ལྕེ་བཙུན་ཆེན་པོ་བི་མའི་ཟབ་ཏིག་གི་བརྒྱུད་འདེབས་གྲུབ་གཉིས་ཆར་འབེབས།

From Khyentse Lineage - A Tsadra Foundation Project
JKW-KABAB-17-TSA-003
Wylie title lce btsun chen po bi ma'i zab tig gi brgyud 'debs grub gnyis char 'bebs JKW-KABAB-17-TSA-003.pdf
Location mkhyen brtse'i bka' babs
Volume 17, Text 3, Pages 29-31 (Folios 1a1 to 2a2)
Author ཨ་འཛོམས་འབྲུག་པ་འགྲོ་འདུལ་དཔའ་བོ་རྡོ་རྗེ་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Citation a 'dzoms 'brug pa 'gro 'dul dpa' bo rdo rje. lce btsun chen po bi ma'i zab tig gi brgyud 'debs grub gnyis char 'bebs. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 17: 29-31. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Lineage Supplications - brgyud 'debs
Cycle ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་ (lce btsun chen po'i bi ma la'i zab tig)
Karchag page JKW-KABAB-Volume-17-TSA-Karchag
Colophon

།ཞེས་པའང་སྔགས་རིག་འཛིན་པ་སྣ་ཚོགས་རང་གྲོལ་གྱིས་གང་ཤར་གསོལ་བ་བཏབ་པ་དགེའོ། །བརྒྱུད་འདེབས་ཞལ་སྐོང་འདི་ནི། ཐེག་མཆོག་སྙིང་པོའི་རྣལ་འབྱོར་ཤྲཱི་སེང་བྲག་སྤྲུལ་སྐུ་ངག་དབང་ཆོས་ཀྱི་རྒྱལ་མཚན་ནས་ཆེད་དུ་གསུང་བསྐུལ་ངོར་མངྒ་ལས་བྲིས་པ་འབྲེལ་ཚད་ཀུན་བཟང་དགོངས་ཀློང་མངོན་དུ་བསྐྱེད་པའི་གྱུར་གྱུར་ཅིག།

zhes pa'ang sngags rig 'dzin pa sna tshogs rang grol gyis gang shar gsol ba btab pa dge'o/__/brgyud 'debs zhal skong 'di ni/___theg mchog snying po'i rnal 'byor shrI seng brag sprul sku ngag dbang chos kyi rgyal mtshan nas ched du gsung bskul ngor mang+ga las bris pa 'brel tshad kun bzang dgongs klong mngon du bskyed pa'i gyur gyur cig

[edit]
༄༅། །ལྕེ་བཙུན་ཆེན་པོ་བི་མའི་ཟབ་ཏིག་གི་བརྒྱུད་འདེབས་གྲུབ་གཉིས་ཆར་འབེབས་བཞུགས་སོ། ཆོས་སྐུ་ཀུན་བཟང་དྲུག་པ་རྡོ་རྗེ་འཆང༌། །ལོངས་སྐུ་རྡོར་སེམས་གསང་བདག་རྡོ་རྗེ་འཛིན། །དགོངས་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །ཀ་དག་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །དགའ་རབ་རྡོ་རྗེ་མཉྫུ་མི་ཏྲ་དང༌། །ཤྲཱི་སིང་ཛྙཱ་ན་སུ་ཏྲ་བི་མ་ལ། །བརྡ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །ལྷུན་གྲུབ་སྣང་བཞི་མཐར་ཕྱིན་བྱིན་གྱིས་རློབས། །ཏིང་འཛིན་བཟང་པོ་བློ་གྲོས་དབང་ཕྱུག་དང༌། །ལྡང་མ་ལྷུན་རྒྱལ་སིཾ་ཧེ་ཤྭ་རའི་ཞབས། །སྙན་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །ཟུང་འཇུག་གྲུབ་མཐའ་སྙོགས་པར་གསོལ་བ་འདེབས། །མཁས་ཤིང་གྲུབ་བརྒྱའི་གཙུག་གི་རྒྱན་གཅིག་པུ། །སྔ་འགྱུར་བཀའ་བབས་བདུན་གྱི་ཤིང་རྟ་ཆེ། །ཁྱབ་བདག་འོད་གསལ་སྤྲུལ་པའི་རྡོ་རྗེ་ལ། །གསོལ་བ་འདེབས་སོ་སྐུ་གསུམ་མངོན་གྱུར་ཤོག །ཁ་སྐོང་ནི། །བཀའ་གཏེར་ཟབ་རྒྱས་ཆོས་ཀྱི་གསང་མཛོད་འཛིན། །བསྟན་འགྲོའི་སྐྱབས་གཅིག་མཚུངས་ཟླ་མ་མཆིས་པ། །འཇམ་མགོན་བླ་མ་པདྨ་གར་དབང་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་ཡོངས་རྫོགས་ཤོག །ཟག་གཏེར་རྒྱ་མཚོར་དབང་ཐོབ་འགྲོ་བ་འདུལ། །རིག་འཛིན་མཁས་གྲུབ་གངས་ཅན་ཕན་བདེའི་དཔལ། །སྤྲུལ་པའི་གཏེར་ཆེན་ལས་རབ་གླིང་པ་ལ། །གསོལ་བ་འདེབས་སོ་དགོངས་བརྒྱུད་ཡེ་ཤེས་སྩོལ། །རྡོ་རྗེ་སྙིང་པོའི་དགོངས་སྤྱོད་མཐའ་རུ་ཕྱིན། །ཐེག་མཆོག་ཆོས་ཀྱི་རྒྱལ་ཁབ་དབང་མཛད་པ། །གདོད་མའི་མགོན་པོ་པདྨ་བི་ཛ་ལ། །གསོལ་བ་འདེབས་སོ་རྟོགས་གྲོལ་དུས་མཉམ་མཛོད། །རང་སྣང་རིས་མེད་ཀ་དག་དགོངས་པ་རྟོགས། །འོད་གསལ་ལྷུན་གྲུབ་སྣང་བཞི་མཐར་ཕྱིན་པ། །རིག་འཛིན་ཆེན་པོ་སྣ་ཚོགས་རང་གྲོལ་ལ། །གསོལ་བ་འདེབས་སོ་ཆོས་ཟད་མངོན་འགྱུར་མཛོད། །མཁྱེན་བརྩེའི་ཡེ་ཤེས་གཏེར་ལ་རང་དབང་ཐོབ། །སྙིགས་དུས་བསྟན་འགྲོའི་སྐྱབས་མགོན་ཐམས་ཅད་མཁྱེན། །བི་མ་དངོས་སྣང་ཆོས་ཀྱི་བློ་གྲོས་ལ། །གསོལ་བ་འདེབས་སོ་ཉམས་རྟོགས་རྩལ་རྫོགས་མཛོད། །ཀུན་མཁྱེན་བླ་མའི་ཐུགས་རྗེའི་བྱིན་བརླབ་ཐོབ། །རིས་མེད་ཆོས་ཀྱི་བདུད་རྩིའི་སྐལ་བཟང་གྱུར། །འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་བྱིན་བརླབ་དངོས་གྲུབ་སྩོལ། །འདས་དང་མ་བྱོན་ད་ལྟར་བཞུགས་པ་ཡི། །བརྒྱུད་གསུམ་ངོ་བོ་དྲན་པས་གདུང་སེལ་བ། །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །མཁྱེན་བརྩེ་ནུས་པའི་རྩལ་ཆེན་བསྐྱེད་དུ་གསོལ། །དེ་ལྟར་གསོལ་འདེབས་སྨོན་པའི་གནས་འགྲུབ་ནས། །དོན་གཉིས་ལྷུན་གྲུབ་སྐུ་གསུམ་མངོན་གྱུར་ཏེ། །ཟུང་འཇུག་འཕོ་ཆེན་དྭངས་མའི་སྐུར་འགྲུབ་ནས། །ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་གྱུར་ཅིག །ཞེས་པའང་སྔགས་རིག་འཛིན་པ་སྣ་ཚོགས་རང་གྲོལ་གྱིས་གང་ཤར་གསོལ་བ་བཏབ་པ་དགེའོ། །བརྒྱུད་འདེབས་ཞལ་སྐོང་འདི་ནི། ཐེག་མཆོག་སྙིང་པོའི་རྣལ་འབྱོར་ཤྲཱི་སེང་བྲག་སྤྲུལ་སྐུ་ངག་དབང་ཆོས་ཀྱི་རྒྱལ་མཚན་ནས་ཆེད་དུ་གསུང་བསྐུལ་ངོར་མངྒ་ལས་བྲིས་པ་འབྲེལ་ཚད་ཀུན་བཟང་དགོངས་ཀློང་མངོན་དུ་བསྐྱེད་པའི་གྱུར་གྱུར་ཅིག། །།
[edit]

___@#/__/lce btsun chen po bi ma'i zab tig gi brgyud 'debs grub gnyis char 'bebs bzhugs so/__chos sku kun bzang drug pa rdo rje 'chang*/__/longs sku rdor sems gsang bdag rdo rje 'dzin/__/dgongs brgyud bla ma rnams la gsol ba 'debs/__/ka dag gnas lugs rtogs par byin gyis rlobs/__/dga' rab rdo rje many+dzu mi tra dang*/__/shrI sing dz+nyA na su tra bi ma la/__/brda brgyud bla ma rnams la gsol ba 'debs/__/lhun grub snang bzhi mthar phyin byin gyis rlobs/__/ting 'dzin bzang po blo gros dbang phyug dang*/__/ldang ma lhun rgyal siM he shwa ra'i zhabs/__/snyan brgyud bla ma rnams la gsol ba 'debs/__/zung 'jug grub mtha' snyogs par gsol ba 'debs/__/mkhas shing grub brgya'i gtsug gi rgyan gcig pu/__/snga 'gyur bka' babs bdun gyi shing rta che/__/khyab bdag 'od gsal sprul pa'i rdo rje la/__/gsol ba 'debs so sku gsum mngon gyur shog__/kha skong ni/__/bka' gter zab rgyas chos kyi gsang mdzod 'dzin/__/bstan 'gro'i skyabs gcig mtshungs zla ma mchis pa/__/'jam mgon bla ma pad+ma gar dbang la/__/gsol ba 'debs so smin grol yongs rdzogs shog__/zag gter rgya mtshor dbang thob 'gro ba 'dul/__/rig 'dzin mkhas grub gangs can phan bde'i dpal/__/sprul pa'i gter chen las rab gling pa la/__/gsol ba 'debs so dgongs brgyud ye shes stsol/__/rdo rje snying po'i dgongs spyod mtha' ru phyin/__/theg mchog chos kyi rgyal khab dbang mdzad pa/__/gdod ma'i mgon po pad+ma bi dza la/__/gsol ba 'debs so rtogs grol dus mnyam mdzod/__/rang snang ris med ka dag dgongs pa rtogs/__/'od gsal lhun grub snang bzhi mthar phyin pa/__/rig 'dzin chen po sna tshogs rang grol la/__/gsol ba 'debs so chos zad mngon 'gyur mdzod/__/mkhyen brtse'i ye shes gter la rang dbang thob/__/snyigs dus bstan 'gro'i skyabs mgon thams cad mkhyen/__/bi ma dngos snang chos kyi blo gros la/__/gsol ba 'debs so nyams rtogs rtsal rdzogs mdzod/__/kun mkhyen bla ma'i thugs rje'i byin brlab thob/__/ris med chos kyi bdud rtsi'i skal bzang gyur/__/'gyur med theg mchog bstan pa'i rgyal mtshan la/__/gsol ba 'debs so byin brlab dngos grub stsol/__/'das dang ma byon da ltar bzhugs pa yi/__/brgyud gsum ngo bo dran pas gdung sel ba/__/rtsa ba'i bla ma'i zhabs la gsol ba 'debs/__/mkhyen brtse nus pa'i rtsal chen bskyed du gsol/__/de ltar gsol 'debs smon pa'i gnas 'grub nas/__/don gnyis lhun grub sku gsum mngon gyur te/__/zung 'jug 'pho chen dwangs ma'i skur 'grub nas/__/khams gsum 'khor ba dong nas sprugs gyur cig__/zhes pa'ang sngags rig 'dzin pa sna tshogs rang grol gyis gang shar gsol ba btab pa dge'o/__/brgyud 'debs zhal skong 'di ni/___theg mchog snying po'i rnal 'byor shrI seng brag sprul sku ngag dbang chos kyi rgyal mtshan nas ched du gsung bskul ngor mang+ga las bris pa 'brel tshad kun bzang dgongs klong mngon du bskyed pa'i gyur gyur cig/__//___________________

Footnotes

Other Information