧྲཱིཿཥྚྲིཿསུམ་འབུམ་མམ་བྱེ་བ། ཡ་མ་རཱ་ཛ་འབུམ་ཚོ་གཅིག་གམ་བཞི་བཟླས་ན་མཆོག་ཏུ་འགྱུར། སྔགས་འདི་གསུམ་གང་རུང་གཅིག་ལ་བསྙེན་པ་བསྐྱལ་བས་ཀྱང་རུང་། འཁོར་སྔགས་རྣམས་གཙོ་སྔགས་ཀྱི་བཅུ་ཆ་བཟླ་ཞིང་སྟན་ཐོག་གཅིག་ཏུ་ཐུན་བཞིར་བཅད་ནས་ཐུན་གྱི་དངོས་གཞི་ལ་མིང་ཚིག་གིས་བར་མ་ཆོད་པ་དང་མཚམས་ཤིན་ཏུ་དམ་པས་བསྒྲུབ་ན་གེགས་ཆུང་ཞིང་དངོས་གྲུབ་ཉེ་བར་གསུངས་སོ། །གང་ལྟར་བཟླས་པའི་ཐུན་གྱི་མཐར། བདེ་བར་གཤེགས་པ་ཐམས་ཅད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པ་དང་། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་ཅིང་གནས་སྐབས་སུ་ལས་བཞིའི་ཕྲིན་ལས་ཐམས་ཅད་འབད་མེད་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་དང་། ཨོཾ་ཤྲཱི་ཡ་མཱནྟ་ཀ་ས་མ་ཡ་ཞེས་སོགས་གཤིན་རྗེའི་གཤེད་ཀྱི་ཡི་གེ་བརྒྱ་པ་ཚར་གསུམ་བཟླས་པས་བྱིན་རླབས་བརྟན་པར་བྱ། རྭ་ཁྲིད་མཁའ་འགྲོའི་སྙན་བརྒྱུད་ཐོབ་པས་ངག་བཟླས་མཐར་རྡོ་རྗེའི་བཟླས་པ་དང་། རྫོགས་རིམ་ཀྱང་ཅི་རིགས་བསྒོམ་པར་བྱའོ། །ཐུན་མཚམས་སུ་གཏོར་མ་འབུལ་བར་འདོད་པས་གཏོར་མ་ནང་མཆོད་ཆུ་ཆང་གིས་སྦྱངས། བྱིན་གྱིས་རླབས་པ་སྔར་ལྟར་བྱ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པ་རང་བཞིན་གྱི་གནས་ནས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿཞེས་པས་སྤྱན་དྲངས། པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་དབུལ། པད་སྐོར་སྔོན་དུ་འགྲོ་བའི་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བའི་ཕྱག་རྒྱའི་མཐར་སེ་གོལ་གཏོགས་པ་དང་བཅས་པ་བྱས་ལ། ཨོཾ་ཧྲཱིཿཥྚྲིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ། སརྦ་བིགྷྣཱན་ཤ་ཏྲཱུྃ་མཱ་ར་ཡ་ཨི་དཾ་བ་ལིང་གྲྀཧྞཱ་པ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལན་གསུམ་ལྔའམ་བདུན་གྱིས་ཕུལ། འཁོར་སྔགས་ཡོངས་རྫོགས་ཀྱི་མཐར། སརྦ་བིགྷྣཱན་ཤ་ཏྲཱུྃ་མཱ་ར་ཡ་སོགས་བཏགས་པ་ལན་གསུམ་གྱིས་ཕུལ། ཨོཾ་ཤྲི་བཛྲ་བྷཻ་ར་ཝ་མཎྜ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་པུཥྤེ་ཨཱཿཧཱུྃ་ནས། བཛྲ་ཤབྡ་ཨཱཿཧཱུྃ། གི་བར་གྱིས་ཕྱི་མཆོད། ཨོཾ་ཤྲཱི་བཛྲ་བྷཻ་ར་ཝ་མཎྜ་ལ་ས་པ་རི་ཝཱ་ར་ཨོཾ་ཨཱཿཧཱུྃ་གིས་བདུད་རྩི་འཐོར་ཞིང་ནང་མཆོད་ཕུལ། དེ་ནས་ཌཱ་དྲིལ་ལ་སོགས་རོལ་ཆེན་བྱ་ཞིང་། གཟུགས་སྒྲ་ལ་སོགས་དྲུག་པོ་ནི། ཞེས་སོགས་ཡིད་བྱུང་མཆོད་པའི་གླུ་དང་། མཆོད་བསྟོད་ཀྱི་ང་རྒྱལ་བཟུང་བའི་སྔགས་མི་བརྗོད་གསུངས། མཆན་དུར་ཁྲོད་རྒྱན་གྱིས་རྣམ་བརྒྱན་པའི། །ཞེས་དང་། གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། སོགས་ཀྱིས་བསྟོད་པའི་མཐར། གཤིན་རྗེའི་གཤེད་ཀྱི་ལྷ་ཚོགས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །གི་བར་གྱིས་ཕྲིན་ལས་བཅོལ། ལས་ཀྱི་གཤིན་རྗེ་ལ་གཏོར་མ་འབུལ་བར་འདོད་པས་སྔར་གྱི་ཕྱག་རྒྱ་དང་བཅས་པས། ཨོཾ་ཨཱཿཧཱུྃ་ཧོཿགཏོར་མ་དགྲ་བགེགས་ཀྱི་ཤ་ཁྲག་གི་ཕུང་པོ་ཆེན་པོར་གྱུར། རང་གི་མདུན་དུ་པདྨ་དང་ཉི་མ་དང་མ་ཧེའི་སྟེང་དུ་ཡ་ལས་ཐོད་དབྱུག་ཡས་མཚན་པ་དེ་ལས་འོད་ཟེར་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཐོད་དབྱུག་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་ལས་ཀྱི་གཤིན་རྗེ་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ་མ་ཧེའི་གདོང་པ་ཅན། དམར་ཞིང་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། ཕྱག་གཡས་ཐོད་དབྱུག་དང་གཡོན་ཞགས་པ་འཛིན་པ། སྐྲ་ཁམས་པ་གྱེན་དུ་གཟེངས་ཤིང་ལིངྒ་དམར་པོ་གྱེན་དུ་ལངས་པ། ལས་ཀྱི་གཤིན་རྗེའི་ཚོགས་དཔག་ཏུ་མེད་པས་བསྐོར་བ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་གྲངས་མེད་པ་འཕྲོས་པས་ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག །འཇིགས་རུང་གཤིན་རྗེའི་གྲོང་ཁྱེར་ལྕགས་མཁར་སྒོ་མེད་མུན་ཁང་ནག་པོ་ནས་འཆི་བདག་ལས་ཀྱི་གཤིན་རྗེ་འཁོར་དང་བཅས་པ། ཨོཾ་ཀཱ་ལ་རཱུ་པ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་ཐིམ། སླར་ཡང་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་གཤིན་རྗེའི་གཤེད་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཁྱེད་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱིས་ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་མཱཾ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་ནག་པོ་རྩེ་ལྔ་པས་དབུར་བརྒྱན། ཨོཾ་ཀཱ་ལ་རཱུ་པ་ས་མ་ཡ་སྟྭཾ་གྱིས་དམ་ལ་བཞག །ཨོཾ་ཀཱ་ལ་རཱུ་པ་གྲྀཧྞ་དཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས་ཤབྡའི་བར་གྱིས་མཆོད། ཨོཾ་ཀཱ་ལ་རཱུ་པ་སརྦ་བིགྷྣཱན་ཤ་ཏྲཱུྃ་མཱ་ར་ཡ་ཨི་དཾ་བ་ལིཾ་གྲྀཧྞཱ་པ་ཡ་ཁ་ཁ་ཁ་ཧི་ཁཱ་ཧི། ཞེས་ཕྱག་རྒྱ་དང་བཅས་པས་ལན་གསུམ་མམ་བདུན་གྱིས་གཏོར་མ་ཕུལ། ཨོཾ་ཀཱ་ལ་རཱུ་པ་ཨོཾ་ཨཱཿཧཱུྃ། ཞེས་པས་ནང་མཆོད་འཐོར། འཆི་བདག་ལས་ཀྱི་གཤིན་རྗེ་ནག་པོ་འཁོར་དང་བཅས་པ་ཁྱེད་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་དང་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་བཀའ་དང་དམ་ལས་མ་འདའ་བར། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་ཀྱི་སྡེ་སྐྱོངས། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་འགལ་རྐྱེན་སོལ། མཐུན་རྐྱེན་སྒྲུབས་བདག་ལ་སྡང་ཞིང་གདུག་པའི་སེམས་འཆང་བའི་དགྲ་བགེགས་ལོག་འདྲེན་ཐམས་ཅད་ད་ལྟ་ཉིད་དུ་བསད་ཅིང་བསྒྲལ་བའི་ཕྲིན་ལས་མཛོད་ཅིག །ཅེས་བརྗོད་ཅིང་ཐལ་མོ་བརྡབ། དེ་ནས་རྡོ་རྗེ་དྲིལ་བུ་འཛིན་པས་བསྟོད་ཅིང་བསྐུལ་བ་ནི། ཡ། འཆི་བདག་ནག་པོ་ལྷོ་ཕྱོགས་ཀྱི། །རིམ་པ་བདུན་གྱི་ས་འོག་ནས། །སྲོག་ལ་རྔམས་པའི་གཤིན་རྗེ་ནི། །ནག་པོ་མ་ཧེའི་གདན་སྟེང་དུ། །ཡ་ལས་བྱུང་བའི་དབྱུག་པ་ནི། །ཐོད་པས་མཚན་པ་ལས་བྱུང་བའི། །གཏིང་ནས་ཁྲོས་པ་མ་ཧེའི་གདོང་། །ཟ་བྱེད་ཞལ་གདངས་མཆེ་བ་གཙིགས། །ཁྲོས་པས་སྤྱན་གསུམ་དམར་པོ་འཁྲུགས། །སྐྲ་སེར་སྨ་ར་གྱེན་དུ་བརྫེས། །ལག་གཡོན་ཞགས་པས་དགྲ་བགེགས་འཆིངས། །ལག་གཡས་དབྱུག་པས་རྡུལ་དུ་རློག །ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་ཚོགས། །བྲན་དང་བཅས་པས་དུས་ལ་བབས། །ཤ་ཆེན་ཁྲག་ཞག་ཆེན་པོ་ཡི། །གཏོར་མ་རྒྱ་མཚོ་མཆོད་པར་བཞེས། །རྒྱལ་བས་བསྒོས་པའི་དམ་ཚིག་དང་། །སྙིང་རྗེས་དགྲ་བགེགས་མྱུར་དུ་སྒྲོལ། །སྡང་བའི་དགྲ་དང་གནོད་པའི་བགེགས། །བདུད་དང་བར་དུ་གཅོད་པ་རྣམས། །ཟུངས་ཤིག་ཆིངས་ཤིག་རྣམ་པར་སྡོམས། །ཁུག་ཅིག་དྲོངས་ཤིག་དབང་དུ་བསྡུས། །གསོད་ཅིག་སྐྲོད་ཅིག་བརླག་པར་གྱིས། །ཆོད་ཅིག་ནོན་ཅིག་རྨུགས་པར་གྱིས། །ཐུལ་ཅིག་ཆོམས་ཤིག་རྣམ་པར་ཤིག །རྡུལ་ཕྲན་ཙམ་ཡང་མེད་པར་མཛོད། ཨོཾ་ཀཱ་ལ་རཱུ་པ་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བརྗོད་དེ་ནས་ཡི་གེ་བརྒྱ་བ་ཚར་གསུམ་བརྗོད། མ་འབྱོར་པ་དང་སོགས་ཀྱིས་ལྷག་ཆད་ཁ་སྐོང་ཞིང་ནོངས་པ་བཟོད་པར་གསོལ། ཨོཾ་ཁྱེད་ཀྱི་སེམས་ཅན་སོགས་དང་། ཨོཾ་བཛྲ་བྷཻ་ར་ཝ་བཛྲ་མུཿཞེས་པས། འཇིག་རྟེན་ལས་འདས་པའི་གཏོར་མགྲོན་གྱི་ཡེ་ཤེས་པ་གཤེགས། ཨོཾ་ཀཱ་ལ་རཱུ་པ་ས་པ་རི་ཝཱ་ར་གཙྪ། ཞེས་པས་ལས་ཀྱི་གཤིན་རྗེ་རང་གནས་སུ་གཤེགས་པར་བསམ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་སྲུང་བའི་འཁོར་ལོ་ལ་ཐིམ། དེ་དུར་ཁྲོད་བརྒྱད་ལ། དེ་གཞལ་ཡས་ཁང་ལ། གཞལ་ཡས་ཁང་འཁོར་གྱི་ལྷ་རྣམས་ལ། འཁོར་གྱི་ལྷ་རྣམས་རང་ཉིད་ལ། ཡུམ་ཡབ་ལ། ཡབ་ཀྱི་ཞལ་ཕྱག་ལྷག་མ་རྣམས་འོད་དུ་ཞུ་ནས་རྩ་བའི་ཞལ་ཕྱག་ལ་ཐིམ་པས། རང་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པར་གསལ་བའི་མིག་ཏུ་ཀྵིཾ། རྣ་བར་ཛྲཱིཾ། སྣར་ཁྃ། ལྕེར་གྃདཔྲལ་བར་ྈྐྃ། ལྟེ་བར་སྃ། སྤྱི་བོར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར། ཞེས་བརྗོད་ཅིང་། ཁ་ཟས་ཀྱི་རྣལ་འབྱོར་ནི། རྒྱས་པར་བདུད་རྩི་བྱིན་བརླབས་ལྟར། བསྡུ་ན། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཞེས་པས་བྱིན་གྱིས་བརླབས། ཁ་ཟས་ངོ་བོ་བདུད་རྩི་ལ་རྣམ་བ་དགྲ་བགེགས་ཀྱི་ཤ་ཁྲག་ཏུ་གསལ་ལ། ཕྱག་གཡོན་པའི་ཐོད་པར་བླུགས་ནས། གཡས་པའི་གྲི་གུག་གིས་དཀྲུགས་ཤིང་གསོལ་བས་སྙིང་ག་ན་བཞུགས་པའི་ཡེ་ཤེས་སེམས་དཔའ། ལྷག་མ་ལྟེ་བར་གནས་པའི་ལས་ཀྱི་གཤིན་རྗེ་འཁོར་དང་བཅས་པ་ཡོད་པ་མཉེས་ཤིང་ཚིམ་པར་བསམས་ལ་ལོངས་སྤྱད། ཁྲུས་ཀྱི་རྣལ་འབྱོར་ནི་དབང་གི་སྐབས་ལྟར་བསམ་ཞིང་ཡི་གེ་བརྒྱ་པ་བཟླས་ལ་སྡིག་པ་དག་པར་བསམ། ཉལ་བའི་རྣལ་འབྱོར་ནི། རང་དམ་ཚིག་སེམས་དཔའ་ཐུགས་ཀའི་ཡེ་ཤེས་པར་ཐིམ། དེ་རྡོ་རྗེ་ལ། དེ་ཏིང་ངེ་འཛིན་སེམས་དཔའ་ལ། དེ་ཧཱུྃ་ཡིག་ལ་ཐིམ། དེའི་ཞབས་ཀྱུ་དེ་ཁོག་པ། དེ་ཟླ་ཚེས་ལ། དེ་ཐིག་ལེ་ལ། དེ་ནཱ་ད་ལ། ནཱ་དའང་སྟོང་པར་གྱུར་པའི་ངང་ལ་ཉལ་ལོ། །ནངས་པར་ལྡང་བའི་ཚེ་ཧཱུྃ་ཞེས་བརྗོད་པའི་སྒྲས་བསྐུལ་ནས་རྡོ་རྗེ་འཇིགས་བྱེད་ཀྱི་སྐུར་ལངས་ལ་དེའི་ང་རྒྱལ་དང་མ་བྲལ་བས་སྤྱོད་ལམ་གྱི་བྱ་བ་ཐམས་ཅད་ལ་འཇུག་པར་བྱའོ། །དེའང་གཟུགས་སུ་སྣང་བ་ཐམས་ཅད་སྣང་སྟོང་དབྱེར་མེད་ཀྱི་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་དང་། སྒྲ་ཐམས་ཅད་གྲགས་སྟོང་དབྱེར་མེད་སྔགས་ཀྱི་རང་སྒྲ་དང་། དྲན་རྟོག་ཐམས་ཅད་ཡེ་ཤེས་ཀྱི་ཆོ་འཕྲུལ་དུ་བསམས་ལ། གང་ལའང་སྡང་ཞེན་དང་ཉམས་ང་བག་ཚ་བ་མེད་པར་སྤྱད་དོ། །ཐུན་གྱི་མཐར། དགེ་བ་འདི་ཡིས་མྱུར་དུ་བདག །འཇམ་དཔལ་ཁྲོ་བོ་འགྲུབ་གྱུར་ནས། སོགས་དང་བགེགས་དང་ལོག་པར་འདྲེན་པ་སོགས་ཀྱིས་བསྔོ་བ་དང་སྨོན་ལམ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་སྐབས་སུ་བབ་ཅིང་འབྲེལ་ཆགས་པ་དང་བཅས་པས་མཐར་བརྒྱན་པར་བྱའོ། །དེ་ལྟར་མཉམ་རྗེས་ཀྱི་སྒོ་ནས་རྣལ་འབྱོར་ལ་བརྩོན་པར་ཉམས་སུ་བླངས་པས་གནས་སྐབས་ལས་བཞིའི་ཕྲིན་ལས་ཐམས་ཅད་འབད་མེད་དུ་འགྲུབ་ཅིང་། ཁྱད་པར་དུ་ཡང་བདུད་དང་གཤིན་རྗེའི་གཡུལ་ལས་རྣམ་པར་རྒྱལ་བར་འགྱུར་ལ། མཐར་ཐུག་རྡོ་རྗེ་འཇིགས་བྱེད་ཆེན་པོའི་གོ་འཕང་མྱུར་དུ་འཐོབ་པར་འགྱུར་བ་ནི་ངེས་པ་ཡང་དག་པའོ། །དེ་ལྟར་བཅོམ་ལྡན་འདས་དུས་དགྲའི་དབང་པོའི་སྒྲུབ་ཐབས་དངོས་གྲུབ་གཏེར་གྱི་མཛོད། །གོང་མའི་གསུང་བཞིན་ལེགས་པར་བསྡེབས་འདིར་བླ་མ་མཁའ་འགྲོས་བཟོད་པར་མཛོད། །ལེགས་བྱས་དགེ་བས་མཐའ་ཡས་འགྲོ་བའི་བྱང་ཆུབ་ལམ་གྱི་བར་ཆད་ཞི། །སྒོམ་དང་བཟླས་པས་བདུད་ལས་རྣམ་རྒྱལ་ཟུང་འཇུག་གོ་འཕང་ཐོབ་གྱུར་ཅིག །ལྷག་པའི་ལྷ་མཆོག་གཤིན་རྗེའི་གཤེད་པོ་ལ། །གུས་པའི་བློ་ཡིས་སྒྲུབ་ཐབས་འདི་བགྱིས་པ། །བློ་གྲོས་དམན་པ་རང་གི་དོན་དུ་བས། །བློ་ཆེན་རྣམས་ཀྱིས་གོང་མའི་གསུང་ལ་གཟིགས། །འཇིགས་རུང་མ་ཧེའི་ཞལ་གྱི་རྣལ་འབྱོར་ལ། །སྐྱེ་བ་འདི་དང་ཚེ་རབས་གཞན་དུ་ཡང་། །རྟག་ཏུ་བརྩོན་པས་སྲིད་པ་གསུམ་པོ་ལས། །རྣམ་པར་རྒྱལ་ཞིང་དོན་གཉིས་ལྷུན་གྲུབ་ཤོག །ཅེས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ལྷ་བཅུ་གསུམ་གྱི་སྒྲུབ་ཐབས་སྙན་བརྒྱུད་ཐུན་མོང་མ་ཡིན་པ་ཡིད་བཞིན་གཏེར་མཛོད་ཉིད་ཉམས་སུ་བླངས་བར་མི་ནུས་པའི་རང་འདྲའི་བློ་དམན་གྱི་དོན་དུ་ཚིག་ཚོགས་ཅུང་ཟད་བསྡུ་བའི་དབང་དུ་བྱས་ཏེ་དམ་པ་གོང་མ་རྣམས་ཀྱི་གསུང་བཞིན་དུ་རྡོ་རྗེའི་རིག་པ་འཛིན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཆུ་བྱ་སྨིན་ཟླའི་དམར་ཕྱོགས་ཀྱི་སྟོང་པ་གསུམ་པའི་ཚེས་༢༨དྲག་པོའི་སྲེག་སྦྱོར་ལ་བྲིས་པ་འདིས་ཀྱང་རྭ་ཆེན་སྙན་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་པ་དང་བདུད་དང་གཤིན་རྗེའི་གཡུལ་ལས་རྣམ་པར་རྒྱལ་ཞིང་ལྷ་མིན་ཀླ་ཀློའི་དཔུང་ཚོགས་འཇོམས་པའི་ནུས་པ་མཆོག་དང་ལྡན་པར་བླ་མ་ཡི་དམ་གྱིས་བྱིན་གྱི་བརླབ་ཏུ་གསོལ། དཔེ་འདི་ལ་ཤིན་ཏུ་དམ་པར་བྱའོ། །སརྦ་དཱ་མངྒ་ལཾ། ཤུ་བྷཾ།། །།
[edit]

@#/__/dpal rdo rje 'jigs byed lha bcu gsum gyi sgrub thabs bsdus pa dngos grub rin po che'i gter mdzod ces bya ba bzhugs so/__/ na maHgu ru shrI badz+ra b+hai ra wA ya/__dpal chen rngam pa'i sku yi gar dang dgyes pa'i gad mos sa gsum 'dar/__/mi bzad bskal pa'i me yi shugs ldan 'jigs rung dus mtha'i char sprin mdog__/lha dang lha min 'byung po skrag mdzad 'jigs byed ma he'i zhal can la/__/gus btud sgrub thabs yid bzhin gter gyi bcud phyung dngos grub mdzod chen spel/__/dgos pa'i don dang ldan pa'i phyir/__/bla ma mkha' 'gror gnang ba zhu/__/'di la byin gyis rlobs pa dang /__/bdud las rgyal ba'i shis pa rtsol/__/de la 'dir yi dam 'di nyid kyi dkyil 'khor du dbang bskur ba mnos shing dam tshig dang sdom par ldan pas bla ma lha dang gdams ngag la yid ches shing mi phyed pa'i dad pa dang ldan pa'i rnal 'byor pa dag gi zab mo'i lam nyams su blang bar 'dod pas sgrub thabs rgyas pa nyams su blang bar mi lcogs pa rnams kyis de las cung zad bsdus pa'i tshul gyis ngag 'don du bgyi ba la bde ba'i stan la bsam gtan gyi chos dang ldan pas 'dug ste nges 'byung gi blo bskyed/__mdun gyi nam mkhar skyabs yul rnams mngon sum lta bur dmigs la/__bdag dang 'gro ba nam mkha' dang mnyam pa'i sems can thams cad dus 'di nas bzung ste/__ji srid byang chub snying po la mchis kyi bar du dpal ldan bla ma dam pa rnam la skyabs su mchi'o/__/rdzogs pa'i=__/dam pa'i=__/'phags pa'i=zhes skyabs 'gro nyer gcig gam bdun la sogs brjod/__mthar lag pa rdo rje'i thal mo sbyar nas/__bla ma dang dkon mchog rin po che rnam pa gsum la bdag phyag 'tshal zhing skyabs su mchi'o/__/khyed rnams kyis bdag gi rgyud byin gyis rlabs tu gsol/__zhes brjod pas skyabs yul rnams rang la thim par bsam/__bdag gis sems can thams cad kyi don du rdzogs pa'i sangs rgyas kyi go 'phang thob par bya/__de'i ched du dpal rdo rje 'jigs byed kyi lam gyi rim pa zab mo nyams su blang bar bgyi'o/__/zhes lan gsum gyis sems bskyed/__rang gi spyi bor pad+ma dkar po 'dab ma brgyad pa'i lte bar zla ba'i dkyil 'khor gyi steng du dpal rdo rje sems dpa' sku mdog zla ba zhun ma ltar dkar ba zhal gcig phyag gnyis kyis rdo rje dang dril bu 'dzin pas yum la 'khyud pa/__dbu skra ral pa'i cod pan dang /__dar dang rin po che'i brgyan pa/__zhabs rdo rje'i skyil krung du bzhugs pa/__de'i pang na yum rdo rje snyems ma sku mdog dkar mo rdo rje dang dril bu 'dzin pas yab la 'khyud pa/__dbu skra nag po sil bur gyur pas sku sked yan chad khebs pa/__dar dang rin po ches brgyan cing pad+ma'i skyil krung gis yab la 'khyud pa/__yab kyi thugs kar zla ba'i dkyil 'khor gyi steng du hU~M dkar po/__de las 'od zer 'phros pas de bzhin gshegs pa thams cad kyi thugs gnyis su med pa'i ye shes kyi bdud rtsi spyan drangs nas hU~M la thim/__bcom ldan 'das bdag dang sems can thams cad kyi tshe 'khor ba thog ma med pa nas bsags pa'i sdig sgrib nyes ltung dri ma'i tshogs thams cad byang zhing dag par mdzad du gsol/__zhes gsol ba btab pas/__hU~M las bdud rtsi'i rgyun babs/__rdo rje sems dpa'i sku gang /__de nas yum gyi sku gang /__yab yum gnyis kyi sbyor mtshams nas babs pas rang gi spyi gtsug nas zhugs/__lus kyi nang thams cad gang bas/__sdig sgrib nad gdon thams cad dud khu dang rnag khrag srog chag mi sdug pa'i rnam pas bshang gci dang rkang mthil gnyis nas thon/__shul thams cad bdud rtsis gang bar bsam la/__oM shrI ya mAn+ta ka sa ma ya/__ma nu pA la ya/__ya mAn+ta ka twe no pa tiSh+Tha dr-i D+D+ho me b+ha wa/__su toSh+yo me b+ha wa/__sogs nas/__b+ha ga wAn ya mAn+ta ka mA me muny+tsa/__ya mAn+ta ko b+ha wa/__ma hA sa ma ya sa twa AHhU~M phaT/__ces pa nyer gcig la sogs pa bzlas pa'i mthar/__phyag 'tshal bstod cing phyag 'tshal bstod/__/phyag 'tshal bstod de phyag 'tshal 'dud/__/gus pas sku la bdag gsol 'debs/__/rdo rje sems dpar bdag sgrubs shig__/sku gsung thugs rtsa ba dang yan lag gi dam tshig nyams pa thams cad mthol lo bshags so/__/sdig pa dang sgrib pa nyes pa dang ltung ba dri ma'i tshogs thams cad byang zhing dag par mdzad du gsol/__zhes brjod pas/__rdo rje sems dpa' yab yum 'od du zhu/__rang gi spyi bo nas thim pas/__lus shel gong g.ya' dag pa ltar gyur par bsam/__rang nyid skad cig gis pad+ma dang nyi ma ma he'i steng du rdo rje 'jigs byed zhal gcig phyag gnyis pa gri gug dang thod khrag 'dzin par gsal ba'i thugs ka'i hU~M las 'od 'phros pas rang bzhin gyi gnas nas dpal rdo rje 'jigs byed lha bcu gsum gyi dkyil 'khor bla ma mi bskyod pa'i rnam pas dbu brgyan pa la/__sangs rgyas dang byang chub sems dpa'i tshogs dpag tu med pas bskor ba mdun gyi nam mkha'i gnas su oM badz+ra sa mA dzaHsa spyan drangs la/__na mo gu ru b+h+yaHzhes pa bla ma la phyag bya/__oM badz+ra b+hai ra wA ya na maHzhes pas yi dam la phyag bya/__de nas rang gi thugs ka nas mchod pa'i lha mo rnams spros te mchod par bsam zhing /__ngag tu/__oM badz+ra lA s+ya hU~M/__sgeg mo dkar mo dang /__oM badz+ra mA le trAM/__phreng ba ma ser mo dang /__oM badz+ra gI ti hrIHglu ma dmar mo/__oM badz+ra nr-i t+ye AHgar ma ljang gu/__oM badz+ra d+hu pe hU~M/__bdug spos ma dkar mo/__oM badz+ra puSh+pe trAM/__me tog ma ser mo/__oM badz+ra A lo ke hrIHmar me ma dmar skya/__oM badz+ra gan+d+he AHdri chab ma ljang gu rnams kyis mchod par gyur/__zhes brjod/__dkon mchog gsum la bdag skyabs mchi/__/sogs nas/__'gro la phan phyir sangs rgyas 'grub par shog__/ces lan gsum brjod/__sras bcas sangs rgyas thams cad dang /__sogs nas/__sems can mya ngan 'das la 'god/__ces lan gsum brjod pas sdom pa gzung /__tshogs zhing rnams rang la thim par bsam/__sems can thams cad bde ba dang bde ba'i rgyu dang ldan par gyur cig__/sogs nas/__gnas par gyur cig__/ces tshad med bzhi sgom/__oM swa b+hA wa shud+d+ha sarba d+harmAHswa b+hA wa shud+d+ho\u0f85 haM/__stong par gyur/__stong pa'i ngang las paM las pad+ma dang a las nyi ma'i dkyil 'khor gyi steng du hU~M yongs su gyur pa las/__sna tshogs rdo rje shar dkar/__lho ser/__nub dmar/__byang ljang ba/__lte ba mthing nag la hU~M yig 'od zer 'bar bas mtshan pa/__de las 'od zer steng du 'phros pas steng mtho ba yangs shing rgya che ba/__rdo rje'i gur dang bla bre/__'og tu 'phros pas sra zhing brtan pa'i rdo rje'i sa gzhi/__phyogs mtshams rnams su 'phros pas rdo rje 'greng bur gyur pa brtan zhing go skabs med pa mi phyed pa'i rdo rje'i ra ba dang dra ba/__phyi rol kun tu 'phros pas bskal pa'i me lta bu'i ye shes kyi me ri rab tu 'bar ba dang bcas pa'i srung ba'i 'khor lo yangs shing rgya che ba/__de yi dbus su b+h+rU~M las 'khor lo ser po rtsibs bcu pa yangs shing rgya che ba'i lte ba dang rtsibs rnams su raM las nyi ma'i dkyil 'khor re re/__dbus kyi steng du rang nyid hU~M las gtsug tor 'khor los sgyur ba ser po g.yas 'khor lo/__g.yon sdigs mdzub dang bcas pa'i zhags pa 'dzin pa/__de'i thugs ka nas hU~M bcu spros pa las/__shar du nyi ma'i dkyil 'khor gyi steng du gshin rje'i gshed sngo nag g.yas rdo rje tho ba/__lhor shes rab mthar byed dkar po g.yas dbyug pa/__nub tu pad+ma mthar byed dmar po g.yas pad+ma/__byang du bgegs mthar byed sngo nag g.yas rdo rje rtse lnga gdengs pa/__shar lhor 'dod pa'i rgyal po sngo nag g.yas lcags kyu/__lho nub tu dbyug sngon can sngo nag g.yas dbyug tho/__nub byang du stobs po che sngo nag g.yas rtse gsum/__byang shar du mi g.yo ba sngo nag g.yas ral gri/__steng du hU~M mdzad sngo nag g.yas rdo rje/__'og tu gnod mdzes sngo nag g.yas gtun shing 'dzin pa/__thams cad kyang g.yas phyag mtshan 'phyar zhing /__g.yon pas thugs kar sdigs mdzub mdzad pa/__khro bo'i rgyan thams cad kyis brgyan pa ye shes kyi me 'bar ba'i dbus na bzhugs pa'o/__/de rnams kyi mig tu k+ShiM/__rna bar dz+riM/__snar khaM/__lce gaM/__dpral bar \u0f88\u0f90\u0f7e/__lte bar saM/__spyi bor oM/__mgrin par AHthugs kar hU~M/__thugs ka'i hU~M las 'od zer 'phros pas rang bzhin gyi gnas nas khro bo bcu gcig srung ba'i 'khor lo dang bcas pa oM badz+ra sa ma dzaHzhes pas spyan drangs/__oM badz+ra puSh+pe AHhU~M nas/__oM badz+ra shab+da AHhU~M gi bar gyis mchod/__dzaHhU~M ba~M hoHgnyis su med par thim/__slar yang thugs ka'i sa bon las 'od zer 'phros pas/__rigs lnga 'khor dang bcas pa oM badz+ra sa mA dzaHzhes pas spyan drangs/__gong ltar puSh+pe sogs kyis mchod/__bcom ldan 'das bdag la dbang bskur du gsol/__zhes gsol ba btab pas/__dbang gi lha rnams kyis/__oM sarba ta thA ga ta a b+hi She ka ta sa ma ya shri hU~M/__zhes gsung zhing bum pa'i chus spyi bo nas dbang bskur/__sku gang /__dri ma dag__/chu'i lhag ma yar lud pa las/__shes rab mthar byed la rnam snang /__pad+ma mthar byed la snang ba mtha' yas/__gzhan thams cad la mi bskyod pas dbur brgyan/__'khor lo'i rtsibs bar brgyad du/__me rlung gi steng du dgra bgegs kyi gzugs brnyan spyi bo tshugs su bsam/__'khor lo g.yas su 'khor bas dgra bgegs thams cad nyal nyal bcad cing gtubs/__khro bo thams cad kyi zhal nas sngags kyi sgra 'brug ltar sgrogs par bsam la/__oM AHuSh+NI Sha badz+ra tsakra warti/__/sarba lo ki ka/__lo kot+ta ra Ni/__yan+t+ra man+t+ra tan+t+ra/__pra yo gi ni/__sarba bi Sha bi tsur+N+Na ya/__bi tsur+N+Na ya/__ma ma kri te/__ye na ke na/__tsit+ta kr-i tA ni tA ni/__sarba big+h+nAn/__tshin+d+ha tshin+d+ha/__b+hin+d+ha b+hin+d+ha/__kam+ba ya kam+ba ya/__ha na ha na/__da ha da ha/__pa tsa pa tsa/__bi d+hAn+sa ya bid+han+sa ya/__sha ta sa ha sra/__sarba bi Sha bi tsur+NA ya/__bi tsur+NA ya/__badz+ra uSh+NI Sha/__tsakra warti/__b+h+rU~M b+h+rU~M b+h+rU~M/__rak+Sha rak+Sha rak+Sha/__hU~M hU~M hU~M/__phaT phaT phaT/__swA hA/__nyer gcig la sogs pa bzlas pa'i mthar/__oM b+ha ya nA sA ni/__trA sa ni/__sarba mA ra/__pra t+yaM gi ra bi nA sa ni/__yi ge tsit+ta duSh+TAn sa twa ma ma bi rU pa kaM/__kurban+ti tA ni/__sarba mA ra Ni/__pra t+yaM ka ri Ni/__pA ta ru hU~M phaT swA hA/__lan gsum bzla/__su gang dag bdag cag gi dpal ldan bla ma dam pa rnams dang /__bdag cag dpon slob 'khor dang bcas pa rnams la sdang ba'i sems dang ldan pa rnams dang /__gdug pa'i sems dang ldan pa rnams dang /__drag shul gyi sems dang ldan pa rnams dang /__bsam pa dang sbyor ba ngan pa rtsom par byed pa'i dgra bgegs gdug pa can thams cad kyi bsam sbyor ngan pa thams cad zhi bar gyur cig__/gal te zhi bar ma gyur na/__de'i tshe de dag thams cad kyi lus bcing bar bgyi'o/__/ngag bcing bar bgyi'o/__/yid=mthu brlag par gyur cig__/stobs brlag par gyur cig__/rdzu 'phrul brlag=des bzlas pa'i sngags kyis de nyid=des bsgrubs pa'i lha 'dres de nyid kyi sha za bar gyur cig__/sbyor ba ngan pa byas pa'i 'bras bu de nyid la 'byung bar gyur cig__/ces brjod cing thal mo lan gsum brdabs pa'i mthar/__khro bo 'bar ba'i tshogs rnams kyis/__dgra bgegs rnams ni thams cad kyi/__lus ngag thal ba rdul du rlog__/rnam shes chos kyi dbyings su sgrol/__/zhes brjod/__de nas sgrub thabs dngos la 'jug pa ni/__uSh+Ni ma bsgom na/__de yi dbus su pad zla'i steng du/__zhes sbrel/__bsgom yod na/__dbus kyi khro bo zhu ba las byung ba'i pad zla'i steng du kun tu bzang po dkar po zhal gcig phyag gnyis rdor dril 'dzin shing skyil krung gis bzhugs pa dar dang rin po che'i rgyan gyis brgyan pa de zhu ba las chos 'byung gru gsum phyi dkar la nang dmar ba rtsa ba phra ba thur du zug pa/__gdeng ka che ba gyen du phyogs pa'i nang du paM las pad+ma a las zla ba'i steng du b+h+rU~M las 'khor lo dkar po rtsibs bcu gnyis pa de zhu ba las rnam snang dkar po phyag gnyis ting nge 'dzin gyi phyag rgyas 'khor lo 'dzin pa zhabs gnyis skyil krung dar dang rin po che'i rgyan gyis brgyan pa de zhu ba las byung ba'i gzhal yas khang gru bzhi pa/__sgo bzhi pa/__rin po che sna lnga las grub pa'i rtsig pa nang nas rim pa bzhin du nag po/__ljang gu/__dmar po/__ser po/__dkar po ste rim pa lnga dang ldan pa/__rtsig pa'i steng na rin po che'i pha gu ser po la/__phyi nang kun tu'ang rin po che'i drwa ba dang drwa ba phyed pa 'phyang ba/__mu tig gi phreng ba dang /__rdo rje'i srad bu dang /__zla ba rlung gis bskyod pa dang /__me long dang /__rnga yab dang /__dril bu dang /__g.yer kha la sogs pa'i rgyan mang po 'khrol zhing dpyang pa/__pha gu'i steng na rin po che'i mda' yab dang /__pu shu mchod rten gyi rnam pas mdzes par byas pa/__pu shu'i steng gi khor yug kun tu'ang /__gdugs dang /__rgyal mtshan dang /__ba dan sna tshogs bsgrengs ba/__nang ka ba brgyad dang ldan zhing /__steng rdo rje'i gdung chen po bzhi dang /__gdung zlum gyis mig mangs ris su bris shing mdzes par phub pa/__dbus gtsang khang phyur bur phub pa'i rtse mor rdo rje phyed pa'i tog gis mtshan pa/__sgo bzhi'i thad ka nas ka ba bzhi bzhis bteg pa'i rta babs bang rim bzhi bzhi dang ldan pa/__pad+ma la gnas pa'i ri dwags dang /__chos kyi 'khor lo char khebs tog dang bcas pas sgo'i steng brgyan pa/__ka ba'i phyi na bdud rtsis gang ba'i rin po che'i bum pa dpag bsam gyi shing gis kha brgyan pa'i steng na glang po che/__de'i steng na seng ge'i phru gu lag pa brkyangs pas sgo'i phyi stod la slebs pa/__sgo'i phyi nas rin po che'i them skas rim pa lngas mdzes par byas pa/__rtsig pa'i phyi nas 'dod yon gyi snam bu dmar po la mchod pa'i lha mo rnams kyis mchod rdzas du ma thogs nas gar byed pa'o/__/gzhal yas khang gi phyi rol srung ba'i 'khor lo'i nang du dur khrod brgyad/__de dag na gnas pa'i shing brgyad/__shing gi rtsa ba na gnas pa'i phyogs skyong brgyad dang zhing skyong brgyad/__steng gi nam mkha' la gnas pa'i sprin brgyad/__de dag la gnas pa'i klu brgyad/__gzhan yang rnal 'byor pa brgyad/__me brgyad/__chu brgyad/__mchod rten brgyad/__bya dang sha za sna tshogs dang /__ro sna tshogs dang /__ro langs dang /__srin po dang /__'dre rnams gnas pa'o/__/gzhal yas khang gi dbus ling tshe dgur gnas pa'i dbus su/__mi mgo'i ra ba zlum po yangs shing rgya che ba sgo gcig dang ldan pa/__steng keng rus kyis phub pa/__g.yang gzhi'i bla re/__rgyu rlon gyi lda ldi/__rus pa'i phreng ba rnams kyis brgyan pa/__phyi nang kun tu khrag zhag gi rgya mtsho 'khrugs pa de lta bu'i dbus su/__ya~M las rlung gi dkyil 'khor gzhu'i dbyibs can/__de'i steng du ro mgo med lag med/__shar du mgo bo/__lhor lag pa/__nub tu rgyu ma/__byang du rkang pa/__shar lhor thod pa/__lho nub tu thod tshal/__nub byang du rlung ras/__byang shar du skyes bu gsal shing la btsugs pa/__khyams kyi nang du shar sgo'i g.yas nas mtshams la thug gi bar du gri gug dang /__mtshon rtse gcig pa dang /__gtun shing ngo /__shar sgo'i g.yon nas mtshams la thug gi bar du chu gri dang /__rdo rje rtse gcig pa dang /__lcags kyu rnams so/__/lho sgo'i g.yas nas mtshams la thug gi bar du dgra s+t+wa dang /__mda' dang /__kha T+rA~M ga'o/__/lho sgo'i g.yon nas mtshams la thug gi bar du dbyug tho dang /__'khor lo dang /__rdo rje zhags pa rnams so/__/nub sgo'i g.yas nas mtshams la thug gi bar du rdo rje rtse lnga pa dang /__rde'u chung dang /__phub rnams so/__/nub sgo'i g.yon nas mtshams la thug gi bar du gzhu dang /__dril bu dang /__rlung gi ras rnams so/__/byang sgo'i g.yas nas mtshams la thug gi bar du sdig mdzub dang /__'phan rtse gsum pa dang /__glang po che'i pags pa rnams so/__/byang sgo'i g.yon nas mtshams la thug gi bar du rdo rje tho ba dang /__mdung thung dang /__me thabs rnams so/__/shar sgor tho ba/__lho sgor dbyug pa/__nub sgor pad+ma /__byang sgor ral gri/__grwa bzhir ro langs mgo gsum/__lag pa gsum/__rkang pa gsum yod pas gar byed pa'o/__/dbus su rlung gi dkyil 'khor dang /__ro mgo med lag med kyi steng du paM las pad+ma'i sdong po 'dab ma stong dang ldan pa'i steng du ra~M las nyi ma'i dkyil 'khor 'bar zhing tsha ba de'i steng du a las zla ba'i dkyil 'khor shar du mgo bo'i steng du pad+ma dang zla ba'i gdan/__lhor lag pa gnyis kyi steng du pad+ma dang nyi ma'i gdan/__nub tu rgyu ma'i steng du pad+ma dang nyi ma 'od dang bral ba/__byang du rkang pa gnyis kyi steng du pad+ma dang rlung gi dkyil 'khor/__mtshams bzhir pad+ma dang zla ba'i gdan/__sgo bzhir pad+ma dang nyi ma'i gdan no/__/dbus kyi gdan gyi steng du rang gi sems nyid d+hIHlas ral gri d+hIHsa mtshan pa/__de yongs su gyur pa las rang nyid rgyu'i 'jam dpal sku mdog gser gyi mdog can/__phyag g.yas ral gri dpung pa'i thad du 'dzin cing /__g.yon pas ut+pa la'i yu ba thugs kar mtheb srin gyis 'dzin pa'i steng du pusti 'dzin pa/__zhi ba 'dzum pa sgeg pa'i nyams can/__ral pa'i zur phud lnga dang ldan pa/__dar dang rin po che'i rgyan sna tshogs kyis brgyan cing zhabs gnyis rdo rje'i skyil krung gis bzhugs pa/__de'i thugs kar a las nyi ma'i dkyil 'khor/__de las 'od zer 'phros pas sangs rgyas dang byang chub sems dpa' thams cad kyi thugs ka nas de bzhin gshegs pa rnams dang /__byang chub sems dpa'/__rig pa'i lha mo/__khro bo gshin rje'i gshed kyi lha tshogs dpag tu med pa spyan drangs te/__nyi ma'i dkyil 'khor la thim pas 'bar ba dang bcas pa'i 'od kyi gong bu chen por gyur pa ni sku'i zhing khams rnam par dag pa'i dga' ba'o/__/de las 'od zer 'phros pas de dag gi thugs ka nas/__a A nas/__aM aHka kha ga g+ha nga /__sogs nas/__sha Sha sa ha k+Sha/__ya ra la wa Da D+ha/__oM ya ma rA dza/__sa do me ya/__ya me do ru/__Na yo da ya/__ya dAM yo ni/__ra ya k+She ya/__ya k+She yats+tsha/__ni rA ma ya hU~M phaT/__oM hrIHSh+T+rIHwi kr-i tA na na hU~M phaT/__oM ya mAn+ta ka hU~M phaT/__ces pa rnams 'dus/__rang la phog pa'i rkyen gyis 'bar ba dang bcas pa'i hU~M nag po 'od zer lnga dang ldan par gyur pa ni gsung gi zhing khams rnam par dag pa'i dga' ba'o/__/de las dpag tu med pa'i 'od zer 'phros pas sangs rgyas dang byang chub sems dpa' thams cad kyi thugs ka nas gri gug dang thod pa la sogs pa'i phyag mtshan gyi bye brag dpag tu med pa spyan drangs te/__rang la phog pa'i rkyen gyis rdo rje nag po rtse dgu pa rwa gdengs pa'i lte ba la hU~M gis mtshan par gyur pa ni thugs kyi zhing khams rnam par dag pa'i dga' ba'o/__/de las dpag tu med pa'i 'od zer 'phros pas gzhal du med pa'i sems can gyi don byas/__dgra bgegs gdug pa can thams cad tshar bcad/__snod bcud thams cad rdo rje 'jigs byed kyi rten dang brten par bcas pa'i dkyil 'khor chen po gyur/__tshur 'dus yongs su gyur pa las rang nyid bcom ldan 'das dpal rdo rje 'jigs byed sku mdog char sprin gyi mdog ltar gnag cing nam mkha'i 'od ltar gsal ba/__zhal dgu phyag sum cu rtsa bzhi pa/__zhabs bcu drug dang ldan pa/__rtsa zhal nag po ma he'i gdong pa can/__mche ba gtsig shing ljags 'dril ba/__khro gnyer dang bcas pa/__rwa sngon po rno zengs ba la rus pa'i rgyan 'khrol ba/__phaT dang phaiM gyi sgra sgrogs pa/__de'i steng na srin po'i zhal dmar po khrag 'dzag cing mche ba gtsigs pa/__de'i steng na 'jam dpal gyi zhal ser po 'dzum zhing cung zad khro ba/__snyan gong na ut+pal dang rin po che'i rgyan gyis brgyan pa/__rwa'i g.yas kyi zhal dang po sngon po mche ba gtsigs pa/__de'i steng na gnyis pa dmar po ljags 'dril ba/__de'i steng na gsum pa ser po khro gnyer bsdus pa/__rwa'i g.yon gyi zhal dang po dkar pos rmongs par byed pa/__de'i steng na gnyis pa dud kas rengs par byed pa/__de'i steng na gsum pa nag pos gsod par byed pa/__zhal re re zhing spyan gsum gsum me stag gi phung po ltar dmar la zlum pa/__mche ba gtsigs shing ljags 'dril ba/__khro gnyer bsdus pa/__sma ra dang smin ma dmar ser gyen du 'bar ba thod skam lnga lngas khro zhal rnams kyi dbu la brgyan pa/__thams cad kyi dbu skra kham nag 'jam dpal gyi spyi gtsug tu 'khyil ba/__hU~M dang phaT dang ha ha'i gad rgyang rnam par sgrogs pa'o/__/phyag sum cu rtsa bzhi'i g.yas pa rnams kyis rim pa bzhin du gri gug dang /__mtshon rtse gcig pa dang /__gtun shing dang /__chu gri dang /__rdo rje rtse gcig pa dang /__dgra s+t+wa dang /__mdung thung dang /__mda' dang /__lcags kyu dang /__dbyug pa dang /__kha T+wA~M ga dang /__'khor lo dang /__rdo rje rtse lnga ba dang /__rdo rje tho ba dang /__ral gri dang /__rnge'u chung rnams bsnams pa'o/__/g.yon pa rnams kyis rim pa bzhin du khrag gis gang ba'i thod pa dang /__mgo bo dang /__phub dang /__rkang pa dang /__zhags pa dang /__gzhu dang /__rgyu ma dang /__dril bu dang /__lag pa dang /__dur khrod kyi ras dang /__skyes bu gsal shing la btsugs pa dang /__me thab dang /__thod tshal dang /__sdigs mdzub dang /__'phan rtse gsum pa dang /__rlung gis 'phyar ba'i ras rnams bsnams pa'o/__/phyag tha ma gnyis kyis glang po che'i pags pa rlon pa brgyangs nas 'dzin pa/__zhabs bcu drug gi g.yas pa rnams bskums pas rim pa bzhin du mi dang /__ma he dang /__glang dang /__bong bu dang /__rnga mo dang /__khyi dang /__lug dang /__wa rnams mnan pa'o/__/g.yon pa brgyad brkyangs pas rim pa bzhin du bya rgod dang /__'ug pa dang /__khwa ta dang /__ne tso dang /__khra dang /__khyung dang /__ri skegs dang /__bzhad rnams mnan pa'o/__/de rnams kyi 'og tu tshangs pa ser po/__dbang po dkar po/__nye dbang sngon po/__drag po nag po/__gzhon nu gdong drug ljang gu rnams kha sbub tu mnan pa/__gcer bu mtshan ma gyen du sgreng ba/__mi'i khrag dang /__tshil dang /__zhag dang /__rkang rnams zhal du gsol ba/__'jig rten dang 'jig rten las 'das pa'i lha la bsdigs par mdzad pa/__mi mgo rlon pa khrag 'dzag pa lnga bcu'i phyang 'phrul dang /__sbrul dang rus pa'i rgyan gyis brgyan pa/__thal chen gyi tshom bu dang /__khrag gi thig le dang /__zhag gi zo ris dang ldan pa/__khams gsum za bar nus pa/__sgeg pa dpa' ba mi sdug pa/__dgod pa drag shul 'jigs su rung ba/__snying rje rngam dang zhi ba ste/__gar dgu'i nyams dang ldan pa'o/__/de dag ni 'bras bu'i gshin rje gshed do/__/de'i thugs kar pad+ma dang nyi ma'i steng du ye shes sems dpa' rje btsun 'jam pa'i dbyangs sku mdog gser gyi mdog can/__phyag g.yas ral gri dpung pa'i thad du 'dzin cing /__g.yon pas ut+pa la'i yu ba thugs kar mtheb srin gyis 'dzin pa'i steng du pusti 'dzin pa/__zhi ba 'dzum pa sgeg pa'i nyams can/__ral pa'i zur phud lnga dang ldan pa/__dar dang rin po che'i rgyan sna tshogs kyis brgyan cing /__zhabs gnyis rdo rje'i skyil krung gis bzhugs pa/__de'i thugs kar ting nge 'dzin sems dpa' rdo rje sngon po rtse lnga pa gyen du langs pa'i lte ba la hU~M mthing nag gis mtshan pa/__de'i pang na yum rdo rje ro langs ma sku mdog mthing nag zhal gcig phyag gnyis spyan gsum ma/__phyag gnyis kyis gri gug dang thod khrag 'dzin pas yab la 'khyud pa/__mi mgo skam po lnga'i dbu rgyan dang /__skam po lnga bcu'i do shal can/__rus pa'i rgyan lnga dang ldan pa/__zhabs g.yas brkyang zhing g.yon pas bcom ldan 'das la 'khril ba/__gnyis ka'ang ye shes kyi me rab tu 'bar ba'i dbus na bzhugs pa'o/__/yab kyi gsang ba'i gnas mi dmigs te hU~M las rdo rje sngon po rtse lnga pa lte ba la hU~M gis mtshan pa/__yum gyi mkha' mi dmigs te oM las pad+ma dmar po 'dab ma lnga pa ze'u 'bru la oM gis mtshan pa gnyis ka'i bu gar phaT kyis bkag pa/__yab yum snyoms par zhugs pa'i sgyu ma lta bu'i dga' ba'i sgras/__sangs rgyas dang byang chub sems dpa' thams cad spyan drangs/__yab kyi zhal du zhugs/__thugs ka nas srog dag pa'i lam nas brgyud/__yum gyi mkhar babs pas/__thig le bcu gnyis su gyur te/__de dag gnas gyur pa las shar du gti mug gshin rje'i gshed dkar po dkar sngo dmar ba'i zhal gsum phyag drug gi g.yas gsum gri gug 'khor lo ral gri/__g.yon gsum thod khrag rin chen pad+ma 'dzin pa/__lhor ser sna gshin rje'i gshed ser po ser sngo dkar ba'i zhal gsum phyag drug gi g.yas gsum gri gug rin chen ral gri/__g.yon gsum thod khrag nor bu pad+ma 'dzin pa/__nub tu 'dod chags gshin rje'i gshed dmar po dmar sngo dkar ba'i zhal gsum phyag drug gi g.yas gsum gri gug pad+ma ral gri/__g.yon gsum thod khrag nor bu 'khor lo 'dzin pa/__byang du phrag dog gshin rje'i gshed ljang gu ljang sngo dkar ba'i zhal gsum phyag drug gi g.yas gsum gri gug ral gri 'khor lo/__g.yon gsum thod khrag pad+ma nor bu 'dzin pa/__shar lhor tsa rtsi kA dkar mo dkar sngo dmar ba'i zhal gsum phyag drug gi g.yas gsum gri gug 'khor lo ral gri/__g.yon gsum thod khrag rin chen pad+ma 'dzin pa/__lho nub tu phag mo rtsa zhal gyi steng na phag gdong gyen du lta ba sngo dkar dmar ba'i zhal gsum phyag drug gi g.yas gsum gri gug rdo rje ral gri/__g.yon gsum thod khrag 'khor lo pad+ma 'dzin pa/__nub byang du dbyangs can ma dmar sngo dkar ba'i zhal gsum phyag drug gi g.yas gsum gri gug pad+ma ral gri/__g.yon gsum thod khrag nor bu 'khor lo 'dzin pa/__byang shar du gau rI ljang gu ljang sngo dkar pa'i zhal gsum phyag drug gi g.yas gsum gri gug ral gri 'khor lo/__g.yon gsum thod khrag pad+ma nor bu 'dzin pa/__shar sgor tho ba gshin rje'i gshed sngon po sngo dkar dmar ba'i zhal gsum phyag drug gi g.yas gsum gri gug tho ba ral gri/__g.yon gsum thod khrag nor bu pad+ma 'dzin pa/__lho sgor dbyug pa gshin rje'i gshed dkar po dkar sngo dmar ba'i zhal gsum phyag drug gi g.yas gsum gri gug dbyug pa ral gri/__g.yon gsum thod khrag pad+ma 'khor lo 'dzin pa/__nub sgor pad+ma gshin rje'i gshed dmar po dmar sngo dkar ba'i zhal gsum phyag drug gi g.yas gsum gri gug pad+ma ral gri/__g.yon gsum thod khrag 'khor lo nor bu 'dzin pa/__byang sgor ral gri gshin rje'i gshed ljang gu ljang sngo dkar ba'i zhal gsum phyag drug gi g.yas gsum gri gug ral gri 'khor lo/__g.yon gsum thod khrag nor bu pad+ma 'dzin pa/__yab rnams kyi rtsa ba'i phyag dang po gnyis kyi rang 'od kyi shes rab ma dang /__yum rnams kyi rang 'od kyi yab la 'khyud cing mnyam par sbyor ba thams cad kyang thod pa dang sbrul dang mi sdug pa'i rgyan sna tshogs kyis brgyan pa'o/__/de nas dam tshig gi dkyil 'khor du spro bar bya ste/__oM hrIHSh+T+rIHwi kr-i tA na na hU~M phaT/__oM dzi na dzi ka hU~M phaT/__oM rat+na d+d+hr-ika hU~M phaT/__oM a ro l-ika hU~M phaT/__oM pra dz+nyA d+d+hr-ika hU~M phaT/__oM mo ha rA ti hU~M phaT/__oM dwi Sha rA ti hU~M phaT/__oM rA ga rA ti hU~M phaT/__oM badz+ra rA ti hU~M phaT/__oM mung+ga ra d+d+hr-ika hU~M phaT/__oM daN+Da d+d+hr-ika hU~M phaT/__oM pad+ma d+d+hr-ika hU~M phaT/__oM khaD+ga d+d+hr-ika hU~M phaT/__ces brjod pas/__rang gi ba spu'i bu ga ji snyed yod pa nas mkha' nang gi gtso bo yab yum 'khor dang bcas pa dpag tu med pa spros/__sems can thams cad kyi zhe sdang dang gti mug ser sna 'dod chags dang phrag doga'abyung ba bzhi'i khams su 'dzin pa'i bag chags dang bdud bzhi dang sgrib pa bzhi dang lta ba bzhi rnams bcom lha so so'i go 'phang la bkod tshur 'dus gtso 'khor so so'i skur gyur pa rnams gzhal yas khang gi dbus kyi gtso bo la thim zhing 'khor rnams phyogs mtshams sgo bzhi rnams su rang rang gi gdan gyi steng du zhabs g.yon brkyang gi stabs kyis 'khod par gyur/__lha de thams cad kyi mig tu k+ShiM dang 'khor lo las sa snying dkar po dkar sngo dmar ba'i zhal gsum phyag drug gi g.yas gsum gri gug 'khor lo ral gri/__g.yon gsum thod khrag rin chen pad+ma 'dzin pa/__rna ba dz+riM dang rdo rje las phyag rdor nag po nag dkar dmar ba'i zhal gsum phyag drug gi g.yas gsum gri gug rdo rje ral gri/__g.yon gsum thod khrag 'khor lo pad+ma 'dzin pa/__snar khaM dang rin po che las nam snying ser po ser sngo dkar ba'i zhal gsum phyag drug gi g.yas gsum gri gug rin chen ral gri/__g.yon gsum thod khrag 'khor lo pad+ma 'dzin pa/__lcer gaM dang pad+ma las spyan gzigs dmar po dmar sngo dkar ba'i zhal gsum phyag drug gi g.yas gsum gri gug pad+ma ral gri/__g.yon gsum thod khrag nor bu 'khor lo 'dzin pa/__dpral bar \u0f88\u0f90\u0f7e dang ral gri las sgrib sel ljang gu ljang sngo dkar ba'i zhal gsum phyag drug gi g.yas gsum gri gug ral gri 'khor lo/__g.yon gsum thod khrag pad+ma nor bu 'dzin pa/__lte bar saM dang 'khor lo las kun bzang dkar po dkar sngo dmar ba'i zhal gsum phyag drug gi g.yas gsum gri gug 'khor lo ral gri/__g.yon gsum thod khrag rin chen pad+ma 'dzin pa/__spyi bor oM las sku rdo rje dkar po dkar sngo dmar ba'i zhal gsum phyag drug gi g.yas gsum gri gug 'khor lo ral gri/__g.yon gsum thod khrag rin chen pad+ma 'dzin pa/__mgrin par AHlas gsung rdo rje dmar po dmar sngo dkar ba'i zhal gsum phyag drug gi g.yas gsum gri gug pad+ma ral gri/__g.yon gsum thod khrag nor bu 'khor lo 'dzin pa/__snying gar hU~M las thugs rdo rje nag po nag dkar dmar ba'i zhal gsum phyag drug gi g.yas gsum gri gug rdo rje ral gri/__g.yon gsum thod khrag 'khor lo pad+ma 'dzin pa/__de thams cad kyi phyag dang po gnyis kyis phyag mtshan thugs kar 'dzin pa'o/__/lha de rnams kyi thugs kar rang rang gi phyag mtshan sa bon gyis mtshan pa las 'od zer 'phros pas rang bzhin gyi gnas nas dpal rdo rje 'jigs byed lha bcu gsum gyi dkyil 'khor oM shrI badz+ra b+hai ra wa maN+Da la sa pa ri wA ra oM badz+ra sa mA dzaHzhes pas spyan drangs/__oM shrI badz+ra b+hai ra wA maN+Da la sa pa ri wA ra/__badz+ra puSh+pe AHhU~M/__badz+ra d+hU pe AHhU~M/__nas/__badz+ra nai wi d+yA AHhU~M/__gis mchod/__oM badz+ra mung+ga ra dzaHzhes pas dam tshig pa'i spyi bor spyan drangs/__oM badz+ra daN+Da hU~M/__gis gnyis med du bya/__oM badz+ra pad+ma ba~M/__gyis chu la chu 'dres pa ltar gyur/__oM badz+ra khang+ga hoHmnyes te zhu bar bsam la rang gi phyag rgya bcas pas dgug gzhug bya/__slar yang de rnams kyi thugs ka nas 'od zer 'phros pas/__rang bzhin gyi gnas nas dbang bskur gyi lha rigs lnga/__yum bzhi/__sems dpa' brgyad/__khro bo bcu/__rig pa'i lha mo drug dang bcas pa oM badz+ra sa mA dzaHoM sarba ta thA ga ta pany+tsa ku la sa pa ri wA ra badz+ra puSh+pe AHhU~M/__sogs lngas mchod/__bcom ldan de bzhin gshegs pa kun/__/bcom ldan bdag nyid chen po rnams/__/thugs rje'i rang bzhin can rnams kyi/__/khyed kyis bdag la dbang bskur gsol/__/zhes gsol ba btab pas rigs lngas dbang bskur ba'i dgongs pa mdzad/__yum bzhi bum pa thog te dbang bskur/__byang chub sems dpa' rnams kyis bkra shis brjod/__khro bo bcus bgegs bskrad/__rig ma rnams kyis rdo rje'i glu blangs ste/__sangs rgyas rnams ni thams cad kyi/__/gsang gsum gnas las byung ba yi/__/khams gsum kun gyis phyag byas pa/__/rdo rje'i dbang bskur chen po sbyin/__oM sarba ta thA ga ta u da ka a b+hi Shiny+tsa mAM/__zhes dbang bskur ba'i chu rgyun de spyi gtsug nas zhugs/__rkang mthil yan chad gang /__lus ngag yid gsum gyi dri ma dag__/chu'i lhag ma yar lud pa las dbang rtags su gtso bo yab yum la mi bskyod pa/__gti mug gshin rje'i gshed dang /__tsa rtsi katho ba gshin rje'i gshed yab yum rnams la rnam par snang mdzad/__ser sna gshin rje'i gshed dang /__phag mo/__dbyug pa gshin rje'i gshed yab yum rnams la rin chen 'byung ldan/__'dod chags gshin rje'i gshed dang /__dbyangs can ma/__pad+ma gshin rje'i gshed yab yum rnams la 'od dpag med/__phrag dog gshin rje'i gshed dang /__gau rI/__ral gri gshin rje'i gshed yab yum rnams la don yod grub pa rnams kyis dbu brgyan par gyur/__oM sarba ta thA ga ta kA ya wAka tsit+ta badz+ra swa b+hA wa At+ma ko\u0f85 haM/__ces yan lag bzhi rdzogs pa'i cho gas sgrub nas/__de bzhin gshegs pa thams cad kyi sku gsung thugs kyi ngo bo bdag yin no snyam du lha yi nga rgyal brtan pa dang /__rnam pa gsal ba/__snang stong dbyer med la sems gtad pas ji tsam gnas kyi bar du mnyam par 'jog go/__de nas mchod pa sogs bya ba spro na/__rang gi snying ga nas mchod pa'i lha mo spros nas dkyil 'khor gyi lha la mchod par bsam la/__oM shrI badz+ra b+hai ra wa maN+Da la sa pa ri wA ra ar+g+haM pra tI ts+tsha swA hA/__de bzhin sbyar ba'i/__pA d+yaM/__puSh+pe/__d+hU pe A lo ke/__gan+d+he/__nai wi d+yA/__shab+da'i bar dang /__mtshan sngags mgor sbyar ba'i/__rU pa pU dza AHhU~M nas/__spaR+She'i bar dang /__oM shrI badz+ra b+hai ra wa maN+Da la sa pa ri wA ra d+harma d+hA tu A kA sha AHhU~M/__zhes pa rnams kyis mchod/__de nas mchod pa'i glu blangs ste/__gzugs sgra la sogs drug po 'di/__/dngos med nam mkha' lta bu la/__/longs spyod yul du du mar snang /__/shel la tshon ni ji bzhin no/__/'dod yon lnga dang chos rnams la/__/rnal 'byor rtag tu spyod par shog__/a la la ho rol du gsol/__/mnyes par mdzod/__mi 'dzin sgyu ma lta bu la/__/dgyes pa'i gar gyis rol par mdzod/__/reg bya 'gag pa med pa la/__/mi g.yo bzhin du rol par mdzod/__/hoHchags pa med bzhin chags par mdzod/__/de nas mchod bya mchod byed mchod pa rnams mi dmigs par bsam/__oM sarba ta thA ga ta pU dza badz+ra swa b+hA wa At+ma ko\u0f85 haM/__zhes pa ni mchod pa'o/__/de nas 'khor rnams kyis mgrin gcig tu gtso bo la bstod par bsam nas/__hU~M/__dur khrod rgyan gyis rnam brgyan pa'i/__/zhe sdang gshin rje'i gshed po ni/__/dngos med nam mkha' lta bu la/__/thugs rjes sprul pa'i skur bstan pa/__/ye shes khro rgyal rab 'jigs pa/__/dud ka mun 'jigs khyod la bstod/__/mi thung sgeg po sprin lta'i mdog__/'od zer 'phro ba rnam par bzhengs/__/mtshan ma legs pa ma he'i zhal/__/'jigs mdzad sku la phyag 'tshal lo/__/zhes dang /__gtso bo'i 'khor rnams la bstod pa ni/__gti mug rdo rje'i rang bzhin khyod/__/gshin rje'i gshed po rab mtshungs pa/__/ston pa sangs rgyas kun rang bzhin/__/rdo rje'i sku la phyag 'tshal lo/__/ser sna rdo rje'i rang bzhin khyod/__/gshin rje'i gshed po rab 'jigs pa/__/rdo rje'i thugs dang rab mtshungs pa/__/rin chen rdo rje phyag 'tshal bstod/__/'dod chags rdo rje'i rang bzhin khyod/__/'dod chags chos kyi 'byung gnas gtso/__/dbyangs mchog kun gyi mchog gi mchog__/rdo rje'i gsung la phyag 'tshal bstod/__/phrag dog rdo rje'i rang bzhin khyod/__/gshin rje'i gshed po las kun byed/__/rdo rje'i sku dang rab mtshungs pa/__/phyag na ral grir phyag 'tshal bstod/__/ces rigs bzhi la bstod/__'byung bzhi rnam dag tshad med bzhi/__/phrin las bzhi dang sku bzhir ldan/__/'gying bag ldan pa'i shes rab ma/__/mnyes mdzad yum bzhi'i sku la bstod/__/ces yum bzhi la bstod/__bdud bzhi sgrib pa bzhi sbyong zhing /__/lta ba bzhi las rnam grol ba/__/'gugs 'dzin 'ching sdom gzir byed pa'i/__/gshed po bzhi la phyag 'tshal bstod/__/ces pa bstod do/__/de nas bstod yul/__bstod pa bstod mkhan gsum po mi dmigs par bsam/__oM sarba ta thA ga ta stu ti badz+ra swa b+hA wa At+ma ko\u0f85 haM/__zhes brjod/__bstod pa'i mchod pa'o/__/mnyes mchod ni/__yab kyi gsang gnas mi dmigs te/__hU~M las rdo rje sngon po rtse lnga pa lte ba la hU~M gis mtshan pa/__yum gyi mkha' mi dmigs te oM las pad+ma dmar po 'dab ma lnga pa ze'u 'bru la oM gis mtshan pa/__gnyis ka'i bu gar phaT kyis bkag pa/__yab yum snyoms par zhugs pa sgyu ma lta bu'i dga' ba'i sgra ha ha si si kun+du ru zhes grags pas mnyes par gyur/__oM AHhU~M hoHoM sarba ta thA ga ta a nu rA ga na badz+ra swa b+hA wa At+ma ko\u0f85 haM/__zhes brjod cing lag pa gnyis snying gar bsnol ba 'khyud pa'i phyag rgya bya/__de nas bdud rtsi'i mchod pa la thod chang /__oM AHbig+h+nan+ta kr-ita hU~M phaT/__ces pas bsang /__oM swa b+hA wa shud+d+haHsarba d+harmAHswa b+hA wa shud+d+ho \u0f85 haM/__gis stong par sbyang /__stong pa'i ngang las ya~M las rlung gi dkyil 'khor gzhu'i dbyibs can ba dan gyis mtshan pa/__de'i steng du ra~M las me'i dkyil 'khor gru gsum 'bar bas mtshan pa/__de'i steng du ka~M las thod pa'i sgyed pu gsum gyi steng du a las thod pa'i snod phyi dkar la nang dmar ba/__yangs shing rgya che ba dpral ba rang la bstan pa'i nang du/__dbus su na las mi'i sha/__shar du go las ba lang gi sha/__lhor ku las khyi'i sha/__nub tu da las rta'i sha/__byang du ha las glang po che'i sha/__de rnams sbyong byed yi ge dbus su ya/__shar du k+She/__lhor ma/__nub tu me/__byang du da rnams bsam/__yang dbus su shu las byang chub kyi sems/__shar lhor bi las dri chen/__lho nub tu mu las dri chu/__nub byang du ma las klad pa/__byang shar du ra las rak+ta/__de rnams sbyong byed kyi yi ge dbus su hU~M/__shar lhor dza/__lho nub tu sa/__nub byang du do/__byang shar du ru rnams bsam/__thugs ka'i hU~M las 'od zer 'phros pas rlung g.yos/__me sbar/__sha lnga/__bdud rtsi lnga/__yi ge bcu rnams zhu/__spris ma sna tshogs rdo rje'i tshul du chags pa'i lte ba la zhe sdang gshin rje'i gshed/__shar du gti mug gshin rje'i gshed/__lhor ser sna gshin rje'i gshed/__nub tu 'dod chags gshin rje'i gshed/__byang du phrag dog gshin rje'i gshed rnams rang rang gi yum dang bcas pa/__yab lnga yum lnga snyoms par zhugs pas dga' ba sgyu ma lta bu'i sgras sangs rgyas dang byang chub sems dpa' thams cad spyan drangs/__yab kyi zhal du zhugs/__sku'i dbyib brgyud/__srog dag pa'i lam rdo rje'i rtse mo nas thon/__yum gyi mkhar babs pas rjes chags kyi mes yab yum bcu 'od du zhu ba las byung ba'i rdzas kha dog dri ro nus pa phun sum tshogs pa 'chi ba med pa bdud rtsi'i rgya mtsho chen por gyur/__par bsam te/__oM AHhU~M ha ho hrIHzhes lan gsum brjod phyag rgya dang bcas pas byin gyis brlabs/__g.yon pa'i mtheb srin gyis bdud rtsi'i dbus nas blangs te gtor la/__rtsa ba'i bla ma'i zhal du oM AHhU~MHbrgyud pa'i bla ma'i zhal du=dpal rdo rje 'jigs byed kyi lha tshogs rnams kyi zhal du=snod bcud lhar gsal ba rnams kyis zhal=rang gi lce thog tu bzhag pas ljags rdo rje'i 'od zer gyi sbu gus drangs te gsol bas zag med kyi bde bas rgyud gang bar bsam la/__oM AHhU~M/__zhes pas myang zhing /__oM sarba ta thA ga ta a mr-i ta swA da na badz+ra swa b+hA wa At+ma ko\u0f85 haM/__zhes brjod/__bzlas pa byed par 'dod pas phreng ba gsar pa yin na chu dang nang mchod kyis bkrus/__gu gul gyis bdug__/chang la bdud rtsi ril bu sbyar nas byug la/__ya mAn+ta kas bsang /__swa b+hA was sbyang /__stong pa'i ngang las phreng rdog re re nas gzhal yas khang gi nang du rdo rje 'jigs byed zhal gcig phyag gnyis pa gsal ba'i mig tu k+ShiM/__rna ba dz+riM/__snar khaM/__lce gaMdapral bar \u0f88\u0f90\u0f7e/__lte bar saM/__spyi bor oM/__mgrin par AHthugs kar hU~M/__thugs ka'i hU~M las 'od zer 'phros pas rang bzhin gyi gnas nas rang 'dra'i ye shes pa oM badz+ra sa mA dzaHdzaHhU~M ba~M hoHgnyis su med par thim/__nam mkhar bzhugs pa'i dbang gi lha rnams kyis/__oM badz+ra u da ka a b+hi Shiny+tsa hU~M/__zhes gsung zhing bum pa'i chus spyi bo nas dbang bskur/__sku gang /__dri ma dag__/chu'i lhag ma yar lud pa las mi bskyod pas dbur brgyan/__de rnams 'od du zhu ba las byung ba'i mi mgo rlon pa khrag 'dzag pa'i phreng ba bgrangs ba tsam gyis las thams cad thogs med du 'grub pa'i nus ldan du bsam la/__hrIHSh+T+rIHbrgya rtsa brgyad dang /__oM pa de pa de ma hA dz+nyA naM sarba bud+d+ha ma yaM b+hA wa te hU~M hU~M hU~M ho ho ho a khaM swA hA/__zhes pa nyer gcig gis byin gyis brlab/__oM ru tsi ra ma ni/__pra warta ni hU~M phaT/__ces pa'ang ci rigs pa bzlas pas phan yon 'bum du 'gro ba bshad do/__/dus rgyun par ni/__thun gyi mgor byin rlabs dran pa tsam byas la sngags gsum po bdun nam nyer gcig la sogs pa bzla'o/__/sngags bzla ba'i tshe/__mthe bong rdo rje lcags kyus dngos grub thams cad bkug nas rang la thim par bsam zhing phreng ba bgrang ngo /__/bzla dus kyi dmigs pa thun mong ma yin pa ni/__rang nyid rdo rje 'jig byed du gsal ba'i thugs kar thugs rdo rje/__de'i thugs kar rgyu'i 'jam dpal ye shes sems dpa'/__de'i thugs kar rdo rje sngon po rtse lnga pa gyen du langs pa/__de'i lte bar 'khor lo sngon po rtsibs brgyad pa khong stong gur thabs su yod pa/__de'i nang du steng 'og tu pad+ma dmar po 'dab ma brgyad pa gnyis kha sbyor du yod pa'i 'dab ma brgyad rtsibs kyi nang du son pa/__'og gi pad+ma'i lte bar rang gi rnam shes dang rdo rje 'jigs byed kyi thugs dbyer med pa'i hU~M mthing nag gsal zhing dwangs la 'od zer 'phro ba gyen du langs pa'i rnam pa can/__de'i mtha' mar mdun nas brtsams te g.yas bskor du nye snying dang /__de'i phyir rol du snying po'i sngags kyis bskor ba/__phyogs mtshams kyi 'dab ma rnams kyi nang gi bar snang la rtsa sngags bkod pa ni/__shar du ya ma ni rA dza/__shar lhor sa do me da ya/__lhor ya me do ru/__lho nub tu Na yo da ya/__nub tu ya dA yo ni/__nub byang du ra ya k+She ya/__byang du yak+She yats+tsha/__byang shar du ni rA ma ya/__zhes pa'i yi ge bzhi po re re'i steng du oM zhabs su hU~M phaT bsam/__de ltar phyi nang gi yig 'bru thams cad kha dog mthing nag 'od 'bar zhing sngags kyi rang sgra sgrogs pa la sems gtad de dag las me rlung 'bar ba'i khrod nas rdo rje 'jigs byed kyi sku phra mo nas 'bras dang rdul phran tsam grangs med bsam gyis mi khyab pa 'phros/__ma he'i zhal gyi shangs bug g.yas nas phyir thon/__rang gi byang chub sgrub pa la bar du gcod pa thams cad skad cig de nyid la tshar bcad/__snod bcud thams cad la phog pas de thams cad kyang rdo rje 'jigs byed kyi skur gyur/__'od zer sku dang bcas pa tshur 'dus/__shang bug g.yon nas zhugs/__rang gi lus kyi nang thams cad gang /__nad gdon sdig sgrib thams cad byang zhing dag__/mthar sngags phreng sa bon dang bcas pa la thim pas rgyud byin gyis rlabs par bsam zhing /__sems 'dzin med du bzhag la sngags gsum rim bzhin bzlas/__cung zad drag cing myur bar 'dod na bsnyen sgrub kyi tshul du bzlas pa ni/__rang bzhin gyi gnas nas rang ji ltar ba'i rdo rje 'jigs byed cig spyan drangs/__mdun du mngon sum ltar bzhugs par bsam la/__de dang rang gi bar du dgra bgegs dmigs kyis gsal ba yod na de nyid dam med na'ang mi gzugs kyi rnam pa rid cing nyam thag pa gan rkyal du 'gyel pa zhig bsam pa'i lag pa gnyis rang gi zhabs 'og dang /__rkang pa gnyis mdun bskyed kyi lha'i zhabs 'og tu mnan par bsgom/__rang dang mdun bskyed kyi zhabs 'og gi gdong brnyan rnams las/__de lta bu'i gdong brnyan dang ldan pa'i gshin rje grangs med pa nyi zer gyi rdul lta bur 'phros srid pa gsum na yod pa'i bstan pa dang rnal 'byor la sdang ba'i dgra bgegs thams cad skad cig nyid la bkug nas 'og gi dgra bgegs rnams la thim pas de rnams dngos yin snyam pa'i nges shes drag po byed/__spros pa'i pho nya de rnams kyis dgra bgegs kyi gzugs de nyid kyi mthar bskor nas sha za zhing khrag 'thung ba sogs bsad pa'i las byed par bsam/__rang gi thugs ka'i sngags 'khor gyi sngags gang bzla ba de las sngags kyi yig 'bru chu las chu bur rdol ba'i tshul du byung nas so so'i oM nas rim bzhin dbus kyi hU~M gi zhabs kyu nas yar zhugs/__mdun skor gyi rtse nas 'thon pad+ma dang 'khor lo'i steng phyogs la thogs med du song /__rdo rje'i rwa rtse nas du ba 'thon par ltar sngags phreng nar gyis byung ba/__'jam dpal dang thugs rdo rje'i rtsa zhal gyi ma he'i zhal nas yar rim bzhin 'thon nas bar snang la phar song /__mdun bskyed kyi ma he'i zhal du zhugs/__/de'i thugs kar 'jam dpal dang sngags 'khor bdag bskyed ji ltar ba bzhin bsam pa'i hU~M gi steng nas thogs med du zhugs shing thim par bsam/__mdun bskyed de'i thugs ka nas kyang sngags kyi 'thon tshul sogs gong bzhin ji ltar ba byas nas/__rang nyid kyi ma he'i zhal nas rim bzhin brgyud thugs ka'i hU~M la thim/__slar yang bdag mdun gnyis char las sngags kyi phreng ba spro bsdu gong ltar 'khor yug tu bskyed/__sngags phreng de rnams las 'phros pa'i las kyi gshin rje lcags kyu dang zhags pa thogs pa nam mkha' gang ba byung ste/__dgra bgegs gdug pa can thams cad skad cig la bsdus/__sngags phreng las mgar gyi sol mal gyi me stag lta bu'i 'od zer bzod par dka' ba 'phros shing cung zad bsgril ba'i bar du dgra bgegs thams cad 'ub kyis bsdus pas sbrang bu me tshub kyi gseb tu shor ba bzhin gzhob thul tshig par bsam/__yang sngags phreng gi khrod nas mtshon cha me'i tsha tsha 'phro ba'i char bab pas/__'og gi dgra bgegs kyi lus thams cad gzhob thul tu bsreg__/ngag gi nus pa bcom/__rnam shes kyi ngo bo snying nang 'od mar me lta bu gcig yod pa de chu blugs pa ltar nag thum thum song bar bsams la sngags bzlas/__sngags bzla ba'i dus thams cad du snang srid 'khor 'das thams cad rdo rje 'jigs byed du gsal ba dang /__de re res kyang sngags kyi sgra 'brug gi sgra bzhin 'ur 'ur dir dir bzlas par bsam mo/__/zhi rgyas dbang drag gi las bye brag tu bsgrub par 'dod na/__sngags phreng las 'od zer dkar ser dmar gsum bdud rtsi'i rang bzhin 'phros pas zhi rgyas dbang gsum gyi las gang yin pa bde blag tu 'grub pa dang /__'od zer nag po mtshon cha'i dbyibs can 'phros pas drag po'i las thogs med du 'grub par bsam mo/__/de ltar nye snying gi yi ge bzhi ni rgyal chen sde bzhi'i srog snying dang /__yi ge bcu pa ni phyogs skyong bcu'i srog snying dang /__rtsa sngags ni las kyi gshin rje pho mo bcu drug dang /__dregs pa sde brgyad kyi srog snying yin pas sngags 'di rnams gzhan las las myur zhing rtsub bo/__/thugs ka'i sngags 'khor gyi gdams ngag med par snying khar bsgoms na tshe dang srog la gnod cing smyo 'bogs la sogs pa'i 'jigs pa 'byung bar gsungs/__dmigs pa'i bye brag 'di rnams rwa chen lo tsA ba'i thugs kyi nying khu snyan nas snyan dang zhal nas zhal du brgyud pa rgyal khams phyogs med nyul nas dka' ba khyad du bsad cing brgyad ldan gyi bla ma dam pa la nan tan chen pos zhus pa'i gser chos sha stag yin pas/__deng sang gi dpe tsam mthong nas spom yor nyams su len cing ston par rlom pa dang ye mi 'dra bas/__lung ma thob pa'i gang zag dpe mthong 'phral du bla ma las ma thos par gzhan la ston pa rnams kyi rna ba'i lam du mi bsgrag cing dpe 'di la shin tu dam par bya'o/__/'khor rnams kyi sngags bzla ba'i tshe/__so so'i thugs kar nyi ma'i steng du rang rang gi sa bon dang sngags kyis bskor ba las rang sgra sgrogs shing 'od zer dang me yi mtshon cha spros byang chub sgrub pa'i bar gcod thams cad skad cig gis tshar bcad/__snod bcud thams cad la phog pas de thams cad lha sor so'i skur gyur/__'od zer sku dang bcas pa tshur 'dus lha so so'i thugs ka'i sngags phreng la thim par bsam la/__oM dzi na dzig hU~M phaT/__oM rat+na d+hr-ika hU~M phaT/__oM a ro l-ika hU~M phaT/__oM pradz+nyA d+hr-ika hU~M phaT/__oM mo hA rA ti hU~M phaT/__oM dA+e Sha rA ti hU~M phaT/__oM rA ga rA ti hU~M phaT/__oM badz+ra rA ti hU~M phaT/__oM mung+ga ra d+hr-ika hU~M phaT/__oM daN+Da d+hr-ika hU~M phaT/__oM pad+ma d+hr-ika hU~M phaT/__oM khaD+ga d+hr-ika hU~M phaT/__ces re re bzhin bzla'o/__/bsnyen pa'i tshad ni/__ya mAn+ta ka drug 'bum/__/hrIHSh+T+riHsum 'bum mam bye ba/__ya ma rA dza 'bum tsho gcig gam bzhi bzlas na mchog tu 'gyur/__sngags 'di gsum gang rung gcig la bsnyen pa bskyal bas kyang rung /__'khor sngags rnams gtso sngags kyi bcu cha bzla zhing stan thog gcig tu thun bzhir bcad nas thun gyi dngos gzhi la ming tshig gis bar ma chod pa dang mtshams shin tu dam pas bsgrub na gegs chung zhing dngos grub nye bar gsungs so/__/gang ltar bzlas pa'i thun gyi mthar/__bde bar gshegs pa thams cad kyis bdag dang sems can thams cad kyi sdig pa dang sgrib pa thams cad byang zhing dag pa dang /__phyag rgya chen po mchog gi dngos grub dpal rdo rje 'jigs byed kyi go 'phang tshe 'di nyid la thob cing gnas skabs su las bzhi'i phrin las thams cad 'bad med du 'grub par byin gyis brlab tu gsol/__zhes dang /__oM shrI ya mAn+ta ka sa ma ya zhes sogs gshin rje'i gshed kyi yi ge brgya pa tshar gsum bzlas pas byin rlabs brtan par bya/__rwa khrid mkha' 'gro'i snyan brgyud thob pas ngag bzlas mthar rdo rje'i bzlas pa dang /__rdzogs rim kyang ci rigs bsgom par bya'o/__/thun mtshams su gtor ma 'bul bar 'dod pas gtor ma nang mchod chu chang gis sbyangs/__byin gyis rlabs pa sngar ltar bya/__rang gi snying ga nas 'od zer 'phros pa rang bzhin gyi gnas nas dpal rdo rje 'jigs byed chen po lha bcu gsum gyi dkyil 'khor mdun gyi nam mkhar oM badz+ra sa mA dzaHzhes pas spyan drangs/__pad+ma ka ma lA ya s+t+waM gyis gdan dbul/__pad skor sngon du 'gro ba'i rdo rje thal mo kha gyen du phye ba'i phyag rgya'i mthar se gol gtogs pa dang bcas pa byas la/__oM hrIHSh+T+riHwi kr-i tA na na hU~M phaT/__sarba big+h+nAn sha trU~M mA ra ya i daM ba ling gr-ih+NA pa ya kha kha khA hi khA hi/__zhes pa lan gsum lnga'am bdun gyis phul/__'khor sngags yongs rdzogs kyi mthar/__sarba big+h+nAn sha trU~M mA ra ya sogs btags pa lan gsum gyis phul/__oM shri badz+ra b+hai ra wa maN+Da la sa pa ri wA ra ar+g+haM pra tIts+tsha swA hA/__pA d+yaM pra tIts+tsha swA hA/__badz+ra puSh+pe AHhU~M nas/__badz+ra shab+da AHhU~M/__gi bar gyis phyi mchod/__oM shrI badz+ra b+hai ra wa maN+Da la sa pa ri wA ra oM AHhU~M gis bdud rtsi 'thor zhing nang mchod phul/__de nas DA dril la sogs rol chen bya zhing /__gzugs sgra la sogs drug po ni/__zhes sogs yid byung mchod pa'i glu dang /__mchod bstod kyi nga rgyal bzung ba'i sngags mi brjod gsungs/__mchan dur khrod rgyan gyis rnam brgyan pa'i/__/zhes dang /__gti mug rdo rje'i rang bzhin khyod/__sogs kyis bstod pa'i mthar/__gshin rje'i gshed kyi lha tshogs rnams/__/mchod sbyin gtor ma 'di bzhes la/__zhes pa nas/__yid la 'dod pa kun 'grub shog__/gi bar gyis phrin las bcol/__las kyi gshin rje la gtor ma 'bul bar 'dod pas sngar gyi phyag rgya dang bcas pas/__oM AHhU~M hoHgtor ma dgra bgegs kyi sha khrag gi phung po chen por gyur/__rang gi mdun du pad+ma dang nyi ma dang ma he'i steng du ya las thod dbyug yas mtshan pa de las 'od zer 'phros/__dgra bgegs gdug pa can thams cad tshar bcad/__tshur 'dus thod dbyug la thim/__de yongs su gyur pa las las kyi gshin rje sku mdog nag po zhal gcig phyag gnyis pa ma he'i gdong pa can/__dmar zhing zlum pa'i spyan gsum dang ldan pa/__phyag g.yas thod dbyug dang g.yon zhags pa 'dzin pa/__skra khams pa gyen du gzengs shing ling+ga dmar po gyen du langs pa/__las kyi gshin rje'i tshogs dpag tu med pas bskor ba/__de'i spyi bor oM/__mgrin par AHthugs kar hU~M/__rang gi thugs ka nas 'od zer lcags kyu lta bu grangs med pa 'phros pas lho phyogs rim pa bdun gyi sa 'og__/'jigs rung gshin rje'i grong khyer lcags mkhar sgo med mun khang nag po nas 'chi bdag las kyi gshin rje 'khor dang bcas pa/__oM kA la rU pa sa pa ri wA ra e h+ye hi badz+ra sa mA dzaHsa spyan drangs/__dzaHhU~M ba~M hoHgnyis su med par thim/__slar yang rang gi thugs ka nas 'od zer 'phros pas dbang gi lha gshin rje'i gshed rigs lnga 'khor dang bcas pa oM badz+ra sa mA dzaHsa spyan drangs/__khyed rnams kyis 'di la mngon par dbang bskur du gsol/__zhes gsol ba btab pas de rnams kyis oM badz+rI b+ha wa a b+hi Shiny+tsa mAM/__zhes gsungs shing bum pa'i chus spyi bo nas dbang bskur/__sku gang dri ma dag__/chu'i lhag ma yar lud pa las rdo rje nag po rtse lnga pas dbur brgyan/__oM kA la rU pa sa ma ya s+t+waM gyis dam la bzhag__/oM kA la rU pa gr-ih+Na daM badz+ra puSh+pe AHhU~M nas shab+da'i bar gyis mchod/__oM kA la rU pa sarba big+h+nAn sha trU~M mA ra ya i daM ba liM gr-ih+NA pa ya kha kha kha hi khA hi/__zhes phyag rgya dang bcas pas lan gsum mam bdun gyis gtor ma phul/__oM kA la rU pa oM AHhU~M/__zhes pas nang mchod 'thor/__'chi bdag las kyi gshin rje nag po 'khor dang bcas pa khyed rnams mchod sbyin gyi gtor ma rgya chen po 'di bzhes la/__rtsa brgyud kyi bla ma dam pa rnams dang 'jam dpal gshin rje'i gshed kyi bka' dang dam las ma 'da' bar/__sangs rgyas kyi bstan pa srungs/__dkon mchog gi dbu 'phang bstod/__dge 'dun kyi sde skyongs/__rnal 'byor pa bdag cag 'khor dang bcas pa'i 'gal rkyen sol/__mthun rkyen sgrubs bdag la sdang zhing gdug pa'i sems 'chang ba'i dgra bgegs log 'dren thams cad da lta nyid du bsad cing bsgral ba'i phrin las mdzod cig__/ces brjod cing thal mo brdab/__de nas rdo rje dril bu 'dzin pas bstod cing bskul ba ni/__ya/__'chi bdag nag po lho phyogs kyi/__/rim pa bdun gyi sa 'og nas/__/srog la rngams pa'i gshin rje ni/__/nag po ma he'i gdan steng du/__/ya las byung ba'i dbyug pa ni/__/thod pas mtshan pa las byung ba'i/__/gting nas khros pa ma he'i gdong /__/za byed zhal gdangs mche ba gtsigs/__/khros pas spyan gsum dmar po 'khrugs/__/skra ser sma ra gyen du brdzes/__/lag g.yon zhags pas dgra bgegs 'chings/__/lag g.yas dbyug pas rdul du rlog__/chos kyi rgyal po gshin rje'i tshogs/__/bran dang bcas pas dus la babs/__/sha chen khrag zhag chen po yi/__/gtor ma rgya mtsho mchod par bzhes/__/rgyal bas bsgos pa'i dam tshig dang /__/snying rjes dgra bgegs myur du sgrol/__/sdang ba'i dgra dang gnod pa'i bgegs/__/bdud dang bar du gcod pa rnams/__/zungs shig chings shig rnam par sdoms/__/khug cig drongs shig dbang du bsdus/__/gsod cig skrod cig brlag par gyis/__/chod cig non cig rmugs par gyis/__/thul cig choms shig rnam par shig__/rdul phran tsam yang med par mdzod/__oM kA la rU pa dgra bgegs mA ra ya hU~M phaT/__ces brjod de nas yi ge brgya ba tshar gsum brjod/__ma 'byor pa dang sogs kyis lhag chad kha skong zhing nongs pa bzod par gsol/__oM khyed kyi sems can sogs dang /__oM badz+ra b+hai ra wa badz+ra muHzhes pas/__'jig rten las 'das pa'i gtor mgron gyi ye shes pa gshegs/__oM kA la rU pa sa pa ri wA ra gats+tsha/__zhes pas las kyi gshin rje rang gnas su gshegs par bsam/__rang gi thugs ka nas 'od zer 'phros pas snod bcud thams cad 'od du zhu nas srung ba'i 'khor lo la thim/__de dur khrod brgyad la/__de gzhal yas khang la/__gzhal yas khang 'khor gyi lha rnams la/__'khor gyi lha rnams rang nyid la/__yum yab la/__yab kyi zhal phyag lhag ma rnams 'od du zhu nas rtsa ba'i zhal phyag la thim pas/__rang rdo rje 'jigs byed dpa' bo gcig par gsal ba'i mig tu k+ShiM/__rna bar dz+rIM/__snar kha~M/__lcer ga~Mdapral bar \u0f88\u0f90\u0f83/__lte bar sa~M/__spyi bor oM/__mgrin par AHthugs kar hU~M gis mtshan par gyur/__zhes brjod cing /__kha zas kyi rnal 'byor ni/__rgyas par bdud rtsi byin brlabs ltar/__bsdu na/__oM AHhU~M ha ho hrIHzhes pas byin gyis brlabs/__kha zas ngo bo bdud rtsi la rnam ba dgra bgegs kyi sha khrag tu gsal la/__phyag g.yon pa'i thod par blugs nas/__g.yas pa'i gri gug gis dkrugs shing gsol bas snying ga na bzhugs pa'i ye shes sems dpa'/__lhag ma lte bar gnas pa'i las kyi gshin rje 'khor dang bcas pa yod pa mnyes shing tshim par bsams la longs spyad/__khrus kyi rnal 'byor ni dbang gi skabs ltar bsam zhing yi ge brgya pa bzlas la sdig pa dag par bsam/__nyal ba'i rnal 'byor ni/__rang dam tshig sems dpa' thugs ka'i ye shes par thim/__de rdo rje la/__de ting nge 'dzin sems dpa' la/__de hU~M yig la thim/__de'i zhabs kyu de khog pa/__de zla tshes la/__de thig le la/__de nA da la/__nA da'ang stong par gyur pa'i ngang la nyal lo/__/nangs par ldang ba'i tshe hU~M zhes brjod pa'i sgras bskul nas rdo rje 'jigs byed kyi skur langs la de'i nga rgyal dang ma bral bas spyod lam gyi bya ba thams cad la 'jug par bya'o/__/de'ang gzugs su snang ba thams cad snang stong dbyer med kyi rdo rje 'jigs byed kyi sku dang /__sgra thams cad grags stong dbyer med sngags kyi rang sgra dang /__dran rtog thams cad ye shes kyi cho 'phrul du bsams la/__gang la'ang sdang zhen dang nyams nga bag tsha ba med par spyad do/__/thun gyi mthar/__dge ba 'di yis myur du bdag__/'jam dpal khro bo 'grub gyur nas/__sogs dang bgegs dang log par 'dren pa sogs kyis bsngo ba dang smon lam/__bkra shis kyi tshigs su bcad pa skabs su bab cing 'brel chags pa dang bcas pas mthar brgyan par bya'o/__/de ltar mnyam rjes kyi sgo nas rnal 'byor la brtson par nyams su blangs pas gnas skabs las bzhi'i phrin las thams cad 'bad med du 'grub cing /__khyad par du yang bdud dang gshin rje'i g.yul las rnam par rgyal bar 'gyur la/__mthar thug rdo rje 'jigs byed chen po'i go 'phang myur du 'thob par 'gyur ba ni nges pa yang dag pa'o/__/de ltar bcom ldan 'das dus dgra'i dbang po'i sgrub thabs dngos grub gter gyi mdzod/__/gong ma'i gsung bzhin legs par bsdebs 'dir bla ma mkha' 'gros bzod par mdzod/__/legs byas dge bas mtha' yas 'gro ba'i byang chub lam gyi bar chad zhi/__/sgom dang bzlas pas bdud las rnam rgyal zung 'jug go 'phang thob gyur cig__/lhag pa'i lha mchog gshin rje'i gshed po la/__/gus pa'i blo yis sgrub thabs 'di bgyis pa/__/blo gros dman pa rang gi don du bas/__/blo chen rnams kyis gong ma'i gsung la gzigs/__/'jigs rung ma he'i zhal gyi rnal 'byor la/__/skye ba 'di dang tshe rabs gzhan du yang /__/rtag tu brtson pas srid pa gsum po las/__/rnam par rgyal zhing don gnyis lhun grub shog__/ces dpal rdo rje 'jigs byed chen po lha bcu gsum gyi sgrub thabs snyan brgyud thun mong ma yin pa yid bzhin gter mdzod nyid nyams su blangs bar mi nus pa'i rang 'dra'i blo dman gyi don du tshig tshogs cung zad bsdu ba'i dbang du byas te dam pa gong ma rnams kyi gsung bzhin du rdo rje'i rig pa 'dzin pa 'jam dbyangs chos kyi blo gros pas chu bya smin zla'i dmar phyogs kyi stong pa gsum pa'i tshes 28drag po'i sreg sbyor la bris pa 'dis kyang rwa chen snyan brgyud kyi bstan pa rin po che phyogs dus gnas skabs thams cad du dar zhing rgyas pa dang bdud dang gshin rje'i g.yul las rnam par rgyal zhing lha min kla klo'i dpung tshogs 'joms pa'i nus pa mchog dang ldan par bla ma yi dam gyis byin gyi brlab tu gsol/__dpe 'di la shin tu dam par bya'o/__/sarba dA mang+ga laM/__shu b+haM//___//

Footnotes

Other Information