པདྨ་ཚེ་ཡི་སྙིང་ཐིག་ལས། དབང་གི་རྒྱལ་པོ་རྟ་མཆོག་རིགས་ལྔའི་སྒྲུབ་ཐབས་བར་ཆད་ཀུན་སེལ།

From Khyentse Lineage - A Tsadra Foundation Project
Revision as of 08:11, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

DKR-KABUM-19-DZA-004
Wylie title pad+ma tshe yi snying thig las/ dbang gi rgyal po rta mchog rigs lnga'i sgrub thabs bar chad kun sel DKR-KABUM-19-DZA-004.pdf
Location dil mgo mkhyen brtse bka' 'bum
Volume 19, Text 4, Pages 33-37 (Folios 1a to 5b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Citation Khyentse, Dilgo. Pad+ma tshe yi snying thig las dbang gi rgyal po rta mchog rigs lnga'i sgrub thabs bar chad kun sel. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 19: 33-37. Delhi: Shechen Publications, 1994.
Genre Sadhanas - Evocation Ritual - sgrub thabs
Cycle འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ ('chi med pad+ma tshe yi snying thig)
Deity rta mgrin
Colophon

།ཅེས་པའང་ལོ་ཆེན་བཻ་རོའི་ཐུགས་རྗེའི་ཡེ་ཤེས་ཀྱི་རོལ་མོ་ཞྭ་དེའུའི་འཁྲུལ་ཞིག་མཆོག་སྤྲུལ་རིན་པོ་ཆེ་དྷརྨ་མ་ཏིས་པདྨ་ཚེ་ཡི་སྙིང་ཐིག་གི་བསྙེན་སྒྲུབ་ཉམས་བཞེས་ཀྱི་སྐབས་རྒྱང་རིང་པོའི་ལམ་ནས་གསུང་གིས་རྟེན་བཅས་ཆེད་དུ་སྐུལ་མ་གནང་བ་བཞིན་ཟབ་ལམ་གྱི་བཀའ་བབ་པདྨ་གར་དབང་མདོ་སྔགས་གླིང་པས་ལྷོ་འབྲུག་སྐྱེར་ཆུའི་ཁང་གསར་བཀྲ་ཤིས་དགའ་འཁྱིལ་ནས་བྲིས་ཏེ་ཕུལ་བས་བསྟན་འགྲོའི་དཔལ་ཡོན་རྒྱས་ཤིང་བསྟན་འཛིན་སྐྱེས་བུ་ཐམས་ཅད་བར་ཆད་ཀྱི་གཡུལ་ལས་རྒྱལ་བའི་རྒྱུར་གྱུར་ཅིག །དགེའོ། །མངྒ་ལྃ།།

/ces pa'ang lo chen bai ro'i thugs rje'i ye shes kyi rol mo zhwa de'u'i 'khrul zhig mchog sprul rin po che d+harma ma tis pad+ma tshe yi snying thig gi bsnyen sgrub nyams bzhes kyi skabs rgyang ring po'i lam nas gsung gis rten bcas ched du skul ma gnang ba bzhin zab lam gyi bka' bab pad+ma gar dbang mdo sngags gling pas lho 'brug skyer chu'i khang gsar bkra shis dga' 'khyil nas bris te phul bas bstan 'gro'i dpal yon rgyas shing bstan 'dzin skyes bu thams cad bar chad kyi g.yul las rgyal ba'i rgyur gyur cig_/dge'o/__/mang+ga la~M//

[edit]
༄༅། །པདྨ་ཚེ་ཡི་སྙིང་ཐིག་ལས། དབང་གི་རྒྱལ་པོ་རྟ་མཆོག་རིགས་ལྔའི་སྒྲུབ་ཐབས་བར་ཆད་ཀུན་སེལ་བཞུགས།།

༄༅། །ན་མོ་གུ་རུ་པདྨ་ཀྲོ་དྷ་ཡེ། འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་སྒྲུབ་པ་ལ་བར་ཆད་བསལ་ཕྱིར་པདྨ་དྲག་པོ་རྟ་མཆོག་རིགས་ལྔའི་བསྐྱེད་བཟླས་ཀྱི་རྣལ་འབྱོར་ལ་བརྩོན་པར་འདོད་པས་སྔོན་དངོས་རྗེས་ཀྱི་ལས་རིམ་གསུམ་ལས། དང་པོ་སྔོན་འགྲོ་ལ་ཡོ་བྱད་ཀྱི་ཤོམ་ནི། གཞུང་མཐུན་རྟེན་གྱི་དྲུང་དུ་སྨན་རཀ་གཏོར་གསུམ་ཉེར་སྤྱོད་དང༌། དཀར་བགེགས་ཚོགས་ཀྱི་དམ་རྫས་སོགས་ཀྱང་བཤམས། བརྒྱུད་འདེབས་སྔོན་དུ་འགྲོ་བས། གཉིས་པ་སྐྱབས་སེམས་ནི། ན་མོ༔ བདག་དང་ཁམས་གསུམ་འགྲོ་བ་ཀུན༔ རྩ་གསུམ་ལྷ་ལ་སྐྱབས་སུ་མཆི༔ གཞན་དོན་སངས་རྒྱས་ཐོབ་བྱའི་ཕྱིར༔ པདྨ་ཁྲོས་པའི་རྣལ་འབྱོར་བསྒོམ༔ གསུམ་པ་ཚོགས་བསགས་ནི། རྡོ་རྗེ་སློབ་དཔོན་སོགས། བཞི་པ་གཏོར་མ་གཏང་བ་ནི། དཀར་གཏོར་དགོས་ཚེ་སྤྱི་ལྟར་བཏང་ལ། བགེགས་གཏོར་ཡོད་ན་བྱིན་གྱིས་བརླབས། ཧཱུྃ༔ ང་ནི་དབང་ཆེན་ཧེ་རུ་ཀ༔ འཁོར་འདས་ཡོངས་ཀྱི་རྗེ་བཙན་ཏེ༔ ཚེ་བདུད་ལོག་འདྲེན་བར་ཆད་བདུད༔ བརླག་པར་འགྱུར་གྱིས་ཕྱིར་དེངས་ཤིག༔ ཧཱུྃ་བཞིའི་སྔགས་དང་ཡུངས་ཀར་གྱིས་བྲབ། གུ་གུལ་བདུག །ལྔ་པ་སྲུང་འཁོར་ནི། ཧཱུྃ༔ སྣང་སྲིད་ཡེ་ཤེས་ལྷ་ཡི་དལ༔ སྣང་གྲགས་རིག་པ་སྐུ་གསུང་ཐུགས༔ སྲུང་བའི་གུར་གྱིས་ཕྱོགས་མཚམས་གཏམས༔ མཚམས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ ཛྙཱ་ན་བཛྲ་ཙཀྲ་རཏྣ་པདྨ་ཁངྒ་རཀྵ་རཀྵ་བྷྲཱུྃ་བྷྲཱུྃ་བྷྲཱུྃ༔ དྲུག་པ་བྱིན་འབེབས་ནི། ཧཱུྃ༔ པདྨ་དྲག་པོའི་ལྷ་ཚོགས་རྣམས༔ ཆོས་སྐུའི་ཀློང་ནས་ཐུགས་རྗེ་བསྐྱེད༔ ལོངས་སྐུའི་རྣམ་རོལ་ཅིར་ཡང་སྟོན༔ སྤྲུལ་སྐུའི་དཀྱིལ་འཁོར་བརྟེན་པར་བཅས༔ དབང་བསྐུར་བྱིན་ཕོབ་རྟགས་མཚན་སྟོན༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ྄༔ སརྦ་ས་མ་ཡ་ཨ་བེ་ཤ་ཡ་ཕེཾ་ཕེཾ༔ བདུན་པ་གནས་ཡོ་བྱིན་རླབས་ནི། ཨོཾ་ཨཱཿཧཱུྃ༔ སྣོད་བཅུད་ཕུན་ཚོགས་བདེ་ཆེན་ཞིང༔ རང་སྣང་ཀུན་བཟང་མཆོད་པའི་སྤྲིན༔ ཟག་མེད་ནམ་མཁའ་གང་བའི་ཚོགས༔ ཡེ་ཤེས་ཆེན་པོའི་རོལ་པར་ཤར༔ ཨོཾ་བཛྲ་ཨརྒྷཾ་ནས་ཤབྡའི་བར་དང༌། སརྦ་ས་མ་ཡ་པཱུ་ཛ་ཛྙཱ་ན་ཨཱཿཧཱུྃ༔ ཨོཾ་སརྦ་པཉྩ་མྲྀ་ཏ་མ་ཧཱ་རཀྟ་མ་ཧཱ་བ་ལིངྟ་ཨཱཿཧཱུྃཿ ལན་གསུམ། གཉིས་པ་དངོས་གཞིའི་དང་པོ་དམ་ཚིག་པ་བསྐྱེད་པ་ནི། ཧྲཱི༔ དེ་བཞིན་ཉིད་དབྱིངས་ཀ་ནས་དག༔ ཀུན་སྣང་སྙིང་རྗེ་སྒྱུ་མའི་གདངས༔ ཟུང་འཇུག་ས་བོན་ཡི་གེ་ཧྲཱིཿ འོད་ཀྱིས་སྣོད་བཅུད་གཟུང་འཛིན་སྦྱངས༔ སྟོང་པའི་ངང་ལས་ཡེ་ཤེས་ཀྱི༔ རང་སྣང་དག་པའི་ཕོ་བྲང་ཆེ༔ པདྨ་རཱ་ག་ལས་གྲུབ་པའི༔ གཞལ་ཡས་ཟླ་གམ་སྒོ་གཅིག་པ༔ རིན་ཆེན་རྒྱན་གྱི་བཀོད་པ་རྫོགས༔ དབུས་སུ་པདྨ་འདབ་བཞི་པའི༔ ལྟེ་བར་བདུད་བཞི་པད་ཉིའི་སྟེང༔ ཧྲཱིཿཡིག་ཡོངས་གྱུར་སྐད་ཅིག་གིས༔ པདྨ་དབང་ཆེན་རྟ་སྐད་འཚེར༔ དམར་ནག་དུས་མཐའི་མེ་ལྟར་འབར༔ ཕྱག་གཡས་པདྨའི་ལྕགས་ཀྱུ་གདེངས༔ སྣང་སྲིད་ཐམས་ཅད་དབང་དུ་སྡུད༔ གཡོན་པས་ཚེ་ཡི་བུམ་པ་ནི༔ རྒྱ་གྲམ་ཕྱག་རྒྱས་མཚན་པ་འཛིན༔ དཔལ་དང་དུར་ཁྲོད་རོལ་པའི་ཆས༔ གཟི་བྱིན་འབར་བའི་འོད་ཕྲེང་ཅན༔ ཞབས་གཉིས་བརྐྱང་བསྐུམ་རོལ་པའི་སྟབས༔ རང་འོད་པདྨ་གཟི་ལྡན་སྦྱོར༔ པད་ཕྲེང་དུང་ཁྲག་བསྣམས་པས་འཁྱུད༔ ཕྱོགས་བཞིར་རྡོ་རྗེ་རིན་པོ་ཆེ༔ བདེ་གཤེགས་ལས་ཀྱི་ཧྱ་གྲཱྀ༔ དཀར་སེར་མཐིང་ལྗང་གཙོ་དང་མཚུངས༔ རིགས་ཀྱི་ཌཱ་ཀི་མཉམ་པར་སྦྱོར༔ སྒོ་སྲུང་པདྨ་དབྱིངས་ཕྱུག་མ༔ ལྕགས་ཀྱུ་ཞགས་གདེངས་སྒེག་བཞད་ཁྲོ༔ གར་གྱི་སྟང་སྟབས་སྒྱུར་བཞིན་དུ༔ རུས་པ་མེ་ཏོག་ཕྲེང་བས་བརྒྱན༔ དབང་གི་ཞིང་ཁམས་སྐྱོང་བ་ཡི༔ དབང་མཛད་དབང་གི་ལྷ་ཚོགས་ཀུན༔ ཉི་ཟེར་རྡུལ་ལྟར་འཁྲིགས་པ་ཡིས༔ བར་ཆད་བདུད་བགེགས་ཐམས་ཅད་འདུལ༔ གནས་གསུམ་རྡོ་རྗེའི་ཡིག་འབྲུ་གསུམ༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་རྫོགས༔ སྤྱི་བོའི་གནས་ལྔར་རིགས་ལྔ་ཡི༔ ས་བོན་ལྔ་ལས་རིགས་ལྔ་ཡི༔ བྱང་སེམས་བདུད་རྩིས་དབང་བསྐུར་བས༔ ཕུང་ཁམས་རིགས་ཀྱི་འཁོར་ལོས་བསྒྱུར༔ བདེ་གཤེགས་ལྔ་ཡི་ངོ་བོར་རྫོགས༔ ཨོཾ་ཨཱཿཧཱུྃ། ཧྲཱིཿཧཱུྃ་ཏྲཱྃ་ཨོཾ་ཨཱཿ གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་འདྲེན་པ་ནི། ཧྲཱིཿ བདེ་ཆེན་ཕྱོགས་ལྷུང་བྲལ་བའི་ཞིང༔ འོད་གསལ་སྒྱུ་འཕྲུལ་དྲྭ་བའི་ལྷ༔ རྟ་མཆོག་རོལ་པའི་དཀྱིལ་འཁོར་ལྷ༔ ཡེ་ཤེས་དབྱིངས་ནས་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ སརྦ་མཎྜ་ལ་ས་མ་ཡ་ཛཿ གསུམ་པ་གཉིས་མེད་དུ་བསྟིམ་པ་ནི། ཛཿཧཱུྃ་བྃ་ཧོཿ ཏིཥྛ་ལྷན༔ བཞི་པ་ཕྱག་འཚལ་ནི། ན་མོ་ན་མ་མི༔ ལྔ་པ་མཆོད་པ་ནི། ཧྲཱིཿ བདེ་ཆེན་སྒྱུ་མའི་ཆོ་འཕྲུལ་ལས༔ འཆར་བའི་རྨད་བྱུང་མཆོད་པའི་སྤྲིན༔ ཕྱི་ནང་གསང་བ་བླ་མེད་པས༔ རང་བྱུང་རང་ཤར་ཆེན་པོར་མཆོད༔ ཧྲཱིཿཧྱ་གྲཱྀ་ཝ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་སརྦ་པཱུ་ཛ་ཧོཿ མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ དྷརྨ་དྷཱ་ཏུ་ཨཿ དྲུག་པ་བསྟོད་པ་ནི། ཧྲཱིཿ གསུང་གི་རྡོ་རྗེ་དཀྱིལ་འཁོར་བདག༔ དབང་ཆེན་འབར་བ་གར་དགུའི་གཟུགས༔ བདེ་ཆེན་ཕྱག་རྒྱ་ཆེན་པོའི་དབྱིངས༔ འདུ་འབྲལ་མེད་པའི་ལྷ་ལ་བསྟོད༔ བདུན་པ་བཟླས་པ་ནི། རྟ་མཆོག་རོལ་པའི་ཐུགས་ཀ་རུ༔ པད་ཉིའི་སྟེང་དུ་ཧྲཱིཿདམར་གསལ༔ རྡོ་རྗེའི་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས༔ དབང་ཆེན་རོལ་པའི་ལྷ་ཚོགས་ཀྱི༔ སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི༔ ཕོ་ཉ་ནམ་མཁའ་ཁྱབ་པར་སྤྲོས༔ ཚེ་བདུད་བར་ཆད་དབྱིངས་སུ་བསྒྲལ༔ གཟུང་འཛིན་འབྱུང་པོ་སྲུང་མཚམས་བཅད༔ བྱད་ཕུར་རྦོད་གཏོང་བཟློག་ཅིང་བསྒྱུར༔ སྣང་སྲིད་སྐུ་གསུང་ཐུགས་ཀྱི་དབྱིངས༔ མཉམ་ཉིད་དགོངས་པའི་རྩལ་རྫོགས་གྱུར༔ ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་སརྦ་བིགྷྣཱན་ཧ་ན་ཧ་ན་ཧཱུྃ་ཕཊ྄༔ བསྐྱེད་བཟླས་ཚུལ་བཞིན་བྱེད་ན་རྣམ་པ་གསལ་བ། ང་རྒྱལ་བརྟན་པ། དག་དྲན་བཅས་གཞུང་སྤྱི་ལྟར་དང༌། གསལ་སྣང་ཅུང་ཟད་བརྟན་པ་དང་བཟླས་པས་བོགས་འབྱིན་པ་བཅས་བསྐྱེད་རིམ་སྤྱི་ལྟར་བྱས་ཀྱང་རུང༌། བསྙེན་སྒྲུབ་ཀྱི་བར་ཆད་སེལ་བ་ཁོ་ནའི་སྐབས་བསྐྱེད་བཟླས་ཁྱུག་ཙམ་བྱས་པས་དོན་འགྲུབ་ཅིང༌། གྲངས་བསྙེན་བྱེད་ན་འབུམ་ཕྲག་བཞི་བཟླའོ། །ཐུན་མཐར་དབྱངས་གསལ་རྟེན་སྙིང་བཟླས་ལ་མཆོད་བསྟོད་ཡིག་བརྒྱ་བཟླ། སྐབས་འདིར་བཀའ་སྲུང་གཏོར་བསྔོ་བྱ། གསུམ་པ་རྗེས་ལ་དང་པོ་ཚོགས་མཆོད་བྱ་བ་ནི། ཐབས་ཤེས་ཀྱི་དམ་རྫས་ཚོགས་པར་བྱས་ལ་ཆུ་ཆང་ནང་མཆོད་ཀྱིས་དྲན། རྃ་ཡྃ་ཁྃ༔ དབྱིངས་ཀྱི་བྷཉྫར་རིག་པའི་བཅུད༔ ཡེ་ཤེས་ལྔ་ལྡན་བདུད་རྩིའི་ཕུད༔ འདོད་ཡོན་ཟེགས་མ་བསམ་ཡས་འཕྲོ༔ མཁའ་ཁྱབ་ཚོགས་ཀྱི་འཁོར་ལོར་གྱུར༔ ཨོཾ་ཨཱཿཧཱུྃ༔ བྱིན་གྱིས་བརླབས། ཧྲཱིཿ ཆོས་སྐུའི་ཞིང་ན་འོད་མི་འགྱུར༔ ལོངས་སྤྱོད་ཡོངས་རྫོགས་ཚེ་དཔག་མེད༔ སྤྲུལ་པའི་གར་བསྒྱུར་དབང་གི་རྒྱལ༔ བཅོམ་ལྡན་དཀྱིལ་འཁོར་ལྷ་ཚོགས་རྣམས༔ ཚོགས་ཀྱི་འདུ་བར་སྤྱན་འདྲེན་ན༔ ཡེ་ཤེས་དགོངས་པས་གཤེགས་སུ་གསོལ༔ སརྦ་ས་མ་ཡ་ཛཿཛཿ ཛྙཱ་ན་སིདྡྷི་ཧོ༔ ཚོགས་ཞིང་མཁའ་ཁྱབ་ཏུ་སྤྱན་དྲངས་པ་ལ། ཧོ༔ རྡོ་རྗེ་བཟའ་བའི་དམ་ཚིག་རྫས༔ ལོངས་སྤྱོད་མཆོད་པ་རྨད་དུ་བྱུང༔ འཆི་མེད་གྲུབ་པའི་ས་ར་ཡན༔ དཀྱིལ་འཁོར་ལྷ་ལ་འབུལ་གྱིས་བཞེས༔ ག་ཎ་ཙཀྲ་པཱུ་ཛ་ཧོཿ དང་པོས་མཆོད་པ་འབུལ། ཧྲཱིཿ བདེ་ཆེན་སྒྱུ་མར་རོལ་པ་ཡི༔ རྡོ་རྗེའི་ཞིང་གི་བཀོད་པའི་མཆོག༔ ངོ་མཚར་རྒྱན་གྱི་རོལ་མོ་ཆེ༔ དབྱིངས་དང་མཉམ་པར་སྤྲོ་ཞིང་ཤར༔ རང་སྣང་བཀོད་པ་རྨད་བྱུང་བ༔ ཕྱི་ནང་གསང་བའི་མཆོད་རྫས་ཆེ༔ བླ་ན་མེད་པའི་དམ་ཚིག་གི༔ རོལ་པའི་ཆོ་འཕྲུལ་རྨད་བྱུང་བ༔ ངོ་མཚར་བསམ་མི་ཁྱབ་པ་འདིས༔ དབང་གི་རྒྱལ་པོའི་དཀྱིལ་འཁོར་གཙོ༔ རིགས་ཀྱི་ཚོམ་བུ་དང་བཅས་པ༔ ཐུགས་དམ་གཉན་པོ་དགྱེས་པར་བསྐང༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་བཤགས༔ ཕྱི་ནང་གསང་བའི་བར་ཆད་སོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཡིག་བརྒྱ་བཟླ་བ་བར་པས་བསྐང་བཤགས་དང༌། ཧྲཱིཿ ཚེ་བདུད་བར་ཆད་གློ་བུར་བགེགས༔ ཕྱག་རྒྱ་བཞི་ཡིས་འགུགས་འཆིང་སྡོམ༔ མྱོས་ཏེ་ལྷ་ཕྲལ་རང་གཤེད་དབབ༔ རྟ་མཆོག་རོལ་པའི་རྡོ་རྗེའི་མཚོན༔ ཉམས་པ་དགུག་བསྒྲལ་དགྱེས་མཆོད་འབུལ༔ མཱ་ར་ཡ་ཕཊ྄༔ མཱཾ་ས་རཀྟ་གཽ་རོ་ཙ་ན་ཀེཾ་ནི་རི་ཏི་ཁཱ་ཧི༔ ཐ་མས་བསྒྲལ་བསྟབ་བྱས། རྡོ་རྗེའི་རྣལ་འབྱོར་དང་ལྡན་པས་དམ་རྫས་ལ་རོལ་ནས་ནང་གི་ཚོགས་མཆོད་བྱ། གཙང་དམེའི་ལྷག་མ་བསྡུས་ལ་ཞལ་ཆབ། པཉྩ་ཨ་མྲྀ་ཏ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས། ཨེ་ཨ་རལླི་ཧྲཱིཾ་ཧྲཱིཾ༔ ལྷག་མགྲོན་སྤྱན་དྲངས་པ་ལ། ཧྲཱིཿ པདྨ་དབང་གི་དཀྱིལ་འཁོར་ཆེ༔ སྐྱོང་བའི་བཀའ་ཉན་ལྷག་སྡུད་ཚོགས༔ དཔལ་གྱི་ཕམ་ཕབ་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ལྷག་མ་ཕྱི་རོལ་དུ་ཕུལ། བླ་མེད་གསང་བའི་དཀྱིལ་འཁོར་དུ༔ དམ་ཚིག་ཆེན་པོས་མཆོད་པའི་མཐུས༔ ཚོགས་གཉིས་ཡོངས་སུ་རྫོགས་པ་དང༔ འཆི་མེད་ཚེ་ཡི་དཔལ་ཐོབ་ཤོག༔ སྨོན་ལམ་གདབ། གཉིས་པ་དངོས་གྲུབ་བླང་བ་ནི། ཨོཾ༔ དབྱིངས་ཀྱི་ངང་དུ་འཁྲུལ་པ་ཞི༔ རིག་པའི་རྩལ་ལས་ཡེ་ཤེས་རྒྱས༔ རླུང་སེམས་དབང་འདུས་གཟུང་འཛིན་ཐུལ༔ མཆོག་དངོས་གྲུབ་པའི་བྱིན་རླབས་སྩོལ༔ ཨོཾ་པདྨ་ཧ་ཡ་གྲཱྀ་ཝ་ཀཱ་ཡ་ཝཱཀ་ཙིཏྟ་མ་ཧཱ་པ་ར་མ་སིདྡྷི་ཧཱུྃ༔ གཏང་རག་མཆོད་བསྟོད་མདོར་བསྡུས། ནོངས་བཤགས་དང༌། རྟེན་ཡོད་ན་བརྟན་བཞུགས་ཀྱང་བྱ། གསུམ་པ་བསྡུ་ལྡང་ནི། སྣོད་བཅུད་འོད་ཞུ་རང་ལ་ཐིམ། །དེ་ཡང་མི་དམིགས་འོད་གསལ་ངང༌། །ཁྲོ་རྒྱལ་སྣང་སྟོང་ཆེན་པོར་ཤར། །མི་མཐུན་ཕྱོགས་ཀུན་སྲུང་བར་གྱུར། །བཛྲ་རཀྵ་ཧོ༔ བཞི་པ་བསྔོ་སྨོན་ནི། ཧོ༔ ལེགས་སྤྱད་དགེ་བའི་ཚོགས་ཐམས་ཅད༔ འཆི་མེད་རིག་འཛིན་འགྲུབ་ཕྱིར་བསྔོ༔ ལྷ་དང་སྐལ་བ་མཉམ་པ་ཡིས༔ དོན་གཉིས་འབད་མེད་འགྲུབ་གྱུར་ཅིག༔ ལྔ་པ་ཤིས་བརྗོད་ནི། ཨོཾ༔ དབྱིངས་ཀྱི་ངོ་བོ་ཆོས་སྐུ་ཚེ་དཔག་མེད༔ རིག་པ་རང་སྣང་དབང་ཆེན་རྟ་མཆོག་དཔལ༔ དབྱིངས་རིག་ཟུང་འཇུག་རྩ་བརྒྱུད་བླ་མ་ཡིས༔ མཆོག་ཐུན་གེགས་མེད་གྲུབ་པའི་བཀྲ་ཤིས་ཤོག༔ ཚུལ་འདིའི་རྒྱུན་གྱི་རྣལ་འབྱོར་འདོད་ན། སྐྱབས་སེམས་རྗེས་ལྷ་བསྐྱེད་དང༌། སྤྱན་འདྲེན་མཆོད་བསྟོད། བཟླས་པ་བསྡུ་ལྡང་དགེ་བསྔོ་ཤིས་བརྗོད་བཅས་བྱས་པས་གྲུབ་པའོ། །ཅེས་པའང་ལོ་ཆེན་བཻ་རོའི་ཐུགས་རྗེའི་ཡེ་ཤེས་ཀྱི་རོལ་མོ་ཞྭ་དེའུའི་འཁྲུལ་ཞིག་མཆོག་སྤྲུལ་རིན་པོ་ཆེ་དྷརྨ་མ་ཏིས་པདྨ་ཚེ་ཡི་སྙིང་ཐིག་གི་བསྙེན་སྒྲུབ་ཉམས་བཞེས་ཀྱི་སྐབས་རྒྱང་རིང་པོའི་ལམ་ནས་གསུང་གིས་རྟེན་བཅས་ཆེད་དུ་སྐུལ་མ་གནང་བ་བཞིན་ཟབ་ལམ་གྱི་བཀའ་བབ་པདྨ་གར་དབང་མདོ་སྔགས་གླིང་པས་ལྷོ་འབྲུག་སྐྱེར་ཆུའི་ཁང་གསར་བཀྲ་ཤིས་དགའ་འཁྱིལ་ནས་བྲིས་ཏེ་ཕུལ་བས་བསྟན་འགྲོའི་དཔལ་ཡོན་རྒྱས་ཤིང་བསྟན་འཛིན་སྐྱེས་བུ་ཐམས་ཅད་བར་ཆད་ཀྱི་གཡུལ་ལས་རྒྱལ་བའི་རྒྱུར་གྱུར་ཅིག །དགེའོ། །མངྒ་ལྃ།། །།
[edit]

@#/__/pad+ma tshe yi snying thig las/_dbang gi rgyal po rta mchog rigs lnga'i sgrub thabs bar chad kun sel bzhugs// @#/__/na mo gu ru pad+ma kro d+ha ye/_'chi med tshe dang ye shes kyi dngos grub sgrub pa la bar chad bsal phyir pad+ma drag po rta mchog rigs lnga'i bskyed bzlas kyi rnal 'byor la brtson par 'dod pas sngon dngos rjes kyi las rim gsum las/_dang po sngon 'gro la yo byad kyi shom ni/_gzhung mthun rten gyi drung du sman raka gtor gsum nyer spyod dang*/_dkar bgegs tshogs kyi dam rdzas sogs kyang bshams/_brgyud 'debs sngon du 'gro bas/_gnyis pa skyabs sems ni/_na mo:_bdag dang khams gsum 'gro ba kun:_rtsa gsum lha la skyabs su mchi:_gzhan don sangs rgyas thob bya'i phyir:_pad+ma khros pa'i rnal 'byor bsgom:_gsum pa tshogs bsags ni/_rdo rje slob dpon sogs/_bzhi pa gtor ma gtang ba ni/_dkar gtor dgos tshe spyi ltar btang la/_bgegs gtor yod na byin gyis brlabs/_hU~M:_nga ni dbang chen he ru ka:_'khor 'das yongs kyi rje btsan te:_tshe bdud log 'dren bar chad bdud:_brlag par 'gyur gyis phyir dengs shig:_hU~M bzhi'i sngags dang yungs kar gyis brab/_gu gul bdug_/lnga pa srung 'khor ni/_hU~M:_snang srid ye shes lha yi dal:_snang grags rig pa sku gsung thugs:_srung ba'i gur gyis phyogs mtshams gtams:_mtshams kyi dkyil 'khor lhun gyis grub:_dz+nyA na badz+ra tsakra rat+na pad+ma khang+ga rak+Sha rak+Sha b+h+rU~M b+h+rU~M b+h+rU~M:_drug pa byin 'bebs ni/_hU~M:_pad+ma drag po'i lha tshogs rnams:_chos sku'i klong nas thugs rje bskyed:_longs sku'i rnam rol cir yang ston:_sprul sku'i dkyil 'khor brten par bcas:_dbang bskur byin phob rtags mtshan ston:_oM ru lu ru lu hU~M b+h+yo hU~M phaTa?:_sarba sa ma ya a be sha ya pheM pheM:_bdun pa gnas yo byin rlabs ni/_oM AHhU~M:_snod bcud phun tshogs bde chen zhing:_rang snang kun bzang mchod pa'i sprin:_zag med nam mkha' gang ba'i tshogs:_ye shes chen po'i rol par shar:_oM badz+ra ar+g+haM nas shab+da'i bar dang*/_sarba sa ma ya pU dza dz+nyA na AHhU~M:_oM sarba pany+tsa mr-i ta ma hA rak+ta ma hA ba ling+ta AHhU~MH_lan gsum/_gnyis pa dngos gzhi'i dang po dam tshig pa bskyed pa ni/_hrI:_de bzhin nyid dbyings ka nas dag:_kun snang snying rje sgyu ma'i gdangs:_zung 'jug sa bon yi ge hrIH_'od kyis snod bcud gzung 'dzin sbyangs:_stong pa'i ngang las ye shes kyi:_rang snang dag pa'i pho brang che:_pad+ma rA ga las grub pa'i:_gzhal yas zla gam sgo gcig pa:_rin chen rgyan gyi bkod pa rdzogs:_dbus su pad+ma 'dab bzhi pa'i:_lte bar bdud bzhi pad nyi'i steng:_hrIHyig yongs gyur skad cig gis:_pad+ma dbang chen rta skad 'tsher:_dmar nag dus mtha'i me ltar 'bar:_phyag g.yas pad+ma'i lcags kyu gdengs:_snang srid thams cad dbang du sdud:_g.yon pas tshe yi bum pa ni:_rgya gram phyag rgyas mtshan pa 'dzin:_dpal dang dur khrod rol pa'i chas:_gzi byin 'bar ba'i 'od phreng can:_zhabs gnyis brkyang bskum rol pa'i stabs:_rang 'od pad+ma gzi ldan sbyor:_pad phreng dung khrag bsnams pas 'khyud:_phyogs bzhir rdo rje rin po che:_bde gshegs las kyi h+ya gr-I:_dkar ser mthing ljang gtso dang mtshungs:_rigs kyi DA ki mnyam par sbyor:_sgo srung pad+ma dbyings phyug ma:_lcags kyu zhags gdengs sgeg bzhad khro:_gar gyi stang stabs sgyur bzhin du:_rus pa me tog phreng bas brgyan:_dbang gi zhing khams skyong ba yi:_dbang mdzad dbang gi lha tshogs kun:_nyi zer rdul ltar 'khrigs pa yis:_bar chad bdud bgegs thams cad 'dul:_gnas gsum rdo rje'i yig 'bru gsum:_sku gsung thugs kyi phyag rgyar rdzogs:_spyi bo'i gnas lngar rigs lnga yi:_sa bon lnga las rigs lnga yi:_byang sems bdud rtsis dbang bskur bas:_phung khams rigs kyi 'khor los bsgyur:_bde gshegs lnga yi ngo bor rdzogs:_oM AHhU~M/_hrIHhU~M trA~M oM AH_gnyis pa ye shes kyi 'khor lo spyan 'dren pa ni/_hrIH_bde chen phyogs lhung bral ba'i zhing:_'od gsal sgyu 'phrul drwa ba'i lha:_rta mchog rol pa'i dkyil 'khor lha:_ye shes dbyings nas gshegs su gsol:_gnas mchog 'di ru byin phob la:_sgrub mchog bdag la dbang bzhi bskur:_bgegs dang log 'dren bar chad sol:_mchog dang thun mong dngos grub stsol:_sarba maN+Da la sa ma ya dzaH_gsum pa gnyis med du bstim pa ni/_dzaHhU~M ba~M hoH_tiSh+Tha lhan:_bzhi pa phyag 'tshal ni/_na mo na ma mi:_lnga pa mchod pa ni/_hrIH_bde chen sgyu ma'i cho 'phrul las:_'char ba'i rmad byung mchod pa'i sprin:_phyi nang gsang ba bla med pas:_rang byung rang shar chen por mchod:_hrIHh+ya gr-I wa sa pa ri wA ra ar+g+haM nas/_shab+da sarba pU dza hoH_ma hA pany+tsa a mr-i ta rak+ta ba liM ta khA hi:_d+harma d+hA tu aH_drug pa bstod pa ni/_hrIH_gsung gi rdo rje dkyil 'khor bdag:_dbang chen 'bar ba gar dgu'i gzugs:_bde chen phyag rgya chen po'i dbyings:_'du 'bral med pa'i lha la bstod:_bdun pa bzlas pa ni/_rta mchog rol pa'i thugs ka ru:_pad nyi'i steng du hrIHdmar gsal:_rdo rje'i sngags kyi phreng bas bskor:_'od zer spro bsdus don gnyis byas:_dbang chen rol pa'i lha tshogs kyi:_sku dang yig 'bru phyag mtshan gyi:_pho nya nam mkha' khyab par spros:_tshe bdud bar chad dbyings su bsgral:_gzung 'dzin 'byung po srung mtshams bcad:_byad phur rbod gtong bzlog cing bsgyur:_snang srid sku gsung thugs kyi dbyings:_mnyam nyid dgongs pa'i rtsal rdzogs gyur:_hrIHpad+mAn+ta kr-ita badz+ra kro d+ha h+ya gr-I wa sarba big+h+nAn ha na ha na hU~M phaTa?:_bskyed bzlas tshul bzhin byed na rnam pa gsal ba/_nga rgyal brtan pa/_dag dran bcas gzhung spyi ltar dang*/_gsal snang cung zad brtan pa dang bzlas pas bogs 'byin pa bcas bskyed rim spyi ltar byas kyang rung*/_bsnyen sgrub kyi bar chad sel ba kho na'i skabs bskyed bzlas khyug tsam byas pas don 'grub cing*/_grangs bsnyen byed na 'bum phrag bzhi bzla'o/__/thun mthar dbyangs gsal rten snying bzlas la mchod bstod yig brgya bzla/_skabs 'dir bka' srung gtor bsngo bya/_gsum pa rjes la dang po tshogs mchod bya ba ni/_thabs shes kyi dam rdzas tshogs par byas la chu chang nang mchod kyis dran/_ra~M ya~M kha~M:_dbyings kyi b+hany+dzar rig pa'i bcud:_ye shes lnga ldan bdud rtsi'i phud:_'dod yon zegs ma bsam yas 'phro:_mkha' khyab tshogs kyi 'khor lor gyur:_oM AHhU~M:_byin gyis brlabs/_hrIH_chos sku'i zhing na 'od mi 'gyur:_longs spyod yongs rdzogs tshe dpag med:_sprul pa'i gar bsgyur dbang gi rgyal:_bcom ldan dkyil 'khor lha tshogs rnams:_tshogs kyi 'du bar spyan 'dren na:_ye shes dgongs pas gshegs su gsol:_sarba sa ma ya dzaHdzaH_dz+nyA na sid+d+hi ho:_tshogs zhing mkha' khyab tu spyan drangs pa la/_ho:_rdo rje bza' ba'i dam tshig rdzas:_longs spyod mchod pa rmad du byung:_'chi med grub pa'i sa ra yan:_dkyil 'khor lha la 'bul gyis bzhes:_ga Na tsakra pU dza hoH_dang pos mchod pa 'bul/_hrIH_bde chen sgyu mar rol pa yi:_rdo rje'i zhing gi bkod pa'i mchog:_ngo mtshar rgyan gyi rol mo che:_dbyings dang mnyam par spro zhing shar:_rang snang bkod pa rmad byung ba:_phyi nang gsang ba'i mchod rdzas che:_bla na med pa'i dam tshig gi:_rol pa'i cho 'phrul rmad byung ba:_ngo mtshar bsam mi khyab pa 'dis:_dbang gi rgyal po'i dkyil 'khor gtso:_rigs kyi tshom bu dang bcas pa:_thugs dam gnyan po dgyes par bskang:_dam tshig nyams chag 'gal 'khrul bshags:_phyi nang gsang ba'i bar chad sol:_'chi med tshe yi dngos grub stsol:_yig brgya bzla ba bar pas bskang bshags dang*/_hrIH_tshe bdud bar chad glo bur bgegs:_phyag rgya bzhi yis 'gugs 'ching sdom:_myos te lha phral rang gshed dbab:_rta mchog rol pa'i rdo rje'i mtshon:_nyams pa dgug bsgral dgyes mchod 'bul:_mA ra ya phaTa?:_mAM sa rak+ta gau ro tsa na keM ni ri ti khA hi:_tha mas bsgral bstab byas/_rdo rje'i rnal 'byor dang ldan pas dam rdzas la rol nas nang gi tshogs mchod bya/_gtsang dme'i lhag ma bsdus la zhal chab/_pany+tsa a mr-i ta ha ho hrIHsa byin gyis brlabs/_e a ral+li hrIM hrIM:_lhag mgron spyan drangs pa la/_hrIH_pad+ma dbang gi dkyil 'khor che:_skyong ba'i bka' nyan lhag sdud tshogs:_dpal gyi pham phab 'di bzhes la:_bcol pa'i phrin las 'grub par mdzod:_uts+tshiSh+Ta ba liM ta khA hi:_lhag ma phyi rol du phul/_bla med gsang ba'i dkyil 'khor du:_dam tshig chen pos mchod pa'i mthus:_tshogs gnyis yongs su rdzogs pa dang:_'chi med tshe yi dpal thob shog:_smon lam gdab/_gnyis pa dngos grub blang ba ni/_oM:_dbyings kyi ngang du 'khrul pa zhi:_rig pa'i rtsal las ye shes rgyas:_rlung sems dbang 'dus gzung 'dzin thul:_mchog dngos grub pa'i byin rlabs stsol:_oM pad+ma ha ya gr-I wa kA ya wAka tsit+ta ma hA pa ra ma sid+d+hi hU~M:_gtang rag mchod bstod mdor bsdus/_nongs bshags dang*/_rten yod na brtan bzhugs kyang bya/_gsum pa bsdu ldang ni/_snod bcud 'od zhu rang la thim/_/de yang mi dmigs 'od gsal ngang*/_/khro rgyal snang stong chen por shar/_/mi mthun phyogs kun srung bar gyur/_/badz+ra rak+Sha ho:_bzhi pa bsngo smon ni/_ho:_legs spyad dge ba'i tshogs thams cad:_'chi med rig 'dzin 'grub phyir bsngo:_lha dang skal ba mnyam pa yis:_don gnyis 'bad med 'grub gyur cig:__lnga pa shis brjod ni/_oM:_dbyings kyi ngo bo chos sku tshe dpag med:_rig pa rang snang dbang chen rta mchog dpal:_dbyings rig zung 'jug rtsa brgyud bla ma yis:_mchog thun gegs med grub pa'i bkra shis shog:_tshul 'di'i rgyun gyi rnal 'byor 'dod na/_skyabs sems rjes lha bskyed dang*/_spyan 'dren mchod bstod/_bzlas pa bsdu ldang dge bsngo shis brjod bcas byas pas grub pa'o/__/ces pa'ang lo chen bai ro'i thugs rje'i ye shes kyi rol mo zhwa de'u'i 'khrul zhig mchog sprul rin po che d+harma ma tis pad+ma tshe yi snying thig gi bsnyen sgrub nyams bzhes kyi skabs rgyang ring po'i lam nas gsung gis rten bcas ched du skul ma gnang ba bzhin zab lam gyi bka' bab pad+ma gar dbang mdo sngags gling pas lho 'brug skyer chu'i khang gsar bkra shis dga' 'khyil nas bris te phul bas bstan 'gro'i dpal yon rgyas shing bstan 'dzin skyes bu thams cad bar chad kyi g.yul las rgyal ba'i rgyur gyur cig_/dge'o/__/mang+ga la~M//_//

Footnotes

Other Information