JKW-KABUM-15-BA-010-009

From Khyentse Lineage - A Tsadra Foundation Project
Revision as of 19:40, 2 March 2022 by Mort (talk | contribs) (Text replacement - "|editortib=རྫོང་སར་བློ་གྲོས་ཕུན་ཚོགས་" to "|editortib=")

དགོངས་གཏེར་སྒྲོལ་མའི་ཟབ་ཏིག་གི་གསང་སྒྲུབ་འཆི་མེད་འཕགས་མའི་ཕྲིན་ལས་ལ་ཁ་བསྒྱུར་ཚུལ།
Wylie title dgongs gter sgrol ma'i zab tig gi gsang sgrub 'chi med 'phags ma'i phrin las la kha bsgyur tshul JKW-KABUM-15-BA-010.pdf
Location mkhyen brtse'i bka' 'bum
Volume 15, sde tshan 10, Text 9, Pages 268-271 (Folios 22b5 to 24a5)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Tertön མཆོག་གྱུར་གླིང་པ་ (mchog gyur gling pa)
Citation 'jam dbyangs mkhyen brtse'i dbang po. dgongs gter sgrol ma'i zab tig gi gsang sgrub 'chi med 'phags ma'i phrin las la kha bsgyur tshul. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 15: 268-271. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Sadhanas - Evocation Ritual - sgrub thabs
Cycle དགོངས་གཏེར་སྒྲོལ་མའི་ཟབ་ཏིག་ (dgongs gter sgrol ma'i zab tig)

1 Texts in this Section (sde tshan or chos tshan)

[edit]
༄༅། །ན་མོ་གུ་རུ་ཨཱཪྻཱ་ཏཱ་ར་ཡེ། དགོངས་གཏེར་སྒྲོལ་མའི་ཟབ་ཏིག་གི་གསང་སྒྲུབ་དམ་ཚིག་སྒྲོལ་མ་ལྷ་དགུའི་ལས་བྱང་འཆི་མེད་འཕགས་མའི་ཐུགས་ཏིག་གི་ཕྲིན་ལས་ཡེ་ཤེས་སྣང་བ་དང་འབྲེལ་བསྡེབས་ཏེ་གཏོང་བའི་ཚུལ་གྱི་ངག་འདོན་ལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་མ་དམ་ཚིག་སྒྲོལ་མའི་དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ན་མོ། བདག་སོགས༴ དཀོན་མཆོག༴ བླ་མ་རྗེ་བཙུན་སྒྲོལ་མ་ལཿ མི་ཕྱེད༴ ཧོཿ མཁའ་མཉམ་སོགས་ནས། དོན་གཉིས་བསྒྲུབ་པར༴ ཧོཿ ཕྱོགས་དུས་སོགས༴ ཛཿཧཱུྃ་བྃ་ཧོཿ སྐྱབས་ཡུལ་རྣམས་རང་ལ་ཐིམ། རང་ཉིད་སྐད་ཅིག་གིས་ལས་ཀྱི་ཁྲོ་བོ་ཀརྨ་རྟ་མཆོག་རོལ་པའི་སྐུར་གྱུར། བགེགས་གཏོར་བསང་སྦྱང་བྱིན་རླབས་བསྔོ་བ་རྣམས་སྤྱི་ལྟར་ལ། ཧཱུྃ། གདོད་ནས་སོགས༴ ཨོཾ་ཀརྨ་ཀྲོ་དྷ་ཧྱ་གྲི་ཝ་ཧཱུྃ་ཕཊ། ཅེས་དང་། སུཾ་བྷ་སོགས། སྲུང་འཁོར། བྱིན་འབེབས། མཆོད་པ་བྱིན་རླབས་རྣམས་འདྲ་བ་ལས། བྱིན་འབེབས་སྐབས། གཞི་སྣང་བྱ་བ་གྲུབ་པའི་རྩལ༔ ལས་ཀྱི་རིགས་མཆོག་བཅོམ་ལྡན་འདས༔ དམ་ཚིག་སྒྲོལ་མ་རྣལ་འབྱོར་མས༔ ཞེས་བསྒྱུར། ལྷ་བསྐྱེད། ཨ། སྟོང་པ་དེ་བཞིན་སོགས་ནས། མཁའ་གསང་ནས༔ ཞེས་པའི་བར་རང་གཞུང་ལྟར། དེ་ནས། བྱང་སེམས་ས་བོན་ཏཱྃ་དང་བྷྲཱུྃ༔ ཞེས་སོགས་ནས། སྤྱན་དྲངས་གྱུར༔ ཞེས་པའི་བར་ཡེ་ཤེས་སྣང་བ་ལྟར། སྤྱན་འདྲེན། ཏཱྃ༔ སྟོང་པ་ཤིན་ཏུ་སོགས་ནས། ཨེ་ཧྱེ་ཧི་ཞེས་པའི་བར་རང་གཞུང་ལྟར། བཞུགས་གསོལ་ནས་བསྟོད་པའི་བར་ཡེ་ཤེས་སྣང་བ་ལྟར་ལ། ཕྱག་འཚལ་སྐབས། ཏཱྃ༔ རྗེ་བཙུན་འཕགས་མའི་སོགས་ཉེར་སྤྱོད་ཀྱི་མཆོད་པའི་སྐབས། འཕགས་མ་སྒྲོལ་མའི་ཚོགས་ལ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཞེས་དང་། བསྟོད་པའི་སྐབས། འཕགས་མ་སྒྲོལ་མར་ཕྱག་འཚལ་བསྟོད༔ དྲི་མེད་མརྒད་ལྷུན་པོའི་མདོག༔ ཅེས་ཁ་བསྒྱུར། དྲིལ་སྟབས་བྱེད་ན། ཤློ་ཀ་དང་པོ་རང་ཕྱག །དེ་ནས་ལྔ་རིགས་ལྔ་བྱེ་བྲག །ཐ་མ་སྤྱི་ཕྱག་གོ །ཛཔ྄་ཁང་དབྱེ་ན། བྷྲཱུྃ་བི་ཤྭ་དང་། ཨོཾ་ཏཱ་རེ་སོགས་མཐར། ཕཊ་ཛཿ བདག་ཉིད་རྩ་བའི་དཀྱིལ་འཁོར་ལས༔ ཡེ་ཤེས་དཀྱིལ་འཁོར་གཉིས་པ་བྱེ༔ མདུན་གྱི་རྟེན་དང་དབྱེར་མེད་པའི༔ ཐུགས་ཀར་ཡེ་ཤེས་སེམས་མ་ནི༔ སོགས་རང་གཞུང་ལྟར་གསལ་གདབ། གང་ལྟར་ཡང་བཟླས་པ་ལྔ་མཐར་ཆགས་སུ་གཏོང་། དེའང་སྐུ་གསུང་ཐུགས་བཟླས་བརྒྱ་རྩ་ཙམ་ལ་མཚོན་ན། ཡོན་ཏན་གྱི་བཟླས་པ་སུམ་བརྒྱ། ཕྲིན་ལས་ལྔ་བཅུ་སོགས་སྐབས་སྦྱར། དབང་དོན་བུམ་པ་སྒྲུབ་པ་སོགས་སྐབས་འདིར་སྦྱར། ཐུན་མཐར་མཆོད་པ་རྒྱས་བསྡུས་གང་རིགས་དང་། ཕྱག་འཚལ་ཉེར་གཅིག་གིས་བསྟོད། ཡི་གེ་བརྒྱ་པ་བརྗོད། རིག་པའི་མེ་ཏོག་དོར་བས་བདག་མདུན་དབྱེར་མེད་དུ་བསྟིམ། ཡི་གེ་བརྒྱ་པས་བརྟན་པར་བྱའོ། ། ༈ ཚོགས་མཆོད་བྱེད་ན་བྱིན་རླབས་དང་། སྤྱན་འདྲེན་ཡེ་ཤེས་སྣང་བ་ལྟར། མཆོད་པའི་སྐབས། མི་ཤིགས་སྐུ་ཡི་དངོས་གྲུབ་སྩོལ༔ སོགས་བསྒྱུར། གཞན་འདྲ། ཚོགས་མྱོང་གྲོལ་དུ་བརླབས་པ་མ་བྱས་ཀྱང་རུང་། ལྷག་མའི་སྐབས། རིག་འཛིན་ཤྲཱི་སིཾ་ཧ་སོགས་ཀྱི་མལ་དུ། བརྒྱུད་གསུམ་རིག་འཛིན་བླ་མ་ཡིས༔ འོག་མིན་ཞིང་དང་ཉེར་བཞིའི་ཡུལ༔ དུར་ཁྲོད་སོགས་སྦྲེལ། ལྷག་མའི་རྗེས། དམ་ཚིག་སྒྲོལ་མའི་དཀྱིལ་འཁོར་དུ༔ སོགས་སྨོན་ལམ་སྤྱི་ལྟར། ཆད་ཐོའི་ཚིག་གཙུག་ཏོར་རྣམ་པར་རྒྱལ་མ་སོགས་ཀྱི་མལ་དུ། བརྒྱུད་གསུམ་རིག་འཛིན་བླ་མ་ཡིས༔ རྡོ་རྗེའི་བརྟུལ་ཞུགས་གྲུབ་པའི་ཚེ༔ ཡེ་ཤེས་ལས་དང་སོགས་སྦྲེལ། བརྟན་མ་དང་རྟ་བྲོ་འདྲ། ། ༈ རྗེས་མཆོད་བསྟོད་རྒྱས་བསྡུས་གང་རིགས། དངོས་གྲུབ་བླང་བ། ཨོཾ༔ ཤིན་ཏུ་རྣམ་དག་སོགས་རང་གཞུང་ལྟར། ནོངས་བཤགས། བརྟན་བཞུགས། བསྡུ་རིམ་འདྲ། ལྷར་ལྡང་སྐབས། སླར་ཡང་དམ་ཚིག་སྒྲོལ་མའི་སྐུ༔ ཞེས་བསྒྱུར། བསྔོ་བ་འདྲ། སྨོན་ལམ། མཆོག་དང་ཐུན་མོང་དངོས་གྲུབ་ཀྱིས༔ ཞེས་བསྒྱུར། བཀྲ་ཤིས་ཡེ་ཤེས་སྣང་བ་ལྟར་བྱས་པས་གྲུབ་བོ། །མངྒ་ལཾ།། །།
[edit]

dgongs gter sgrol ma'i zab tig gi gsang sgrub 'chi med 'phags ma'i phrin las la kha bsgyur tshul/ @#/_/na mo gu ru AR+YA tA ra ye/__dgongs gter sgrol ma'i zab tig gi gsang sgrub dam tshig sgrol ma lha dgu'i las byang 'chi med 'phags ma'i thugs tig gi phrin las ye shes snang ba dang 'brel bsdebs te gtong ba'i tshul gyi ngag 'don la/__rang gi snying ga nas 'od zer 'phros pas bla ma dang gnyis su med pa'i bcom ldan 'das ma dam tshig sgrol ma'i dkyil 'khor gyi 'khor lo mdun gyi nam mkhar badz+ra sa mA dzaH__na mo/__bdag sogs=__dkon mchog=__bla ma rje btsun sgrol ma laH__mi phyed=__hoH__mkha' mnyam sogs nas/__don gnyis bsgrub par=__hoH__phyogs dus sogs=__dzaHhU~M ba~M hoH__skyabs yul rnams rang la thim/__rang nyid skad cig gis las kyi khro bo karma rta mchog rol pa'i skur gyur/__bgegs gtor bsang sbyang byin rlabs bsngo ba rnams spyi ltar la/__hU~M/__gdod nas sogs=__oM karma kro d+ha h+ya gri wa hU~M phaT/__ces dang /__suM b+ha sogs/__srung 'khor/__byin 'bebs/__mchod pa byin rlabs rnams 'dra ba las/__byin 'bebs skabs/__gzhi snang bya ba grub pa'i rtsal:__las kyi rigs mchog bcom ldan 'das:__dam tshig sgrol ma rnal 'byor mas:__zhes bsgyur/__lha bskyed/__a/__stong pa de bzhin sogs nas/__mkha' gsang nas:__zhes pa'i bar rang gzhung ltar/__de nas/__byang sems sa bon tA~M dang b+h+rU~M:__zhes sogs nas/__spyan drangs gyur:__zhes pa'i bar ye shes snang ba ltar/__spyan 'dren/__tA~M:__stong pa shin tu sogs nas/__e h+ye hi zhes pa'i bar rang gzhung ltar/__bzhugs gsol nas bstod pa'i bar ye shes snang ba ltar la/__phyag 'tshal skabs/__tA~M:__rje btsun 'phags ma'i sogs nyer spyod kyi mchod pa'i skabs/__'phags ma sgrol ma'i tshogs la 'bul:__bzhes nas mchog thun dngos grub stsol:__zhes dang /__bstod pa'i skabs/__'phags ma sgrol mar phyag 'tshal bstod:__dri med margad lhun po'i mdog:__ces kha bsgyur/__dril stabs byed na/__sh+lo ka dang po rang phyag__/de nas lnga rigs lnga bye brag__/tha ma spyi phyag go__/dzapa? khang dbye na/__b+h+rU~M bi shwa dang /__oM tA re sogs mthar/__phaT dzaH__bdag nyid rtsa ba'i dkyil 'khor las:__ye shes dkyil 'khor gnyis pa bye:__mdun gyi rten dang dbyer med pa'i:__thugs kar ye shes sems ma ni:__sogs rang gzhung ltar gsal gdab/__gang ltar yang bzlas pa lnga mthar chags su gtong /__de'ang sku gsung thugs bzlas brgya rtsa tsam la mtshon na/__yon tan gyi bzlas pa sum brgya/__phrin las lnga bcu sogs skabs sbyar/__dbang don bum pa sgrub pa sogs skabs 'dir sbyar/__thun mthar mchod pa rgyas bsdus gang rigs dang /__phyag 'tshal nyer gcig gis bstod/__yi ge brgya pa brjod/__rig pa'i me tog dor bas bdag mdun dbyer med du bstim/__yi ge brgya pas brtan par bya'o/___/__!_tshogs mchod byed na byin rlabs dang /__spyan 'dren ye shes snang ba ltar/__mchod pa'i skabs/__mi shigs sku yi dngos grub stsol:__sogs bsgyur/__gzhan 'dra/__tshogs myong grol du brlabs pa ma byas kyang rung /__lhag ma'i skabs/__rig 'dzin shrI siM ha sogs kyi mal du/__brgyud gsum rig 'dzin bla ma yis:__'og min zhing dang nyer bzhi'i yul:__dur khrod sogs sbrel/__lhag ma'i rjes/__dam tshig sgrol ma'i dkyil 'khor du:__sogs smon lam spyi ltar/__chad tho'i tshig gtsug tor rnam par rgyal ma sogs kyi mal du/__brgyud gsum rig 'dzin bla ma yis:__rdo rje'i brtul zhugs grub pa'i tshe:__ye shes las dang sogs sbrel/__brtan ma dang rta bro 'dra/___/__!_rjes mchod bstod rgyas bsdus gang rigs/__dngos grub blang ba/__oM:__shin tu rnam dag sogs rang gzhung ltar/__nongs bshags/__brtan bzhugs/__bsdu rim 'dra/__lhar ldang skabs/__slar yang dam tshig sgrol ma'i sku:__zhes bsgyur/__bsngo ba 'dra/__smon lam/__mchog dang thun mong dngos grub kyis:__zhes bsgyur/__bkra shis ye shes snang ba ltar byas pas grub bo/__/mang+ga laM//__//

Footnotes

Other Information