གྲུབ་མཆོག་བརྩོན་འགྲུས་བཟང་པོ་ལ་བསྔགས་པའི་མེ་ཏོག་བསྟར་ལ་བརྒྱུས་པ་འཆི་མེད་བདུད་རྩིའི་མཆོད་སྤྲིན།

From Khyentse Lineage - A Tsadra Foundation Project
Revision as of 09:01, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

DKR-KABUM-02-KHA-050-23
Wylie title grub mchog brtson 'grus bzang po la bsngags pa'i me tog bstar la brgyus pa 'chi med bdud rtsi'i mchod sprin DKR-KABUM-02-KHA-050.pdf
Location dil mgo mkhyen brtse bka' 'bum
Volume 2, sde tshan 50, Text 23, Pages 276-277 (Folios 17b6 to 18b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. grub mchog brtson 'grus bzang po la bsngags pa'i me tog bstar la brgyus pa 'chi med bdud rtsi'i mchod sprin. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 276-277. Delhi: Shechen Publications, 1994.
Genre Verses of Praise - bstod pa
Colophon

།ཅེས་པའང་མེ་འབྲུག་གནམ་ལོ་གསར་འཆར་དགའ་སྟོན་དུ་མཚུངས་མེད་གྲུབ་པ་ཆེན་པོས་དགྱེས་པར་བསྐྱངས་བའི་འབངས་འོད་གསལ་ཐུགས་མཆོག་རྡོ་རྗེས་གང་ཤར་སོར་མོའི་རྟ་ལ་བསྐྱོན་པའི་སྲིན་རྗེས་དགེ་བར་གྱུར་ཅིག

/ces pa'ang me 'brug gnam lo gsar 'char dga' ston du mtshungs med grub pa chen pos dgyes par bskyangs ba'i 'bangs 'od gsal thugs mchog rdo rjes gang shar sor mo'i rta la bskyon pa'i srin rjes dge bar gyur cig

[edit]
གྲུབ་མཆོག་བརྩོན་འགྲུས་བཟང་པོ་ལ་བསྔགས་པའི་མེ་ཏོག་བསྟར་ལ་བརྒྱུས་པ་འཆི་མེད་བདུད་རྩིའི་མཆོད་སྤྲིན་བཞུགས། ཨོཾ་སྭསྟི་སིདྡྷི་བྷ་ཝནྟུ། ཀ་རུ་ཎི་ཀའི་མཁྱེན་བརྩེའི་སྤྲིན་དཀར་གཡོས་པ་ལས། །ཁ་བའི་ལྗོངས་ཀྱི་གྲུབ་པའི་དེད་དཔོན་རྨད་བྱུང་མཐུ། །ག་བུར་འཛིན་དབང་ཆ་ཤས་རབ་རྫོགས་རྣམ་ཐར་ཅན། །ང་བདག་ལས་ཉོན་རྙོགས་པ་བགྲུངས་ཕྱིར་དད་པས་བསྔགས། །ཅ་ཅོའི་ཚིག་ཙམ་མ་ཡིན་དོན་གྱི་པད་འབྱུང་དངོས། །ཆ་ཤས་མཚན་གྱི་ཟེགས་མ་ཐོས་ཀྱང་འཇིགས་ཀུན་སྐྱོབ། །ཇ་ཧང་མདངས་འཛིན་དབང་ཆེན་ཧེ་རུ་ཀ་དཔལ་མཆོག །ཉ་ཡི་ཏོག་ཅན་མཐར་མཛད་དཔའ་བོ་ཁྱོད་ལ་བསྟོད། །ཏ་ན་ག་ཎའི་རྡོ་རྗེའི་གསང་སྤྱོད་གྲུབ་པ་ཡིས། །ཐ་མལ་ལས་འདས་རྡོ་རྗེ་ནང་གི་ཉིན་བྱེད་གསལ། །ད་ལྟ་སྙིགས་མའི་མུན་སེལ་གྲུབ་པའི་རོལ་རྩེད་ཀྱིས། །ན་རྒ་སྐྱེ་འཆི་མཚོ་ལས་རབ་བརྒལ་འཆི་མེད་གྲུབ། །པཱ་ར་མི་ཏ་ཤེས་རབ་ཕར་ཕྱིན་བརྒྱད་སྟོང་པའི། །ཕ་མཐའ་ཡས་པའི་ཚིག་དོན་རྨད་བྱུང་བདུད་རྩིའི་སྐྱེས། །བ་ཀུ་ལ་ཡི་གནས་བརྟན་ཆེ་ལས་ལེགས་གསན་ནས། །མ་རིག་མུན་སྤྲུལ་སེལ་མཛད་མགོན་ཁྱོད་གཅིག་ཏུ་གུས། །ཙཱ་རི་ཏྲ་སོགས་རྡོ་རྗེའི་གནས་ཡུལ་དུར་ཁྲོད་དུ། །ཚ་གྲང་རོ་སྙོམས་རྫུ་འཕྲུལ་ཆེན་པོས་ལེགས་བགྲོད་ནས། །ཛ་ལནྡྷ་བཞིན་དཔའ་བོ་ཌཱ་ཀིའི་ཚོགས་རྗེར་བྱོན། །ཝ་ལྟར་སྐྱོབ་མེད་ཀླ་ཀློའི་ཚོགས་ཀུན་བརྟུལ་མཛད་བསྔགས། །ཞ་རེངས་བྲལ་བའི་དབུ་མར་ས་བཅུ་རྫོགས་པ་ལས། །ཟྭ་ལྟར་རྩུབ་པའི་རླུང་སེམས་ངལ་གསོས་དགའ་བཞིའི་འགྲོས། །འ་འོལ་ཙམ་མིན་ལྷན་སྐྱེས་ཡེ་ཤེས་སྲོག་སྨིན་པའི། །ཡ་མཚན་ཉེ་རྒྱུ་རྡོ་རྗེ་ཕག་མོས་བསྩལ་ལ་འདུད། །ར་མེ་ཤྭ་རིར་གསང་སྤྱོད་སྙན་བརྒྱུད་སྲོག་གི་ཟུངས། །ལ་ལཱ་ར་ས་དྷཱུ་ཏིར་དག་བྱེད་ཕོ་ཉའི་ལམ། །ཤ་ཤ་དྷཱ་རའི་དཀྱིལ་འཁོར་བཞིན་མཛེས་སྨིན་གྲོལ་གྱིས། །ས་གསུམ་གདུལ་བྱ་སྐལ་བཟང་བྱས་པའི་ངོ་མཚར་རྨད། །ཧ་རིའི་ནགས་ཚལ་རླུང་གིས་གཡོས་པའི་ངད་བཟང་བཞིན། །ཨ་ཧོ་གྲུབ་པ་མཆོག་གི་རྣམ་ཐར་མཚར་སྡུག་གིས། །ཧ་ཅང་ཡིད་རབ་འཕྲོག་བྱེད་དད་བརྒྱའི་ཤུགས་གཡོས་པས། །ཨ་ལ་ལ་ཞེས་བསྔགས་པའི་གླིང་བུ་སྒྲོགས་འདིས་ཀྱང༌། །ཨོ་ཌི་ཡ་ནའི་སློབ་དཔོན་ཆེན་པོའི་མཆོག་གྲུབ་བཞིན། །ཨེ་མ་བདག་ཀྱང་འཆི་མེད་རྡོ་རྗེའི་སྲོག་གྲུབ་ནས། །ཨུ་ད་དྷི་ལྟར་རབ་དཀར་སྒོ་གསུམ་ལས་མཐའ་དག །ཨེ་མ་རིས་མེད་བསྟན་འགྲོའི་སྨན་མཆོག་ཉིད་གྱུར་ཅིག །ཅེས་པའང་མེ་འབྲུག་གནམ་ལོ་གསར་འཆར་དགའ་སྟོན་དུ་མཚུངས་མེད་གྲུབ་པ་ཆེན་པོས་དགྱེས་པར་བསྐྱངས་བའི་འབངས་འོད་གསལ་ཐུགས་མཆོག་རྡོ་རྗེས་གང་ཤར་སོར་མོའི་རྟ་ལ་བསྐྱོན་པའི་སྲིན་རྗེས་དགེ་བར་གྱུར་ཅིག

Footnotes

Other Information