JKCL-KABUM-07-JA-004

From Khyentse Lineage - A Tsadra Foundation Project
Revision as of 10:03, 14 December 2021 by Mort (talk | contribs)

Wylie title JKCL-KABUM-07-JA-004.pdf
Location chos kyi blo gros bka' 'bum
Volume 7, Text 4, Pages (Folios 1a1 to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. '. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 7: . Bir, H.P.: Khyentse Labrang, 2012.
Genre

1 Texts in this Section (sde tshan or chos tshan)

[edit]
ཡུམ་ཆེན་བསྒོམ་བཟླས་མདོར་བསྡུས་ནི། སྐྱབས་སེམས་སྔོན་འགྲོས། ཨཱཿསྣང་སྲིད་དག་པའི་ཞིང་ཆེན་པོའི། །དབུས་སུ་པདྨ་ཟླ་བའི་སྟེང་། །ཡུམ་ཆེན་ཤེར་ཕྱིན་གསེར་གྱི་མདོག །ཞལ་གཅིག་ཕྱག་བཞི་དང་པོ་གཉིས། །གཡས་པ་རྡོ་རྗེ་གཡོན་པུསྟི། །ཐ་མ་གཉིས་ཀྱི་མཉམ་བཞག་མཛད། །དར་དང་རིན་ཆེན་རྒྱན་གྱིས་མཛེས། །རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །གནས་གསུམ་འབྲུ་གསུམ་ཐུགས་དབུས་སུ། །པད་ཟླར་ཐུགས་སྲོག་ཨཱཿཡིས་མཚན། །དེ་མཐར་སྔགས་ཀྱི་ཕྲེང་བས་བསྐོར། །འོད་འཕྲོས་དོན་གཉིས་བསྒྲུབ་པར་བསམ། །གཱ་ཏེ་བཟླས། བསྙེན་པ་བྱེད་ན་འབུམ་བཞི་བཟླ། རྗེས་ལ། ལྷར་སྣང་འོད་གསལ་ངང་ལ་བཞག །དགེ་བསྔོ་སྨོན་ལམ་བྱའོ། །ཅེས་པའང་གླེ་དགོན་ཕུར་རྒྱལ་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་སོ།། །།༅། །ལུས་སྦྱིན་དཀར་དམར་མདོར་བསྡུས་བཞུགས། སངས་རྒྱས་ཆོས་སོགས་ཚད་མེད་བཞི་སྒོམ། ན་མོ། དོན་དམ་སྟོང་ཉིད་བརྗོད་པའི་ཡུལ་ལས་འདས། །མ་སྐྱེས་ཕ་རོལ་ཕྱིན་པའི་རྒྱལ་བའི་ཡུམ། །སྐྱེ་མེད་མཐར་ཐུགས་རྫོགས་པ་གདོད་མའི་ཀློང་། །རིག་སྟོང་འགག་མེད་ཟུང་འཇུག་བདེ་ཆེན་དབྱིངས། །སྣ་ཚོགས་སྤྲོས་པ་བྲལ་བའི་ངང་ཉིད་ལས། །རྩ་བརྒྱུད་བླ་མ་རིག་འཛིན་སྤྲིན་ལྟར་ཐིབ། །ཡི་དམ་ལྷ་ཚོགས་མ་ལུས་ཆར་ལྟར་འབེབས། །དཔའ་བོ་མཁའ་འགྲོ་ཚོགས་གར་ཁྱུག་སེ་ཁྱུག །ཆོས་སྐྱོང་སྲུང་མའི་གར་བསྟབ་ཤིགས་སེ་ཤིགས། །རྣལ་འབྱོར་ཟག་མེད་ལུས་ཀྱི་ཕུང་པོ་འདི། །སྟོང་གསུམ་ཁྱོན་ཆེན་མཚན་ལྡན་ཀ་པཱ་སྣོད། །བམ་ཆེན་ཚོགས་ཀྱི་ཡེ་ཤེས་བདུད་བརྩིར་བསྒྱུར། །འདོད་དགུ་གཅེས་འཛིན་མེད་པར་འབུལ་ལགས་ཀྱི། །དགྱེས་བཞེས་ཕྱི་ནང་གསང་བའི་ཚོགས་ལ་རོལ། །སྣང་སྲིད་ལྷ་འདྲེ་བདག་གཞན་དུས་གསུམ་ཀྱི། །ཚོགས་གཉིས་རྫོགས་ཞིང་སྒྲིབ་གཉིས་མྱུར་བྱང་ཤིང་། །བརྟུལ་ཞུགས་སྤྱོད་པའི་འགྲོ་དོན་མཐར་ཕྱིན་ནས། །དགོངས་པ་མཉམ་ཉིད་ཁྱབ་བརྡལ་དབྱིངས་སུ་ཨཿཕཊཿའཇིག་རྟེན་འདས་དང་མ་འདས་པའི། །སྡེ་བརྒྱད་གདོན་ཚོགས་མགྲོན་རིགས་ཀུན། །སྟོང་གསུམ་ཁྱབ་པའི་ཞིང་ལྤགས་སྟེང་། །ཤ་ཁྲག་རུས་པའི་ཕུང་པོ་བཀྲམ། །ཁས་ཞན་དབང་ཆུང་མ་ལུས་ལ། །ཡིད་བྱེད་བྱང་ཆུབ་འབྲེལ་བསྔོས་པས། །བདག་ཏུ་འཛིན་ན་རྣལ་འབྱོར་ཞན། །སྤྱོད་སྒོ་མ་ནུས་ཁྱེད་ཀུན་ལོད། །བྱ་རྒོད་ཤ་ལ་རོལ་བ་བཞིན། །ཉེ་རིང་ཁུར་ཐོག་ཚོས་ལ་ཟོ། །སོ་སོས་ཅི་འདོད་ལོངས་སྤྱོད་ཅིག །ཚེ་རབ་འཁོར་བ་ཐོག་མཐའ་ནས། །བུ་ལོན་ལན་ཆགས་བྱང་གྱུར་ཅིག །ལྷག་མ་མེད་པ་གཏེར་དུ་བསྔོ། །འབྲེལ་ཚད་འཁོར་བ་དྭོངས་ནས་སྤྲུག །ཐམས་ཅད་མངོན་སངས་རྒྱས་གྱུར་ཅིག །ཅེས་པ་རྟོགས་ལྡན་བླ་མ་ཚེ་བརྟེན་བཀྲ་ཤིས་ནས་ཆེད་དུ་བསྐུར་ངོར་སྙོམ་ལས་པ་དྷརྨ་མ་ཏིའི་བྲིིས་པའི་དགེ་བས་ཡུམ་ཆེན་མོའི་གོ་འཕང་ཐོབ་པའི་རྒྱུ་གྱུར་ཅིག །།།
[edit]

yum chen bsgom bzlas mdor bsdus ni/__skyabs sems sngon 'gros/__AHsnang srid dag pa'i zhing chen po'i/__/dbus su pad+ma zla ba'i steng /__/yum chen sher phyin gser gyi mdog__/zhal gcig phyag bzhi dang po gnyis/__/g.yas pa rdo rje g.yon pusti/__/tha ma gnyis kyi mnyam bzhag mdzad/__/dar dang rin chen rgyan gyis mdzes/__/rdo rje'i skyil mo krung gis bzhugs/__/gnas gsum 'bru gsum thugs dbus su/__/pad zlar thugs srog AHyis mtshan/__/de mthar sngags kyi phreng bas bskor/__/'od 'phros don gnyis bsgrub par bsam/__/gA te bzlas/__bsnyen pa byed na 'bum bzhi bzla/__rjes la/__lhar snang 'od gsal ngang la bzhag__/dge bsngo smon lam bya'o/__/ces pa'ang gle dgon phur rgyal bskul ngor chos kyi blo gros pas so//___//#/__/lus sbyin dkar dmar mdor bsdus bzhugs/__sangs rgyas chos sogs tshad med bzhi sgom/__na mo/__don dam stong nyid brjod pa'i yul las 'das/__/ma skyes pha rol phyin pa'i rgyal ba'i yum/__/skye med mthar thugs rdzogs pa gdod ma'i klong /__/rig stong 'gag med zung 'jug bde chen dbyings/__/sna tshogs spros pa bral ba'i ngang nyid las/__/rtsa brgyud bla ma rig 'dzin sprin ltar thib/__/yi dam lha tshogs ma lus char ltar 'bebs/__/dpa' bo mkha' 'gro tshogs gar khyug se khyug__/chos skyong srung ma'i gar bstab shigs se shigs/__/rnal 'byor zag med lus kyi phung po 'di/__/stong gsum khyon chen mtshan ldan ka pA snod/__/bam chen tshogs kyi ye shes bdud brtsir bsgyur/__/'dod dgu gces 'dzin med par 'bul lags kyi/__/dgyes bzhes phyi nang gsang ba'i tshogs la rol/__/snang srid lha 'dre bdag gzhan dus gsum kyi/__/tshogs gnyis rdzogs zhing sgrib gnyis myur byang shing /__/brtul zhugs spyod pa'i 'gro don mthar phyin nas/__/dgongs pa mnyam nyid khyab brdal dbyings su aHphaTaH'jig rten 'das dang ma 'das pa'i/__/sde brgyad gdon tshogs mgron rigs kun/__/stong gsum khyab pa'i zhing lpags steng /__/sha khrag rus pa'i phung po bkram/__/khas zhan dbang chung ma lus la/__/yid byed byang chub 'brel bsngos pas/__/bdag tu 'dzin na rnal 'byor zhan/__/spyod sgo ma nus khyed kun lod/__/bya rgod sha la rol ba bzhin/__/nye ring khur thog tshos la zo/__/so sos ci 'dod longs spyod cig__/tshe rab 'khor ba thog mtha' nas/__/bu lon lan chags byang gyur cig__/lhag ma med pa gter du bsngo/__/'brel tshad 'khor ba dwongs nas sprug__/thams cad mngon sangs rgyas gyur cig__/ces pa rtogs ldan bla ma tshe brten bkra shis nas ched du bskur ngor snyom las pa d+harma ma ti'i bri+is pa'i dge bas yum chen mo'i go 'phang thob pa'i rgyu gyur cig__///__

Footnotes

Other Information