བླ་མ་རིན་འབྱུང་དང་ཐང་རྒྱལ་གཡང་སྐྱབས་སྦྲག་སྒྲུབ་ཀྱི་འདོན་ཟིན་ཕྱྭ་གཡང་འགུགས་པའི་ལྕགས་ཀྱུ།

From Khyentse Lineage - A Tsadra Foundation Project
Wylie title bla ma rin 'byung dang thang rgyal g.yang skyabs sbrag sgrub kyi 'don zin phywa g.yang 'gugs pa'i lcags kyu JKCL-KABUM-07-JA-005.pdf
Location chos kyi blo gros bka' 'bum
Volume 7, Text 5, Pages 243-270 (Folios 1a1 to 14b6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People ཐང་སྟོང་རྒྱལ་པོ་ (thang stong rgyal po)
Citation 'jam dbyangs mkhyen brtse chos kyi blo gros. bla ma rin 'byung dang thang rgyal g.yang skyabs sbrag sgrub kyi 'don zin phywa g.yang 'gugs pa'i lcags kyu. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 7: 243-270. Bir, H.P.: Khyentse Labrang, 2012.
Genre Prosperity Rituals - gyang 'gugs
Colophon

།ཅེས་པའང་ལྕགས་ར་བསམ་འགྲུབ་རྩེའི་ལྷ་བྲིས་པ་བློ་གྲོས་ཆོས་འཕེལ་ནས་བཟང་གོས་སྟེགས་ཁེབས་བཅས་བསྐུལ་ངོར། འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་གྲོ་བཞིན་ཟླ་བའི་ཡར་ཚེས་བརྒྱད་བཟང་པོར་འདོན་བདེར་བསྒྲིགས་པའི། ཡི་གེ་པ་ཆབ་མདོ་སྐྱོ་མདའ་སྤྲུལ་སྐུ་འཇམ་དབྱངས་ཆོས་ཀྱི་ཉིན་བྱེད་ཀྱིས་སྒོ་གསུམ་གུས་པས་བགྱིས་པ་སྟེ་འདིས་ཀྱང་མཐའ་ཡས་པའི་བསྟན་པ་དང་སེམས་ཅན་ལ་ཕན་བདེ་རྒྱ་ཆེན་པོ་འབྱུང་ཞིང་། འདོད་རྒུའི་འབྱོར་པ་རྫོགས་ལྡན་དཔལ་གྱིས་ཁྱབ་པའི་རྒྱུར་གྱུར་ཅིག །།།

/ces pa'ang lcags ra bsam 'grub rtse'i lha bris pa blo gros chos 'phel nas bzang gos stegs khebs bcas bskul ngor/__'jam dbyangs chos kyi blo gros pas gro bzhin zla ba'i yar tshes brgyad bzang por 'don bder bsgrigs pa'i/__yi ge pa chab mdo skyo mda' sprul sku 'jam dbyangs chos kyi nyin byed kyis sgo gsum gus pas bgyis pa ste 'dis kyang mtha' yas pa'i bstan pa dang sems can la phan bde rgya chen po 'byung zhing /__'dod rgu'i 'byor pa rdzogs ldan dpal gyis khyab pa'i rgyur gyur cig__///

1 Texts in this Section (sde tshan or chos tshan)

[edit]
༄༅། །བླ་མ་རིན་འབྱུང་དང་ཐང་རྒྱལ་གཡང་སྐྱབས་སྦྲག་སྒྲུབ་ཀྱི་འདོན་ཟིན་ཕྱྭ་གཡང་འགུགས་པའི་ལྕགས་ཀྱུ་ཅེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། བསྐལ་མང་སྔོན་ནས་ཐུགས་བསྐྱེད་རྒྱ་མཚོ་ལས། །འཐོན་པའི་བླ་མ་རིན་ཆེན་འབྱུང་ལྡན་དང་། རྩ་གསུམ་ནོར་ལྷའི་ཚོགས་ལ་གུས་བཏུད་ནས། །འདོད་དགུའི་དཔལ་འབྱོར་སྤེལ་བའི་ཆོ་ག་དབྱེ། །དེ་ལ་འདིར་བླ་མ་རིན་འབྱུང་གི་བྱིན་རླབས་དང་། རྗེ་གྲུབ་ཐོབ་ཆེན་པོའི་གཡང་འབོད་ཀྱིས་ལུང་ལེགས་པར་ནོས་ནས། ཉི་མ་བྱང་བགྲོད་ཀྱི་ཡར་ངོའི་གཟའ་སྐར་ཚེས་དུས་བཟང་པོར་འཛུག་པར་བྱ་སྟེ། གོང་དུ་བླ་མ་རིན་འབྱུང་གི་སྣང་བརྙན་སོགས་ནོར་ལྷའི་སྐུ་བྲིས་འབུར་ཡོད་ན་བཤམས་ཤིང་། མཆོད་པའི་མཎྜལ་ཚོམ་བུ་ལྔ་པ། ཉེར་སྤྱོད་བརྒྱ་རྩ་སོགས་དང་། བཀྲ་ཤིས་རྫས་རྟགས། སྣ་བདུན་སོགས་ཚོགས་བསགས་པ་གལ་ཆེ་བས་མཆོད་པ་ཅི་འབྱོར་གང་རྒྱས་སྤྲོས་བཅས་སུ་བཤམས། སྟེགས་བུ་ཁེབས་ལྡན་གྱི་སྟེང་དུ་འབྲུ་དཀར་གྱི་གཡུང་དྲུང་རིས་དང་། དགའ་འཁྱིལ་གྱིས་མཚན་པར་གཡང་བཤོས་རིན་པོ་ཆེ་འབར་བ། གཡང་སྒྱེ་གཡང་ཕོར། གཡང་རྫས་སོགས་ཕྱྭ་གཡང་ཆགས་པའི་རྫས་ཅི་འབྱོར་བཀྲམ་ཤིང་། དེའི་མདུན་དུ་དཀར་མངར་སྐྱེམས་ཕུད། བཟའ་བཅའི་རིགས་སྣ་ཚོགས་པ་དང་། ཉེར་སྤྱོད་རྣམས་བཤམས། ཆོ་གའི་ལས་རིམ་དངོས་ལ། བདག་བསྐྱེད་དང་། མདུན་རྟེན་བསྐྱེད་པའོ། །དང་པོ་ནི། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ཆོས་དང་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆིའོ། །རང་སེམས་སྟོང་གསལ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་དང་། སངས་རྒྱས་ཆོས་ཚོགས་སོགས་ལན་གསུམ་གྱིས་སྐྱབས་སེམས་དང་། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས་འཕགས་པ་ཐུགས་རྗེ་ཆེན་པོ་འགྲོ་འདུལ་ཡིད་བཞིན་ནོར་བུ་སྐུ་མདོག་དཀར་གསལ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བའི་བར་དུ་ཡིད་བཞིན་ནོར་བུ་དང་གཡས་འོག་མས་ཤེལ་ཕྲེང་དང་། གཡོན་འོག་མས་མེ་ཏོག་པདྨ་དཀར་པོ་བསྣམས་པ། རི་དྭགས་ཀྲིཥྞ་སཱ་རའི་པགས་པས་ནུ་མ་གཡོན་པ་བཀབ་ཅིང་དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། པདྨ་དང་ཟླ་བའི་གདན་ལ་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྐུར་གྱུར་པར་བསམ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་ཅི་ནུས་བཟླས་མཐར། འཕགས་པ་ཐུགས་རྗེ་ཆེན་པོས་བདག་དང་སེམས་ཅན་ཐམས་ཅད་ལ་འདོད་རྒུའི་འབྱོར་པ་ཟད་མི་ཤེས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། །གཉིས་པ་མདུན་རྟེན་བསྐྱེད་པ་ལ། རྟེན་བསྐྱེད་པ། ཚོགས་བསགས་པ། གསོལ་བ་གདབ་པ། ཕྱྭ་གཡང་བསྡུ་བ། སྔགས་བཟླ་བ། གཡང་ལེན། བླ་མའི་རྣལ་འབྱོར་གྱི་བསྒྲུབ་པ་དང་ལས་སྦྱོར། གཡང་ཆོག་གི་རྗེས་ཀྱི་རིམ་པའོ། །དང་པོ་ནི་མདུན་གྱི་རྟེན་ལ་དམིགས་ཏེ། ཨོཾ་སྭ་བྷཱ་ཝ་སོགས་ནས། སྟོང་པའི་ངང་ལས་རང་གནས་པའི་ས་ཕྱོགས་འདི་ཉིད་བཻཌཱུཪྻའི་ས་གཞི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་རིན་པོ་ཆེ་སྣ་ཚོགས་ཀྱི་ཁྲི་ལྷུན་སྟུག་པ། བཀོད་པ་ལེགས་པ། འོད་ཆགས་པ། རྒྱ་ཆེ་ཞིང་དཔང་མཐོ་བ། དེའི་སྟེང་དུ་སྣ་ཚོགས་པདྨའི་སྡོང་བུ་འདབ་མ་བརྒྱད་པ། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་དང་བཅས་པ་གདན་ལྔ་བརྩེགས་ཀྱི་སྟེང་དུ་ཕྱྭ་གཡང་གི་རྟེན་རྣམས་ངོ་བོ་རྩ་བའི་བླ་མ་དམ་པ་དང་དབྱེར་མེད་པའི་རྣམ་པ་བཅོམ་ལྡན་འདས་ཡོན་ཏན་རིན་ཆེན་འབྱུང་ལྡན་སྐུ་མདོག་གསེར་གཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡོན་མཉམ་གཞག་གི་སྟེང་ན་དགོས་འདོད་ཐམས་ཅད་འབྱུང་བའི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་བསྣམས་པ། །གཡས་པ་མཆོག་སྦྱིན་གྱི་ཕྱག་རྒྱས་གདུལ་བྱ་རྣམས་ལ་ཅི་འདོད་སྟེར་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རིན་པོ་ཆེའི་དབུ་རྒྱན་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཟའ་ཅན། སྤྱི་གཙུག་སེམས་ཅན་ཐམས་ཅད་ཀྱིས་བལྟ་བར་མི་མངོན་པ་ལ་སོགས་པ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། སེན་མོ་ཟངས་ཀྱི་མདོག་ལྟར་དམར་བ་ལ་སོགས་པ་དཔེ་བྱད་བཟང་པོ་བརྒྱད་ཅུའི་སྤྲས་པ། འོད་ཟེར་བྱེ་བ་འགྱེད་པ། དེའི་མདུན་ནས་བརྩམ་སྟེ་པད་ཟླའི་གདན་ལ། །བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་སྐུ་མདོག་སེར་པོ་རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། ཕྱག་གཉིས་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་མཛད་པ། རྒྱལ་པོ་ཆེན་པོ་རྣམ་མང་ཐོས་སྲས་སྐུ་མདོག་གསེར་གཙོ་མའི་མདོག་ཅན། རྒྱལ་མཚན་དང་ནེའུ་ལེ་འཛིན་ཅིང་རིན་པོ་ཆེའི་པྲོག་ཞུ་དང་། རྒྱན་སྣ་ཚོགས་པས་བརྒྱན་ཅིང་པད་ཟླ་སེང་གེའི་སྟེང་ན་རོལ་པའི་སྟབས་ཀྱིས་བཞུགས་པ། འཁོར་གནོད་སྦྱིན་རྟ་བདག་བརྒྱད་ཀྱིས་བསྐོར་བ། ཨཱཪྻ་ཛམ་བྷ་ལ་དཀར་པོ་འབྲུག་ལ་ཞོན་ཞིང་། གཡས་ཁ་ཊྭཱྃ་རྩེ་གསུམ་དང་། གཡོན་བེ་ཅོན་འཛིན་པ། ཛམྦྷ་ལ་སེར་པོ་གཡས་བི་ཛ་པུ་ར་ཀ་དང་། གཡོན་ནེའུ་ལེ་འཛིན་ཅིང་ཞབས་གཉིས་དུང་དང་པདྨའི་གཏེར་མནན་བ། སྨུགས་འཛིན་ནག་པོ་མིའུ་ཐུང་གི་གཟུགས་ཅན་གཅེར་བུ་རྣ་བ་མ་ཕུག་པ་ཕྱག་གཡས་ཐོད་ཁྲག །གཡོན་ནེའུ་ལེ་འཛིན་པ། ཞབས་གཡས་བཀྱང་གིས་ནོར་བདག་སེར་པོ་མནན་པ། སྨུགས་འཛིན་དམར་པོ་ཞལ་གསུམ་ཕྱག་དྲུག་པ། གཡས་དཀར་གཡོན་སྔོ། དབུས་དམར་བ། ཕྱག་དང་པོ་གཉིས་ཀྱིས་ནོར་བུ་དང་ཐོད་པ། བར་པ་གཉིས་ཀྱིས་ལྕགས་ཀྱུ་དང་ཞགས་པ། ཐ་མ་གཉིས་ཀྱིས་ནེའུ་ལེ་བཙིར་བ། ཞབས་གཉིས་གནོད་སྦྱིན་ནོར་བུ་སྐྱུགས་པ་གཉིས་མནན་པ། ཛམ་ལྷ་ལྗང་གུ་གཡས་མཆོག་སྦྱིན་གྱིས་ཤིང་ཏོག་དང་། གཡོན་ནེའུ་ལེ་འཛིན་པ། ལྷ་མོ་ནོར་རྒྱུན་མ་ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་དང་། གཡོན་གཏེར་བུམ་འབྲས་ཀྱི་སྙེ་མ་བཅས་བསྣམས་པ། དར་སྔོན་པོའི་ཤ་འགགས། དཀར་པོའི་སྟོད་གཡོགས། ཁ་དོག་སྣ་ཚོགས་པའི་སྨད་གཡོགས་སོགས་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ལྷ་མོ་དཔལ་ཆེན་མོ་སྐུ་མདོག་ལྗང་གུ། གཡས་ནོར་བུས་མཚན་པའི་པདྨ་དང་། གཡོན་སྐྱབས་སྦྱིན་མཛད་པ། གཏེར་གྱི་བུམ་པ་དང་། པད་ཟླ་སེངྒེའི་གདན་ལ་འཁོར་གྲོགས་མོ་བརྒྱད་ཀྱིས་བསྐོར་ནས་བཞུགས་པ། མགོན་དཀར་ཡིད་བཞིན་ནོར་བུ་སྐུ་མདོག་གངས་རི་ལྟར་དཀར་བ་ཞལ་གཅིག་ཕྱག་དྲུག་པ། གཡས་གསུམ་གྱིས་གྲི་གུག་དང་ནོར་བུ་ཌཱ་མ་རུ། གཡོན་གསུམ་ན་ཐོད་པ་ནོར་བུས་གང་བ་དང་། རྩེ་གསུམ་ཞགས་པ་རྣམས་འཛིན་ཅིང་ཞབས་གཉིས་མཉམ་པའི་སྟབས་ཀྱིས་བགེགས་རྒྱལ་གྱི་སྟེང་དུ་འགྱིང་བ། ལྷ་ཆེན་ཚོགས་ཀྱི་བདག་པོ་སྐུ་མདོག་དཀར་པོ་གླང་པོ་ཆེའི་གདོང་པ་ཅན། ཕྱག་བཞིའི་དང་པོ་གཉིས་ཀྱིས་ལ་ཕུག་དང་། དགྲ་སྟྭ། གཉིས་པས་ཐོད་པ་ནོར་བུས་གང་བ་དང་། རྩེ་གསུམ་འཛིན་པ། གསུས་ཁྱིམ་ཆེ་ཞིང་མིའུ་ཐུང་གི་གཟུགས་ཅན་ཟླ་ཚེས་ཀྱི་ཅོད་པན་དང་། རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་། དར་སྣ་ཚོགས་ཀྱི་ན་བཟའ་གསོལ་བ། བྱི་བ་སྔོན་པོའི་གདན་ལ་ཕྱེད་སྐྱིལ་གྱིས་བཞུགས་པ། ལྷ་མོ་དབྱུ་གུ་མཆེད་གསུམ་སྐུ་མདོག་མཐིང་དམར་ལྗང་བ་ཞལ་གཅིག་ཕྱག་གཉིས། གཡས་ནོར་བུ་རིན་པོ་ཆེ་དང་། གཡོན་གཏེར་གྱི་བུམ་པ་རིན་ཆེན་འབར་བས་མཚན་པ་པད་ཟླའི་གདན་སུམ་བསྒྲིགས་ཀྱི་སྟེང་དུ་ཞབས་གཡས་བསྐུམ་གཡོན་བརྐྱང་གིས་བཞུགས་པ་ཞི་འཛུམ་མཛེས་པའི་ལྷ་མོའི་གཟུགས་ཅན། དར་གྱི་སྟོད་གཡོགས་དང་། ལྷབ་ལྷུབ། རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་སྤྲས་པ། གནོད་སྦྱིན་ཆེན་པོ་ཨ་པ་ར་ཛཱི་ཏ་སྐུ་མདོག་དཀར་པོ་ལྕགས་ཀྱུ་དང་བུམ་པ་འཛིན་པ། ཨཱཪྻ་རེ་མནྟ་སྐུ་མདོག་སེར་པོ་ཕྱག་ན་གསེར་གྱི་རལ་གྲི་དང་ནེའུ་ལེ་འཛིན་ཅིང་། རྟ་མཆོག་སྔོན་པོ་ལ་ཆིབས་པ། ལྷ་སྨན་བཀྲ་ཤིས་ཚེ་རིང་མ་སྐུ་མདོག་དཀར་མོ། གཡས་རྡོ་རྗེ་དང་། མདའ་དར། གཡོན་ཚེ་བུམ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་། སེང་གེ་དཀར་མོ་རྒྱན་ལྡན་གྱི་སྟེང་དུ་འགྱིངས་ཤིང་། འཁོར་སྨན་བཙུན་མཆེད་བཞིས་བསྐོར་བ། ཀླུ་རྒྱལ་ཆེན་པོ་ནོར་རྒྱས་སྐུ་མདོག་དཀར་པོ་སྟོད་ལྷ་ཡི་རྣམ་པ་སྨད་སྦྲུལ་མཇུག་འཁྱིལ་པ་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་བའི་བར་དུ་གཏེར་བུམ་ནོར་བུས་གང་བ་འཛིན་ཅིང་། སྦྲུལ་མགོའི་གདེང་ཀ་བདུན་དང་ལྡན་པ། གཏེར་སྲུང་རྨ་རྒྱལ་སྤོམ་ར་སྐུ་མདོག་དཀར་པོ་དུང་ཁྲབ་དང་འཁོར་གསུམ་གསོལ་བ། གཡས་མདུང་དར། གཡོན་ནོར་བུ་དབང་གི་རྒྱལ་པོ་ཐུགས་ཀར་བསྣམས་པ། ལྷ་རྟ་དཀར་པོ་ལ་ཞོན་པ། དེ་དག་གི་མཐའ་སྐོར་དང་བར་མཚམས་རྣམས་སུ། རྩ་བརྒྱུད་ཀྱི་བླ་མ། ཡི་དམ་དཔའ་བོ་མཁའ་འགྲོ། ཆོས་སྐྱོང་ནོར་ལྷ་གཏེར་བདག་གི་ཚོགས་དཔག་ཏུ་མེད་པས་བསྐོར་བ་མངོན་སུམ་བཞིན་དུ་བཞུགས་པར་གྱུར། དེ་ཐམས་ཅད་ཀྱང་སྐུ་མདོག་སེར་པོ་མདངས་དང་འོད་ཟེར་སེར་པོ་དཔག་ཏུ་མེད་པ་འཕྲོ་བའི་སྒོ་ནས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས། དཔལ་དང་འབྱོར་པ། དབང་ཕྱུག་དང་ཤེས་རབ། སྙན་གྲགས་དང་ཕྲིན་ལས་ལ་སོགས་པ་ལེགས་པའི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པའི་ལས་མཛད་པའོ། །ཅེས་བརྗོད་ཅིང་བསམ་མོ། །གཉིས་པ་ཚོགས་བསགས་པ་ལ་བསྡུས་པ་དང་། རྒྱས་པའོ། །དང་པོ་ནི། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །དང་པོ་མེ་ཏོག་ཕོག་པ་ཡི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འདུད། །རིན་ཆེན་རྡོ་རྗེ་འབར་བའི་མེ། །མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད། །མཆོག་སྦྱིན་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་རིན་ཆེན་འབྱུང་ལྡན་ལ། །ཨོཾ་གུ་རུ་རཏྣ་སཾ་བྷ་ཝ་མཎྜལ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས། ཤབྡ་ཨཱཿཧཱུྃ། ཨོཾ་གུ་རུ་རཏྣ་སཾ་བྷ་ཝ་མ་ཧཱ་མཎྜལ་ལ་ས་པ་རི་ཝཱ་ར་སརྦ་ཨ་མྲྀ་ཏ་བོ་དྷི་ཙིཏྟ་ཨ་ཧོ་མ་ཧཱ་སུ་ཁ་ཨཱཿཧཱུྃ་གིས་མཆོད་ལ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ་གྱི་མཐར། མཎྜལ། ཨོཾ་བཛྲ་བྷཱུ་མི་སོགས་ནས། མ་ཚང་བ་མེད་པ་དང་རང་གི་ལུས་ལོངས་སྤྱོད་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་ཀྱང་ལྟོས་མེད་དུ་འབུལ་བར་བགྱིའོ། །ཁྱད་པར་དུ་རང་གི་འདོད་པའི་ལོངས་སྤྱོད་ཀྱི་དངོས་པོ་དེ་དང་དེ། རེ་ལྟོས་མེད་པར་ཡང་དང་ཡང་དུ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། དེ་ལྟ་བུ་ལན་གསུམ་མམ་ལྔ་ལ་སོགས་གྲངས་མང་དུ་འབུལ་ལོ། །བསྡུ་ན། མཎྜལ་གླིང་བཞི་རི་རབ་ཉི་ཟླ་ཟུང་གཅིག་ལྷ་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་སོགས་ནས་གོང་བཞིན་ནོ། །ཚོགས་བསགས་རྒྱས་པར་སྤྲོ་ན། པཎ་ཆེན་ནམ་མཁའ་དཔལ་བཟང་གི་ལམ་འབྲས་བླ་མཆོད་དང་། ལམ་ཟབ་གང་རུང་ལ་སྦྱར་བ་རི་ཐོ་ཡིག་ལྟར་མཆོད་ཕྲེང་རྗེས་ལ་མཎྜལ་གྲངས་བསོགས་དང་། ཡན་ལག་ཕྱི་མ་རྣམས་བྱའོ། །གསུམ་པ་གསོལ་གདབ་ནི། ཕྱོགས་བཅུ་དུས་གསུམ་གྱི་སོགས་ནས། བྱིན་གྱིས་བརླབ་ཏུ་གསོལ། ཞེས་སྙིང་ཐག་པ་ནས་གསོལ་བ་གདབ་བོ། །ཀུན་མཁྱེན་གྱི་མཛད་པའི་བསྟོད་པ་སོགས་འདོན། །བཞི་པ་ཕྱྭ་གཡང་བསྡུ་བ་ནི། སྤོས་རོལ་དང་དབྱངས་ཀྱི་འགྱུར་བ་སྙན་པོས། ཀྱཻ། དང་པོ་གཡང་ལེན་གར་སྲིད་ན། །སྔོན་གྱི་བསྐལ་པའི་དང་པོ་ལ། །ཁ་བ་ཅན་གྱི་རྒྱལ་ཁམས་སུ། །སྤྱན་རས་གཟིགས་ཀྱི་སྤྲུལ་པ་ལས། །སྤྲེའུ་བྱང་ཆུབ་སེམས་དཔའ་བྱུང་། །ཇོ་མོ་སྒྲོལ་མའི་སྤྲུལ་པ་ལས། །བྲག་སྲིན་ནག་མོ་བྱ་བ་བྱུང་། །དེ་གཉིས་ཐབས་ཤེས་འཕྲད་པ་ལས། །གདོང་དམར་མི་རྣམས་ཐམས་ཅད་བྱུང་། །མི་རྣམས་ཕོངས་པས་མནར་བ་ལས། །སྤྲེའུའི་རྒྱལ་པོ་ཡར་གཤེགས་ཏེ། །པོ་ཏ་ལ་ཡི་རྩེ་མོ་ན། །སྤྱན་རས་གཟིགས་དབང་བཞུགས་པ་ལ། །སྤྲེའུའི་རྒྱལ་པོས་འདི་སྐད་ཞུས། ཀྱེ་མ་ལས་ཀྱི་འབྲས་བུ་སྨིན། །དབོན་སྲས་མང་པོ་འཕེལ་བ་ན། །དྲན་པ་གསལ་བ་ལྷ་དང་འདྲ། །གདུག་རྩུབ་ཆེ་བ་ལྷ་མིན་འདྲ། །གོས་མེད་གཅེར་བུ་དུད་འགྲོ་འདྲ། །བཀྲེས་སྐོམ་སྡུག་བསྔལ་ཡི་དྭགས་འདྲ། །ཤིན་ཏུ་སྡུག་བསྔལ་དམྱལ་བ་འདྲ། །རིགས་དྲུག་སྡུག་བསྔལ་ངད་པ་ཚ། །འདི་ལ་ལས་ཐབས་ཅི་ཞིག་བྱ། །དེ་སྐད་ཞུས་པས་བཀའ་སྩལ་པ། །སྤྲེའུའི་རྒྱལ་པོ་ལེགས་པར་ཉོན། །ཁྱོད་ཀྱི་བུ་དང་ཚ་བོ་རྣམས། །གདོང་དམར་སྲིན་པོ་ཡིན་ཟེར་ཏེ། །ཁ་བ་ཅན་གྱི་ཞིང་ཁམས་སུ། །བྱིན་གྱིས་བརླབས་པའི་སྤྲུལ་པ་ཡིན། །ཟས་ལ་འབྲས་བུ་སྣ་ཚོགས་ཟོ། །སྐོམ་དུ་འབྱུང་བ་ཆུ་ལ་འཐུང་། །གོས་སུ་ལྷ་ཡི་ན་བཟའ་གཏོད། །སྐབས་སུ་གཡང་འགུགས་གཡང་ལེན་བྱ། །སྤྱན་རས་གཟིགས་ཀྱིས་དེ་སྐད་གསུངས། །དེ་ནས་སྤྲེའུའི་རྒྱལ་པོ་དེས། །སྔགས་འཆང་རྒྱལ་པོ་སྤྱན་དྲངས་ནས། །ལྷ་གཞི་དཀར་པོའི་གདན་སྟེང་དུ། །དཀོན་མཆོག་མཆོད་པ་རྒྱ་ཆེན་བཤམས། །རྒོད་སྒྲོ་མདའ་དར་དཀར་པོ་ལ། །དངུལ་དཀར་མེ་ལོང་བཏགས་པས་གཡབ། །ཁུ་ཡེ་བརྗོད་ཅིང་འོ་དོད་བོས། །ཐུགས་རྗེ་ཆེན་པོའི་བྱིན་རླབས་དང་། །སྔགས་འཆང་བདག་གི་སྨྲེ་སྔགས་དང་། །དབུ་ནག་བོད་ཀྱི་བསོད་ནམས་ལས། །འོད་ཟེར་སྣ་ལྔ་སྟེང་དུ་འཕྲོས། །ཚངས་པ་དུང་ཐོད་དཀར་པོར་ཕོག །ལྷ་ཡི་ལོངས་སྤྱོད་ལྡན་པ་ལས། །འོད་རླངས་དཀར་པོ་གཅིག་ཏུ་སྤྲུལ། །ལྷ་ཡི་ལོངས་སྤྱོད་བོད་དུ་འོང་། །བོད་ལྷ་ཁམས་འདྲ་བ་དེ་ནས་སྲིད། །འོད་ཟེར་འོག་ཏུ་འཕྲོས་པ་ལས། །ཀླུ་རྒྱལ་གཙུག་ན་རིན་ཆེན་ཕོག །ཀླུ་ཡི་ལོངས་སྤྱོད་འཕན་པོ་ལས། །ཀླུ་ཡི་ལོངས་སྤྱོད་བོད་དུ་འོང་། །བོད་ཀླུ་ལས་གྲོལ་བ་དེ་ནས་སྲིད། །འོད་ཟེར་བར་སྣང་ཁམས་སུ་འཕྲོས། །གཉན་གྱི་རྒྱལ་པོ་ཆེན་པོར་ཕོག །གཉན་གྱི་ལོངས་སྤྱོད་བོད་དུ་འོང་། །བོད་འགྲོལ་ཐབས་གཉན་པ་དེ་ནས་སྲིད། །འོད་ཟེར་ཤར་ཕྱོགས་གླིང་དུ་འཕྲོས། །ཡུལ་འཁོར་སྲུང་གི་རྒྱལ་པོ་ལ། །ལོངས་སྤྱོད་ལྡན་ཞིང་སྐྱེ་བ་བཟང་། །ཤར་ཕྱོགས་གཡང་རྣམས་བོད་དུ་འོང་། །བོད་སྐྱེ་བ་བཟང་བ་དེ་ནས་སྲིད། །འོད་ཟེར་ལྷོ་ཕྱོགས་གླིང་༴ །འཕགས་སྐྱེས་པོ་ཡི་རྒྱལ་པོ༴ །ལོངས་སྤྱོད་ལྡན་ཞིང་དཀོར་ནོར་ཕྱུག །ལྷོ་ཕྱོགས་གཡང་རྣམས་བོད་དུ༴ །བོད་དཀོར་ནོར་ཕྱུག་པ་དེ༴ །འོད་ཟེར་ནུབ་ཕྱོགས༴ །སྤྱན་མི་བཟང་གི༴ །ལོངས་སྤྱོད་ལྡན་ཞིང་མི་འཕེལ་ཆེ། །ནུབ་ཕྱོགས་གཡང་རྣམས༴ །བོད་མི་འཕེལ་ཆེ་བ་དེ༴ །འོད་ཟེར་བྱང་གི་ཕྱོགས་སུ་འཕྲོས། །རྣམ་ཐོས་སྲས་ཀྱི་རྒྱལ༴ །ལོངས་སྤྱོད་ལྡན་ཞིང་སྐུ་ཚེ་རིང་། །བྱང་ཕྱོགས་གཡང་རྣམས༴ །བོད་སྐུ་ཚེ་རིང་བ་དེ༴ །འོད་ཟེར་ཕྱོགས་བཅུ་ཀུན་ཏུ་འཕྲོས། །དེ་རྣམས་ལོངས་སྤྱོད༴ །བོད་ནོར་གཡང་འཕེལ་བ་དེ་ནས་སྲིད། །འོད་ཟེར་རྒྱ་གར་ཡུལ་དུ༴ །རྒྱ་གར་ཆོས་རྣམས༴ །བོད་ཆོས་ལ་དགའ་བ་དེ༴ །འོད་ཟེར་ཏ་ཟིག་ཡུལ་དུ་འཕྲོས། །ཏ་ཟིག་ནོར་རྣམས་བོད༴ །བོད་དཀོར་ནོར་ཕྱུག་པ༴ །འོད་ཟེར་རྒྱ་ནག་ཡུལ་དུ༴ །རྒྱ་ཡི་ཇ་དར༴ །བོད་ཇ་དར་འཕེལ་བ༴ །འོད་ཟེར་ཧོར་གྱི་ཡུལ༴ །ཧོར་གྱི་རྟ་གཡང་༴ །བོད་རྟ་དྲེལ་འཕེལ་བ༴ །འོད་ཟེར་བོད་ཀྱི་ཡུལ་དུ་འཕྲོས། །མི་དང་གཡང་གཉིས་ཀྱི་ལི་ལི། །ཕྱྭ་དང་གཡང་གཉིས་སྒ་ར་ར། །ལོངས་སྤྱོད་སྣ་ཚོགས་དེ་ལས་ཚོགས། སྔོན་གྱི་བཟང་འཕྲོ་དཔལ་བཞིན་དུ། །དར་དཀར་གཡབ་ཅིང་འདིར་འབོད་ན། །དེ་རིང་ཁུ་ཡེ་ཕྱྭ་གཡང་ལེན། །ཅེས་སྔོན་བྱུང་གི་གླེང་གཞིས་མཚམས་སྦྱར་ནས་གཡང་འགུགས་དངོས་ནི། བསང་ཤིང་གི་དུད་པ་དང་དཀར་མངར་རིན་ཆེན་འབྲུ་སྨན་ཇ་ཆང་ཟས་སྣའི་ཕུད་སོགས་ཀྱིས་མཆོད་ཅིང་། ཨོཾ་ཨཱཿཧཱུྃ། ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །དཀོན་མཆོག་རྣམ་གསུམ་ཐུགས་རྗེའི་གཏེར། རྩ་བརྒྱུད་བླ་མ་བྱིན་རླབས་ཅན། །ཡི་དམ་ཞི་ཁྲོ་དངོས་གྲུབ་མཛོད། །མཁའ་འགྲོ་ཆོས་སྐྱོང་ཕྲིན་ལས་བདག །ཁྱད་པར་མཚན་ཙམ་འཛིན་པས་ཀྱང་། །རྒུད་ཅིང་ཕོངས་པ་ཀུན་བསལ་ནས། །འདོད་རྒུའི་ལོངས་སྤྱོད་སྩོལ་མཛད་པའི། །བྱང་ཆུབ་སེམས་དཔའ་རིན་ཆེན་མང་། །རྣམ་མང་ཐོས་སྲས་རྟ་བདག་བརྒྱད། །སྨུགས་འཛིན་དབང་པོ་ནོར་རྒྱུན་མ། །ཡབ་ཡུམ་འཁོར་དང་བཅས་པ་དང་། །གཡང་གི་ལྷ་མོ་དཔལ་ཆེན་མོ། །འཁོར་གྱི་གྲོགས་མོ་བརྒྱད་དང་བཅས། །ཨ་པ་ར་ཛཱི་ཏ་ཚོགས་ཀྱི་བདག །རེ་མནྟ་སོགས་གནོད་སྦྱིན་དང་། །ནོར་ལྷ་གཏེར་བདག་བྱེ་བའི་ཚོགས། །གཙང་རིས་དཔལ་མགོན་དམ་ཚིག་ཅན། །ལྷན་ཅིག་སྐྱེས་དང་འགོ་བའི་ལྷ། །མདོར་ན་དཀར་ཕྱོགས་སྐྱོང་བའི་སྡེ། །སྤྲུལ་དང་ཡང་སྤྲུལ་བཅས་པ་ལ། །ཕྱག་འཚལ་བསྟོད་ཅིང་གསོལ་བ་འདེབས། དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལ། །སྨན་ཤིང་སྤོས་ཀྱི་དུད་པས་མཆོད། །ཟས་མཆོག་ཕྱེ་མར་འབྲུ་སྣས་མཆོད། རིན་ཆེན་དར་ཟབ་རྒྱན་གྱིས་མཆོད། །དཀར་གསུམ་གཙང་མའི་ཕུད་ཀྱིས་མཆོད། །མངར་གསུམ་དང་མའི་བཅུད་ཀྱིས་མཆོད། །ཇ་ཆང་འདོད་ཡོན་སྐྱེམས་ཀྱིས་མཆོད། །བདག་ཅག་སྙིགས་མ་ལྔ་ཡི་འགྲོ། །དབུལ་ཞིང་ཕོངས་པས་ཉམས་ཐག་ཚེ། །མོས་གུས་གདུང་བས་གསོལ་འདེབས་ན། །སྔོན་གྱི་དམ་བཅའ་མ་གཡེལ་བར། །ཐུགས་རྗེ་ཐུགས་དམ་ཤུགས་བསྐྱེད་ལ། །ཕྱྭ་གཡང་འགུགས་པའི་ཕྲིན་ལས་མཛོད། །མདའ་དར་གཡབ་ཅིང་། ཀྱེ། སྟེང་ཕྱོགས་ལྷ་ཁམས་རྣམས་ཀྱི་གཡང་། དེ་རིང་ཁུ་ཡེ་ཕྱྭ་གཡང་ཁུག །བར་སྣང་གཉན་གྱི་རྒྱལ་པོའི་གཡང་། །དེ་རི་ཁུ་ཡེ༴ །ས་འོག་ཀླུ་ཡི་རྒྱལ་པོའི་གཡང་། །དེ་རིང་ཁུ་ཡེ༴ །ཤར་ཕྱོགས་ཡུལ་འཁོར་སྲུང་གི་གཡང་། །དེ་རིང་ཁུ་ཡེ༴ །ལྷོ་ཕྱོགས་འཕགས་སྐྱེས་པོ་ཡི་གཡང་། དེ་རིང་ཁུ་ཡེ༴ །ནུབ་ཕྱོགས་སྤྱན་མི་བཟང་གི་གཡང་། །དེ་རིང་ཁུ་ཡེ༴ །བྱང་ཕྱོགས་རྣམ་ཐོས་སྲས་ཀྱི་གཡང་། །དེ་རིང་ཁུ་ཡེ༴ཕྱོགས་སྐྱོང་ནོར་ལྷ་རྣམས་ཀྱི་གཡང་། །དེ་རིང་ཁུ་ཡེ༴ །ལྷ་འདྲེ་མཐུ་རྩལ་ཅན་གྱི་གཡང་། །དེ་རིང་ཁུ་ཡེ༴ །རྒྱ་གར་རྒྱལ་པོའི་ཆོས་གཡང་དེ། །དེ་རིང་ཁུ་ཡེ༴ །རྒྱ་ནག་རྒྱལ་པོའི་ཇ་དར་གཡང་། །དེ་རིང་ཁུ་ཡེ༴ །ཏ་ཟིག་རྒྱལ་པོའི་ནོར་གཡང་དེ། །དེ་རིང་ཁུ་ཡེ༴ །གེ་སར་རྒྱལ་པོའི་དམག་གཡང་དེ། །དེ་རིང་ཁུ་ཡེ༴ །བལ་པོའི་སྐྱེ་བཞིན་ལེགས་གཡང་དེ། །དེ་རིང་ཁུ་ཡེ༴ །སོག་པོའི་མདའ་རྩལ་ཆེ་བའི་གཡང་། །དེ་རི་ཁུ་ཡེ༴ །དགུང་སྔོན་མཐོན་པོའི་ཕ་གཡང་དེ། །དེ་རིང་ཁུ་ཡེ༴ །དོག་མོ་ས་ཡི་མ་གཡང་དེ། །དེ་རིང་ཁུ་ཡེ༴ །ཉི་ཟླ་སྐར་གསུམ་བཀྲ་གཡང་དེ། །དེ་རིང་ཁུ་ཡེ༴ །འཇའ་ཚོན་སྣ་ལྔའི་བཀྲག་གཡང་དེ། །དེ་རིང་ཁུ་ཡེ༴ །ལྷོ་སྤྲིན་སྨུག་པོའི་ཕྱུར་གཡང་དེ། །དེ་རིང་ཁུ་ཡེ༴ །རི་རབ་ལྷུན་པོའི་བརྟན་གཡང་དེ། དེ་རིང་ཁུ་ཡེ༴ །གླིང་ཆེན་བཞི་ཡི་བཀོད་གཡང་དེ། །དེ་རིང་ཁུ་ཡེ༴ །གླིང་ཕྲན་བརྒྱད་ཀྱི་འཁོར་གཡང་དེ། དེ་རིང་ཁུ་ཡེ༴ །རི་ཕྲན་རྣམས་ཀྱི་བཙུན་གཡང་དེ། །དེ་རིང་ཁུ་ཡེ༴ །རྒྱ་མཚོ་ཆེན་པོའི་ཟབ་གཡང་དེ། །དེ་རིང་ཁུ་ཡེ༴ །དཔག་བསམ་ཤིང་གི་ལོ་གཡང་དེ། །དེ་རིང་ཁུ་ཡེ༴ །རྩི་ཤིང་ནགས་ཚལ་འཕན་གཡང་དེ། །དེ་རིང་ཁུ་ཡེ༴ །ཕྱུག་པོ་རྣམས་ཀྱི་ཕྱུག་གཡང་དེ། །དེ་རིང་ཁུ་ཡེ༴ །འཕན་པོ་རྣམས་ཀྱི་འཕན་གཡང་དེ། །དེ་རིང་ཁུ་ཡེ༴ །བཙན་པོ་རྣམས་ཀྱི་བཙན་གཡང་དེ། །དེ་རིང་ཁུ་ཡེ༴ །གཉན་པོ་རྣམས་ཀྱི་གཉན་གཡང་དེ། །དེ་རིང་ཁུ་ཡེ༴ །འཆི་མེད་རྡོ་རྗེའི་ཚེ་གཡང་དེ། །དེ་རིང་ཁུ་ཡེ་ཕྱྭ་གཡང་ཁུག །རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་གཡང་། །དེ་རིང་ཁུ་ཡེ་ཕྱྭ་གཡང་ཁུག །ཁུ་ཡེ་ཕྱྭ་ཁུག་གཡང་ཁུག་ལ། །གཡང་ལེན་ཕུད་ཀྱིས་ནོར་ལྷ་མཆོད། །གཡང་ལེན་ཕུད་ཀྱིས་ཕྱུགས་ལྷ་མཆོད། །གཡང་ལེན་ཕུད་ཀྱིས་ཁྱིམ་ལྷ་མཆོད། །གཡང་ལེན་ཕུད་ཀྱིས་ཚེ་ལྷ་མཆོད། །འཆི་མེད་ཚེ་དང་འཛད་མེད་ནོར། །དཔལ་འབྱོར་ལོངས་སྤྱོད་ཕྱྭ་གཡང་ཀུན། །རི་ལྟར་སྤུངས་ཤིང་མཚོ་ལྟར་བསྐྱིལ། །བདེ་སྐྱིད་བཀྲ་ཤིས་དངོས་གྲུབ་སྩོལ། །རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། །མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། །དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་གྲངས་མེད་པ་འཕྲོས་པས། སྲིད་ཞིའི་ཚེ་བསོད་དཔལ་འབྱོར་ཕྱྭ་གཡང་ལོངས་སྤྱོད་བརྟན་གཡོའི་དྭངས་བཅུད་ཐམས་ཅད་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན་དང་འཇའ་ཟེར་ཐིག་ལེའི་རྣམ་པར་སྤྱན་དྲངས། མདུན་གྱི་རྟེན་རྫས་རྣམས་ལ་ཐིམ་པས་འདོད་རྒུ་ཐམས་ཅད་ཡིད་བཞིན་དུ་སྩོལ་བར་གྱུར། པར་བསམས་ལ། །ལྔ་པ་སྔགས་བཟླ་བ་ནི། གོང་གི་བསྐྱེད་ཆོག་དང་མཐུན་པར་སྔགས་བཟླ་བར་བྱ་སྟེ། ཨོཾ་ཨཱཿགུ་རུ་རཏྣ་སཾ་བྷ་ཝ་སརྦ་སིདྡྷི་ཧཱུྃ། བླ་མ་རིན་འབྱུང་གི་སྔགས་དང་། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿབི་ཤྭ་མུ་ཁེ་བྷྱཿསརྦ་ཐ་ཁཾ་ཨངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་དང་། ཨོཾ་བཻ་ཤྲ་ཝ་ཎཱ་ཡེ་སྭཱ་ཧཱ། ཞེས་རྣམ་སྲས་དང་། ཨོཾ་པདྨ་ཀྲོ་དྷ་ཨཱརྱ་ཛམ་བྷ་ལ་ཧྲྀ་དཱ་ཡ་ཧཱུྃ་ཕཊ། ཛམ་དཀར་དང་། ཨོཾ་ཛམ་བྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ། ཛམ་སེར་ནག་ལྗང་གསུམ་ཐུན་མོང་དང་། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་དྷ་ན་མེ་དྷི་ཧྲཱིཿསྭཱ་ཧཱ། ཛམ་དམར་དང་། ཨོཾ་བ་སུ་དྷ་རཱི་ཎི་སྭཱ་ཧཱ། ནོར་རྒྱུན་མ་དང་། ཨོཾ་ཀ་མ་ལ་བཱ་སི་ནི། ཀ་མ་ལེ་མ་ཧཱ་ལ་ཀྵྨིར་ཛྱཾ་མེ། བ་སུ་ནཱ་ནཱ་ཁ་དྷེ་སརྦ་སིདྡྷི་དེ་ཧི་དེ་ཧི་བ་ར་དེ་སྭཱ་ཧཱ། དཔལ་ཆིན་མ་དང་། གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿམགོན་དཀར་དང་། ཨོཾ་བྷྲཱུྃ་ག་ཎ་པ་ཏི་ཡེ་སྭཱ་ཧཱ། ཚོགས་བདག་དང་། ཨོཾ་ཨི་ལི་ཀི་ལི་པི་ལི་ཀི་ཀི་ལི་སྭཱ་ཧཱ། ཨོཾ་ཨ་ན་ལེ་ཀུཎྜ་ལཱི་གྲྀཧྣ་བིནྜ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། ཨོཾ་ན་མཿཤུཀྵ་ཎ་བ་སུ་མུ་ཁྃ་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། ཞེས་དབྱུག་གུ་ལྷ་མོ་མཆེད་གསུམ་དང་། ཨོཾ་ཨ་པ་ར་ཛཱི་ཏ་རཏྣ་སརྦ་སིདྡྷི་བྷྲཱུྃ། ཞེས་ཨ་པ་ར་ཛཱི་ཏ་དང་། ཨོཾ་ཨཱཪྻ་ར་མནྟཱ་ཡེ་སྭཱ་ཧཱ། ཞེས་རེ་མནྟ་དང་། །བྃ་ཧ་རི་ནི་ས་བཛྲ་པྲ་མོ་ཧ་ཙིཏྟ་ཧྲིཾ་ཧྲིཾ་ཛ་ཛཿཞེས་ཚེ་རིང་མཆེད་ལྔ་དང་། ཨོཾ་བ་སུ་ཀི་མཾ་སྭཱ་ཧཱ། ཞེས་ཀླུ་ནོར་རྒྱས་དང་། ཨོཾ་ཀུ་མ་ར་ཕུ་ཏྲི་སརྦ་སིདྡྷི་སིདྡྷི་ཧཱུྃ་སྭཱ་ཧཱ། ཞེས་སྤོམ་ར་དང་། ཏདྱ་ཐཱ། ཧི་ལི་མ་ཎི་བྷ་དྲ། ཧི་ལི་ཧི་ལི་མ་ཎི་བྷ་དྲ། ཀི་ལི་མ་ཎི་བྷ་དྲ། ཀི་ལི་ཀི་ལི་མ་ཎི་བྷ་དྲ། ཀུ་རུ་མ་ཎི་བྷ་དྲ། ཀུ་རུ་ཀུ་རུ་མ་ཎི་བྷ་དྲ། ཏུ་རུ་མ་ཎི་བྷ་དྲ། ཏུ་རུ་ཏུ་རུ་མ་ཎི་བྷ་དྲ། ཙི་ལི་མ་ཎི་བྷ་དྲ། ཙི་ལི་ཙི་ལི་མ་ཎི་བྷ་དྲ། སུ་རུ་མ་ཎི་བྷ་དྲ། སུ་རུ་སུ་རུ་མ་ཎི་བྷ་དྲ། ཙུ་རུ་མ་ཎི་བྷ་དྲ། ཙུ་རུ་ཙུ་རུ་མ་ཎི་བྷ་དྲ། ཨོཾ་ཨེ་ཧྱེ་ཧི་ཏིཥྛ་ཏིཥྛ། སརྦ་ཨརྠ་མེ་སཱ་དྷ་ཡ། ཏདྱ་ཐཱ། སུ་དྷ་ནེ། སུ་ར་ཎེ། སུ་མ་ཏི། སུ་པུ་ཥེ། ཧི་ལི་མི་ལི་སྭཱ་ཧཱ། ཞེས་ནོར་ལྷ་སྤྱིའི་སྔགས་རྣམས་ཅི་ནུས་བཟླས། གྲངས་བསོགས་ན་གཡང་འབོད་གཞུང་ལྟར་དང་། མཆོད་པ་ཞལ་གསོ། ཨོཾ་ཨཱཿཧཱུྃ། ཕྱོགས་བཅུའི་འཇིག་རྟེན་སོགས་ནས། འདི་ཡན་བསྐྱར་ཞིང་སྔགས་བཟླབ་སྤེལ། །དྲུག་པ་གཡང་ལེན་ནི། ཀྱེ། མཐོ་བ་སྲིད་གསུམ་ཡར་རྩེ་ནས། རླུང་གི་རྒྱ་གྲམ་ཡན་བར་གྱི། །ཁམས་ལྔའི་ནུས་བཅུད་ཚེ་དཔལ་གཡང་། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །ཕྱོགས་བཅུ་དག་པའི་ཞིང་ཁམས་དང་། འཛམ་གླིང་རྔ་ཡབ་གཞན་གསུམ་ནས། དམ་པ་ཆོས་ཀྱི་ཆབ་སྲིད་དེ། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །ལྷ་གནས་སུམ་ཅུ་རྩ་གསུམ་དང་། །ལུས་འཕགས་ལུས་དང་འཕགས་པ་ནས། །མཐོ་རིས་སྙན་གྲགས་རྒྱལ་སྲིད་དེ། །དེང་འདིར་ཁུ་ཡེ༴ །གནོད་སྦྱིན་གྲོང་ཁྱེར་ཁང་བཟང་དང་། །བ་ལང་སྤྱོད་གླིང་གཡོ་ལམ་ནས། །བ་ཕྱུགས་ནོར་མཛོད་རྨ་གཡང་དེ། །དེང་འདིར་ཁུ་ཡེ༴ །མཐོ་རིས་ནམ་མཁའ་གནས་རྣམས་དང་། །སྒྲ་མི་སྙན་གཉིས་དེའི་ཟླ་ནས། །འཆི་མེད་ཚེ་ཡི་སྲོག་གཡང་དེ། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །བསམ་གཏན་བཞི་གནས་མན་ཆད་དང་། ས་འོག་ལྟོ་འཕྱེའི་གནས་ཡན་གྱི། །བདེ་སྐྱིད་བཀྲ་ཤིས་ཕུན་ཚོགས་དེ། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །ཀྱེ། ཕྱོགས་བཅུ་དུས་གསུམ་བྱོན་པ་ཡི། །དཀོན་མཆོག་རིན་ཆེན་རྣམ་གསུམ་དང་། །རྩ་བརྒྱུད་བླ་མའི་བྱིན་རླབས་དེ། །དེང་འདིར་ཁུ་ཡེ་ཕྱ་གཡང་ལེན། །ཐེག་པ་རིམ་དགུ་རྒྱུད་སྡེ་བཞི། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ཀྱི། །མཆོག་དང་ཐུན་མོང་དངོས་གྲུབ་དེ། །དེང་འདིར་ཁུ་ཡེ་ཕྱ་གཡང་ལེན། །གནས་གསུམ་དཔའ་བོ་མཁའ་འགྲོ་དང་། ཆོས་སྲུང་དམ་ཅན་རྒྱ་མཚོའི་སྡེར། །གང་བཅོལ་གཡེལ་མེད་ཕྲིན་ལས་དེ། །དེང་འདིར་ཁུ་ཡེ་ཕྱ་གཡང་ལེན། །གནོད་སྦྱིན་དབུལ་སེལ་ནོར་སྐྱོང་དང་། །མི་ཟད་འདོད་དགུ་དབང་རྣམས་ཀྱི། །དགོས་འབྱུང་ལོངས་སྤྱོད་གཏེར་མཛོད་དེ། །དེང་འདིར་ཁུ་ཡེ༴ །རིགས་རུས་སྣག་འབྲང་དང་སྐྱེས་ལྷ། །འགོ་བའི་དགྲ་ལྷ་དཔུང་གཉེན་དུ། །མི་འབྲལ་ཟུང་དུ་འགྲོགས་པའི་གཡང་། །དེང་འདིར་ཁུ་ཡེ༴ །དམ་ལྡན་དཀར་པོའི་ཕྱོགས་སྐྱོང་བའི། །ཡུལ་ལྷ་གཞི་བདག་གནས་སྲུང་རྣམས། །རྐྱེན་བསལ་མཐུན་འགྲུབ་མི་འབྲལ་གཡང་། །དེང་འདིར་ཁུ་ཡེ༴ །སྣང་སྲིད་སྣོད་བཅུད་དཀྱིལ་འཁོར་ལྷ། གདོད་ནས་དག་པ་ལྷུན་གྲུབ་གཤིས། །གནས་ལུགས་ཕྱག་རྒྱ་ཆེན་པོའི་གཡང་། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། ཀྱེ། ཚེ་སྣང་མཐའ་ཡས་རྣམ་པར་རྒྱལ། །འཕགས་མ་པད་འབྱུང་གྲུབ་རྒྱལ་སོགས། །འཆི་མེད་བརྙེས་རྣམས་ཚེ་དངོས་དེ། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །བདེ་གཤེགས་མཆེད་བདུན་སྤྲུལ་པ་ལྔ། །ནང་པ་ལྷ་མི་དྲང་སྲོང་ཕྱིའི། །ན་གསོ་འཆི་བསླུ་སྨན་ནུས་དེ། །དེང་འདིར་ཁུ་ཡེ་ཕྱཱ་གཡང་ལེན། །འཇམ་མགོན་ངག་དབང་དབྱངས་ཅན་སོགས། །ཕྱོགས་དུས་རྒྱལ་བ་སྲས་བཅས་ཀྱི། །མཁྱེན་རབ་བློ་གྲོས་སྤོབས་པ་དེ། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །སྙིང་རྗེའི་སྤྱན་རས་གཟིགས་འགྲོ་མགོན༴ས་དང་ལམ་གནས་བྱང་སེམས་རྣམས། །ཐུགས་བསྐྱེད་གཞན་དོན་ཕྱོགས་མེད་དེ། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །གསང་བདག་རྡོར་འཛིན་རྟ་མགྲིན་སོགས། །གསང་སྔགས་རིགས་གཟུངས་གྲུབ་བརྙེས་པས། །ལོག་འདྲེན་གཞོམ་པའི་མཐུ་སྟོབས་དེ། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །འདུལ་བ་མདོ་སྡེ་མ་མོ་སྔགས། །གསར་རྙིང་བསྟན་འཛིན་བརྒྱུད་བཅས་ཀྱི། །སྤངས་རྟོགས་བརྟུལ་ཞུགས་གྲུབ་འབྲས་དེ། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །རྒྱ་བོད་མཁན་སློབ་པཎ་གྲུབ་ལོས། །འཆད་ཉན་རྩོམ་བསྒྱུར་སྒོམ་སྒྲུབ་རྒྱུན། །སངས་རྒྱས་བསྟན་པ་དར་བའི་གཡང་། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །མོ་རྩིས་རྫས་སྔགས་སྒོམ་སྒྲུབ་སོགས། །ཟག་བཅས་ཟག་མེད་མངོན་མཁྱེན་ལྔས། །དུས་གསུམ་གསལ་སྟོན་པྲ་གཡང་དེ། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །སོ་འབྲང་སོགས་ལྔ་པདྨ་འབྱུང་། །ནཱ་གཱ་རྫུ་ནའི་དྲང་སྲོང་སོགས། །སྲི་འདུལ་སྲིད་སྤེལ་སྲུང་སྐྱོབས་གཡང་། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །ལྷ་ཀླུ་གནོད་སྦྱིན་གཏེར་གྱི་བདག །བརྒྱད་བརྒྱད་བློན་འཁོར་འབངས་བཅས་ཀྱི། །འཛད་མེད་དབྱིག་གི་བང་མཛོད་དེ། །དེང་འདིར་ཁུ་ཡེ༴ །ཛཾ་ལྷ་ནོར་བུ་རྣམ་མང་བུ། །གནོད་སྦྱིན་སྡེ་དཔོན་འབྲོག་གནས་སོགས། །རྐང་བཞིའི་ཕྱུགས་གཡང་རྨ་གཡང་དེ། དེང་འདིར་ཁུ་ཡེ༴ །མཁར་ཁྱིམ་ཐབ་མཛོད་འདོད་འཇོའི་ལྷ། །མ་ཕྱིའི་གྲོགས་རྒྱལ་མཐིང་གེ་སོགས། །བཟའ་བཏུང་ཟས་བཅུད་སྲིད་གཡང་དེ། །དེང་འདིར་ཁུ་ཡེ༴ །མ་དྲོས་ཆུ་བཞི་གངས་ཅན་རི། །འབིགས་བྱེད་ཡུལ་དྲུག་འཛམ་གླིང་སྤྱིའི། །སྐམ་གཤེར་ཡུལ་གནས་གཞི་བདག་གཡང་། །དེང་འདིར་ཁུ་ཡེ༴ །ཁྱད་པར་ཏི་སེ་ཐང་ལྷ་རྨ། །མ་ཕམ་གཡུ་མཚོ་ཁྲི་ཤོད་སོགས། །བོད་ཁམས་གནས་བདག་རྨ་གཡང་དེ། །དེང་འདིར་ཁུ་ཡེ༴ །ཆོས་རྒྱལ་རིགས་ལྡན་མང་བཀུར་སོགས། །མི་དབང་གསེར་དངུལ་ཟངས་ལྕགས་ཀྱི། །འཁོར་ལོས་སྒྱུར་རྣམས་ཆབ་སྲིད་བརྟན། དེང་འདིར་ཁུ་ཡེ༴ །གཤིན་རབས་ཕྱྭ་ལྷ་དགུ་ཁྲི་འབུམ། །གས་ཀར་སུམ་བརྒྱ་དྲུག་ཅུ་སོགས། །གཡུང་དྲུང་བོན་གྱི་ཕྱྭ་གཡང་དེ། །དེང་འདིར་ཁུ་ཡེ༴ །འཕགས་བོད་བདེ་འབྱུང་ཨུ་རྒྱན་སོགས། །རྒྱལ་བསྟན་སྤེལ་སྐྱོང་ཆོས་ཀྱི་ཁྲིམས། །བསྟན་འགྲོར་དགེ་བའི་ལེགས་མཛད་དེ། །དེང་འདིར་ཁུ་ཡེ༴ །ཏ་ཟིག་རྒྱ་བོད་ཧོར་ཁྲིམས་སོགས། །ནོར་སྤེལ་དགྲ་འདུལ་གཉེན་སྐྱོང་བའི། །ཆེ་བཙུན་བཙན་ཕྱུག་རྒྱལ་སྲིད་གཡང་། །དེང་འདིར་ཁུ་ཡེ༴ །མཐའ་ཀླུང་དབུས་ལྗོངས་ཙཱི་ན་སོགས། །མི་རྒྱུད་ལོ་འབྲས་འཕན་དར་འཕེལ། །རིན་ཆེན་ཇ་དར་གོས་ཟས་གཡང་། །དེང་འདིར་ཁུ་ཡེ་ཕྱྭ༴ །ཀྱེ། སྟོང་ཁམས་གསུམ་ན་ཡུལ་བདེ་ཞིང་། །རྫོང་བཙན་ཁྲིམས་བརྟན་དུས་ཆར་འབེབས། །ལོ་ལེགས་ཆོས་དར་ཕྱི་ཡི་གཡང་། །དེང་འདིར་ཁུ་ཡེ༴ །མི་ཆོས་ཕྱུགས་རྒྱུད་འཕེལ་ནང་གཤིན། །ཕོ་དཔའ་མོ་འཛང་འོག་རྟ་མགྱོགས། །གོ་བཙན་མཚོན་རྣོ་ནང་གི་གཡང་། །དེང་འདིར་ཁུ་ཡེ༴ །མཁས་གྲུབ་རྩོད་རྒྱལ་དོན་གཉིས་གྲུབ། །ནད་མེད་ཚེ་རིང་རྒྱགས་སྐྱིད་བདེ། །མཐར་ཐུག་འཚང་རྒྱ་དོན་གྱི་གཡང་། །དེང་འདིར་ཁུ་ཡེ༴ །ཆོས་དབྱིངས་ཆོས་ཅན་བསླུ་མེད་མཐུས། །བདེན་པའི་ཚིག་ལ་དབང་རྣམས་ཀྱིས། །ཅི་བཏབ་སྨོན་ལམ་འགྲུབ་པའི་གཡང་། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །ཚོགས་རྫོགས་རྟེན་འབྲེལ་མངའ་ཐང་ལས། །རྫས་རྟགས་རྒྱལ་སྲིད་ཉེར་བཅས་ཀྱི། །འཇིག་རྟེན་དགེ་མཛད་བཀྲ་ཤིས་གཡང་། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །ལོངས་སྤྱོད་བཀྲ་ཤིས་ཕུན་ཚོགས་ཀུན། །གནས་འདིར་བརྟན་པའི་དངོས་གྲུབ་སྩོལ། །འདོད་རྒུའི་དཔལ་འབྱོར་རྒྱས་པ་དང་། བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །ཅེས་གསོལ་བ་གདབ། །བདུན་པ་བླ་མ་རིན་འབྱུང་རྣལ་འབྱོར་གྱི་བསྒྲུབ་པ་དང་། ལས་སྦྱོར་ནི། སླར་ཡང་བླ་མ་གོང་མས་མཛད་པའི་རིན་འབྱུང་གསོལ་འདེབས་དང་། ཕྱོགས་དུས་མ་སོགས་ཀྱིས་གསོལ་གདབ་བྱས་ལ། ལམ་ཟབ་དང་སྦྱར་ཚེ་དབང་བཞི་བླང་བའི་མཐར། ཐལ་མོ་སྦྱར་ཏེ། བླ་མ་ཡོན་ཏན་རིན་ཆེན་འབྱུང་ལྡན་འཁོར་དང་བཅས་པས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ། དབང་ཕྱུག་དང་ཤེས་རབ། སྙན་གྲགས་དང་ཕྲིན་ལས་ལ་སོགས་པ་ལེགས་པའི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་ལན་གསུམ་ལ་སོགས་པ་བཏབ་པས། བླ་མའི་ཕྱག་གཡས་པ་མཆོག་སྦྱིན་གྱི་མཐིལ་ནས་དགོས་འདོད་ཐམས་ཅད་ཆར་བཞིན་དུ་བབས། རང་གི་གནས་ཁང་ལུང་པ་ལ་སོགས་པ་མེར་གྱིས་ཁེངས། བདག་དང་སེམས་ཅན་ཐམས་ཅད་ཀྱི་བསམ་པ་རྫོགས་པར་གྱུར། ཅེས་བརྗོད་པ་ནི་སྒྲུབ་པའོ། །ལས་སྦྱོར་དེ་ཁོ་ན་ཉིད་ལ་བློ་བཞག་པ་ནི། བླ་མ་རིན་ཆེན་འབྱུང་ལྡན་འཁོར་དང་བཅས་པ་ལས་རང་འདྲ་གཉིས་པ་རེ་ཆད་དེ་རང་གི་སྨིན་མཚམས་ནས་ཐིམ་པས་བླ་མ་རིན་ཆེན་འབྱུང་ལྡན་གྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་། རང་གི་ལུས་ངག་ཡིད་གསུམ་བྱ་བྱེད་ཕྲིན་ལས་དང་བཅས་པ་རྣམས་དབྱེར་མེད་དུ་གྱུར་པ་ལས་སྔར་གྱི་གདན་ལྔ་བརྩེགས་ཀྱི་སྟེང་དུ་རང་ཉིད་བླ་མ་རིན་ཆེན་འབྱུང་ལྡན་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ། གཡོན་པས་མཉམ་བཞག་དང་། གཡས་པས་མཆོག་སྦྱིན་གྱི་ཕྱག་རྒྱས་གདུལ་བྱ་རྣམས་ལ་ཅི་འདོད་སྟེར་བ་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རིན་པོ་ཆེའི་དབུ་རྒྱན་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། །དར་སྣ་ཚོགས་ཀྱི་ན་བཟའ་ཅན། སྤྱི་གཙུག་སེམས་ཅན་ཐམས་ཅད་ཀྱིས་བལྟ་བར་མི་མངོན་པ་ལ་སོགས་པ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། སེན་མོ་ཟངས་ཀྱི་མདོག་ལྟར་དམར་བ་ལ་སོགས་པ་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། འོད་ཟེར་བྱེ་བ་འགྱེད་པས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་གང་ལ་ཅི་འདོད་ཀྱི་རེ་བ་དང་འདོད་དགུ་ཕུན་སུམ་ཚོགས་པར་ཐམས་ཅད་བསྐང་ནས་བླ་ན་མེད་པ་ཡང་དག་པ་རྫོགས་པའི་སངས་རྒྱས་ཀྱི་ས་ལ་བཀོད་པར་གྱུར། ཞེས་བསམ་མོ། །དེ་རྣམས་ཀྱང་རང་གི་སེམས་ཉིད་དག་པ་གཅིག་གི་ཆོ་འཕྲུལ་དུ་ཤེས་པར་བྱས་ལ། གསལ་བ་ལྷུག་པ། མི་རྟོག་པ་གསུམ་སོར་སོར་བཟུང་ནས་གསལ་བ་སེམས་ཀྱི་མཚན་ཉིད། སྟོང་པ་སེམས་ཀྱི་རང་བཞིན། བཅོས་མིན་སེམས་ཀྱི་ངོ་བོ། ཞེས་དྲན་པར་བྱས་ལ་སེམས་མ་བཅོས་ལྷུག་པའི་ངང་ལ་ཅི་ནུས་མཉམ་པར་བཞག་གོ། བརྒྱད་པ་གཡང་ཆོག་གི་རྗེས་རིམ་ནི། མཆོད་པ་ཁ་གསོས་ལ་བྱིན་གྱིས་བརླབས། ཨོཾ་གུ་རུ་རཏྣ་སཾ་བྷ་ཝ་མཎྜལ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས། ཤབྡ་ཨཱཿཧཱུྃ་གི་བར་གྱིས་མཆོད། རིན་ཆེན་རྡོ་རྗེ་འབར་བའི་མེ། །མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད། །མཆོག་སྦྱིན་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་རིན་ཆེན་འབྱུང་ལྡན་ལ། །བསྟོད་པར་འོས་པ་སོགས་ཀྱིས་བསྟོད། ཐལ་མོ་སྦྱར་ཏེ། རྩེ་གཅིག་པའི་སེམས་ཀྱིས། དཔལ་ལྡན་བླ་མ་དམ་པ་རིན་ཆེན་འབྱུང་ལྡན་གྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་དབུལ་འཕོངས་བཀྲེས་སྐོམ་གྱི་སྡུག་བསྔལ་ཐམས་ཅད་ཞི་ཞིང་དག་ནས། ཚེ་དང་བསོད་ནམས་རྒྱས་པར་མཛད་དུ་གསོལ། འཁོར་དང་ལོངས་སྤྱོད་རྒྱས་པར་མཛད་དུ་གསོལ། དཔལ་དང་འབྱོར་པ་རྒྱས་པར་མཛད་དུ་གསོལ། དབང་ཕྱུག་ཕུན་སུམ་ཚོགས་པ་རྒྱས་པར་མཛད་དུ་གསོལ། སྙན་གྲགས་ཕྱོགས་བཅུར་རྒྱས་པར་མཛད་དུ་གསོལ། ལུང་རྟོགས་ཡོན་ཏན་རྒྱས་པར་མཛད་དུ་གསོལ། རྣམ་དཀར་ཕྲིན་ལས་རྒྱས་པར་མཛད་དུ་གསོལ། ཞེས་ལན་མང་དུ་བརྗོད་ནས་གསོལ་བ་བཏབ། ཡིག་བརྒྱ་ལན་གསུམ་དང་། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། ཨོཾ་འདིར་ནི་རྟེན་དང་སོགས་དང་། མདུན་དུ་བཞུགས་པའི་བླ་མ་རིན་ཆེན་འབྱུང་ལྡན་རྩ་གསུམ་ནོར་ལྷ་རབ་འབྱམས་ཀྱི་ཚོགས་འཁོར་དང་བཅས་པ་རྣམས་འོད་དུ་ཞུ་སྟེ་རྟེན་རྣམས་ལ་ཐིམ་པས་གཡང་རྟེན་རྣམས་ངོ་བོ་བླ་མ་ནོར་ལྷ་འཁོར་བཅས་དང་གཉིས་སུ་མེད་པ་ལ་རྣམ་པ་འཁོར་འདས་ཀྱི་ཕྱྭ་གཡང་དྭངས་བཅུད་ཐམས་ཅད་གཅིག་ཏུ་འདུས་པ་དགོས་འདོད་ཐམས་ཅད་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུར་གྱུར། ཅེས་བརྗོད་དེ་ཡེ་ཤེས་པ་རྣམས་རྟེན་ལ་བསྟིམས། རྟེན་འབྲེལ་སྙིང་པོ་བརྗོད་ཅིང་མེ་ཏོག་འཐོར་བས་བརྟན་པར་བྱ། དགེ་བ་འདི་ཡིས་མྱུར་དུ་བདག །བླ་མ་རིན་འབྱུང་འགྲུབ་གྱུར་ནས། སོགས། དགེ་བ་འདི་ཡི་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། །ལོངས་སྤྱོད་ཟད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པ། །རང་དབང་དུ་ནི་སྤྱོད་པར་ཤོག །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བ་ཡི། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཞེས་སོགས་ཁྱད་པར་གྱི་བསྔོ་སྨོན་དང་། ཆེ་བའི་ཆེ་མཆོག་སོགས་མདོ་རྒྱུད་ལས་བྱུང་བ་དང་། འབད་དང་རྩོལ་བས་མ་གོས་ཀྱང་། །ཡིད་བཞིན་ནོར་བུ་དཔག་བསམ་བཞིན། །སེམས་ཅན་རེ་བ་སྐོང་མཛད་པ། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །གནས་འདིར་ཉིན་མོ་བདེ་ལེགས་སོགས་སྐབས་སུ་བབས་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང་བཅས་ཏེ་མེ་ཏོག་གི་ཆར་སིལ་མར་བསྙིལ་བར་བྱའོ། །གྲོལ་ཉིན་སྦྱིན་བདག་ལ་གཡང་གཏད་སོགས་བྱེད་ན་བརྟན་བཞུགས་ཚར་བའི་རྗེས་སྟན་བཟང་པོ་ལ་འབྲུ་དཀར་གྱིས་གཡུང་དྲུང་རིས་བྲིས་པར་ཡོན་བདག་གོས་རྒྱན་བཅས་ཏེ་འཁོད། སྤྲོ་ན་སྦྱོང་བ་གསུམ་གྱིས། བཀྲ་ཤིས་པའི་ཆོ་ག་སྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་བསྐྲད། གང་ལྟར་ཡང་། སྦྱིན་པའི་བདག་པོ་ནོར་སྦྱིན་བྱེ་བའི་སྡེ་དཔོན་ཛམྦྷ་ལའི་སྐུར་གྱུར་ལ་ཕྱྭ་གཡང་ལོངས་སྤྱོད་ཀྱི་རྫས་རྣམས་གཏད་པས་འདོད་རྒུའི་འབྱོར་པའི་དངོས་གྲུབ་ཟད་མི་ཤེས་པ་ལ་ལོངས་སྤྱོད་པའི་དགེ་མཚན་རྒྱས་པར་གྱུར། པའི་མོས་པས་སྔགས་རྣམས་ཀྱི་མཐར་རྟེན་འབྲེལ་སྙིང་པོ་སྦྲེལ་བ་བཟླ་ཞིང་མེ་ཏོག་འཐོར་བ་དང་བཅས་རྟེན་རྫས་རྣམས་ལག་ཏུ་གཏད། སྤྲོ་ན་གཡང་འགུགས་ཚར་གཅིག་བསྐྱར་གང་ལྟར་ཡང་སྨོན་ལམ་དང་བཀྲ་ཤིས་གོང་དུ་སྨོས་བ་ལྟར་རྒྱས་བསྡུས་ཅི་རིགས་པར་བརྗོད་ཅིང་མེ་ཏོག་གི་ཆར་དབབ་རོལ་མོའི་སྒྲ་སྙན་བར་སྦྱར་བས་དགེ་ལེགས་སུ་བྱའོ། །འདི་བྱས་དགེ་ཚོགས་ནོར་བུའི་སྤྲིན་ཆེན་ལས། །བྱུང་བའི་གྲུ་ཆར་འདོད་དགུའི་འབྱོར་པ་ཡིས། །བསྟན་འགྲོའི་དབུལ་བ་མ་ལུས་ཀུན་སེལ་ནས། །དགེ་ལེགས་ཡིད་བཞིན་དཔལ་གྱིས་འབྱོར་པར་ཤོག །ཅེས་པའང་ལྕགས་ར་བསམ་འགྲུབ་རྩེའི་ལྷ་བྲིས་པ་བློ་གྲོས་ཆོས་འཕེལ་ནས་བཟང་གོས་སྟེགས་ཁེབས་བཅས་བསྐུལ་ངོར། འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་གྲོ་བཞིན་ཟླ་བའི་ཡར་ཚེས་བརྒྱད་བཟང་པོར་འདོན་བདེར་བསྒྲིགས་པའི། ཡི་གེ་པ་ཆབ་མདོ་སྐྱོ་མདའ་སྤྲུལ་སྐུ་འཇམ་དབྱངས་ཆོས་ཀྱི་ཉིན་བྱེད་ཀྱིས་སྒོ་གསུམ་གུས་པས་བགྱིས་པ་སྟེ་འདིས་ཀྱང་མཐའ་ཡས་པའི་བསྟན་པ་དང་སེམས་ཅན་ལ་ཕན་བདེ་རྒྱ་ཆེན་པོ་འབྱུང་ཞིང་། འདོད་རྒུའི་འབྱོར་པ་རྫོགས་ལྡན་དཔལ་གྱིས་ཁྱབ་པའི་རྒྱུར་གྱུར་ཅིག །།།
[edit]

@#/__/bla ma rin 'byung dang thang rgyal g.yang skyabs sbrag sgrub kyi 'don zin phywa g.yang 'gugs pa'i lcags kyu ces bya ba bzhugs so/__/ oM swasti/__bskal mang sngon nas thugs bskyed rgya mtsho las/__/'thon pa'i bla ma rin chen 'byung ldan dang /__rtsa gsum nor lha'i tshogs la gus btud nas/__/'dod dgu'i dpal 'byor spel ba'i cho ga dbye/__/de la 'dir bla ma rin 'byung gi byin rlabs dang /__rje grub thob chen po'i g.yang 'bod kyis lung legs par nos nas/__nyi ma byang bgrod kyi yar ngo'i gza' skar tshes dus bzang por 'dzug par bya ste/__gong du bla ma rin 'byung gi snang brnyan sogs nor lha'i sku bris 'bur yod na bshams shing /__mchod pa'i maN+Dal tshom bu lnga pa/__nyer spyod brgya rtsa sogs dang /__bkra shis rdzas rtags/__sna bdun sogs tshogs bsags pa gal che bas mchod pa ci 'byor gang rgyas spros bcas su bshams/__stegs bu khebs ldan gyi steng du 'bru dkar gyi g.yung drung ris dang /__dga' 'khyil gyis mtshan par g.yang bshos rin po che 'bar ba/__g.yang sgye g.yang phor/__g.yang rdzas sogs phywa g.yang chags pa'i rdzas ci 'byor bkram shing /__de'i mdun du dkar mngar skyems phud/__bza' bca'i rigs sna tshogs pa dang /__nyer spyod rnams bshams/__cho ga'i las rim dngos la/__bdag bskyed dang /__mdun rten bskyed pa'o/__/dang po ni/__ma nam mkha' dang mnyam pa'i sems can thams cad bla ma sangs rgyas rin po che la skyabs su mchi'o/__/sangs rgyas chos dang dge 'dun rnams la skyabs su mchi'o/__/bla ma yi dam mkha' 'gro'i tshogs la skyabs su mchi'o/__/rang sems stong gsal chos kyi sku la skyabs su mchi'o/__/zhes ci nus dang /__sangs rgyas chos tshogs sogs lan gsum gyis skyabs sems dang /__sems can thams cad bde ba dang sogs tshad med bzhi bsgom/__oM swa b+hA wa sogs/__stong pa'i ngang las rang nyid skad cig gis 'phags pa thugs rje chen po 'gro 'dul yid bzhin nor bu sku mdog dkar gsal zhal gcig phyag bzhi pa/__phyag dang po gnyis thugs kar thal mo sbyar ba'i bar du yid bzhin nor bu dang g.yas 'og mas shel phreng dang /__g.yon 'og mas me tog pad+ma dkar po bsnams pa/__ri dwags kriSh+Na sA ra'i pags pas nu ma g.yon pa bkab cing dar dang rin po che'i rgyan thams cad kyis brgyan pa/__pad+ma dang zla ba'i gdan la zhabs rdo rje'i skyil mo krung gis bzhugs pa'i skur gyur par bsam la/__oM ma Ni pad+me hU~M/__zhes ci nus bzlas mthar/__'phags pa thugs rje chen pos bdag dang sems can thams cad la 'dod rgu'i 'byor pa zad mi shes pa'i dngos grub ma lus pa stsal du gsol/__zhes gsol ba gdab/__/gnyis pa mdun rten bskyed pa la/__rten bskyed pa/__tshogs bsags pa/__gsol ba gdab pa/__phywa g.yang bsdu ba/__sngags bzla ba/__g.yang len/__bla ma'i rnal 'byor gyi bsgrub pa dang las sbyor/__g.yang chog gi rjes kyi rim pa'o/__/dang po ni mdun gyi rten la dmigs te/__oM swa b+hA wa sogs nas/__stong pa'i ngang las rang gnas pa'i sa phyogs 'di nyid baiDUR+Ya'i sa gzhi yangs shing rgya che ba'i steng du rin po che sna tshogs kyi khri lhun stug pa/__bkod pa legs pa/__'od chags pa/__rgya che zhing dpang mtho ba/__de'i steng du sna tshogs pad+ma'i sdong bu 'dab ma brgyad pa/__de'i steng du nyi ma'i dkyil 'khor/__de'i steng du zla ba'i dkyil 'khor dang bcas pa gdan lnga brtsegs kyi steng du phywa g.yang gi rten rnams ngo bo rtsa ba'i bla ma dam pa dang dbyer med pa'i rnam pa bcom ldan 'das yon tan rin chen 'byung ldan sku mdog gser gtso ma lta bu zhal gcig phyag gnyis pa/__phyag g.yon mnyam gzhag gi steng na dgos 'dod thams cad 'byung ba'i nor bu rin po che dbang gi rgyal po bsnams pa/__/g.yas pa mchog sbyin gyi phyag rgyas gdul bya rnams la ci 'dod ster ba/__zhabs rdo rje'i skyil mo krung gis bzhugs pa/__rin po che'i dbu rgyan la sogs pa rgyan thams cad kyis brgyan pa/__dar sna tshogs kyi na bza' can/__spyi gtsug sems can thams cad kyis blta bar mi mngon pa la sogs pa mtshan bzang po sum cu rtsa gnyis dang /__sen mo zangs kyi mdog ltar dmar ba la sogs pa dpe byad bzang po brgyad cu'i spras pa/__'od zer bye ba 'gyed pa/__de'i mdun nas brtsam ste pad zla'i gdan la/__/byang chub sems dpa' nam mkha' mdzod sku mdog ser po rin po che'i rgyan dang dar gyi na bza' can/__phyag gnyis nam mkha' mdzod kyi phyag rgya mdzad pa/__rgyal po chen po rnam mang thos sras sku mdog gser gtso ma'i mdog can/__rgyal mtshan dang ne'u le 'dzin cing rin po che'i prog zhu dang /__rgyan sna tshogs pas brgyan cing pad zla seng ge'i steng na rol pa'i stabs kyis bzhugs pa/__'khor gnod sbyin rta bdag brgyad kyis bskor ba/__AR+Ya dzam b+ha la dkar po 'brug la zhon zhing /__g.yas kha T+wA~M rtse gsum dang /__g.yon be con 'dzin pa/__dzam+b+ha la ser po g.yas bi dza pu ra ka dang /__g.yon ne'u le 'dzin cing zhabs gnyis dung dang pad+ma'i gter mnan ba/__smugs 'dzin nag po mi'u thung gi gzugs can gcer bu rna ba ma phug pa phyag g.yas thod khrag__/g.yon ne'u le 'dzin pa/__zhabs g.yas bkyang gis nor bdag ser po mnan pa/__smugs 'dzin dmar po zhal gsum phyag drug pa/__g.yas dkar g.yon sngo/__dbus dmar ba/__phyag dang po gnyis kyis nor bu dang thod pa/__bar pa gnyis kyis lcags kyu dang zhags pa/__tha ma gnyis kyis ne'u le btsir ba/__zhabs gnyis gnod sbyin nor bu skyugs pa gnyis mnan pa/__dzam lha ljang gu g.yas mchog sbyin gyis shing tog dang /__g.yon ne'u le 'dzin pa/__lha mo nor rgyun ma zhal gcig phyag gnyis g.yas mchog sbyin dang /__g.yon gter bum 'bras kyi snye ma bcas bsnams pa/__dar sngon po'i sha 'gags/__dkar po'i stod g.yogs/__kha dog sna tshogs pa'i smad g.yogs sogs rin po che'i rgyan gyis brgyan cing zhabs rdo rje'i skyil krung gis bzhugs pa/__lha mo dpal chen mo sku mdog ljang gu/__g.yas nor bus mtshan pa'i pad+ma dang /__g.yon skyabs sbyin mdzad pa/__gter gyi bum pa dang /__pad zla seng+ge'i gdan la 'khor grogs mo brgyad kyis bskor nas bzhugs pa/__mgon dkar yid bzhin nor bu sku mdog gangs ri ltar dkar ba zhal gcig phyag drug pa/__g.yas gsum gyis gri gug dang nor bu DA ma ru/__g.yon gsum na thod pa nor bus gang ba dang /__rtse gsum zhags pa rnams 'dzin cing zhabs gnyis mnyam pa'i stabs kyis bgegs rgyal gyi steng du 'gying ba/__lha chen tshogs kyi bdag po sku mdog dkar po glang po che'i gdong pa can/__phyag bzhi'i dang po gnyis kyis la phug dang /__dgra s+t+wa/__gnyis pas thod pa nor bus gang ba dang /__rtse gsum 'dzin pa/__gsus khyim che zhing mi'u thung gi gzugs can zla tshes kyi cod pan dang /__rin po che'i rgyan gyis brgyan cing /__dar sna tshogs kyi na bza' gsol ba/__byi ba sngon po'i gdan la phyed skyil gyis bzhugs pa/__lha mo dbyu gu mched gsum sku mdog mthing dmar ljang ba zhal gcig phyag gnyis/__g.yas nor bu rin po che dang /__g.yon gter gyi bum pa rin chen 'bar bas mtshan pa pad zla'i gdan sum bsgrigs kyi steng du zhabs g.yas bskum g.yon brkyang gis bzhugs pa zhi 'dzum mdzes pa'i lha mo'i gzugs can/__dar gyi stod g.yogs dang /__lhab lhub/__rin po che dang rus pa'i rgyan gyis spras pa/__gnod sbyin chen po a pa ra dzI ta sku mdog dkar po lcags kyu dang bum pa 'dzin pa/__AR+Ya re man+ta sku mdog ser po phyag na gser gyi ral gri dang ne'u le 'dzin cing /__rta mchog sngon po la chibs pa/__lha sman bkra shis tshe ring ma sku mdog dkar mo/__g.yas rdo rje dang /__mda' dar/__g.yon tshe bum 'dzin pa/__dar dang rin po che'i rgyan gyis brgyan cing /__seng ge dkar mo rgyan ldan gyi steng du 'gyings shing /__'khor sman btsun mched bzhis bskor ba/__klu rgyal chen po nor rgyas sku mdog dkar po stod lha yi rnam pa smad sbrul mjug 'khyil pa phyag gnyis thugs kar thal mo sbyar ba'i bar du gter bum nor bus gang ba 'dzin cing /__sbrul mgo'i gdeng ka bdun dang ldan pa/__gter srung rma rgyal spom ra sku mdog dkar po dung khrab dang 'khor gsum gsol ba/__g.yas mdung dar/__g.yon nor bu dbang gi rgyal po thugs kar bsnams pa/__lha rta dkar po la zhon pa/__de dag gi mtha' skor dang bar mtshams rnams su/__rtsa brgyud kyi bla ma/__yi dam dpa' bo mkha' 'gro/__chos skyong nor lha gter bdag gi tshogs dpag tu med pas bskor ba mngon sum bzhin du bzhugs par gyur/__de thams cad kyang sku mdog ser po mdangs dang 'od zer ser po dpag tu med pa 'phro ba'i sgo nas bdag dang sems can thams cad kyi tshe dang bsod nams/__dpal dang 'byor pa/__dbang phyug dang shes rab/__snyan grags dang phrin las la sogs pa legs pa'i yon tan thams cad gong nas gong du 'phel zhing rgyas pa'i las mdzad pa'o/__/ces brjod cing bsam mo/__/gnyis pa tshogs bsags pa la bsdus pa dang /__rgyas pa'o/__/dang po ni/__gang gi drin gyis bde chen nyid/__/skad cig nyid la 'char ba gang /__/bla ma rin chen lta bu'i sku/__/rdo rje can zhabs pad la 'dud/__/sangs rgyas kun gyi rang bzhin sku/__/slob dpon la ni bdag skyabs mchi/__/dang po me tog phog pa yi/__/dkyil 'khor lha tshogs rnams la 'dud/__/rin chen rdo rje 'bar ba'i me/__/mnyam nyid ye shes ngo bo nyid/__/mchog sbyin chen po'i phyag rgya can/__/phyag 'tshal rin chen 'byung ldan la/__/oM gu ru rat+na saM b+ha wa maN+Dal la sa pa ri wA ra ar+g+haM sogs nas/__shab+da AHhU~M/__oM gu ru rat+na saM b+ha wa ma hA maN+Dal la sa pa ri wA ra sarba a mr-i ta bo d+hi tsit+ta a ho ma hA su kha AHhU~M gis mchod la/__/dkon mchog gsum la bdag skyabs mchi/__/sogs lan gsum gyi mthar/__maN+Dal/__oM badz+ra b+hU mi sogs nas/__ma tshang ba med pa dang rang gi lus longs spyod dus gsum du bsags pa'i dge ba'i rtsa ba thams cad kyang ltos med du 'bul bar bgyi'o/__/khyad par du rang gi 'dod pa'i longs spyod kyi dngos po de dang de/__re ltos med par yang dang yang du dbul bar bgyi'o/__/thugs rjes 'gro ba'i don du bzhes su gsol/__bzhes nas byin gyis brlab tu gsol/__de lta bu lan gsum mam lnga la sogs grangs mang du 'bul lo/__/bsdu na/__maN+Dal gling bzhi ri rab nyi zla zung gcig lha mi'i dpal 'byor phun sum tshogs pa ma tshang ba med pa sogs nas gong bzhin no/__/tshogs bsags rgyas par spro na/__paN chen nam mkha' dpal bzang gi lam 'bras bla mchod dang /__lam zab gang rung la sbyar ba ri tho yig ltar mchod phreng rjes la maN+Dal grangs bsogs dang /__yan lag phyi ma rnams bya'o/__/gsum pa gsol gdab ni/__phyogs bcu dus gsum gyi sogs nas/__byin gyis brlab tu gsol/__zhes snying thag pa nas gsol ba gdab bo/__/kun mkhyen gyi mdzad pa'i bstod pa sogs 'don/__/bzhi pa phywa g.yang bsdu ba ni/__spos rol dang dbyangs kyi 'gyur ba snyan pos/__kyai/__dang po g.yang len gar srid na/__/sngon gyi bskal pa'i dang po la/__/kha ba can gyi rgyal khams su/__/spyan ras gzigs kyi sprul pa las/__/spre'u byang chub sems dpa' byung /__/jo mo sgrol ma'i sprul pa las/__/brag srin nag mo bya ba byung /__/de gnyis thabs shes 'phrad pa las/__/gdong dmar mi rnams thams cad byung /__/mi rnams phongs pas mnar ba las/__/spre'u'i rgyal po yar gshegs te/__/po ta la yi rtse mo na/__/spyan ras gzigs dbang bzhugs pa la/__/spre'u'i rgyal pos 'di skad zhus/__kye ma las kyi 'bras bu smin/__/dbon sras mang po 'phel ba na/__/dran pa gsal ba lha dang 'dra/__/gdug rtsub che ba lha min 'dra/__/gos med gcer bu dud 'gro 'dra/__/bkres skom sdug bsngal yi dwags 'dra/__/shin tu sdug bsngal dmyal ba 'dra/__/rigs drug sdug bsngal ngad pa tsha/__/'di la las thabs ci zhig bya/__/de skad zhus pas bka' stsal pa/__/spre'u'i rgyal po legs par nyon/__/khyod kyi bu dang tsha bo rnams/__/gdong dmar srin po yin zer te/__/kha ba can gyi zhing khams su/__/byin gyis brlabs pa'i sprul pa yin/__/zas la 'bras bu sna tshogs zo/__/skom du 'byung ba chu la 'thung /__/gos su lha yi na bza' gtod/__/skabs su g.yang 'gugs g.yang len bya/__/spyan ras gzigs kyis de skad gsungs/__/de nas spre'u'i rgyal po des/__/sngags 'chang rgyal po spyan drangs nas/__/lha gzhi dkar po'i gdan steng du/__/dkon mchog mchod pa rgya chen bshams/__/rgod sgro mda' dar dkar po la/__/dngul dkar me long btags pas g.yab/__/khu ye brjod cing 'o dod bos/__/thugs rje chen po'i byin rlabs dang /__/sngags 'chang bdag gi smre sngags dang /__/dbu nag bod kyi bsod nams las/__/'od zer sna lnga steng du 'phros/__/tshangs pa dung thod dkar por phog__/lha yi longs spyod ldan pa las/__/'od rlangs dkar po gcig tu sprul/__/lha yi longs spyod bod du 'ong /__/bod lha khams 'dra ba de nas srid/__/'od zer 'og tu 'phros pa las/__/klu rgyal gtsug na rin chen phog__/klu yi longs spyod 'phan po las/__/klu yi longs spyod bod du 'ong /__/bod klu las grol ba de nas srid/__/'od zer bar snang khams su 'phros/__/gnyan gyi rgyal po chen por phog__/gnyan gyi longs spyod bod du 'ong /__/bod 'grol thabs gnyan pa de nas srid/__/'od zer shar phyogs gling du 'phros/__/yul 'khor srung gi rgyal po la/__/longs spyod ldan zhing skye ba bzang /__/shar phyogs g.yang rnams bod du 'ong /__/bod skye ba bzang ba de nas srid/__/'od zer lho phyogs gling =__/'phags skyes po yi rgyal po=__/longs spyod ldan zhing dkor nor phyug__/lho phyogs g.yang rnams bod du=__/bod dkor nor phyug pa de=__/'od zer nub phyogs=__/spyan mi bzang gi=__/longs spyod ldan zhing mi 'phel che/__/nub phyogs g.yang rnams=__/bod mi 'phel che ba de=__/'od zer byang gi phyogs su 'phros/__/rnam thos sras kyi rgyal=__/longs spyod ldan zhing sku tshe ring /__/byang phyogs g.yang rnams=__/bod sku tshe ring ba de=__/'od zer phyogs bcu kun tu 'phros/__/de rnams longs spyod=__/bod nor g.yang 'phel ba de nas srid/__/'od zer rgya gar yul du=__/rgya gar chos rnams=__/bod chos la dga' ba de=__/'od zer ta zig yul du 'phros/__/ta zig nor rnams bod=__/bod dkor nor phyug pa=__/'od zer rgya nag yul du=__/rgya yi ja dar=__/bod ja dar 'phel ba=__/'od zer hor gyi yul=__/hor gyi rta g.yang =__/bod rta drel 'phel ba=__/'od zer bod kyi yul du 'phros/__/mi dang g.yang gnyis kyi li li/__/phywa dang g.yang gnyis sga ra ra/__/longs spyod sna tshogs de las tshogs/__sngon gyi bzang 'phro dpal bzhin du/__/dar dkar g.yab cing 'dir 'bod na/__/de ring khu ye phywa g.yang len/__/ces sngon byung gi gleng gzhis mtshams sbyar nas g.yang 'gugs dngos ni/__bsang shing gi dud pa dang dkar mngar rin chen 'bru sman ja chang zas sna'i phud sogs kyis mchod cing /__oM AHhU~M/__phyogs bcu'i 'jig rten khams bzhugs pa'i/__/dkon mchog rnam gsum thugs rje'i gter/__rtsa brgyud bla ma byin rlabs can/__/yi dam zhi khro dngos grub mdzod/__/mkha' 'gro chos skyong phrin las bdag__/khyad par mtshan tsam 'dzin pas kyang /__/rgud cing phongs pa kun bsal nas/__/'dod rgu'i longs spyod stsol mdzad pa'i/__/byang chub sems dpa' rin chen mang /__/rnam mang thos sras rta bdag brgyad/__/smugs 'dzin dbang po nor rgyun ma/__/yab yum 'khor dang bcas pa dang /__/g.yang gi lha mo dpal chen mo/__/'khor gyi grogs mo brgyad dang bcas/__/a pa ra dzI ta tshogs kyi bdag__/re man+ta sogs gnod sbyin dang /__/nor lha gter bdag bye ba'i tshogs/__/gtsang ris dpal mgon dam tshig can/__/lhan cig skyes dang 'go ba'i lha/__/mdor na dkar phyogs skyong ba'i sde/__/sprul dang yang sprul bcas pa la/__/phyag 'tshal bstod cing gsol ba 'debs/__dngos 'byor yid sprul mchod pa 'bul/__/sman shing spos kyi dud pas mchod/__/zas mchog phye mar 'bru snas mchod/__rin chen dar zab rgyan gyis mchod/__/dkar gsum gtsang ma'i phud kyis mchod/__/mngar gsum dang ma'i bcud kyis mchod/__/ja chang 'dod yon skyems kyis mchod/__/bdag cag snyigs ma lnga yi 'gro/__/dbul zhing phongs pas nyams thag tshe/__/mos gus gdung bas gsol 'debs na/__/sngon gyi dam bca' ma g.yel bar/__/thugs rje thugs dam shugs bskyed la/__/phywa g.yang 'gugs pa'i phrin las mdzod/__/mda' dar g.yab cing /__kye/__steng phyogs lha khams rnams kyi g.yang /__de ring khu ye phywa g.yang khug__/bar snang gnyan gyi rgyal po'i g.yang /__/de ri khu ye=__/sa 'og klu yi rgyal po'i g.yang /__/de ring khu ye=__/shar phyogs yul 'khor srung gi g.yang /__/de ring khu ye=__/lho phyogs 'phags skyes po yi g.yang /__de ring khu ye=__/nub phyogs spyan mi bzang gi g.yang /__/de ring khu ye=__/byang phyogs rnam thos sras kyi g.yang /__/de ring khu ye=phyogs skyong nor lha rnams kyi g.yang /__/de ring khu ye=__/lha 'dre mthu rtsal can gyi g.yang /__/de ring khu ye=__/rgya gar rgyal po'i chos g.yang de/__/de ring khu ye=__/rgya nag rgyal po'i ja dar g.yang /__/de ring khu ye=__/ta zig rgyal po'i nor g.yang de/__/de ring khu ye=__/ge sar rgyal po'i dmag g.yang de/__/de ring khu ye=__/bal po'i skye bzhin legs g.yang de/__/de ring khu ye=__/sog po'i mda' rtsal che ba'i g.yang /__/de ri khu ye=__/dgung sngon mthon po'i pha g.yang de/__/de ring khu ye=__/dog mo sa yi ma g.yang de/__/de ring khu ye=__/nyi zla skar gsum bkra g.yang de/__/de ring khu ye=__/'ja' tshon sna lnga'i bkrag g.yang de/__/de ring khu ye=__/lho sprin smug po'i phyur g.yang de/__/de ring khu ye=__/ri rab lhun po'i brtan g.yang de/__de ring khu ye=__/gling chen bzhi yi bkod g.yang de/__/de ring khu ye=__/gling phran brgyad kyi 'khor g.yang de/__de ring khu ye=__/ri phran rnams kyi btsun g.yang de/__/de ring khu ye=__/rgya mtsho chen po'i zab g.yang de/__/de ring khu ye=__/dpag bsam shing gi lo g.yang de/__/de ring khu ye=__/rtsi shing nags tshal 'phan g.yang de/__/de ring khu ye=__/phyug po rnams kyi phyug g.yang de/__/de ring khu ye=__/'phan po rnams kyi 'phan g.yang de/__/de ring khu ye=__/btsan po rnams kyi btsan g.yang de/__/de ring khu ye=__/gnyan po rnams kyi gnyan g.yang de/__/de ring khu ye=__/'chi med rdo rje'i tshe g.yang de/__/de ring khu ye phywa g.yang khug__/rgyal ba rnams kyi thugs rje'i g.yang /__/de ring khu ye phywa g.yang khug__/khu ye phywa khug g.yang khug la/__/g.yang len phud kyis nor lha mchod/__/g.yang len phud kyis phyugs lha mchod/__/g.yang len phud kyis khyim lha mchod/__/g.yang len phud kyis tshe lha mchod/__/'chi med tshe dang 'dzad med nor/__/dpal 'byor longs spyod phywa g.yang kun/__/ri ltar spungs shing mtsho ltar bskyil/__/bde skyid bkra shis dngos grub stsol/__/rang gi thugs ka nas 'od zer 'phros/__/mdun bskyed kyi thugs rgyud bskul/__/de rnams kyi thugs ka nas 'od zer lcags kyu'i dbyibs can grangs med pa 'phros pas/__srid zhi'i tshe bsod dpal 'byor phywa g.yang longs spyod brtan g.yo'i dwangs bcud thams cad bkra shis rdzas rtags rgyal srid bdun dang 'ja' zer thig le'i rnam par spyan drangs/__mdun gyi rten rdzas rnams la thim pas 'dod rgu thams cad yid bzhin du stsol bar gyur/__par bsams la/__/lnga pa sngags bzla ba ni/__gong gi bskyed chog dang mthun par sngags bzla bar bya ste/__oM AHgu ru rat+na saM b+ha wa sarba sid+d+hi hU~M/__bla ma rin 'byung gi sngags dang /__oM na maHsarba ta thA ga ta b+h+yoHbi shwa mu khe b+h+yaHsarba tha khaM ang+ga te s+pha ra Na i maM ga ga na khaM swA hA/__zhes nam mkha' mdzod kyi sngags dang /__oM bai shra wa NA ye swA hA/__zhes rnam sras dang /__oM pad+ma kro d+ha Ar+ya dzam b+ha la hr-i dA ya hU~M phaT/__dzam dkar dang /__oM dzam b+ha la dza len+d+ra ya swA hA/__dzam ser nag ljang gsum thun mong dang /__oM dzam+b+ha la dza len+d+ra ya d+ha na me d+hi hrIHswA hA/__dzam dmar dang /__oM ba su d+ha rI Ni swA hA/__nor rgyun ma dang /__oM ka ma la bA si ni/__ka ma le ma hA la k+Sh+mir dz+yaM me/__ba su nA nA kha d+he sarba sid+d+hi de hi de hi ba ra de swA hA/__dpal chin ma dang /__gu ru ma hA kA la ha ri ni sa sid+d+hi dzaHmgon dkar dang /__oM b+h+rU~M ga Na pa ti ye swA hA/__tshogs bdag dang /__oM i li ki li pi li ki ki li swA hA/__oM a na le kuN+Da lI gr-ih+na bin+Da pi shA tsi na ye swA hA/__oM na maHshuk+Sha Na ba su mu kha~M ma hA pi shA tsi na ye swA hA/__zhes dbyug gu lha mo mched gsum dang /__oM a pa ra dzI ta rat+na sarba sid+d+hi b+h+rU~M/__zhes a pa ra dzI ta dang /__oM AR+Ya ra man+tA ye swA hA/__zhes re man+ta dang /__/ba~M ha ri ni sa badz+ra pra mo ha tsit+ta hriM hriM dza dzaHzhes tshe ring mched lnga dang /__oM ba su ki maM swA hA/__zhes klu nor rgyas dang /__oM ku ma ra phu tri sarba sid+d+hi sid+d+hi hU~M swA hA/__zhes spom ra dang /__tad+ya thA/__hi li ma Ni b+ha dra/__hi li hi li ma Ni b+ha dra/__ki li ma Ni b+ha dra/__ki li ki li ma Ni b+ha dra/__ku ru ma Ni b+ha dra/__ku ru ku ru ma Ni b+ha dra/__tu ru ma Ni b+ha dra/__tu ru tu ru ma Ni b+ha dra/__tsi li ma Ni b+ha dra/__tsi li tsi li ma Ni b+ha dra/__su ru ma Ni b+ha dra/__su ru su ru ma Ni b+ha dra/__tsu ru ma Ni b+ha dra/__tsu ru tsu ru ma Ni b+ha dra/__oM e h+ye hi tiSh+Tha tiSh+Tha/__sarba ar+tha me sA d+ha ya/__tad+ya thA/__su d+ha ne/__su ra Ne/__su ma ti/__su pu She/__hi li mi li swA hA/__zhes nor lha spyi'i sngags rnams ci nus bzlas/__grangs bsogs na g.yang 'bod gzhung ltar dang /__mchod pa zhal gso/__oM AHhU~M/__phyogs bcu'i 'jig rten sogs nas/__'di yan bskyar zhing sngags bzlab spel/__/drug pa g.yang len ni/__kye/__mtho ba srid gsum yar rtse nas/__rlung gi rgya gram yan bar gyi/__/khams lnga'i nus bcud tshe dpal g.yang /__/deng 'dir khu ye phywa g.yang len/__/phyogs bcu dag pa'i zhing khams dang /__'dzam gling rnga yab gzhan gsum nas/__dam pa chos kyi chab srid de/__/deng 'dir khu ye phywa g.yang len/__/lha gnas sum cu rtsa gsum dang /__/lus 'phags lus dang 'phags pa nas/__/mtho ris snyan grags rgyal srid de/__/deng 'dir khu ye=__/gnod sbyin grong khyer khang bzang dang /__/ba lang spyod gling g.yo lam nas/__/ba phyugs nor mdzod rma g.yang de/__/deng 'dir khu ye=__/mtho ris nam mkha' gnas rnams dang /__/sgra mi snyan gnyis de'i zla nas/__/'chi med tshe yi srog g.yang de/__/deng 'dir khu ye phywa g.yang len/__/bsam gtan bzhi gnas man chad dang /__sa 'og lto 'phye'i gnas yan gyi/__/bde skyid bkra shis phun tshogs de/__/deng 'dir khu ye phywa g.yang len/__/kye/__phyogs bcu dus gsum byon pa yi/__/dkon mchog rin chen rnam gsum dang /__/rtsa brgyud bla ma'i byin rlabs de/__/deng 'dir khu ye phya g.yang len/__/theg pa rim dgu rgyud sde bzhi/__/yi dam dkyil 'khor lha tshogs kyi/__/mchog dang thun mong dngos grub de/__/deng 'dir khu ye phya g.yang len/__/gnas gsum dpa' bo mkha' 'gro dang /__chos srung dam can rgya mtsho'i sder/__/gang bcol g.yel med phrin las de/__/deng 'dir khu ye phya g.yang len/__/gnod sbyin dbul sel nor skyong dang /__/mi zad 'dod dgu dbang rnams kyi/__/dgos 'byung longs spyod gter mdzod de/__/deng 'dir khu ye=__/rigs rus snag 'brang dang skyes lha/__/'go ba'i dgra lha dpung gnyen du/__/mi 'bral zung du 'grogs pa'i g.yang /__/deng 'dir khu ye=__/dam ldan dkar po'i phyogs skyong ba'i/__/yul lha gzhi bdag gnas srung rnams/__/rkyen bsal mthun 'grub mi 'bral g.yang /__/deng 'dir khu ye=__/snang srid snod bcud dkyil 'khor lha/__gdod nas dag pa lhun grub gshis/__/gnas lugs phyag rgya chen po'i g.yang /__/deng 'dir khu ye phywa g.yang len/__kye/__tshe snang mtha' yas rnam par rgyal/__/'phags ma pad 'byung grub rgyal sogs/__/'chi med brnyes rnams tshe dngos de/__/deng 'dir khu ye phywa g.yang len/__/bde gshegs mched bdun sprul pa lnga/__/nang pa lha mi drang srong phyi'i/__/na gso 'chi bslu sman nus de/__/deng 'dir khu ye phyA g.yang len/__/'jam mgon ngag dbang dbyangs can sogs/__/phyogs dus rgyal ba sras bcas kyi/__/mkhyen rab blo gros spobs pa de/__/deng 'dir khu ye phywa g.yang len/__/snying rje'i spyan ras gzigs 'gro mgon=sa dang lam gnas byang sems rnams/__/thugs bskyed gzhan don phyogs med de/__/deng 'dir khu ye phywa g.yang len/__/gsang bdag rdor 'dzin rta mgrin sogs/__/gsang sngags rigs gzungs grub brnyes pas/__/log 'dren gzhom pa'i mthu stobs de/__/deng 'dir khu ye phywa g.yang len/__/'dul ba mdo sde ma mo sngags/__/gsar rnying bstan 'dzin brgyud bcas kyi/__/spangs rtogs brtul zhugs grub 'bras de/__/deng 'dir khu ye phywa g.yang len/__/rgya bod mkhan slob paN grub los/__/'chad nyan rtsom bsgyur sgom sgrub rgyun/__/sangs rgyas bstan pa dar ba'i g.yang /__/deng 'dir khu ye phywa g.yang len/__/mo rtsis rdzas sngags sgom sgrub sogs/__/zag bcas zag med mngon mkhyen lngas/__/dus gsum gsal ston pra g.yang de/__/deng 'dir khu ye phywa g.yang len/__/so 'brang sogs lnga pad+ma 'byung /__/nA gA rdzu na'i drang srong sogs/__/sri 'dul srid spel srung skyobs g.yang /__/deng 'dir khu ye phywa g.yang len/__/lha klu gnod sbyin gter gyi bdag__/brgyad brgyad blon 'khor 'bangs bcas kyi/__/'dzad med dbyig gi bang mdzod de/__/deng 'dir khu ye=__/dzaM lha nor bu rnam mang bu/__/gnod sbyin sde dpon 'brog gnas sogs/__/rkang bzhi'i phyugs g.yang rma g.yang de/__deng 'dir khu ye=__/mkhar khyim thab mdzod 'dod 'jo'i lha/__/ma phyi'i grogs rgyal mthing ge sogs/__/bza' btung zas bcud srid g.yang de/__/deng 'dir khu ye=__/ma dros chu bzhi gangs can ri/__/'bigs byed yul drug 'dzam gling spyi'i/__/skam gsher yul gnas gzhi bdag g.yang /__/deng 'dir khu ye=__/khyad par ti se thang lha rma/__/ma pham g.yu mtsho khri shod sogs/__/bod khams gnas bdag rma g.yang de/__/deng 'dir khu ye=__/chos rgyal rigs ldan mang bkur sogs/__/mi dbang gser dngul zangs lcags kyi/__/'khor los sgyur rnams chab srid brtan/__deng 'dir khu ye=__/gshin rabs phywa lha dgu khri 'bum/__/gas kar sum brgya drug cu sogs/__/g.yung drung bon gyi phywa g.yang de/__/deng 'dir khu ye=__/'phags bod bde 'byung u rgyan sogs/__/rgyal bstan spel skyong chos kyi khrims/__/bstan 'gror dge ba'i legs mdzad de/__/deng 'dir khu ye=__/ta zig rgya bod hor khrims sogs/__/nor spel dgra 'dul gnyen skyong ba'i/__/che btsun btsan phyug rgyal srid g.yang /__/deng 'dir khu ye=__/mtha' klung dbus ljongs tsI na sogs/__/mi rgyud lo 'bras 'phan dar 'phel/__/rin chen ja dar gos zas g.yang /__/deng 'dir khu ye phywa=__/kye/__stong khams gsum na yul bde zhing /__/rdzong btsan khrims brtan dus char 'bebs/__/lo legs chos dar phyi yi g.yang /__/deng 'dir khu ye=__/mi chos phyugs rgyud 'phel nang gshin/__/pho dpa' mo 'dzang 'og rta mgyogs/__/go btsan mtshon rno nang gi g.yang /__/deng 'dir khu ye=__/mkhas grub rtsod rgyal don gnyis grub/__/nad med tshe ring rgyags skyid bde/__/mthar thug 'tshang rgya don gyi g.yang /__/deng 'dir khu ye=__/chos dbyings chos can bslu med mthus/__/bden pa'i tshig la dbang rnams kyis/__/ci btab smon lam 'grub pa'i g.yang /__/deng 'dir khu ye phywa g.yang len/__/tshogs rdzogs rten 'brel mnga' thang las/__/rdzas rtags rgyal srid nyer bcas kyi/__/'jig rten dge mdzad bkra shis g.yang /__/deng 'dir khu ye phywa g.yang len/__/longs spyod bkra shis phun tshogs kun/__/gnas 'dir brtan pa'i dngos grub stsol/__/'dod rgu'i dpal 'byor rgyas pa dang /__bsam don yid bzhin 'grub par mdzod/__/ces gsol ba gdab/__/bdun pa bla ma rin 'byung rnal 'byor gyi bsgrub pa dang /__las sbyor ni/__slar yang bla ma gong mas mdzad pa'i rin 'byung gsol 'debs dang /__phyogs dus ma sogs kyis gsol gdab byas la/__lam zab dang sbyar tshe dbang bzhi blang ba'i mthar/__thal mo sbyar te/__bla ma yon tan rin chen 'byung ldan 'khor dang bcas pas bdag dang sems can thams cad kyi tshe dang bsod nams dpal dang 'byor pa/__dbang phyug dang shes rab/__snyan grags dang phrin las la sogs pa legs pa'i yon tan thams cad gong nas gong du 'phel zhing rgyas par byin gyis brlab tu gsol/__zhes gsol ba lan gsum la sogs pa btab pas/__bla ma'i phyag g.yas pa mchog sbyin gyi mthil nas dgos 'dod thams cad char bzhin du babs/__rang gi gnas khang lung pa la sogs pa mer gyis khengs/__bdag dang sems can thams cad kyi bsam pa rdzogs par gyur/__ces brjod pa ni sgrub pa'o/__/las sbyor de kho na nyid la blo bzhag pa ni/__bla ma rin chen 'byung ldan 'khor dang bcas pa las rang 'dra gnyis pa re chad de rang gi smin mtshams nas thim pas bla ma rin chen 'byung ldan gyi sku gsung thugs yon tan phrin las dang /__rang gi lus ngag yid gsum bya byed phrin las dang bcas pa rnams dbyer med du gyur pa las sngar gyi gdan lnga brtsegs kyi steng du rang nyid bla ma rin chen 'byung ldan sku mdog gser btso ma lta bu zhal gcig phyag gnyis pa/__g.yon pas mnyam bzhag dang /__g.yas pas mchog sbyin gyi phyag rgyas gdul bya rnams la ci 'dod ster ba zhabs rdo rje'i skyil mo krung gis bzhugs pa/__rin po che'i dbu rgyan la sogs pa rgyan thams cad kyis brgyan pa/__/dar sna tshogs kyi na bza' can/__spyi gtsug sems can thams cad kyis blta bar mi mngon pa la sogs pa mtshan bzang po sum cu rtsa gnyis dang /__sen mo zangs kyi mdog ltar dmar ba la sogs pa dpe byad bzang po brgyad cus spras pa/__'od zer bye ba 'gyed pas nam mkha' dang mnyam pa'i sems can thams cad la gang la ci 'dod kyi re ba dang 'dod dgu phun sum tshogs par thams cad bskang nas bla na med pa yang dag pa rdzogs pa'i sangs rgyas kyi sa la bkod par gyur/__zhes bsam mo/__/de rnams kyang rang gi sems nyid dag pa gcig gi cho 'phrul du shes par byas la/__gsal ba lhug pa/__mi rtog pa gsum sor sor bzung nas gsal ba sems kyi mtshan nyid/__stong pa sems kyi rang bzhin/__bcos min sems kyi ngo bo/__zhes dran par byas la sems ma bcos lhug pa'i ngang la ci nus mnyam par bzhag go/__brgyad pa g.yang chog gi rjes rim ni/__mchod pa kha gsos la byin gyis brlabs/__oM gu ru rat+na saM b+ha wa maN+Dal la sa pa ri wA ra ar+g+haM sogs nas/__shab+da AHhU~M gi bar gyis mchod/__rin chen rdo rje 'bar ba'i me/__/mnyam nyid ye shes ngo bo nyid/__/mchog sbyin chen po'i phyag rgya can/__/phyag 'tshal rin chen 'byung ldan la/__/bstod par 'os pa sogs kyis bstod/__thal mo sbyar te/__rtse gcig pa'i sems kyis/__dpal ldan bla ma dam pa rin chen 'byung ldan gyis bdag gi rgyud byin gyis brlab tu gsol/__tshe 'khor ba thog ma med pa nas bsags pa'i dbul 'phongs bkres skom gyi sdug bsngal thams cad zhi zhing dag nas/__tshe dang bsod nams rgyas par mdzad du gsol/__'khor dang longs spyod rgyas par mdzad du gsol/__dpal dang 'byor pa rgyas par mdzad du gsol/__dbang phyug phun sum tshogs pa rgyas par mdzad du gsol/__snyan grags phyogs bcur rgyas par mdzad du gsol/__lung rtogs yon tan rgyas par mdzad du gsol/__rnam dkar phrin las rgyas par mdzad du gsol/__zhes lan mang du brjod nas gsol ba btab/__yig brgya lan gsum dang /__ma 'byor pa dang sogs kyis nongs pa bshags/__oM 'dir ni rten dang sogs dang /__mdun du bzhugs pa'i bla ma rin chen 'byung ldan rtsa gsum nor lha rab 'byams kyi tshogs 'khor dang bcas pa rnams 'od du zhu ste rten rnams la thim pas g.yang rten rnams ngo bo bla ma nor lha 'khor bcas dang gnyis su med pa la rnam pa 'khor 'das kyi phywa g.yang dwangs bcud thams cad gcig tu 'dus pa dgos 'dod thams cad 'byung ba'i yid bzhin gyi nor bu rin po che lta bur gyur/__ces brjod de ye shes pa rnams rten la bstims/__rten 'brel snying po brjod cing me tog 'thor bas brtan par bya/__dge ba 'di yis myur du bdag__/bla ma rin 'byung 'grub gyur nas/__sogs/__dge ba 'di yi skye bo kun/__/bsod nams ye shes tshogs rdzogs shing /__/bsod nams ye shes las byung ba'i/__/dam pa sku gnyis thob par shog__/thams cad nam mkha' mdzod bzhin du/__/longs spyod zad pa med par shog__/rtsod pa med cing 'tshe med pa/__/rang dbang du ni spyod par shog__/'jig rten bde zhing lo legs dang /__/'bru rnams 'phel zhing phyugs 'phel ba/__/dge legs thams cad 'byung ba yi/__/yid la 'dod pa kun 'grub shog__/zhes sogs khyad par gyi bsngo smon dang /__che ba'i che mchog sogs mdo rgyud las byung ba dang /__'bad dang rtsol bas ma gos kyang /__/yid bzhin nor bu dpag bsam bzhin/__/sems can re ba skong mdzad pa/__/bsam pa 'grub pa'i bkra shis shog__/gnas 'dir nyin mo bde legs sogs skabs su babs pa'i bkra shis kyi tshigs su bcad pa dang bcas te me tog gi char sil mar bsnyil bar bya'o/__/grol nyin sbyin bdag la g.yang gtad sogs byed na brtan bzhugs tshar ba'i rjes stan bzang po la 'bru dkar gyis g.yung drung ris bris par yon bdag gos rgyan bcas te 'khod/__spro na sbyong ba gsum gyis/__bkra shis pa'i cho ga sgrub pa la bar du gcod pa'i bgegs bskrad/__gang ltar yang /__sbyin pa'i bdag po nor sbyin bye ba'i sde dpon dzam+b+ha la'i skur gyur la phywa g.yang longs spyod kyi rdzas rnams gtad pas 'dod rgu'i 'byor pa'i dngos grub zad mi shes pa la longs spyod pa'i dge mtshan rgyas par gyur/__pa'i mos pas sngags rnams kyi mthar rten 'brel snying po sbrel ba bzla zhing me tog 'thor ba dang bcas rten rdzas rnams lag tu gtad/__spro na g.yang 'gugs tshar gcig bskyar gang ltar yang smon lam dang bkra shis gong du smos ba ltar rgyas bsdus ci rigs par brjod cing me tog gi char dbab rol mo'i sgra snyan bar sbyar bas dge legs su bya'o/__/'di byas dge tshogs nor bu'i sprin chen las/__/byung ba'i gru char 'dod dgu'i 'byor pa yis/__/bstan 'gro'i dbul ba ma lus kun sel nas/__/dge legs yid bzhin dpal gyis 'byor par shog__/ces pa'ang lcags ra bsam 'grub rtse'i lha bris pa blo gros chos 'phel nas bzang gos stegs khebs bcas bskul ngor/__'jam dbyangs chos kyi blo gros pas gro bzhin zla ba'i yar tshes brgyad bzang por 'don bder bsgrigs pa'i/__yi ge pa chab mdo skyo mda' sprul sku 'jam dbyangs chos kyi nyin byed kyis sgo gsum gus pas bgyis pa ste 'dis kyang mtha' yas pa'i bstan pa dang sems can la phan bde rgya chen po 'byung zhing /__'dod rgu'i 'byor pa rdzogs ldan dpal gyis khyab pa'i rgyur gyur cig__///__

Footnotes

Other Information