རྡོ་རྗེ་ཕུར་པ་གཉགས་ལུགས་ཀྱི་བརྒྱུད་པའི་གསོལ་འདེབས་བདུད་འཇོམས་རྡོ་རྗེའི་དབྱངས་སྙན།

From Khyentse Lineage - A Tsadra Foundation Project
Revision as of 08:12, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title rdo rje phur pa gnyags lugs kyi brgyud pa'i gsol 'debs bdud 'joms rdo rje'i dbyangs snyan DKR-KABUM-21-ZHA-001.pdf
Location dil mgo mkhyen brtse bka' 'bum
Volume 21, Text 1, Pages 1-3 (Folios 1a to 3a6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Associated People གཉགས་ཛྙཱ་ན་ཀུ་མཱ་ར་ (gnyags dz+nyA na ku mA ra)
Citation Khyentse, Dilgo. Rdo rje phur pa gnyags lugs kyi brgyud pa'i gsol 'debs bdud 'joms rdo rje'i dbyangs snyan. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 21: 1-3. Delhi: Shechen Publications, 1994.
Genre Lineage Supplications - brgyud 'debs
Cycle སྙན་བརྒྱུད་སྙིང་གི་གསང་མཛོད་ (snyan brgyud snying gi gsang mdzod)
Colophon

།ཅེས་པའང་རང་ཉིད་ལམ་འདིའི་བསྙེན་སྒྲུབ་ལ་འཇུག་སྐབས་ཉེར་མཁོའི་ཆེད་དུ་གཉགས་ཆེན་ལོ་ཙཱ་སླར་ཡང་ཐེག་མཆོག་ཆོས་ཀྱི་རྒྱལ་རྔ་སྒྲོགས་པའི་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོའི་ཚུལ་དུ་བཞེངས་པ་མི་ཕམ་འཇམ་པའི་རྡོ་རྗེའི་གདན་ས་མདོ་ཁམས་ཀྱི་རི་བོ་རྩེ་ལྔ་གོ་ཐི་བཀྲ་ཤིས་དཔལ་འབར་གླིང་དང་འདབས་འབྱོར་གྱི་གནས་སུ་ཆོས་འདིའི་བཀའ་བབས་ཀློང་ཆེན་ནམ་མཁའི་འོད་གསལ་པདྨ་མདོ་སྔགས་གླིང་པས་བྲིས་པ་བསྟན་འགྲོའི་དགེ་ལེགས་ཀྱི་དཔལ་དུ་གྱུར་ཅིག །སརྦ་དཱ་མངྒ་ལ་ཤྲཱི་བི་ཛ་ཡནྟུ།།

/ces pa'ang rang nyid lam 'di'i bsnyen sgrub la 'jug skabs nyer mkho'i ched du gnyags chen lo tsA slar yang theg mchog chos kyi rgyal rnga sgrogs pa'i 'jigs bral gyi slob dpon chen po'i tshul du bzhengs pa mi pham 'jam pa'i rdo rje'i gdan sa mdo khams kyi ri bo rtse lnga go thi bkra shis dpal 'bar gling dang 'dabs 'byor gyi gnas su chos 'di'i bka' babs klong chen nam mkha'i 'od gsal pad+ma mdo sngags gling pas bris pa bstan 'gro'i dge legs kyi dpal du gyur cig_/sarba dA mang+ga la shrI bi dza yan+tu//

[edit]
༄༅། རྡོ་རྗེ་ཕུར་པ་གཉགས་ལུགས་ཀྱི་བརྒྱུད་པའི་གསོལ་འདེབས་བདུད་འཇོམས་རྡོ་རྗེའི་དབྱངས་སྙན་ཞེས་བྱ་བ་བཞུགས།

ཀུན་བཟང་དང་པོའི་སངས་རྒྱས་རྡོ་རྗེ་སེམས། །རིགས་ལྔ་ཞི་ཁྲོ་མཁའ་འགྲོ་ལས་ཀྱི་དབང༌། །ཕུར་པའི་རིག་འཛིན་པྲ་བྷ་ཧསྟི་ལ། །གསོལ་བ་འདེབས་སོ་ཕྲིན་ལས་མཆོག་འགྲུབ་ཤོག །རིགས་ཅན་དྲྭ་མ་ལྔ་དང་རྒྱལ་པོ་ཛཿ །བདེ་བ་གསལ་མཛད་དགའ་རབ་འཇམ་དཔལ་བཤེས། །ཤྲཱི་སིཾ་ཧ་རྡོ་རྗེ་ཐོད་ཕྲེང་རྩལ། །གསོལ་བ་འདེབས་སོ་ཕྲིན་ལས་མཆོག་འགྲུབ་ཤོག །རྒྱུད་ལུང་མན་ངག་ཀུན་འདུས་བི་མ་ལ། །གསང་སྔགས་བཀའ་བབ་གཉགས་ལོ་མཁར་ཆེན་བཟའ། །མངའ་བདག་ཡབ་སྲས་སོག་པོ་ལྷ་དཔལ་ལ། །གསོལ་བ་འདེབས་སོ་ཕྲིན་ལས་མཆོག་འགྲུབ་ཤོག །གངས་ཅན་ཐུབ་བསྟན་ཡོངས་ཀྱི་ཤིང་རྟ་ཆེ། །རིག་འཛིན་མཁའ་འགྲོའི་རྗེས་བཟུང་བྱིན་རླབས་པས། །བཀའ་བབས་བདུན་ལྡན་རྡོ་རྗེ་གཟི་བརྗིད་ལ། །གསོལ་བ་འདེབས་སོ་ཕྲིན་ལས་མཆོག་འགྲུབ་ཤོག །ཀློང་ཆེན་ནམ་མཁར་ཁྱབ་པའི་འོད་གསལ་ཤར། །མཆོག་གིས་བྱིན་རླབས་པདྨ་མདོ་སྔགས་གླིང༌། །ལུང་ཟིན་འཁོར་ལོའི་མགོན་པོ་མ་ཏིའི་མཚན། །གསོལ་བ་འདེབས་སོ་ཕྲིན་ལས་མཆོག་འགྲུབ་ཤོག །རིགས་འདུས་ཞི་བའི་ཁྱབ་བདག་རྡོ་རྗེ་སེམས། །རང་ཤར་ཁྲག་འཐུང་རྗེ་བཙན་ཀཱི་ལ་ཡ། །བདུད་འདུལ་འབར་བ་དཀྱིལ་འཁོར་གསུམ་གྱི་ལྷར། །གསོལ་བ་འདེབས་སོ་ཕྲིན་ལས་མཆོག་འགྲུབ་ཤོག །རྗེ་བཙུན་འཕགས་མ་འཁོར་ལོ་རྒྱས་འདེབས་ཡུམ། །གང་འདུལ་སྒྱུ་འཕྲུལ་གཞན་གྱིས་མི་ཐུབ་པའི། །རིགས་སྔགས་ལྷ་མོ་གདུགས་དཀར་སེང་ཧ་ལ། །གསོལ་བ་འདེབས་སོ་ཕྲིན་ལས་མཆོག་འགྲུབ་ཤོག །སྟོབས་བཅུའི་ཡེ་ཤེས་འབར་བའི་འཕྲོག་བྱེད་ཞལ། །བདུད་འདུལ་ལས་ཀྱི་མགོན་པོ་ཡབ་ཡུམ་དང༌། །ཕུར་སྲུང་དབང་མོ་དམ་ཅན་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་ཕྲིན་ལས་མཆོག་འགྲུབ་ཤོག །དབང་གི་རིམ་པས་སྐལ་ལྡན་སྣོད་རུང་སྨིན། བསྐྱེད་བཟླས་རྫོགས་པས་སྒོ་གསུམ་ལྷ་དང་སྔགས། །ཡེ་ཤེས་འཁོར་ལོར་དག་པའི་ཆོ་འཕྲུལ་གྱིས། །རྒྱལ་ཀུན་ཕྲིན་ལས་ནུས་སྟོབས་རྫོགས་པར་ཤོག །སྣང་སྲིད་རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་ཤར། །ཏིང་འཛིན་གསུམ་གྱིས་སྐྱེ་འཆི་བར་དོ་སྦྱོང༌། །བསྙེན་སྒྲུབ་ནུས་པའི་གདིང་ཚད་འཁྱོལ་བ་ཡིས། །སྲིད་པའི་ཕུར་བུས་འཁོར་བ་དབྱིངས་དག་ཤོག །དུག་གསུམ་རང་རྒྱུད་རུ་དྲ་སྡེ་དང་བཅས། །འཛིན་ནས་མི་གཏོང་སྙིང་རྗེའི་ཤུགས་ཆེན་པོས། །གདུལ་དཀའ་སྒྲོལ་བྱེད་མངོན་སྤྱོད་མཐུ་ཐོབ་པས། །རྫས་ཀྱི་ཕུར་པས་ཉམས་པ་རྩད་གཅོད་ཤོག །ཨེ་དབྱིངས་འགྱུར་མེད་འཁོར་ལོ་རྒྱས་འདེབས་ཀློང༌། །ཝྃ་ཡིག་བདེ་ཆེན་ཧེ་རུ་ཀ་དགྱེས་པས། །མཉམ་སྦྱོར་བདེ་སྟོང་ལྷན་ཅིག་སྐྱེས་འཆར་ཏེ། །བྱང་སེམས་ཕུར་བུས་བདེ་ཆེན་དོན་རྟོགས་ཤོག །འཁོར་འདས་སྲོག་གི་གོ་རུ་རིག་པ་ཤར། །ཁྱབ་བརྡལ་འོད་གསལ་སྣང་བ་ཚད་ལ་ཕེབས། །སྐུ་དང་ཡེ་ཤེས་མཐར་ཕྱིན་འབྲས་བུའི་དབྱིངས། །རིག་པའི་ཕུར་བུས་མི་སློབ་མངོན་བྱེད་ཤོག །གསང་བའི་དགྲ་གསུམ་འོད་གསལ་དབྱིངས་སུ་བསྒྲལ། །འཇིགས་པའི་བདུད་བཞི་བཅོམ་པའི་དཔལ་ཆེན་པོ། །སངས་རྒྱས་འདུས་པའི་ཕྲིན་ལས་མི་ཟད་པས། །འཁོར་བ་དོང་སྤྲུགས་མངོན་པར་བྱང་ཆུབ་ཤོག །ཅེས་པའང་རང་ཉིད་ལམ་འདིའི་བསྙེན་སྒྲུབ་ལ་འཇུག་སྐབས་ཉེར་མཁོའི་ཆེད་དུ་གཉགས་ཆེན་ལོ་ཙཱ་སླར་ཡང་ཐེག་མཆོག་ཆོས་ཀྱི་རྒྱལ་རྔ་སྒྲོགས་པའི་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོའི་ཚུལ་དུ་བཞེངས་པ་མི་ཕམ་འཇམ་པའི་རྡོ་རྗེའི་གདན་ས་མདོ་ཁམས་ཀྱི་རི་བོ་རྩེ་ལྔ་གོ་ཐི་བཀྲ་ཤིས་དཔལ་འབར་གླིང་དང་འདབས་འབྱོར་གྱི་གནས་སུ་ཆོས་འདིའི་བཀའ་བབས་ཀློང་ཆེན་ནམ་མཁའི་འོད་གསལ་པདྨ་མདོ་སྔགས་གླིང་པས་བྲིས་པ་བསྟན་འགྲོའི་དགེ་ལེགས་ཀྱི་དཔལ་དུ་གྱུར་ཅིག །སརྦ་དཱ་མངྒ་ལ་ཤྲཱི་བི་ཛ་ཡནྟུ།། །།
[edit]

@#/_rdo rje phur pa gnyags lugs kyi brgyud pa'i gsol 'debs bdud 'joms rdo rje'i dbyangs snyan zhes bya ba bzhugs/_kun bzang dang po'i sangs rgyas rdo rje sems/_/rigs lnga zhi khro mkha' 'gro las kyi dbang*/_/phur pa'i rig 'dzin pra b+ha hasti la/_/gsol ba 'debs so phrin las mchog 'grub shog_/rigs can drwa ma lnga dang rgyal po dzaH_/bde ba gsal mdzad dga' rab 'jam dpal bshes/_/shrI siM ha rdo rje thod phreng rtsal/_/gsol ba 'debs so phrin las mchog 'grub shog_/rgyud lung man ngag kun 'dus bi ma la/_/gsang sngags bka' bab gnyags lo mkhar chen bza'/_/mnga' bdag yab sras sog po lha dpal la/_/gsol ba 'debs so phrin las mchog 'grub shog_/gangs can thub bstan yongs kyi shing rta che/_/rig 'dzin mkha' 'gro'i rjes bzung byin rlabs pas/_/bka' babs bdun ldan rdo rje gzi brjid la/_/gsol ba 'debs so phrin las mchog 'grub shog_/klong chen nam mkhar khyab pa'i 'od gsal shar/_/mchog gis byin rlabs pad+ma mdo sngags gling*/_/lung zin 'khor lo'i mgon po ma ti'i mtshan/_/gsol ba 'debs so phrin las mchog 'grub shog_/rigs 'dus zhi ba'i khyab bdag rdo rje sems/_/rang shar khrag 'thung rje btsan kI la ya/_/bdud 'dul 'bar ba dkyil 'khor gsum gyi lhar/_/gsol ba 'debs so phrin las mchog 'grub shog_/rje btsun 'phags ma 'khor lo rgyas 'debs yum/_/gang 'dul sgyu 'phrul gzhan gyis mi thub pa'i/_/rigs sngags lha mo gdugs dkar seng ha la/_/gsol ba 'debs so phrin las mchog 'grub shog_/stobs bcu'i ye shes 'bar ba'i 'phrog byed zhal/_/bdud 'dul las kyi mgon po yab yum dang*/_/phur srung dbang mo dam can rgya mtsho la/_/gsol ba 'debs so phrin las mchog 'grub shog_/dbang gi rim pas skal ldan snod rung smin/_bskyed bzlas rdzogs pas sgo gsum lha dang sngags/_/ye shes 'khor lor dag pa'i cho 'phrul gyis/_/rgyal kun phrin las nus stobs rdzogs par shog_/snang srid rdo rje khro bo'i dkyil 'khor shar/_/ting 'dzin gsum gyis skye 'chi bar do sbyong*/_/bsnyen sgrub nus pa'i gding tshad 'khyol ba yis/_/srid pa'i phur bus 'khor ba dbyings dag shog_/dug gsum rang rgyud ru dra sde dang bcas/_/'dzin nas mi gtong snying rje'i shugs chen pos/_/gdul dka' sgrol byed mngon spyod mthu thob pas/_/rdzas kyi phur pas nyams pa rtsad gcod shog_/e dbyings 'gyur med 'khor lo rgyas 'debs klong*/_/wa~M yig bde chen he ru ka dgyes pas/_/mnyam sbyor bde stong lhan cig skyes 'char te/_/byang sems phur bus bde chen don rtogs shog_/'khor 'das srog gi go ru rig pa shar/_/khyab brdal 'od gsal snang ba tshad la phebs/_/sku dang ye shes mthar phyin 'bras bu'i dbyings/_/rig pa'i phur bus mi slob mngon byed shog_/gsang ba'i dgra gsum 'od gsal dbyings su bsgral/_/'jigs pa'i bdud bzhi bcom pa'i dpal chen po/_/sangs rgyas 'dus pa'i phrin las mi zad pas/_/'khor ba dong sprugs mngon par byang chub shog_/ces pa'ang rang nyid lam 'di'i bsnyen sgrub la 'jug skabs nyer mkho'i ched du gnyags chen lo tsA slar yang theg mchog chos kyi rgyal rnga sgrogs pa'i 'jigs bral gyi slob dpon chen po'i tshul du bzhengs pa mi pham 'jam pa'i rdo rje'i gdan sa mdo khams kyi ri bo rtse lnga go thi bkra shis dpal 'bar gling dang 'dabs 'byor gyi gnas su chos 'di'i bka' babs klong chen nam mkha'i 'od gsal pad+ma mdo sngags gling pas bris pa bstan 'gro'i dge legs kyi dpal du gyur cig_/sarba dA mang+ga la shrI bi dza yan+tu//_//

Footnotes

Other Information