ལྷག་པའི་ལྷ་མཆོག་བདེ་གཤེགས་སྒྲུབ་བཀའ་བརྒྱད་རྩ་གསུམ་ཞི་ཁྲོའི་ལྷ་ཚོགས་ལ་བསྟོད་པའི་ཚིགས་སུ་བཅད་པའི་ཕྲེང་བ་གཞོམ་མེད་རྡོ་རྗེའི་གླུ་དབྱངས།

From Khyentse Lineage - A Tsadra Foundation Project
Revision as of 09:01, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

DKR-KABUM-02-KHA-050-13
Wylie title Lhag pa'i lha mchog bde gshegs sgrub bka' brgyad rtsa gsum zhi khro'i lha tshogs la bstod pa'i tshigs su bcad pa'i phreng ba gzhom med rdo rje'i glu dbyangs DKR-KABUM-02-KHA-050.pdf
Location dil mgo mkhyen brtse bka' 'bum
Volume 2, sde tshan 50, Text 13, Pages 263 (Folios 14a1 to 14b2)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Lhag pa'i lha mchog bde gshegs sgrub bka' brgyad rtsa gsum zhi khro'i lha tshogs la bstod pa'i tshigs su bcad pa'i phreng ba gzhom med rdo rje'i glu dbyangs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 263. Delhi: Shechen Publications, 1994.
Genre Verses of Praise - bstod pa
[edit]
ལྷག་པའི་ལྷ་མཆོག་བདེ་གཤེགས་སྒྲུབ་བཀའ་བརྒྱད་རྩ་གསུམ་ཞི་ཁྲོའི་ལྷ་ཚོགས་ལ་བསྟོད་པའི་ཚིགས་སུ་བཅད་པའི་ཕྲེང་བ་གཞོམ་མེད་རྡོ་རྗེའི་གླུ་དབྱངས་ཞེས་བྱ་བ་བཞུགས་སོ། ཆོས་ཀྱི་དབྱིངས་ཀུན་རྒྱས་འགེངས་པའི། །རབ་འབྱམས་རྒྱལ་བ་ཐམས་ཅད་པའི། །ཟག་མེད་གསང་བ་བསམ་མི་ཁྱབ། །མི་ཟད་རྒྱན་གྱི་འཁོར་ལོའི་བདག ༡ །བདེ་གཤེགས་སྒྲུབ་བཀའ་རྣམ་བརྒྱད་ཅེས། །བླ་མེད་ནང་རྒྱུད་སྡེ་གསུམ་གྱི། །ཡི་དམ་ཡོངས་འདུས་ལྷ་རུ་གྲགས། །ངེས་གསང་བསྟན་པ་རྒྱ་མཚོའི་དབུས། ༢ །རིན་ཆེན་ལྷུན་པོ་འདི་གཅིག་ཞེས། །བསྔགས་པའི་གླིང་བུ་མི་ཟད་པ། །པད་འབྱུང་རྡོ་རྗེའི་དབྱངས་ཀྱིས་བསྒྲགས། །དེ་ཚུལ་ཤེས་པའི་བློ་མཚོ་ལས། ༣ །རིང་ནས་མཆོག་ཏུ་དང་བའི་སྤྲིན། །དཔྱིད་ཀྱི་དགའ་བའི་དུས་ཉིད་ཀྱིས། །བསྐུལ་ལས་ཆེ་བའི་མེ་ཏོག་ཕྲེང༌། །སྙན་ངག་སོར་མོས་མཛེས་བསྟར་ནས། ༤ །རབ་དཀར་ལྷག་པའི་བློས་འབུལ་ན། །ཇི་སྙེད་རྒྱལ་བ་སྐྱེད་མོའི་ཚལ། །ཉུལ་ཚེ་མཁྱེན་བརྩེའི་ཉིན་ཟེར་གྱི། །སྣང་བས་བདག་བློར་ལེགས་སྦྱངས་ནས། ༥ །དངོས་གྲུབ་སྦྲང་རྩིའི་ཟིལ་མངར་འབུམ། །ཅི་དགར་འཇོ་བའི་དཔྱིད་གྱུར་ཅིག །ཤིས་པའི་ཚིག་གིས་མདུན་བདར་ཏེ། །བསྟོད་པའི་རྒྱུད་མང་གསར་པ་ཞིག ༦ །དགའ་དང་གུས་པའི་གར་དང་བཅས། །འབུལ་ལ་རྗེས་སུ་བརྩེ་བར་མཛོད།

Footnotes

Other Information