ཆོས་རྒྱལ་གཏེར་བདག་གླིང་པ་ལ་བསྟོད་པ་མན་དཱ་ར་བའི་དབྱངས་སྙན།

From Khyentse Lineage - A Tsadra Foundation Project
Revision as of 08:18, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

JKCL-KABUM-02-KHA-066
Wylie title chos rgyal gter bdag gling pa la bstod pa man dA ra ba'i dbyangs snyan JKCL-KABUM-02-KHA-066.pdf
Location chos kyi blo gros bka' 'bum
Volume 2, Text 66, Pages 575-580 (Folios 1a1 to 3b6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Gter bdag gling pa 'gyur med rdo rje)
Citation 'jam dbyangs mkhyen brtse chos kyi blo gros. chos rgyal gter bdag gling pa la bstod pa man dA ra ba'i dbyangs snyan. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 575-580. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Colophon

།ཅེས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཨོ་རྒྱན་གཏེར་བདག་གླིང་པའི་ཞབས་ཀྱི་པདྨོར་ཅུང་ཟད་བསྔགས་པ་འདི་ནི་མགོན་པོ་མཆོག་ལ་མི་ཕྱེད་པའི་དད་པ་ཐོབ་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོ་གཙུག་ལག་ལུང་རིགས་ཉི་མ་སྨྲ་བའི་སེང་གེས་རྗེ་ཉིད་ཀྱི་བྱིན་གྱིས་བརླབས་པའི་གནས་འོག་མིན་གཉིས་པ་ཨོ་རྒྱན་སྨིན་གྲོལ་གླིང་གི་བླ་བྲང་ཆོས་འཁོར་ལྷུན་པོའི་གཟིམ་བསྐྱིལ་དུ་མེ་སྤྲེལ་དབོ་ཟླའི་དམར་ཕྱོགས་ཀྱི་དགའ་བ་དང་པོར་བྲིས་པ་དགེ་ལེགས་རྣམ་པར་རྒྱལ་བར་གྱུར་ཅིག །སརྦ་དཱ་མངྒ་ལཾ། །

ces gter chen chos kyi rgyal po o rgyan gter bdag gling pa'i zhabs kyi pad+mor cung zad bsngags pa 'di ni mgon po mchog la mi phyed pa'i dad pa thob pa 'jam dbyangs blo gros rgya mtsho gtsug lag lung rigs nyi ma smra ba'i seng ges rje nyid kyi byin gyis brlabs pa'i gnas 'og min gnyis pa o rgyan smin grol gling gi bla brang chos 'khor lhun po'i gzim bskyil du me sprel dbo zla'i dmar phyogs kyi dga' ba dang por bris pa dge legs rnam par rgyal bar gyur cig__/sarba dA mang+ga laM/

1 Texts in this Section (sde tshan or chos tshan)

[edit]
ཆོས་རྒྱལ་གཏེར་བདག་གླིང་པ་ལ་བསྟོད་པ་མན་དཱ་ར་བའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བཛྲ་ཨཀྵ་ར་ཡེ། བཟོད་ནས་འགྱུར྄༵་མ྄ེ༵ད་སྤྲོས་བྲལ་དེ་བཞིན་ཉིད། །ལོངས་སྤྱོད་ཡོངས་རྫོགས་བདེ་བ་ཆེན་པོའི་བཅུད། །མཆོག་ཏུ་རྣམ་དག་སྙིང་རྗེས་ཡོངས་གང་བ། །སྲིད་ཞི་ཀུན་ཁྱབ་ཀུན་བཟང་རྡ྄ོ༵་རྗ྄ེ༵་འཆང་། །རྣམ་པར་སྣང་མཛད་དྲི་མ་མེད་པའི་སྐུ། །སྐུ་ནི་གངས་ཆེན་མཚོ་སྟེ་ཞིང་ཀུན་ཁྱབ། །ཁྱབ་བདག་ཡེ་ཤེས་ལོངས་སྤྱོད་རྫོགས་སྐུ་རྒྱལ། །རྒྱལ་བ་རིགས་རྣམས་ཐམས་ཅད་སྤྲོ་གཞིར་གྱུར། །ཐུགས་རྗེ་ཆེན་པོའི་གར་གྱིས་རྣམ་པར་རྩེན། །ཞིང་ཁམས་རབ་འབྱམས་རྡུལ་གྱི་གྲངས་སྙེད་ཀྱི། །རྣམ་རོལ་བསམ་ལས་འདས་པ་སྟོན་པ་ལས། །ཞིང་འདིར་གསང་བའི་བདག་པོ་རྡོ་རྗེ་འཛིན། །བཀའ་ཡི་སྡུད་པོ་དགྲ་བཅོམ་ཀུན་དགའ་བོ། །རྒྱལ་པོ་ཛཿསོགས་འཕགས་ཡུལ་མཁས་གྲུབ་དང་། །རྣམ་སྣང་ལོ་ཙཱ་ཐུ་མི་ཟུར་ཆེན་སོགས། །སྐྱེས་རབས་མུ་ཐིག་ལ་ཡི་ཕྲེང་བ་མཛེས། །གངས་ལྗོངས་བཀའ་དྲིན་ཟླ་བྲལ་སྐྱེས་མཆོག་ནི། །རིམ་བརྒྱུད་ཚར་དུ་དངར་བ་མཆོག་རྣམས་ཀྱིས། །ཧི་མ་ལ་ཡའི་ལྗོངས་འདི་མཛེས་བྱས་པའི། །བསྟན་འགྲོའི་གཙུག་གི་ནོར་བུའི་རྣམ་པར་ཐར། །བསམ་གྱིན་བསམ་གྱིན་དད་པའི་མེ་ཏོག་འཐོར། །ཁྱད་པར་མྱོས་རིགས་ལྷ་ཡི་ཐིག་ལེ་རུ། །སྒྲོལ་བའི་མགོན་པོ་བསམ་བཞིན་བྱོན་པའི་སྐུ། །རྒྱལ་དབང་པད་མས་ལུང་གིས་མངོན་པར་བསྔགས། །གཞོན་ནུའི་དུས་ནས་ཐེག་ཆེན་རིགས་སད་ཅིང་། །བྱང་ཆུབ་སྤྱོད་པའི་མྱུ་གུ་རྒྱས་པའི་རྩེར། །དཔག་ཡས་ཡོན་ཏན་གསེར་གྱི་སྙེ་མས་དུད། །ཕན་དང་བདེ་བའི་འབྲས་བཟང་ཅི་དགར་འཇོ། །ཆོས་ཀྱི་རྒྱལ་པོ་གཏེར་ཆེན་བླ་མ་གང་། །ཟབ་གཏེར་དབང་བསྒྱུར་ཉི་མ་ལྟར་གསལ་ཞིང་། །ཨོ་རྒྱན་སློབ་དཔོན་དངོས་སུ་བྱོན་པ་དང་། །དབྱེར་མེད་འཇིག་རྟེན་གསུམ་གྱི་གཙུག་ནོར་ཆེ། །བརྗོད་འདོད་རབ་བརྟག་མིན་པའི་ངེས་དོན་གྱི། །གསང་བ་ཟབ་མོའི་མཛོད་རྣམས་འཛིན་པ་ལ། །རྡོ་རྗེ་ཆོས་ཉིད་མི་ཡི་གཟུགས་བཟུང་ནས། །མཐོན་མཐིང་རལ་པའི་ཟར་བུ་རྣམ་པར་གཡོ། །སྨྲ་བའི་སེང་གེ་འཇམ་དཔལ་དཔའ་བོ་དང་། །སྒྲ་དབྱངས་ལྷ་མོ་ཡིད་དང་ངག་ལ་ཞུགས། །མཁྱེན་རབ་ཐོགས་མེད་ཀླུ་ཐོགས་དཔའ་བོ་སོགས། །འཛམ་གླིང་རྒྱན་མཆོག་རྣམས་ཀྱི་ཟླ་བོར་སྙེགས། །ཁྱད་པར་སྔ་འགྱུར་བཀའ་གཏེར་ནོར་བུ་རྣམས། །ཐང་མར་བརྡལ་བ་རྒྱ་ཆེ་འབྱམས་ཀླས་པ། །ཡོངས་རྫོགས་ཐུགས་གསང་དཔལ་གྱི་བེའུར་བླངས། །ཟབ་དོན་སྙིང་པོ་ལེགས་པར་བསྡུ་བར་མཛད། །མཁས་པ་ཙམ་མིན་བརྟོན་པ་བཞི་དང་ལྡན། །མཆོག་ཏུ་མི་འགྱུར་གྲུབ་པ་མཐོན་པོར་གཤེགས། །གྲུབ་རིགས་བྱེ་བའི་གཙུག་ན་ངལ་འཚོ་བ། །གྲུབ་པ་མཆོག་བརྙེས་འགྱུར་མེད་རྡོ་རྗེ་ཉིད། །རྩ་རླུང་ཐིག་ལེའི་འགྲོས་རྣམས་དབུ་མར་ཐིམ། །བདེན་དོན་རྣམ་པ་བཅུ་གཉིས་རྩེར་སོན་པ། །སྐུ་གསུམ་སྟོན་པ་རྡོ་རྗེ་འཆང་དབང་དང་། །དབྱེར་མེད་དགོངས་ཀློང་ཡངས་པར་གཅིག་ཏུ་འཁྱིལ། །སྣང་སྲིད་རང་དབང་བསྒྱུར་བའི་རིག་པ་འཛིན། །འབད་མེད་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཅན། །འབྱུང་བཞི་ཀུན་ལ་ཅི་དགར་དབང་བསྒྱུར་བས། །ཆོས་ནོར་རྟེན་གྱི་གཏེར་སྒོ་དུ་མ་ཕྱེད། །ཐོགས་པ་མེད་པའི་རྫུ་འཕྲུལ་རྐང་པར་ལྡན། །མཉམ་པར་མ་བཞག་མེད་པའི་ཐུགས་མངའ་བ། །སོ་སོ་ཡང་དག་རིགས་པས་ཆོས་སྟོན་ཅིང་། །དབང་བཅུར་མངའ་བརྙེས་སྟོབས་བཅུ་འཆང་བའི་བདག །ལྷ་ཡི་ཡང་ལྷ་བླ་མའི་བླ་མ་ཆེ། །འདྲེན་པ་མཆོག་གྱུར་མཆོག་རྣམས་ཚངས་གནས་སུ། །ཞབས་རྟེན་བཀོད་ཅིང་བཀོད་ལ་བསྙེངས་པ་མེད། །རིགས་ཀྱི་བདག་པོ་དཔའ་བོ་ཆེན་པོ་རྒྱལ། །བརྒྱུད་པ་དྲུག་ལྡན་བཀའ་དང་གཏེར་གྱི་ཆོས། །རྙོགས་པ་ཀུན་སེལ་ནོར་བུ་ཀེ་ཏ་ཀ། འཐོར་བ་སྡུད་ཅིང་འཁྲུགས་བ་ཀུན་བསལ་བ། །སོ་ཟུར་གནུབ་གསུམ་གཅིག་ཏུ་བསྡུས་པ་བཞིན། །ཉང་རལ་ཆེན་པོས་ལུང་གི་བསྟན་དོན་ནི། །ཇི་བཞིན་མངོན་གྱུར་བཀའ་དང་གཏེར་གྱི་ཆོས། །མཆོག་དམན་སྐྱེ་བོ་སུ་ཡང་འཇུག་བདེ་བ། །སྔོན་མེད་ཆོ་གའི་ཁྲིགས་སྡེབས་ཁྱད་དུ་འཕགས། །སྨིན་གྲོལ་རྒྱུན་བཟང་ལྷག་མར་གྱུར་པ་ན། །དྲང་སྲོང་ཛ་ཧུ་མཆོག་གི་ལྟོ་བར་བསྐྱིལ། །སླར་ཡང་གང་གཱའི་རྒྱུན་བཟང་འབེབས་པ་ལས། །དེང་དུས་སྐལ་བཟང་ཉེར་འཚོའི་གསོས་སུ་གྱུར། །འགྲན་ཟླ་མེད་པ་གཡོ་རུ་པདྨའི་ཚལ། །འཕུར་འགྲོའི་ཞིང་ཁམས་ས་འདིར་འཕོས་པ་ལྟའི། །འོག་མིན་གཉིས་པ་སྨིན་དང་གྲོལ་བའི་གླིང་། །ཆོས་ཀྱི་དགའ་ཚལ་གངས་ཅན་མཛེས་རྒྱན་བསྐྲུན། །དགེ་འདུན་འདུས་པ་ལི་ཁྲིའི་ཆུ་གཏེར་འཕྱུར། །དམར་སེར་འོད་ཀྱིས་འཆི་མེད་ལྷ་ལམ་ཁྱབ། །སྤངས་དང་ཀློག་པའི་བདུད་རྩིས་རབ་མྱོས་པས། །གསང་ཆེན་ཆོས་ཀྱི་རྔ་སྒྲ་བར་མེད་སྒྲོགས། །རྟེན་དང་བརྟེན་པའི་གཟི་བརྗིད་མཚུངས་པ་མེད། །མཐོང་བ་ཙམ་གྱིས་རབ་དགའི་དཔལ་བསྐྱེད་ནས། །བློ་བཟང་དཔྱོད་ལྡན་རྣམས་ཀྱིས་བསྔགས་པའི་ཡུལ། །གསང་ཆེན་སྔགས་ཀྱི་ཆོས་འཁོར་དཔལ་གྱི་ལྷུན། །བསྔགས་འོས་བསྔགས་པ་ཀུན་གྱི་རྩིར་གྱུར་ཅིང་། །ངོ་མཚར་གཏམ་མངའ་རིག་འཛིན་འདུས་བའི་སྡེ། །བྷོ་ཊའི་ལྗོངས་སུ་དཔེ་བྱར་འོས་པ་འདི། །གཏེར་ཆེན་བླ་མ་ཁྱེད་ཀྱི་ཕྱག་རིས་ལགས། །སྐུ་གསུང་ཐུགས་ཀྱི་རྣམ་པར་ཐར་པ་ནི། །ཡོངས་རྫོགས་བརྗོད་ལ་འཇམ་པའི་དབྱངས་ཀྱི་ཡང་། །རྡོ་རྗེའི་ལྗགས་ཀྱི་ངལ་བས་མ་སྤོབས་ན། །བདག་འདྲ་བྱིས་བློས་གཞལ་བ་ལྟ་ཅི་ཞིག །འོན་ཀྱང་རྒྱ་མཚོ་ཆེ་ལས་ཆུ་ཐིག་ཙམ། །དད་པའི་སྐྲ་རྩེས་འཐོར་བའི་མཆོད་པ་དང་། །བསྟོད་པའི་ངག་གི་གླིང་བུ་སྙན་འཇེབས་པའི། །མི་ཟད་སྒྲ་དབྱངས་རྒྱ་མཚོས་བསྟོད་པར་བགྱི། །དེ་དང་ལྷན་ཅིག་ལུས་མཆོག་ཞིང་རྡུལ་སྤྲུལ། །ཕྱག་གིས་འདུད་དང་ཀུན་དབང་མཆོད་སྤྲིན་སྟོབས། །ཚེ་རབས་ནོངས་པའི་སྡིག་བཤགས་མགོན་མཆོག་གི། རྣམ་པར་ཐར་ལ་རྗེས་སུ་ཡི་རང་སྟོབས། །བླ་མ་མཆོག་གི་ཕྲིན་ལས་ཆོས་འཁོར་ལོར། །རྒྱུན་མི་ཆད་པ་རྟག་པར་བསྐོར་བར་བསྐུལ། །མགོན་པོ་མྱ་ངན་འདས་པ་ཡོངས་མི་མངའ། །སྲིད་པ་ཇི་སྲིད་རྟག་པར་བཞུགས་གསོལ་འདེབས། །རབ་དགེ་དྲི་མེད་དུང་དང་ཟླ་བ་ནི། །པད་མའི་རྩ་ལག་ལྟར་དཀར་བསགས་པ་རྣམས། །མོས་བློས་གཅིག་ཏུ་སྤུངས་ཏེ་བླ་མར་འབུལ། །བདག་གཞན་ཚོགས་ཆེན་ཡོངས་སུ་རྫོགས་པར་ཤོག །ས་དང་ལྷུན་པོ་ཇི་སྲིད་གནས་ཀྱི་བར། །ཨོ་རྒྱན་བླ་མའི་རྣམ་འཕྲུལ་རྒྱུན་མི་ཆད། །མཛད་པ་ཕྲིན་ལས་བསམ་གྱིས་མི་ཁྱབ་པ། །ཡིད་བཞིན་ནོར་དང་དཔག་བསམ་ལྗོན་པ་བཞིན། །དེ་དག་ཀུན་ཏུ་བདག་ཀྱང་སྔོན་སྨོན་གྱི། །རྡོ་རྗེའི་སྲད་བུས་དམ་པོར་སྦྲེལ་བ་དང་། །པདྨ་གར་དབང་དགྱེས་པའི་སྤྱན་རས་ཀྱིས། །རྟག་ཏུ་བཙའ་ཞིང་མཉེས་པ་སྒྲུབ་པར་ཤོག །ལྗོངས་འདིར་མི་མཐུན་རྒུད་པའི་བ་མོ་རྣམས། །ཐུགས་རྗེ་ནུས་པའི་སྟོབས་ཀྱི་ཚ་ཟེར་གྱིས། །རེག་པའི་མོད་ལ་ལྷག་མེད་ཞི་བ་དང་། །རྫོགས་ལྡན་གསར་པའི་དུས་སྟོན་རྒྱས་པར་ཤོག །ཚེ་རབས་ཀུན་ཏུ་ཨོ་རྒྱན་ཡབ་ཡུམ་དང་། །རིག་འཛིན་བླ་མ་གཏེར་བདག་གླིང་པ་ཡིས། །མི་འབྲལ་རྟག་པར་རྗེས་སུ་བཟུང་བ་དང་། །ཐུགས་ཡིད་དབྱེར་མེད་མངོན་པར་བྱང་ཆུབ་ཤོག །བཀྲ་ཤིས་གང་ཞིག་སངས་རྒྱས་བྱང་སེམས་དང་། །དཔའ་བོ་ཌཱ་ཀི་ལྷ་དབང་ཀླུ་རྒྱལ་དང་། །གྲུབ་པའི་རིག་འཛིན་བྱིན་རླབས་བཀྲ་ཤིས་ཀྱི། །མེ་ཏོག་ཆར་གྱིས་སྲིད་གསུམ་ཀུན་ཁྱབ་ཤོག །ཅེས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཨོ་རྒྱན་གཏེར་བདག་གླིང་པའི་ཞབས་ཀྱི་པདྨོར་ཅུང་ཟད་བསྔགས་པ་འདི་ནི་མགོན་པོ་མཆོག་ལ་མི་ཕྱེད་པའི་དད་པ་ཐོབ་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོ་གཙུག་ལག་ལུང་རིགས་ཉི་མ་སྨྲ་བའི་སེང་གེས་རྗེ་ཉིད་ཀྱི་བྱིན་གྱིས་བརླབས་པའི་གནས་འོག་མིན་གཉིས་པ་ཨོ་རྒྱན་སྨིན་གྲོལ་གླིང་གི་བླ་བྲང་ཆོས་འཁོར་ལྷུན་པོའི་གཟིམ་བསྐྱིལ་དུ་མེ་སྤྲེལ་དབོ་ཟླའི་དམར་ཕྱོགས་ཀྱི་དགའ་བ་དང་པོར་བྲིས་པ་དགེ་ལེགས་རྣམ་པར་རྒྱལ་བར་གྱུར་ཅིག །སརྦ་དཱ་མངྒ་ལཾ། ། །།
[edit]

chos rgyal gter bdag gling pa la bstod pa man dA ra ba'i dbyangs snyan zhes bya ba bzhugs so/____/na mo gu ru badz+ra ak+Sha ra ye/__bzod nas 'gyura?~X me?~Xd spros bral de bzhin nyid/____/longs spyod yongs rdzogs bde ba chen po'i bcud/____/mchog tu rnam dag snying rjes yongs gang ba/____/srid zhi kun khyab kun bzang rdo?~X rje?~X 'chang /____/rnam par snang mdzad dri ma med pa'i sku/____/sku ni gangs chen mtsho ste zhing kun khyab/____/khyab bdag ye shes longs spyod rdzogs sku rgyal/____/rgyal ba rigs rnams thams cad spro gzhir gyur/____/thugs rje chen po'i gar gyis rnam par rtsen/____/zhing khams rab 'byams rdul gyi grangs snyed kyi/____/rnam rol bsam las 'das pa ston pa las/____/zhing 'dir gsang ba'i bdag po rdo rje 'dzin/____/bka' yi sdud po dgra bcom kun dga' bo/____/rgyal po dzaHsogs 'phags yul mkhas grub dang /____/rnam snang lo tsA thu mi zur chen sogs/____/skyes rabs mu thig la yi phreng ba mdzes/____/gangs ljongs bka' drin zla bral skyes mchog ni/____/rim brgyud tshar du dngar ba mchog rnams kyis/____/hi ma la ya'i ljongs 'di mdzes byas pa'i/____/bstan 'gro'i gtsug gi nor bu'i rnam par thar/____/bsam gyin bsam gyin dad pa'i me tog 'thor/____/khyad par myos rigs lha yi thig le ru/____/sgrol ba'i mgon po bsam bzhin byon pa'i sku/____/rgyal dbang pad mas lung gis mngon par bsngags/____/gzhon nu'i dus nas theg chen rigs sad cing /____/byang chub spyod pa'i myu gu rgyas pa'i rtser/____/dpag yas yon tan gser gyi snye mas dud/____/phan dang bde ba'i 'bras bzang ci dgar 'jo/____/chos kyi rgyal po gter chen bla ma gang /____/zab gter dbang bsgyur nyi ma ltar gsal zhing /____/o rgyan slob dpon dngos su byon pa dang /____/dbyer med 'jig rten gsum gyi gtsug nor che/____/brjod 'dod rab brtag min pa'i nges don gyi/____/gsang ba zab mo'i mdzod rnams 'dzin pa la/____/rdo rje chos nyid mi yi gzugs bzung nas/____/mthon mthing ral pa'i zar bu rnam par g.yo/____/smra ba'i seng ge 'jam dpal dpa' bo dang /____/sgra dbyangs lha mo yid dang ngag la zhugs/____/mkhyen rab thogs med klu thogs dpa' bo sogs/____/'dzam gling rgyan mchog rnams kyi zla bor snyegs/____/khyad par snga 'gyur bka' gter nor bu rnams/____/thang mar brdal ba rgya che 'byams klas pa/____/yongs rdzogs thugs gsang dpal gyi be'ur blangs/____/zab don snying po legs par bsdu bar mdzad/____/mkhas pa tsam min brton pa bzhi dang ldan/____/mchog tu mi 'gyur grub pa mthon por gshegs/____/grub rigs bye ba'i gtsug na ngal 'tsho ba/____/grub pa mchog brnyes 'gyur med rdo rje nyid/____/rtsa rlung thig le'i 'gros rnams dbu mar thim/____/bden don rnam pa bcu gnyis rtser son pa/____/sku gsum ston pa rdo rje 'chang dbang dang /____/dbyer med dgongs klong yangs par gcig tu 'khyil/____/snang srid rang dbang bsgyur ba'i rig pa 'dzin/____/'bad med lhun gyis grub pa'i phrin las can/____/'byung bzhi kun la ci dgar dbang bsgyur bas/____/chos nor rten gyi gter sgo du ma phyed/____/thogs pa med pa'i rdzu 'phrul rkang par ldan/____/mnyam par ma bzhag med pa'i thugs mnga' ba/____/so so yang dag rigs pas chos ston cing /____/dbang bcur mnga' brnyes stobs bcu 'chang ba'i bdag__/lha yi yang lha bla ma'i bla ma che/____/'dren pa mchog gyur mchog rnams tshangs gnas su/____/zhabs rten bkod cing bkod la bsnyengs pa med/____/rigs kyi bdag po dpa' bo chen po rgyal/____/brgyud pa drug ldan bka' dang gter gyi chos/____/rnyogs pa kun sel nor bu ke ta ka/__'thor ba sdud cing 'khrugs ba kun bsal ba/____/so zur gnub gsum gcig tu bsdus pa bzhin/____/nyang ral chen pos lung gi bstan don ni/____/ji bzhin mngon gyur bka' dang gter gyi chos/____/mchog dman skye bo su yang 'jug bde ba/____/sngon med cho ga'i khrigs sdebs khyad du 'phags/____/smin grol rgyun bzang lhag mar gyur pa na/____/drang srong dza hu mchog gi lto bar bskyil/____/slar yang gang gA'i rgyun bzang 'bebs pa las/____/deng dus skal bzang nyer 'tsho'i gsos su gyur/____/'gran zla med pa g.yo ru pad+ma'i tshal/____/'phur 'gro'i zhing khams sa 'dir 'phos pa lta'i/____/'og min gnyis pa smin dang grol ba'i gling /____/chos kyi dga' tshal gangs can mdzes rgyan bskrun/____/dge 'dun 'dus pa li khri'i chu gter 'phyur/____/dmar ser 'od kyis 'chi med lha lam khyab/____/spangs dang klog pa'i bdud rtsis rab myos pas/____/gsang chen chos kyi rnga sgra bar med sgrogs/____/rten dang brten pa'i gzi brjid mtshungs pa med/____/mthong ba tsam gyis rab dga'i dpal bskyed nas/____/blo bzang dpyod ldan rnams kyis bsngags pa'i yul/____/gsang chen sngags kyi chos 'khor dpal gyi lhun/____/bsngags 'os bsngags pa kun gyi rtsir gyur cing /____/ngo mtshar gtam mnga' rig 'dzin 'dus ba'i sde/____/b+ho Ta'i ljongs su dpe byar 'os pa 'di/____/gter chen bla ma khyed kyi phyag ris lags/____/sku gsung thugs kyi rnam par thar pa ni/____/yongs rdzogs brjod la 'jam pa'i dbyangs kyi yang /____/rdo rje'i ljags kyi ngal bas ma spobs na/____/bdag 'dra byis blos gzhal ba lta ci zhig__/'on kyang rgya mtsho che las chu thig tsam/____/dad pa'i skra rtses 'thor ba'i mchod pa dang /____/bstod pa'i ngag gi gling bu snyan 'jebs pa'i/____/mi zad sgra dbyangs rgya mtshos bstod par bgyi/____/de dang lhan cig lus mchog zhing rdul sprul/____/phyag gis 'dud dang kun dbang mchod sprin stobs/____/tshe rabs nongs pa'i sdig bshags mgon mchog gi/__rnam par thar la rjes su yi rang stobs/____/bla ma mchog gi phrin las chos 'khor lor/____/rgyun mi chad pa rtag par bskor bar bskul/____/mgon po mya ngan 'das pa yongs mi mnga'/____/srid pa ji srid rtag par bzhugs gsol 'debs/____/rab dge dri med dung dang zla ba ni/____/pad ma'i rtsa lag ltar dkar bsags pa rnams/____/mos blos gcig tu spungs te bla mar 'bul/____/bdag gzhan tshogs chen yongs su rdzogs par shog__/sa dang lhun po ji srid gnas kyi bar/____/o rgyan bla ma'i rnam 'phrul rgyun mi chad/____/mdzad pa phrin las bsam gyis mi khyab pa/____/yid bzhin nor dang dpag bsam ljon pa bzhin/____/de dag kun tu bdag kyang sngon smon gyi/____/rdo rje'i srad bus dam por sbrel ba dang /____/pad+ma gar dbang dgyes pa'i spyan ras kyis/____/rtag tu btsa' zhing mnyes pa sgrub par shog__/ljongs 'dir mi mthun rgud pa'i ba mo rnams/____/thugs rje nus pa'i stobs kyi tsha zer gyis/____/reg pa'i mod la lhag med zhi ba dang /____/rdzogs ldan gsar pa'i dus ston rgyas par shog__/tshe rabs kun tu o rgyan yab yum dang /____/rig 'dzin bla ma gter bdag gling pa yis/____/mi 'bral rtag par rjes su bzung ba dang /____/thugs yid dbyer med mngon par byang chub shog__/bkra shis gang zhig sangs rgyas byang sems dang /____/dpa' bo DA ki lha dbang klu rgyal dang /____/grub pa'i rig 'dzin byin rlabs bkra shis kyi/____/me tog char gyis srid gsum kun khyab shog__/ces gter chen chos kyi rgyal po o rgyan gter bdag gling pa'i zhabs kyi pad+mor cung zad bsngags pa 'di ni mgon po mchog la mi phyed pa'i dad pa thob pa 'jam dbyangs blo gros rgya mtsho gtsug lag lung rigs nyi ma smra ba'i seng ges rje nyid kyi byin gyis brlabs pa'i gnas 'og min gnyis pa o rgyan smin grol gling gi bla brang chos 'khor lhun po'i gzim bskyil du me sprel dbo zla'i dmar phyogs kyi dga' ba dang por bris pa dge legs rnam par rgyal bar gyur cig__/sarba dA mang+ga laM/__/____//__

Footnotes

Other Information