JKCL-KABUM-10-THA-073

From Khyentse Lineage - A Tsadra Foundation Project
Revision as of 14:25, 22 November 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title JKCL-KABUM-10-THA-073.pdf
Location chos kyi blo gros bka' 'bum
Volume Expression error: Unrecognized word "tha"., Text 73, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre "THA" is not a number.

<ul><li>":Property:textsubnumber|textsubnumber" can not be assigned to a declared number type with value 1.</li> <!--br--><li>"THA" is not a number.</li></ul>

[edit]
ཨོཾ་སྭསྟི། དབུ་མའི་གནས་ལུགས་མཐར་ཐུགས་སྟོན་མཁས་ཇོ་ནང་པའི། །བཞེད་སྲོལ་ཟླ་མེད་བློ་དམན་ཁོངས་པར་མ་ཚུད་པའི། །ངན་ཚིག་འབྱུང་པོས་ཐེབས་པ་ལྟ་བུའི་སྨྱོ་བའི་ངག །སྨྲ་བ་རྣམས་ཀྱི་རོ་འཛིན་གཅོད་པའི་སྤུ་གྲི་འདི། །རྡོ་གྲུབ་བསྟན་པའི་ཉི་མ་ཡིས། །ལེགས་པར་བཤད་འདིའི་ཆོས་སྦྱིན་སྤར། །དགེ་རབ་གཉེར་ཆེན་སོག་མོ་ཡིས། །བཞེངས་འདིས་ཡང་དག་ལམ་འཇུག་ཤོག །སརྦ་མངྒ་ལཾ།། །། ༈ ཨོཾ་སྭསྟི། རྒྱལ་ཀུན་མཁྱེན་པའི་ཡེ་ཤེས་སྐུ། །གསུང་རབས་རྒྱ་མཚོའི་གཏེར་ཆེན་པོ། །སྨྲ་བའི་སེང་གེ་འཇམ་དཔལ་དབྱངས། །རྟེན་འདིར་བཞུགས་ལ་མཁྱེན་གཉིས་སྩོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ།། །། ༈ ཨོཾ་སྭ་སྟི། དམིགས་མེད་ཐུགས་རྗེའི་དཔལ་དང་ལྡན། །གཉེན་ལྕུགས་འཁྲིལ་ལྡེམ་ཞི་ཚུལ་ཅན། །བཅོམ་ལྡན་བདེ་གཤེགས་ཞི་བའི་ལྷ། །རྟེན་འདིར་བཞུགས་ནས་ངན་སོང་སྐྱོབས། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ།། །། ༈ ཨོཾ་སྭསྟི། སྟོན་པ་མཉམ་མེད་ཤཱཀྱའི་ཏོག །ལྷར་བཅས་འགྲོ་བའི་གཙུག་གི་རྒྱན། །ཐུབ་དབང་འཁོར་བཅས་རྟེན་འདི་ལ། །བརྟན་བཞུགས་ཚེ་འདས་སྲིད་མཚོར་སྒྲོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ།། །། ༈ རྣལ་འབྱོར་སློབ་དཔོན་སྦྱིན་པའི་བདག་པོ་དང་། །ཡུལ་ཕྱོགས་དང་བཅས་རྟག་ཏུ་སྲུངས་ཞིང་སྐྱོངས། །དགྲ་ཇག་ཆོམ་རྐུན་རྒྱུ་བ་ཀུན་བཅད་ཅིང་། །བཙའ་སད་སེར་བའི་གནོད་པ་བཟློག་པ་དང་། །མི་ཕྱུགས་ནད་ཡམས་དུས་འཁྲུགས་རྒྱུན་ཆད་ཅིང་། །སྣོད་བཅུད་ཕྱྭ་གཡང་འདོད་རྒུའི་སྤྲིན་ཕུང་འཁྲིགས། །རྫོགས་ལྡན་གསར་པའི་སྣང་བས་ཁྱབ་གྱུར་ཅིག །ཅེས་པའང་མཁྱེན་བརྩེའི་སྤྲུལ་མིང་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །། ༈ཨོཾ་སྭ་སྟི། དུས་གསུམ་རྒྱལ་བ་རྒྱ་མཚོ་གཤེགས་པའི་ལམ། །བརྒྱུད་གསུམ་རིག་འཛིན་རྒྱ་མཚོའི་ཐུགས་ཀྱི་བཅུད། །རབ་འབྱམས་རྒྱུད་སྡེ་རྒྱ་མཚོའི་སྦས་པའི་དོན། །འོད་གསལ་ཡེ་ཤེས་རྒྱ་མཚོའི་སྙིང་པོ་ནི། ༡། བཅུ་བདུན་རྒྱུད་ཞེས་རྒྱལ་མཚན་ཏོག་ལྟར་མཐོ། །གསང་བའི་བདག་པོ་དགའ་རབ་དཔའ་བོ་ལ། །སྟོན་པ་རྡོ་རྗེ་སེམས་དཔའི་ཐུགས་མཛོད་བྱིན། །དེ་ལས་རིམ་བརྒྱུད་རྫོགས་ཆེན་སྡེ་གསུམ་ལས། ༢། སྙིང་ཁྲག་དྭངས་མ་ལྟ་བུའི་མན་ངག་སྡེ། །ཐེག་ཀུན་མཐར་ཐུག་ལྷུན་པོའི་རྩེ་མོ་བཞིན། །གང་དེར་ཤིང་རྟའི་བཀའ་སྲོལ་རྣམ་གཉིས་ཀྱི། །མན་ངག་སྙན་ནས་སྙན་དང་ཐུགས་བརྒྱུད་ནས། །དེང་དུས་ཀུན་མཁྱེན་བླ་མར་བཀའ་བབ་པ། །རྗེས་འཇུག་རྣམས་ལ་ཐུགས་བརྩེས་གདམས་པའི་གཏེར། །ཚེ་འདི་ཉིད་ལ་མངོན་སུམ་གྲོལ་བའི་ཆོས། །ཀུན་ཏུ་བཟང་པོའི་གསང་མཛོད་འདི་རྨད་བྱུང་། །ཐེག་མཆོག་རྒྱལ་པོའི་རིགས་ཅན་སྣོད་ལྡན་ལ། །ཕན་པར་འགྱུར་སྙམས་སྤར་གྱི་འཕྲུལ་ཆེན་འདི། །འོད་གསལ་སྙིང་པོའི་བསྟན་པའི་བཙས་སུ་བསྐྲུན། །དགེ་འདིས་བདག་གཞན་སྐུ་གསུམ་ངང་གྲོལ་ཤོག །ཅེས་པའང་རྣམ་དཀར་སྒྲུབ་པ་པོ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ་ལེགས་འཕེལ། ། ༈ ཨོཾ་སྭསྟི། རྒྱལ་དང་དེ་སྲས་ཐམས་ཅད་བསྐྱེད་པའི་ཡུམ། །བརྗོད་བྱ་ཤེར་ཕྱིན་རྗོད་བྱེད་ལུང་གི་ཆོས། །རྒྱས་འབྲིང་བསྡུས་པའི་དོན་བཅུད་རིན་པོ་ཆེ། །སྡུད་པ་ཡིད་བཞིན་ནོར་བུའི་སྤར་གྱི་འཕྲུལ། །དགེ་ལེགས་བཀྲ་ཤིས་བརྒྱ་ཕྲག་སྤོས་པའི་ཁར། །མི་མཐུན་གཡུལ་ལས་རྣམ་རྒྱལ་རྡོ་རྗེ་ཡིས། །དད་དང་བརྩོན་པས་བཞེངས་པའི་ལེགས་བྱས་མཐུས། །ཀུན་མཁྱེན་གོ་འཕང་མྱུར་དུ་ཐོབ་པར་ཤོག །ཅེས་པའི་སྤར་བྱང་སྨོན་ཚིག་འདི་ཡང་ཆོས་ཀྱི་བློ་གྲོས་པས་སྨོན་པ་སིདྡྷིར་བྷ་ཝ་ཏུ། མངྒ་ལཾ།། །། ༈ ཨོཾ་སྭསྟི། འཇིགས་རུང་སྒྱུ་མ་ཁྲོས་པའི་གར། །གཏུམ་ཆེན་རྔམས་པའི་གད་མོ་ཅན། །དཔལ་ཆེན་ཁྲོ་བོའི་རྒྱལ་པོ་རྣམས། །རྟེན་འདིར་བཞུགས་ནས་འཁོར་བ་སྒྲོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ།། །།
[edit]

oM swasti/__dbu ma'i gnas lugs mthar thugs ston mkhas jo nang pa'i/__/bzhed srol zla med blo dman khongs par ma tshud pa'i/__/ngan tshig 'byung pos thebs pa lta bu'i smyo ba'i ngag__/smra ba rnams kyi ro 'dzin gcod pa'i spu gri 'di/__/rdo grub bstan pa'i nyi ma yis/__/legs par bshad 'di'i chos sbyin spar/__/dge rab gnyer chen sog mo yis/__/bzhengs 'dis yang dag lam 'jug shog__/sarba mang+ga laM//___//__!__oM swasti/__rgyal kun mkhyen pa'i ye shes sku/__/gsung rabs rgya mtsho'i gter chen po/__/smra ba'i seng ge 'jam dpal dbyangs/__/rten 'dir bzhugs la mkhyen gnyis stsol/__/oM su pra tiSh+Tha badz+ra ye swA hA//___//__!__oM swa sti/__dmigs med thugs rje'i dpal dang ldan/__/gnyen lcugs 'khril ldem zhi tshul can/__/bcom ldan bde gshegs zhi ba'i lha/__/rten 'dir bzhugs nas ngan song skyobs/__/oM su pra tiSh+Tha badz+ra ye swA hA//___//__!__oM swasti/__ston pa mnyam med shAkya'i tog__/lhar bcas 'gro ba'i gtsug gi rgyan/__/thub dbang 'khor bcas rten 'di la/__/brtan bzhugs tshe 'das srid mtshor sgrol/__/oM su pra tiSh+Tha badz+ra ye swA hA//___//__!__rnal 'byor slob dpon sbyin pa'i bdag po dang /__/yul phyogs dang bcas rtag tu srungs zhing skyongs/__/dgra jag chom rkun rgyu ba kun bcad cing /__/btsa' sad ser ba'i gnod pa bzlog pa dang /__/mi phyugs nad yams dus 'khrugs rgyun chad cing /__/snod bcud phywa g.yang 'dod rgu'i sprin phung 'khrigs/__/rdzogs ldan gsar pa'i snang bas khyab gyur cig__/ces pa'ang mkhyen brtse'i sprul ming chos kyi blo gros pas bris pa dge zhing bkra shis par gyur cig/___//__!oM swa sti/__dus gsum rgyal ba rgya mtsho gshegs pa'i lam/__/brgyud gsum rig 'dzin rgya mtsho'i thugs kyi bcud/__/rab 'byams rgyud sde rgya mtsho'i sbas pa'i don/__/'od gsal ye shes rgya mtsho'i snying po ni/__1/__bcu bdun rgyud zhes rgyal mtshan tog ltar mtho/__/gsang ba'i bdag po dga' rab dpa' bo la/__/ston pa rdo rje sems dpa'i thugs mdzod byin/__/de las rim brgyud rdzogs chen sde gsum las/__2/__snying khrag dwangs ma lta bu'i man ngag sde/__/theg kun mthar thug lhun po'i rtse mo bzhin/__/gang der shing rta'i bka' srol rnam gnyis kyi/__/man ngag snyan nas snyan dang thugs brgyud nas/__/deng dus kun mkhyen bla mar bka' bab pa/__/rjes 'jug rnams la thugs brtses gdams pa'i gter/__/tshe 'di nyid la mngon sum grol ba'i chos/__/kun tu bzang po'i gsang mdzod 'di rmad byung /__/theg mchog rgyal po'i rigs can snod ldan la/__/phan par 'gyur snyams spar gyi 'phrul chen 'di/__/'od gsal snying po'i bstan pa'i btsas su bskrun/__/dge 'dis bdag gzhan sku gsum ngang grol shog__/ces pa'ang rnam dkar sgrub pa po 'jam dbyangs chos kyi blo gros pas bris pa dge legs 'phel/__/__!_oM swasti/__rgyal dang de sras thams cad bskyed pa'i yum/__/brjod bya sher phyin rjod byed lung gi chos/__/rgyas 'bring bsdus pa'i don bcud rin po che/__/sdud pa yid bzhin nor bu'i spar gyi 'phrul/__/dge legs bkra shis brgya phrag spos pa'i khar/__/mi mthun g.yul las rnam rgyal rdo rje yis/__/dad dang brtson pas bzhengs pa'i legs byas mthus/__/kun mkhyen go 'phang myur du thob par shog__/ces pa'i spar byang smon tshig 'di yang chos kyi blo gros pas smon pa sid+d+hir b+ha wa tu/__mang+ga laM//___//__!__oM swasti/__'jigs rung sgyu ma khros pa'i gar/__/gtum chen rngams pa'i gad mo can/__/dpal chen khro bo'i rgyal po rnams/__/rten 'dir bzhugs nas 'khor ba sgrol/__/oM su pra tiSh+Tha badz+ra ye swA hA//___//

Footnotes

Other Information