ཐམས་ཅད་མཁྱེན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ལ་བསྟོད་པ།

From Khyentse Lineage - A Tsadra Foundation Project
DKR-KABUM-02-KHA-050-24
Wylie title thams cad mkhyen pa 'jam dbyangs chos kyi blo gros la bstod pa DKR-KABUM-02-KHA-050.pdf
Location dil mgo mkhyen brtse bka' 'bum
Volume 2, sde tshan 50, Text 24, Pages 278 (Folios 29a1 to 29b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Associated People འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
Citation Khyentse, Dilgo. Thams cad mkhyen pa 'jam dbyangs chos kyi blo gros la bstod pa. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 278. Delhi: Shechen Publications, 1994.
Genre Verses of Praise - bstod pa
Colophon

།ཅེས་པའང་ཆུ་ཁྱི་སྣྲོན་ཟླའི་ཚེས་༦ དུས་ཀྱི་མཆོད་པའི་ཉིན་འཇམ་དབྱངས་བླ་མའི་འབངས་མངྒ་ལ་ཤྲཱི་བྷཱུ་ཏིས་མཐའ་འཁོབ་མུན་པའི་གླིང་དུ་བསྟོད་པའི་ཏམ་བུ་ར་ཅུང་ཟད་བསྒྲེངས་བ་སིདྡྷི་རསྟུ།

/ces pa'ang chu khyi snron zla'i tshes 6_dus kyi mchod pa'i nyin 'jam dbyangs bla ma'i 'bangs mang+ga la shrI b+hU tis mtha' 'khob mun pa'i gling du bstod pa'i tam bu ra cung zad bsgrengs ba sid+d+hi rastu/

[edit]
༈ རྒྱ་གར་སྐད་དུ། སརྦ་ཛྙཱ་མཉྫུ་གྷོ་ཥ་དྷརྨ་མ་ཏི་སྟུ་ཏེ། བོད་སྐད་དུ། ཐམས་ཅད་མཁྱེན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ལ་བསྟོད་པ། འཇམ་དཔའི་དབྱངས་ལ་ཕྱག་འཚལ་ལོ། །ཀ་དག་དབྱིངས་སུ་ སྔ་འགྱུར་ ཆོས་སྐུ་ཀུན་ཏུ་བཟང༌། །ཁ་སྦྱོར་བདུན་ལྡན་བདེ་ཆེན་ཐོད་ཕྲེང་ལྔ། །ག་བུར་ལྟར་བསིལ་ཕྲིན་ལས་རྨད་བྱུང་བས། །ང་བདག་མུན་སེལ་ཡེ་ཤེས་རྡོ་རྗེ་རྒྱལ། །ཅ་ཅོ་ བཀའ་གདམས་ མང་ལྡན་སྲིད་ལས་ངེས་འབྱུང་ཐུགས། །ཆ་ཤས་རྫོགས་པའི་ཟླ་ལྟར་གཞན་ཕན་ལས། །ཇ་ཆང་བཞིན་མིན་ཕར་ཕྱིན་བཅུ་རྫོགས་པས། །ཉ་བཞིན་སྲིད་འགྲོ་སྒྲོལ་མཛད་རྒྱལ་བའི་སྲས། །ཏ་ལའི་ བཀའ་བརྒྱུད་ ནགས་སུ་སྒྲུབ་པའི་སྲོག་མཁར་བཙུགས། །ཐ་མལ་ཤེས་པ་འོད་གསལ་ཆོས་སྐུར་སད། །ད་ལྟ་སྐུ་བཞིའི་རྒྱལ་སར་མངའ་དབང་འབྱོར། །ནཱ་དའི་སྲོག་གྲུབ་རྣལ་འབྱོར་དབང་ཕྱུག་རྒྱལ། །པཱ་ར་ ལམ་རིམ་ མི་ཏའི་ལམ་ལས་ཆེས་འཕགས་པའི། །ཕ་མཐའ་ཡས་པ་གསང་མཐའི་རྒྱུད་སྡེའི་བཅུད། །བ་མཆོག་འཇོ་ལྟར་སྣང་རྒྱུད་ལམ་མཐར་སོན། །མ་ལུས་དཀྱིལ་འཁོར་ཁྱབ་བདག་གྱུར་ལ་གུས། །ཙཱ་རི་ཤངས་ཆོས་ ཏྲ་སོགས་རྡོ་རྗེའི་གནས་ཉུལ་ཏེ། །ཚ་གྲང་གཏུམ་མོ་མཐར་ཕྱིན་ཐང་སྟོང་བཞིན། །ཛ་ལནྡྷ་རར་རླུང་རིག་སེམས་ངལ་འཚོའི། །ཝ་ལེར་ཡེ་ཤེས་ཉིན་བྱེད་འཆར་ཁྱོད་དྲན། །ཞྭ་གོས་ ཞི་གཅོད་ ཙམ་ལ་བསྟན་པ་མི་འཛིན་ཅིང༌། །ཟ་འདོད་བྲལ་བའི་དཀའ་ཐུབ་རོ་སྙོམས་ཆེའི། །འ་འུར་ཙམ་མིན་མདོ་སྔགས་དམ་ཆོས་སྙིང༌། །ཡ་མཚན་ཞི་གཅོད་གྲུབ་པའི་སྲོལ་འཛིན་མཆོག །ར་རིབ་ སྦྱོར་དྲུག །ཀུན་བྲལ་ཡེ་ཤེས་རྗེན་པ་རུ། །ལ་འུར་རྣལ་འབྱོར་ཡན་ལག་དྲུག་ལྡན་པས། །ཤ་ཁྲག་རྡུལ་བྲལ་ནམ་མཁའི་རྡོ་རྗེའི་ཀློང༌། །ས་བཅུ་མཐར་སོན་དང་པོའི་སངས་རྒྱས་དངོས། །ཧ་ལོ་ རྡོ་རྗེའི་བསྙེན་སྒྲུབ་ ལྟ་བུའི་རླུང་སེམས་དབུ་མར་སྡུད། །ཨ་དབྱིངས་རྡོ་རྗེའི་རྣམ་ཐར་གསུམ་ལྡན་ཀློང༌། །ཨ་ཧཏྟ་དྭངས་མའི་བཅུད་ཀུན་སྡུད་པ་ཡིས། །ཨ་ཧོ་ཟུང་འཇུག་གྲུབ་བརྙེས་མགོན་གཅིག་པུ། །ཨེ་མ་དད་པའི་འདབ་སྟོང་ཡིད་མཚོར་རྒྱས། །ཨོ་ཌཱི་ཡཱ་ནའི་ཞལ་སྐྱིན་བླ་མ་དྲན། །ཨུ་ད་དྷི་ལྟར་དཀར་བའི་མོས་གུས་ཀྱིས། །ཨི་ཤྭ་ར་བཞིན་བསྟོད་པས་རྗེས་འཛིན་ཤོག །ཅེས་པའང་ཆུ་ཁྱི་སྣྲོན་ཟླའི་ཚེས་༦ དུས་ཀྱི་མཆོད་པའི་ཉིན་འཇམ་དབྱངས་བླ་མའི་འབངས་མངྒ་ལ་ཤྲཱི་བྷཱུ་ཏིས་མཐའ་འཁོབ་མུན་པའི་གླིང་དུ་བསྟོད་པའི་ཏམ་བུ་ར་ཅུང་ཟད་བསྒྲེངས་བ་སིདྡྷི་རསྟུ།

Footnotes

Other Information