DKR-KABUM-08-NYA-028

From Khyentse Lineage - A Tsadra Foundation Project
Revision as of 11:57, 18 November 2022 by Mort (talk | contribs)

ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་གི་བརྒྱུད་འདེབས་གྲུབ་གཉིས་ཆར་འབེབས་ཞལ་སྐོང་།
Wylie title lce btsun chen po'i bi ma la'i zab tig gi brgyud 'debs grub gnyis char 'bebs zhal skong DKR-KABUM-08-NYA-028.pdf
Location dil mgo mkhyen brtse bka' 'bum
Volume 8, Text 28, Pages 260 (Folios 1a1 to 1b3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Citation Khyentse, Dilgo. Lce btsun chen po'i bi ma la'i zab tig gi brgyud 'debs grub gnyis char 'bebs zhal skong. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 8: 260. Delhi: Shechen Publications, 1994.
Genre Lineage Supplications - brgyud 'debs
Cycle ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་ (lce btsun chen po'i bi ma la'i zab tig)
Recension Link Other Versions on this site: ལྕེ་བཙུན་ཆེན་པོ་བི་མའི་ཟབ་ཏིག་གི་བརྒྱུད་འདེབས་གྲུབ་གཉིས་ཆར་འབེབས།
Colophon

།ཅེས་པའང་ཐེག་མཆོག་སྙིང་པོའི་རྣལ་འབྱོར་ཤྲཱི་སེང་བྲག་སྤྲུལ་སྐུ་ངག་དབང་ཆོས་ཀྱི་རྒྱལ་མཚན་ནས་ཆེད་དུ་གསུང་བསྐུལ་ངོར་མངྒ་ལས་བྲིས་པ་འབྲེལ་ཚད་ཀུན་བཟང་དགོངས་ཀློང་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག།

/ces pa'ang theg mchog snying po'i rnal 'byor shrI seng brag sprul sku ngag dbang chos kyi rgyal mtshan nas ched du gsung bskul ngor mang+ga las bris pa 'brel tshad kun bzang dgongs klong mngon du byed pa'i rgyur gyur cig/

[edit]
༄༅། ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་གི་བརྒྱུད་འདེབས་གྲུབ་གཉིས་ཆར་འབེབས་ཞལ་སྐོང་ནི། འོད་གསལ་སྤྲུལ་པའི་རྡོ་རྗེའི་འཕྲོས། བཀའ་གཏེར་ཟབ་རྒྱས་ཆོས་ཀྱི་གསང་མཛོད་འཛིན། བསྟན་འགྲོའི་སྐྱབས་གཅིག་མཚུངས་ཟླ་མ་མཆིས་པ། །འཇམ་མགོན་བླ་མ་པདྨ་གར་དབང་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་ཡོངས་རྫོགས་ཤོག །ཟབ་གཏེར་རྒྱ་མཚོར་དབང་ཐོབ་འགྲོ་བ་འདུལ། །རིག་འཛིན་མཁས་གྲུབ་གངས་ཅན་ཕན་བདེའི་དཔལ། །སྤྲུལ་པའི་གཏེར་ཆེན་ལས་རབ་གླིང་པ་ལ། གསོལ་བ་འདེབས་སོ་དགོངས་བརྒྱུད་ཡེ་ཤེས་སྩོལ། རྡོ་རྗེ་སྙིང་པོའི་དགོངས་སྤྱོད་མཐའ་རུ་ཕྱིན། །ཐེག་མཆོག་ཆོས་ཀྱི་རྒྱལ་ཁབ་དབང་མཛད་པ། །གདོད་མའི་མགོན་པོ་པདྨ་བི་ཛ་ལ། །གསོལ་བ་འདེབས་སོ་རྟོགས་གྲོལ་དུས་མཉམ་མཛོད། །རང་སྣང་རིས་མེད་ཀ་དག་དགོངས་པ་རྟོགས། །འོད་གསལ་ལྷུན་གྲུབ་སྣང་བཞི་མཐར་ཕྱིན་པ། །རིག་འཛིན་ཆེན་པོ་སྣ་ཚོགས་རང་གྲོལ་ལ། །གསོལ་བ་འདེབས་སོ་ཆོས་ཟད་མངོན་གྱུར་མཛོད། །མཁྱེན་བརྩེའི་ཡེ་ཤེས་གཏེར་ལ་རང་དབང་ཐོབ། །སྙིགས་དུས་བསྟན་འགྲོའི་སྐྱབས་མགོན་ཐམས་ཅད་མཁྱེན། །འཇམ་མགོན་པདྨ་ཡེ་ཤེས་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ཉམས་རྟོགས་རྩལ་རྫོགས་མཛོད། །ཀུན་མཁྱེན་བླ་མའི་ཐུགས་རྗེའི་བྱིན་བརླབ་ཐོབ། །རིས་མེད་ཆོས་ཀྱི་བདུད་རྩིའི་སྐལ་བཟང་གྱུར། །འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །འདས་དང་མ་བྱོན་སོགས་སྦྲེལ་ནས་དཀྱུས་ལ་འཇུག་གོ །ཅེས་པའང་ཐེག་མཆོག་སྙིང་པོའི་རྣལ་འབྱོར་ཤྲཱི་སེང་བྲག་སྤྲུལ་སྐུ་ངག་དབང་ཆོས་ཀྱི་རྒྱལ་མཚན་ནས་ཆེད་དུ་གསུང་བསྐུལ་ངོར་མངྒ་ལས་བྲིས་པ་འབྲེལ་ཚད་ཀུན་བཟང་དགོངས་ཀློང་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག། །།
[edit]

@#/_lce btsun chen po'i bi ma la'i zab tig gi brgyud 'debs grub gnyis char 'bebs zhal skong ni/_'od gsal sprul pa'i rdo rje'i 'phros/_bka' gter zab rgyas chos kyi gsang mdzod 'dzin/_bstan 'gro'i skyabs gcig mtshungs zla ma mchis pa/_/'jam mgon bla ma pad+ma gar dbang la/_/gsol ba 'debs so smin grol yongs rdzogs shog_/zab gter rgya mtshor dbang thob 'gro ba 'dul/_/rig 'dzin mkhas grub gangs can phan bde'i dpal/_/sprul pa'i gter chen las rab gling pa la/_gsol ba 'debs so dgongs brgyud ye shes stsol/__rdo rje snying po'i dgongs spyod mtha' ru phyin/_/theg mchog chos kyi rgyal khab dbang mdzad pa/_/gdod ma'i mgon po pad+ma bi dza la/_/gsol ba 'debs so rtogs grol dus mnyam mdzod/_/rang snang ris med ka dag dgongs pa rtogs/_/'od gsal lhun grub snang bzhi mthar phyin pa/_/rig 'dzin chen po sna tshogs rang grol la/_/gsol ba 'debs so chos zad mngon gyur mdzod/_/mkhyen brtse'i ye shes gter la rang dbang thob/_/snyigs dus bstan 'gro'i skyabs mgon thams cad mkhyen/_/'jam mgon pad+ma ye shes rdo rje la/_/gsol ba 'debs so nyams rtogs rtsal rdzogs mdzod/_/kun mkhyen bla ma'i thugs rje'i byin brlab thob/_/ris med chos kyi bdud rtsi'i skal bzang gyur/_/'gyur med theg mchog bstan pa'i rgyal mtshan la/_/gsol ba 'debs so byin rlabs dngos grub stsol/_/'das dang ma byon sogs sbrel nas dkyus la 'jug go_/ces pa'ang theg mchog snying po'i rnal 'byor shrI seng brag sprul sku ngag dbang chos kyi rgyal mtshan nas ched du gsung bskul ngor mang+ga las bris pa 'brel tshad kun bzang dgongs klong mngon du byed pa'i rgyur gyur cig/__//

Footnotes

Other Information