DKR-KABUM-02-KHA-012

From Khyentse Lineage - A Tsadra Foundation Project
Revision as of 11:56, 7 November 2022 by Mort (talk | contribs)

བླ་མའི་རྣལ་འབྱོར་ཉུང་ངུར་བསྡུས་པ་བྱིན་རླབས་སྙིང་པོ།
Wylie title bla ma'i rnal 'byor nyung ngur bsdus pa byin rlabs snying po DKR-KABUM-02-KHA-012.pdf
Location dil mgo mkhyen brtse bka' 'bum
Volume 2, Text 12, Pages 75-77 (Folios 1a to 3a6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Bla ma'i rnal 'byor nyung ngur bsdus pa byin rlabs snying po. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 75-77. Delhi: Shechen Publications, 1994.
Genre Daily Practice - rgyun khyer  ·  Guru Yoga Texts - bla ma'i rnal 'byor
Colophon

།ཞེས་སྔར་བྲིས་པའི་བླ་སྒྲུབ་ལ་རྒྱུན་ཁྱེར་ཉམས་ལེན་བསྡུས་པ་ཞིག་དགོས་ཞེས་རྣམ་པར་དཀར་བའི་བློ་རྒྱུད་ཕྱུག་པ་ཟང་ཟང་སྦྲ་འཛིན་དབོན་བཙུན་པདྨ་མཆོག་གྲུབ་དབང་མོ་ནས་བསྐུལ་བ་ལྟར་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གྱིས་བྲིས་པ་སྐྱེ་ཀུན་བླ་མ་མཆོག་དང་མི་འབྲལ་བར་རྡོ་རྗེའི་ཡེ་ཤེས་ཆེན་པོས་མྱུར་དུ་སྨིན་པའི་རྒྱུར་གྱུར་ཅིག །

/zhes sngar bris pa'i bla sgrub la rgyun khyer nyams len bsdus pa zhig dgos zhes rnam par dkar ba'i blo rgyud phyug pa zang zang sbra 'dzin dbon btsun pad+ma mchog grub dbang mo nas bskul ba ltar 'jigs med mkhyen brtse'i 'od zer gyis bris pa skye kun bla ma mchog dang mi 'bral bar rdo rje'i ye shes chen pos myur du smin pa'i rgyur gyur cig__/

[edit]
༄༅། །བླ་མའི་རྣལ་འབྱོར་ཉུང་ངུར་བསྡུས་པ་བྱིན་རླབས་སྙིང་པོ་བཞུགས་སོ།། ༄༅། །བདག་སོགས་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །ངེས་འབྱུང་སྙིང་རྗེ་ཡིད་ཆེས་དད་པ་ཡིས། །བླ་མ་དཀོན་མཆོག་རྩ་གསུམ་སྐྱབས་སུ་མཆི། །འགྲོ་ཀུན་སྲིད་ཞི་ལས་གྲོལ་སེམས་བསྐྱེད་དོ། །ལན་གསུམ་གྱིས་སྐྱབས་སེམས་བྱས་ལ། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཆོས་ཀུན་ཅིར་སྣང་ཡེ་ཤེས་རོལ་མོ་ཆེ། །ངེས་པ་ལྔ་ལྡན་འོག་མིན་སྟུག་པོ་བཀོད། །རང་ཉིད་རྣལ་འབྱོར་མར་གསལ་མདུན་གྱི་མཁར། །སེང་ཁྲི་དར་འབོལ་རི་དྭགས་གདན་གྱི་སྟེང༌། །པདྨ་གར་དབང་མདོ་སྔགས་གླིང་པ་ནི། །དཀར་གསལ་མཚན་དཔེའི་གཟི་འབར་མཛེས་འཛུམ་ལྡན། །ཕྱག་གཉིས་ཆོས་འཆད་མཉམ་བཞག་རལ་པོད་དང༌། །ཚེ་བུམ་པད་སྡོང་སྟེང་དུ་རྡོར་དྲིལ་མཚན། །དབུ་སྐྲ་ལྕང་ལོ་པདྨ་མཐོང་གྲོལ་དང༌། ཆོས་གོས་གསུམ་གསོལ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །དཔྲལ་བར་འབྲོམ་སྟོན་མགྲིན་པར་གྲགས་པ་རྒྱལ། །ཐུགས་ཀར་འཇམ་དཔལ་ཞི་ཁྲོ་ལྟེ་བ་རུ། །དྭགས་པོ་ལྷ་རྗེ་གསང་གནས་སེང་གེ་དཔལ། །རིགས་ཀྱི་བདག་པོ་ཨོ་རྒྱན་རྡོ་རྗེ་འཆང༌། །འཁོར་དུ་མཆོག་གསུམ་རྩ་གསུམ་སངས་རྒྱས་སྲས། །སྐྱབས་གནས་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བར་གསལ། །ཞེས་ཚོགས་རྟེན་གསལ་གདབ་པའི་མདུན་ཡན་ལག་བདུན་གྱི་བསགས་སྦྱངས་ནི། སྐྱབས་གནས་ཀུན་འདུས་དྲིན་ཅན་བླ་མ་ལ། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་ཀུན། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང༌། །ལུས་དང་ལོངས་སྤྱོད་ཀུན་བཟང་མཆོད་སྤྲིན་འབུལ། །ཚེ་རབས་བསགས་པའི་སྡིག་ལྟུང་སྙིང་ནས་བཤགས། །བྱང་ཆུབ་སྤྱོད་མཆོག་རྒྱ་མཚོར་རྗེས་ཡི་རངས། །ཆོས་འཁོར་བསྐོར་བཞིན་རྟག་ཏུ་བཞུགས་གསོལ་འདེབས། །དགེ་ཚོགས་འགྲོ་ཀུན་རྣམ་མཁྱེན་ཐོབ་ཕྱིར་བསྔོ། །ཞེས་གསོལ་འདེབས་རྒྱས་བསྡུས་དང༌། ཚིག་བདུན་གསོལ་འདེབས་གཙོ་བོར་བྱ། སངས་རྒྱས་ཀུན་གྱི་མཁྱེན་གཉིས་ཡེ་ཤེས་གཟུགས། །བརྩེ་ཆེན་ཡེ་ཤེས་རྣམ་རོལ་འཇམ་དཔལ་དབྱངས། །ཐུབ་བསྟན་ཤིང་རྟ་མཁས་གྲུབ་དབང་པོ་ཆེ། །པདྨ་མདོ་སྔགས་གླིང་པར་གསོལ་བ་འདེབས། །ཅི་ནུས་དང༌། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་མངྒ་ལ་ཤྲཱི་བྷཱུ་ཏི་སརྦ་སིདྡྷི་ཧཱུྃ། བླ་མ་འཇམ་དཔལ་དབྱེར་མེད་པའི་མཚན་སྔགས་བཟླས་པའི་མཐར། བླ་མའི་འབྲུ་གསུམ་རྡོ་རྗེའི་གནས་གསུམ་ལས། །འོད་ཟེར་བདུད་རྩི་རིམ་དང་ཅིག་ཅར་བྱུང༌། །རང་གི་གནས་གསུམ་ཞུགས་ཤིང་ཐིམ་པ་ཡིས། །དབང་བསྐུར་སྒྲིབ་བྱང་དབང་དང་དངོས་གྲུབ་ཐོབ། །མཐར་ནི་བླ་མ་འོད་ཞུ་རང་ལ་ཐིམ། །ཐུགས་ཡིད་གཅིག་འདྲེས་དགོངས་པའི་རྩལ་ཆེན་རྫོགས། །དུས་གསུམ་རྟོགས་པས་མ་བསླད་གཉུག་མའི་ངང༌། །བློ་འདས་འོད་གསལ་ཆོས་སྐུའི་རང་ཞལ་བལྟ། །ཞེས་བརྗོད་ཅིང་མཉམ་པར་བཞག །དགེ་བ་འདི་ཡིས་བདག་སོགས་ཡིད་ཅན་ཀུན། །འཁོར་ལོའི་མགོན་པོས་འབྲལ་མེད་རྗེས་བཟུང་ནས། །དད་དང་མོས་གུས་དམ་ཚིག་རྣམ་དག་པས། །རྗེ་བཙུན་བླ་མའི་གོ་འཕང་མྱུར་ཐོབ་ཤོག །ཅེས་དབང་ལེན་དང་བསྔོ་སྨོན་གྱིས་མཇུག་བསྡུ་བར་བྱའོ། །ཞེས་སྔར་བྲིས་པའི་བླ་སྒྲུབ་ལ་རྒྱུན་ཁྱེར་ཉམས་ལེན་བསྡུས་པ་ཞིག་དགོས་ཞེས་རྣམ་པར་དཀར་བའི་བློ་རྒྱུད་ཕྱུག་པ་ཟང་ཟང་སྦྲ་འཛིན་དབོན་བཙུན་པདྨ་མཆོག་གྲུབ་དབང་མོ་ནས་བསྐུལ་བ་ལྟར་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གྱིས་བྲིས་པ་སྐྱེ་ཀུན་བླ་མ་མཆོག་དང་མི་འབྲལ་བར་རྡོ་རྗེའི་ཡེ་ཤེས་ཆེན་པོས་མྱུར་དུ་སྨིན་པའི་རྒྱུར་གྱུར་ཅིག ། ༈ ཟླ་བྲལ་མཁས་གྲུབ་རྒྱ་མཚོས་རྗེས་སུ་བཟུང༌། །རིས་མེད་ཐུབ་པའི་བསྟན་ལ་ཐོས་བསམ་མཛད། །བསྟན་འགྲོ་སྨན་པའི་སེམས་ཀྱི་གོ་ཆ་ཅན། །འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གསོལ་བ་འདེབས། །ཞལ་གསུང་མའོ། །དགེའོ།།
[edit]

@#/__/bla ma'i rnal 'byor nyung ngur bsdus pa byin rlabs snying po bzhugs so// @#/____/bdag sogs 'gro kun deng nas byang chub bar/__/nges 'byung snying rje yid ches dad pa yis/__/bla ma dkon mchog rtsa gsum skyabs su mchi/__/'gro kun srid zhi las grol sems bskyed do/__/lan gsum gyis skyabs sems byas la/__oM ma hA shu n+ya tA dz+nyA na badz+ra swa b+hA wa at+ma ko\u0f85 haM/__chos kun cir snang ye shes rol mo che/__/nges pa lnga ldan 'og min stug po bkod/__/rang nyid rnal 'byor mar gsal mdun gyi mkhar/__/seng khri dar 'bol ri dwags gdan gyi steng*/__/pad+ma gar dbang mdo sngags gling pa ni/__/dkar gsal mtshan dpe'i gzi 'bar mdzes 'dzum ldan/__/phyag gnyis chos 'chad mnyam bzhag ral pod dang*/__/tshe bum pad sdong steng du rdor dril mtshan/__/dbu skra lcang lo pad+ma mthong grol dang*/__chos gos gsum gsol rdo rje'i skyil krung bzhugs/__/dpral bar 'brom ston mgrin par grags pa rgyal/__/thugs kar 'jam dpal zhi khro lte ba ru/__/dwags po lha rje gsang gnas seng ge dpal/__/rigs kyi bdag po o rgyan rdo rje 'chang*/__/'khor du mchog gsum rtsa gsum sangs rgyas sras/__/skyabs gnas rgya mtsho'i tshogs kyis bskor bar gsal/__/zhes tshogs rten gsal gdab pa'i mdun yan lag bdun gyi bsags sbyangs ni/__skyabs gnas kun 'dus drin can bla ma la/__/bdag dang mkha' mnyam 'gro ba ma lus kun/__/sgo gsum gus pa chen pos phyag 'tshal zhing*/__/lus dang longs spyod kun bzang mchod sprin 'bul/__/tshe rabs bsags pa'i sdig ltung snying nas bshags/__/byang chub spyod mchog rgya mtshor rjes yi rangs/__/chos 'khor bskor bzhin rtag tu bzhugs gsol 'debs/__/dge tshogs 'gro kun rnam mkhyen thob phyir bsngo/__/zhes gsol 'debs rgyas bsdus dang*/__tshig bdun gsol 'debs gtso bor bya/__sangs rgyas kun gyi mkhyen gnyis ye shes gzugs/__/brtse chen ye shes rnam rol 'jam dpal dbyangs/__/thub bstan shing rta mkhas grub dbang po che/__/pad+ma mdo sngags gling par gsol ba 'debs/__/ci nus dang*/__oM AHhU~M badz+ra ma hA gu ru mang+ga la shrI b+hU ti sarba sid+d+hi hU~M/__bla ma 'jam dpal dbyer med pa'i mtshan sngags bzlas pa'i mthar/__bla ma'i 'bru gsum rdo rje'i gnas gsum las/__/'od zer bdud rtsi rim dang cig car byung*/__/rang gi gnas gsum zhugs shing thim pa yis/__/dbang bskur sgrib byang dbang dang dngos grub thob/__/mthar ni bla ma 'od zhu rang la thim/__/thugs yid gcig 'dres dgongs pa'i rtsal chen rdzogs/__/dus gsum rtogs pas ma bslad gnyug ma'i ngang*/__/blo 'das 'od gsal chos sku'i rang zhal blta/__/zhes brjod cing mnyam par bzhag__/dge ba 'di yis bdag sogs yid can kun/__/'khor lo'i mgon pos 'bral med rjes bzung nas/__/dad dang mos gus dam tshig rnam dag pas/__/rje btsun bla ma'i go 'phang myur thob shog__/ces dbang len dang bsngo smon gyis mjug bsdu bar bya'o/___/zhes sngar bris pa'i bla sgrub la rgyun khyer nyams len bsdus pa zhig dgos zhes rnam par dkar ba'i blo rgyud phyug pa zang zang sbra 'dzin dbon btsun pad+ma mchog grub dbang mo nas bskul ba ltar 'jigs med mkhyen brtse'i 'od zer gyis bris pa skye kun bla ma mchog dang mi 'bral bar rdo rje'i ye shes chen pos myur du smin pa'i rgyur gyur cig__/__!__zla bral mkhas grub rgya mtshos rjes su bzung*/__/ris med thub pa'i bstan la thos bsam mdzad/__/bstan 'gro sman pa'i sems kyi go cha can/__/'jigs med mkhyen brtse'i 'od zer gsol ba 'debs/__/zhal gsung ma'o/___/dge'o//

Footnotes

Other Information