DKR-KABUM-11-DA-018

From Khyentse Lineage - A Tsadra Foundation Project
Revision as of 17:26, 1 December 2022 by Mort (talk | contribs)

ངོ་མཚར་སྐྱེས་བུའི་རྟོགས་པ་བརྗོད་པའི་གཏམ་གཡུལ་རྒྱལ་ལྷ་ཡི་རྔ་བོ་ཆེའི་དབྱངས་སྙན།
Wylie title ngo mtshar skyes bu'i rtogs pa brjod pa'i gtam g.yul rgyal lha yi rnga bo che'i dbyangs snyan DKR-KABUM-11-DA-018.pdf
Location dil mgo mkhyen brtse bka' 'bum
Volume 11, Text 18, Pages 96-99 (Folios 1a to 4b3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Ngo mtshar skyes bu'i rtogs pa brjod pa'i gtam g.yul rgyal lha yi rnga bo che'i dbyangs snyan. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 11: 96-99. Delhi: Shechen Publications, 1994.
Genre Autobiographies - Expressions of Realization - rtogs brjod
Deity ge sar
[edit]
༄༅། །ངོ་མཚར་སྐྱེས་བུའི་རྟོགས་པ་བརྗོད་པའི་གཏམ་གཡུལ་རྒྱལ་ལྷ་ཡི་རྔ་བོ་ཆེའི་དབྱངས་སྙན་ཞེས་བྱ་བ་བཞུགས།།


ཨོཾ་སྭསྟི་ཤྲཱི་བི་ཛ་ཡནྟུ། །མཁྱེན་མཆོག་རྡོ་རྗེ་རྣོན་པོའི་སྙིང་སྟོབས་ཁམས། །བརྩེ་ཆེན་འཕྲུལ་གྱི་ཞགས་པས་རྟག་ཏུ་འཁྱུད། །ནུས་མཐུ་གསང་བདག་དཔའ་བོའི་མཚོན་འཆང་བ། །འཇིགས་བྲལ་མི་ཡི་སེངྒེ་རྒྱལ་གྱུར་ཅིག ༡ །ངོ་མཚར་རྣམ་ཐར་སྒྱུ་འཕྲུལ་དྲྭ་བའི་སྤྲིན། །ཁོར་ཡུག་ཞིང་གི་ཁྱོན་དུ་བྲིས་པ་ལ། །ཡིད་ཆེས་གློག་གི་རྩེ་གར་འཇོ་དང་བཅས། །སྙན་ཚིག་འབྲུག་སྒྲ་བརྗིད་པ་དེང་འདིར་སྒྲོགས། ༢ །དབྱིངས་ཁྱབ་ཡེ་ཤེས་འོད་བཀྱེ་སྣངྃ་མཐྃའ་ཡསྃ། །འཕགས་མཆོག་སེམས་དཔའི་ཁྱུ་མཆོག་སྙིངྃ་རྗེྃའི་གཏེརྃ། །རྒྱལ་ཀུན་ཕྲིན་ལས་སྤྱི་མེས་མཚོྃ་སྐྱེསྃ་རྗེྃ། །ནག་ཕྱོགས་བདུད་དགྲ་འདུལ་བའི་སྐྱེསྃ་བུརྃ་ཤརྃ། ༣ དེ་ནི་འཇྃམ་མཉེན་དཔྃལ་ལྡན་ཟིལ་གནོན་ལྷ། །སྙིངྃ་རྗེྃའི་དབྃང་ཕྱུགྃ་དབང་ཆེན་རྟ་ཞལ་བཞད། །རྡོྃ་རྗེྃ་ཅྃན་དངོས་རྡོ་རྗེའི་མཐུ་ཆེན་པོ། །རིགྃ་གསུམྃ་ཞིྃ་ཁྲོྃའི་ཁྱབ་བདག་པྃདྨྃ་སྐྱེས། ༤ །ཆོས་ཀུན་སྒྱུ་མར་རྟོགས་པའི་ཐབས་མཁས་ཀྱིས། །སྒྱུ་མ་ལྟ་བུའི་རྣམ་ཐར་མེ་ཏོག་ཕྲེང༌། །སྒྱུ་འདྲ་སྲིད་མཚོར་བྱིང་ལ་རྗེས་ཆགས་ཀྱིས། །འཛུམ་བཞིན་སྟོན་པ་སྲིད་ཞིའི་ཕན་བདེའི་གསོས། ༥ །གདུལ་དཀའི་སྤྲིན་རུམ་སྟུག་པོས་ས་སྲོས་ཚེ། །ཐུགས་བསྐྱེད་རླུང་དང་འགྲོགས་པའི་གློག་གར་གྱིས། །ཀུན་དགའི་སྣང་བ་ཤུགས་ཆེར་བདོ་ནུས་པ། །སྨོན་ལམ་གོ་ཆ་བཙན་པོའི་གཞན་དབང་ཉིད། ༦ །སྲིད་ཞི་སྤང་བླང་འཆིང་ལས་གཟོད་གྲོལ་ཀྱང༌། །སྲིད་འགྲོ་ཡལ་བར་མི་འདོར་ཁོ་ནའི་ཕྱིར། །སྲིད་པའི་སྲེད་ལེན་དང་མཚུངས་མཛད་བཟང་གིས། །སྲིད་འདིའི་འཆིང་བཀྲོལ་ཞི་བ་ཆེན་པོར་སིམ། ༧ །རྨོངས་མུན་ལས་བྱུང་ཆགས་སྡང་མེ་དང་ཆུ། །བདག་གིར་བཞེས་མཁས་རྡོ་རྗེའི་ཏན་གན་གྱིས། །སྡེ་གསུམ་རུ་ཏྲའི་གཤེད་དང་བསྟན་འགྲོའི་སྨན། །རིགས་གསུམ་དཔའ་བོའི་རྣམ་ཐར་ཁྱོད་ལ་རྫོགས། ༨ །ཤེས་རབ་སྟོང་དབྱིངས་ཨེྃ་ཀློང་འགོག་ཟའི་ལྷུམས། །ཐབས་མཆོག་སེང་བློན་ཝྃཾ་དང་བརྩེ་དགའི་འཕྲུལ། །གཉན་ཆེན་གེར་མཛོའི་བདེ་སྟོང་སྒྱུ་འཕྲུལ་ལས། །སྐྱེས་མཆོག་གེྃ་སརྃ་ནོརྃ་བུྃ་དགྲྃ་འདུལྃ་ཤར། ༩ །དུངྃ་ཁྱུངྃ་དཀར་པོ་ལྷ་ཡི་དཔུང་དང་བཅས། །ཀླུྃ་སྦྲུལྃ་འོདྃ་ཆུངྃ་དཀར་ཕྱོགས་གདེང་ཅན་འཁྱིལ། །ཐྃ་ལེྃ་འོདྃ་དཀྃར་སྲིང་ལྕམ་སོ་བ་དང༌། །གཉན་སྡེ་དཀར་ཕྱོགས་པདྨའི་མཚོ་ལྟར་རྒྱས། ༡༠ །དེ་ཚེ་ནག་ཕྱོགས་དྲག་པོའི་རླུང་གཡོས་པས། །བསྐུལ་ཏེ་སྟགྃ་རོངྃ་དབང་གིས་འཕྲུལ་ཞགས་ལས། །བདུད་རིགས་སྐྱིན་ཐང་བཤམས་ཀྱང་མ་ནོངས་པས། །བྱིས་པའི་རྩེ་འཇོའི་ཚུལ་གྱིས་རྣམ་པར་རྒྱལ། ༡༡ །གངས་ཅན་ཤར་ཕྱོགས་རྨྃ་གཡང་ནོར་བུའི་རིྃ། །དཀར་ནག་རྒྱ་ཡི་ཆོས་སྲིད་ཉི་ཟླས་བསྐོར། །རྨ་ཀླུང་གཡུ་འབྲུག་འཁྱིལ་བའི་ནོར་འཛིན་ལྷུམས། །གླིང་དཀར་ནོར་བུའི་མཁར་རྫོང་བརྩེགས་པའི་ཕྱིར། ༡༢ །མི་མཛའ་རྒོྃ་པོྃའི་ཅོག་ཞུ་རིགས་གསུམ་རྩེ། །ནོར་གཡང་འདོད་དགུའི་འབྱུང་གནས་བིྃས་ལྷོགྃ་གོས། །རྟ་ལྷམྃ་དམར་སུག་དྲེགས་ཚོགས་ཟིལ་གནོན་དང༌། །རྐང་མགྱོགས་ལྕངྃ་དཀྃར་བེརྃ་ཀྃ་རྒྱན་དུ་བཞེས། ༡༣ །ལ་ཡན་རི་སྐྱེས་ཤ་བརྩིགས་ཁྲག་མཚོ་བསྐྱིལ། །མགོ་བོའི་ར་བས་བསྐོར་དབུས་མཱྃ་སའི་ཟ། །མི་ལྤགས་གདན་དང་བམ་གྱིས་གྲམ་བརྡལ་བའི། །བརྟུལ་ཞུགས་སྲིན་པོའི་ཚངྃ་བཅྃས་རྨྃ་ལུངྃ་བཟུང༌། ༡༤ །ལོག་འདྲེན་བསྒྲལ་དང་ཉམས་པ་དབུགས་དབྱུང་སོགས། །ཐབས་མཁས་ཟློས་གར་ཅི་ཡང་བརྩེ་དང་བཅས། །མི་དང་མི་མིན་དབང་བསྡུས་བྲན་བཀོལ་ནས། །སེངྃ་འབྲུགྃ་སྟགྃ་རྩེྃའི་འཕྲུལ་གྱིས་རྫོྃང་ཆེན་སྤྲུལ། ༡༥ །རྒྱལ་ཁམས་དཀར་པོར་བསྒྱུར་བརྡ་ཁ་ཆར་གྱིས། །རྨ་ཡུལ་ཆོས་བཟང་ལྷ་ཡི་འདུན་ས་དེར། །ཚོ་དྲུག་གླིང་གི་སྐུ་མཁར་ལེགས་བརྩེགས་ནས། །བདེ་སྐྱིད་ཉི་ཟླའི་སྣང་བས་མཛེས་པར་བསྐོར། ༡༦ །དབང་ཆེན་ཅང་ཤེས་བདེ་སྟོང་འབྲུག་མོའི་གྲོགས། །ལྷ་ཀླུ་མི་ཡི་བླ་རྡོའི་སྐུ་ཡི་རྒྱན། །བཞེས་ནས་ཟིལ་གནོན་རྟྃ་རྒྱུགྃ་གཟི་བརྗིད་ཀྱིས། །མཚན་དཔེའི་ཉི་གཞོན་འཆར་ཀའི་ལང་ཚོ་ངོམས། ༡༧ །སྨོན་ལམ་ལོག་དང་སྡིག་པའི་སྤྲིན་རུམ་ནས། །ངན་སྤྱོད་གློག་གར་དང་བཅས་སྐྱིན་ཐང་ཆར། །བསྟན་འགྲོའི་དཔལ་གྱིས་འབྲས་བཟང་གཤེད་མའི་ཁབ། །ཧོརྃ་བདུདྃ་མོནྃ་འཇྃང་མཐའ་བཞི་ཐབས་ཀྱིས་བཏུལ། ༡༨ །གཞན་ཡང་ཐབས་མཁས་ཐུགས་རྗེའི་ཟློས་གར་ནི། །ཚར་གཅོད་རྗེས་འཛིན་ཕྲིན་ལས་རྣམ་པ་བཞིས། །ནག་ཕྱོགས་ཟིལ་གནོན་དཀར་པོའི་རུ་མཚོན་བསྒྲེངས། །འབྲེལ་ཚད་ཕན་བདེའི་དབུགས་འབྱིན་བསམ་ཡས་སྟོན། ༡༩ །སྲིད་ལས་རྣམ་གྲོལ་སྲིད་པ་དང་མཐུན་པའི། །དཔའ་བོའི་མཛད་བཟང་གཞན་ཕན་ཤིང་རྟའི་འགྲོས། །དབང་དང་སྟོབས་བཅུའི་སྙིང་རྗེའི་ཁ་ལོ་དང༌། །ལྷན་གཅིག་འགྲོགས་པའི་ངེས་དོན་ཞི་བ་ཆེར། ༢༠ །རྟག་ཏུ་སིམ་པའི་གསང་བ་རྨད་བྱུང་དཔལ། །སྐྱེ་འཆི་བགྲེས་རྒུད་མེད་པའི་རྡོ་རྗེའི་དབྱིངས། །མཁའ་སྤྱོད་ཌཱ་ཀི་དགྱེས་པའི་དགའ་སྟེར་བརྒྱན། །བཀྲ་ཤིས་བདེ་ལེགས་སྣང་བ་འཕེལ་རྒྱས་ཤོག ༢༡ །གང་གི་ཚེ་ལས་ཉོན་གྱི་རྙོགས་པས་ཀུན་ནས་གདུང་བའི་ཡིད་ཀྱི་རྫིང་བུར་སྐྱེ་སྔོན་བསགས་པའི་རྣམ་དཀར་གྱི་མེ་ཏོག་ཕྲ་མོས་བརྒྱན་པའི་ངོགས། སྐྱེས་ཆེན་དགྲ་བླའི་རྒྱལ་པོའི་བྱིན་རླབས་ཀྱི་དྲོད་བཅུད་ཡང་ཡང་ཕེབས་པས་སྔར་ནས་ན་ཚོད་གཞོན་ནུའི་སྐབས་རྣམ་པ་ཡོངས་སུ་གྲགས་པའི་རྣམ་ཐར་རྟ་རྒྱུག་དང༌། ཧོར་འདུལ་ལ་ཟབ་དོན་བཛྲ་ཏན་གན་ལམ་གྱི་ལུས་ཡོངས་སུ་རྫོགས་པ་རྒྱུད་ཀྱི་ཚིག་དོན་འདྲ་བ་ཞིག་རིག་གསང་ནས་བརྡོལ་བ་དང༌། ལུང་བསྟན་སོགས་མང་དུ་བྱུང་བའི་རྟོགས་གཟུངས་སྒྲུབ་ཐབས་སོགས་ཁ་ཤས་ཡི་གེའི་ངོགས་སུ་བཀོད་པར་བྱས་ཤིང༌། འཇམ་མགོན་དྷརྨ་མ་ཏི་རིན་པོ་ཆེ་སོགས་མཁས་གྲུབ་ཀྱི་དབང་ཕྱུག་དུ་མས་དགྱེས་པའི་མཆོད་སྤྲིན་དུ་བཞེས་ཤིང་ཕྲིན་ལས་ཀྱི་གསོས་སྨན་དུ་ཞལ་གྱིས་བཞེས་ཀྱང་མཐའ་བཞིའི་དཔུང་གིས་གཡོགས་པའི་གཞན་དབང་གིས་བྲིས་ཟིན་དཔེ་ཡང་བརླགས་ནས་རིང་དུ་སོང་བར། རྒྱལ་ཀུན་ཕྲིན་ལས་ཀྱི་བྱེད་པོ་རྒྱལ་དབང་ཀརྨ་པ་ཆེན་པོ་དང༌། སེང་ཆེན་སྤྲུལ་འཁོར་བཅས་པས་བྱིན་གྱིས་བརླབས་པའི་རི་བ་མཆོག་སྤྲུལ་ནམ་མཁའ་དྲི་མེད་ནས་བཀྲ་ཤིས་པའི་ལྷ་རྫས་བཅས་གསུང་བསྐུལ་ནན་ཆགས་སུ་གནང་བ་ལ་བརྟེན་སྙན་ངག་གི་རྟོགས་བརྗོད་ཀྱི་ཚུལ་དུ་རྒྱལ་ཁམས་ཀུན་ཏུ་རྒྱུ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པ་བདུད་འདུལ་རོལ་པ་རྩལ་དུ་འབོད་པས། ཁ་བཞི་ལྷོ་མོན་གྱི་རྒྱལ་ས་ལྟེ་བ་ཐིམ་རྫོང་བཀྲ་ཤིས་ཆོས་གླིང་གི་གནོད་གནས་དབང་པོའི་ཕྱོགས་ཕོ་བྲང་བདེ་ཆེན་ཆོས་གླིང་ནས་བྲིས་པ་འདིས་ཀྱང་དཀོན་མཆོག་རིན་ཆེན་རྣམ་གསུམ་གྱི་དབུ་རྨོག་སྲིད་རྩེར་བསྒྲེངས་ཤིང་དཀར་ཕྱོགས་རྣམ་པར་རྒྱལ་བའི་བ་དན་ནམ་ཡང་ནུབ་པ་མེད་པར་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྟེན་འབྱུང་དུ་གྱུར་ཅིག །
[edit]

@#/__/ngo mtshar skyes bu'i rtogs pa brjod pa'i gtam g.yul rgyal lha yi rnga bo che'i dbyangs snyan zhes bya ba bzhugs//


oM swasti shrI bi dza yan+tu/_/mkhyen mchog rdo rje rnon po'i snying stobs khams/_/brtse chen 'phrul gyi zhags pas rtag tu 'khyud/_/nus mthu gsang bdag dpa' bo'i mtshon 'chang ba/_/'jigs bral mi yi seng+ge rgyal gyur cig_1_/ngo mtshar rnam thar sgyu 'phrul drwa ba'i sprin/_/khor yug zhing gi khyon du bris pa la/_/yid ches glog gi rtse gar 'jo dang bcas/_/snyan tshig 'brug sgra brjid pa deng 'dir sgrogs/_2_/dbyings khyab ye shes 'od bkye snanga~M mtha~M' yasa~M/_/'phags mchog sems dpa'i khyu mchog snyinga~M rje~M'i gtera~M/_/rgyal kun phrin las spyi mes mtsho~M skyesa~M rje~M/_/nag phyogs bdud dgra 'dul ba'i skyesa~M bura~M shara~M/_3_de ni 'ja~Mm mnyen dpa~Ml ldan zil gnon lha/_/snyinga~M rje~M'i dba~Mng phyuga~M dbang chen rta zhal bzhad/_/rdo~M rje~M ca~Mn dngos rdo rje'i mthu chen po/_/riga~M gsuma~M zhi~M khro~M'i khyab bdag pa~Md+ma~M skyes/_4_/chos kun sgyu mar rtogs pa'i thabs mkhas kyis/_/sgyu ma lta bu'i rnam thar me tog phreng*/_/sgyu 'dra srid mtshor bying la rjes chags kyis/_/'dzum bzhin ston pa srid zhi'i phan bde'i gsos/_5_/gdul dka'i sprin rum stug pos sa sros tshe/_/thugs bskyed rlung dang 'grogs pa'i glog gar gyis/_/kun dga'i snang ba shugs cher bdo nus pa/_/smon lam go cha btsan po'i gzhan dbang nyid/_6_/srid zhi spang blang 'ching las gzod grol kyang*/_/srid 'gro yal bar mi 'dor kho na'i phyir/_/srid pa'i sred len dang mtshungs mdzad bzang gis/_/srid 'di'i 'ching bkrol zhi ba chen por sim/_7_/rmongs mun las byung chags sdang me dang chu/_/bdag gir bzhes mkhas rdo rje'i tan gan gyis/_/sde gsum ru tra'i gshed dang bstan 'gro'i sman/_/rigs gsum dpa' bo'i rnam thar khyod la rdzogs/_8_/shes rab stong dbyings e~M klong 'gog za'i lhums/_/thabs mchog seng blon wa~MM dang brtse dga'i 'phrul/_/gnyan chen ger mdzo'i bde stong sgyu 'phrul las/_/skyes mchog ge~M sara~M nora~M bu~M dgra~M 'dula~M shar/_9_/dunga~M khyunga~M dkar po lha yi dpung dang bcas/_/klu~M sbrula~M 'oda~M chunga~M dkar phyogs gdeng can 'khyil/_/tha~M le~M 'oda~M dka~Mr sring lcam so ba dang*/_/gnyan sde dkar phyogs pad+ma'i mtsho ltar rgyas/_10_/de tshe nag phyogs drag po'i rlung g.yos pas/_/bskul te staga~M ronga~M dbang gis 'phrul zhags las/_/bdud rigs skyin thang bshams kyang ma nongs pas/_/byis pa'i rtse 'jo'i tshul gyis rnam par rgyal/_11_/gangs can shar phyogs rma~M g.yang nor bu'i ri~M/_/dkar nag rgya yi chos srid nyi zlas bskor/_/rma klung g.yu 'brug 'khyil ba'i nor 'dzin lhums/_/gling dkar nor bu'i mkhar rdzong brtsegs pa'i phyir/_12_/mi mdza' rgo~M po~M'i cog zhu rigs gsum rtse/_/nor g.yang 'dod dgu'i 'byung gnas bi~Ms lhoga~M gos/_/rta lhama~M dmar sug dregs tshogs zil gnon dang*/_/rkang mgyogs lcanga~M dka~Mr bera~M ka~M rgyan du bzhes/_13_/la yan ri skyes sha brtsigs khrag mtsho bskyil/_/mgo bo'i ra bas bskor dbus mA~M sa'i za/_/mi lpags gdan dang bam gyis gram brdal ba'i/_/brtul zhugs srin po'i tshanga~M bca~Ms rma~M lunga~M bzung*/_14_/log 'dren bsgral dang nyams pa dbugs dbyung sogs/_/thabs mkhas zlos gar ci yang brtse dang bcas/_/mi dang mi min dbang bsdus bran bkol nas/_/senga~M 'bruga~M staga~M rtse~M'i 'phrul gyis rdzo~Mng chen sprul/_15_/rgyal khams dkar por bsgyur brda kha char gyis/_/rma yul chos bzang lha yi 'dun sa der/_/tsho drug gling gi sku mkhar legs brtsegs nas/_/bde skyid nyi zla'i snang bas mdzes par bskor/_16_/dbang chen cang shes bde stong 'brug mo'i grogs/_/lha klu mi yi bla rdo'i sku yi rgyan/_/bzhes nas zil gnon rta~M rgyuga~M gzi brjid kyis/_/mtshan dpe'i nyi gzhon 'char ka'i lang tsho ngoms/_17_/smon lam log dang sdig pa'i sprin rum nas/_/ngan spyod glog gar dang bcas skyin thang char/_/bstan 'gro'i dpal gyis 'bras bzang gshed ma'i khab/_/hora~M bduda~M mona~M 'ja~Mng mtha' bzhi thabs kyis btul/_18_/gzhan yang thabs mkhas thugs rje'i zlos gar ni/_/tshar gcod rjes 'dzin phrin las rnam pa bzhis/_/nag phyogs zil gnon dkar po'i ru mtshon bsgrengs/_/'brel tshad phan bde'i dbugs 'byin bsam yas ston/_19_/srid las rnam grol srid pa dang mthun pa'i/_/dpa' bo'i mdzad bzang gzhan phan shing rta'i 'gros/_/dbang dang stobs bcu'i snying rje'i kha lo dang*/_/lhan gcig 'grogs pa'i nges don zhi ba cher/_20_/rtag tu sim pa'i gsang ba rmad byung dpal/_/skye 'chi bgres rgud med pa'i rdo rje'i dbyings/_/mkha' spyod DA ki dgyes pa'i dga' ster brgyan/_/bkra shis bde legs snang ba 'phel rgyas shog_21_/gang gi tshe las nyon gyi rnyogs pas kun nas gdung ba'i yid kyi rdzing bur skye sngon bsags pa'i rnam dkar gyi me tog phra mos brgyan pa'i ngogs/_skyes chen dgra bla'i rgyal po'i byin rlabs kyi drod bcud yang yang phebs pas sngar nas na tshod gzhon nu'i skabs rnam pa yongs su grags pa'i rnam thar rta rgyug dang*/_hor 'dul la zab don badz+ra tan gan lam gyi lus yongs su rdzogs pa rgyud kyi tshig don 'dra ba zhig rig gsang nas brdol ba dang*/_lung bstan sogs mang du byung ba'i rtogs gzungs sgrub thabs sogs kha shas yi ge'i ngogs su bkod par byas shing*/_'jam mgon d+harma ma ti rin po che sogs mkhas grub kyi dbang phyug du mas dgyes pa'i mchod sprin du bzhes shing phrin las kyi gsos sman du zhal gyis bzhes kyang mtha' bzhi'i dpung gis g.yogs pa'i gzhan dbang gis bris zin dpe yang brlags nas ring du song bar/_rgyal kun phrin las kyi byed po rgyal dbang karma pa chen po dang*/_seng chen sprul 'khor bcas pas byin gyis brlabs pa'i ri ba mchog sprul nam mkha' dri med nas bkra shis pa'i lha rdzas bcas gsung bskul nan chags su gnang ba la brten snyan ngag gi rtogs brjod kyi tshul du rgyal khams kun tu rgyu pad+ma gar dbang 'od gsal mdo sngags gling pa bdud 'dul rol pa rtsal du 'bod pas/_kha bzhi lho mon gyi rgyal sa lte ba thim rdzong bkra shis chos gling gi gnod gnas dbang po'i phyogs pho brang bde chen chos gling nas bris pa 'dis kyang dkon mchog rin chen rnam gsum gyi dbu rmog srid rtser bsgrengs shing dkar phyogs rnam par rgyal ba'i ba dan nam yang nub pa med par phyogs thams cad las rnam par rgyal ba'i rten 'byung du gyur cig_/

Footnotes

Other Information