JKCL-KABUM-10-THA-033

From Khyentse Lineage - A Tsadra Foundation Project
Revision as of 14:24, 22 November 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title JKCL-KABUM-10-THA-033.pdf
Location chos kyi blo gros bka' 'bum
Volume Expression error: Unrecognized word "tha"., Text 33, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre "THA" is not a number.

"THA" is not a number.

[edit]
གོང་འདིར་འཁོད་པའི་ཁྱུང་ཆེན་བཀའ་བརྒྱད་བྱེ་བྲག་པའི་གསལ་བྱེད་ནི། ཤར་རིའི་བྲག་དཀར་ཁྲི་སྲོང་། དེ་འོག་ནམ་སྙིང་། ཆུ་རུ་ལུའི་སྒྲ་ལྡན། དེ་གཡས་བཻ་རོ། དེ་གཡས་མཚོ་རྒྱལ། ལུང་མདོ་བྲག་དམར་རྟ་མགྲིན་མཆོག་དབྱངས། དེའི་གཡས་འབྲོག་མིའི་ཐང་ཤིང་གོང་ཕུག་དང་། མ་མོའི་གནས། རི་གདོང་ཕུར་འདྲ་བ་ཕུར་པ། མཁར་ཆེན་དཔལ་དབང་དང་། དེའི་གཡས་དཔལ་རྡོར། དེའི་གཡས་མཆོད་བསྟོད་གནས། རླངས་ཆེན་དཔལ་སེང་ཕུག །ཟང་མདོག་དཔལ་རི། མཚོ་རྒྱལ་ཕུག་འོག་སིནྡྷཱུ་རྒྱ་མཚོ། ལམ་ལྟག་གྲོ་ལོད་སྒྲུབ་ཕུག་སྐུ་རྗེས། གཤོག་པའི་གཡས་ལོགས་ཆེ་མཆོག་ཧེ་རུ་ཀི་གནས། གཉག་ཛྙཱ་ན་དང་། བི་མ་ལའི་ཕུག །ཁྱུང་ཆེན་གྱི་གཡས་གཉན་དཔལ་དབྱངས་ཕུག །དེ་གཡས་ཟག་མེད་བདེ་ཆེན་ཕུག་འདི་ཟུར་བཟའི་སྒྲུབ་ཕུག་དེའི་རྒྱབ་ལྡན་མ་རྩེ་མང་། དེའི་གོང་ཉང་ཏིང་འཛིན་བཟང་པོའི་ཕུག་པ་སོགས། དེའི་བར་དུ་གཤིན་རྗེའི་སྒྲུབ་གནས། ཟུར་དུ་རིག་འཛིན་བླ་མའི་སྒྲུབ་གནས། པད་འབྱུང་གུ་རུའི་གསང་ཕུག །ཕྱར་ཐུལ་སྒྲུབ་ཕུག །གནུབ་ཆེན་སྒྲུབ་ཕུག་སོགས་ཆུ་རྦ་ཕྱར། དེའི་གོང་སྲིབ་ལ་ལྷ་སྲས་དམ་འཛིན་སྒྲུབ་ཕུག །དེའི་གོང་རྫུ་འཕྲུལ་ཕུག །གནས་ཀྱི་ལྟེ་བའི་གཡོན་ལོགས་ལུང་ཤུར་དུ། གཟའ་བདུད་གནས་གསང་ཕུག་དང་ལྟོ་ཞལ། བྲག་དིལ་དཀར་པོ་ཆུང་ངུ་གནམ་ཐེལ་དཀར་པོ། དེའི་གོང་བྲག་ཐེམ་ལྟ་བུའི་ཕུག་པ་ཉིད་ཀུ་མཱར་མ་ཏིའི་ཕུག་པ། བྲག་ངོས་དམར་པོ་ལུང་སྒོར་བསྟན་པའི་རྩེ་མོར་ཤར་ཕྱོགས་མནྡཱ་རའི་ཕུག་པ་སྐུ་རྗེས་དང་། ཚེ་ཆུ་རྒྱུན་འབབ། མགོན་པོ་ཨ་གྷོ་ར་དང་ནམ་གྲུ་མ་གཉིས། གཤོག་པ་གཡས་པའི་བྲག་མ་ནིང་དང་། མདུང་དར་དབྱིབས་གསལ་པོ། དེའི་ངོ་ས་ཤྲཱི་སེང་སྒྲུབ་ཕུག །དེ་ནས་ཡར་འགྲོ་བ་ན་ཞི་ཁྲོའི་ཚོགས་ཁང་སོགས། གཤོག་གཡོན་རྒྱབ་སྲིབ། བདུད་རྩིའི་རང་བྱུང་གསང་བའི་ཕུག །ཨ་དང་རྡོ་རྗེ། ཐོད་པ། གུ་རུའི་ཞབས་རྗེས། དྲེགས་ཚོགས་ཟིལ་གནོན་གྱི་བཞུགས་ཁྲི་དང་། དུང་དཀར་རང་བྱོན་ཅན། ཁྱུང་གི་ལྟེ་བའི་འོག་བྲག་དིལ་དང་། ཐང་ཤིང་། དམ་ཅན་གནས། དེའི་གནས་གཡུ་སྒྲོན་མ་བཅས། ཕུག་པ་སཙྪ་ཡོད་པ་ཞི་ཁྲོའི་ཚོགས་ཁང་ཆེན་མོ། རྨ་ཐོག་རིན་ཆེན་ཕུག་པ། ལུང་མདའ་དུག་ཆུའི་སྐོར་དམོད་པ་དྲག་སྔགས་ཀྱི་གནས་དང་དཔལ་གྱི་ཕུག་རིང་རྣམས་ཡོད། བརྫུན་གཏམ་གང་ཤར་གང་དྲན་དུ་བྲིས་པ་དགེའོ།། །།
[edit]

gong 'dir 'khod pa'i khyung chen bka' brgyad bye brag pa'i gsal byed ni/__shar ri'i brag dkar khri srong /__de 'og nam snying /__chu ru lu'i sgra ldan/__de g.yas bai ro/__de g.yas mtsho rgyal/__lung mdo brag dmar rta mgrin mchog dbyangs/__de'i g.yas 'brog mi'i thang shing gong phug dang /__ma mo'i gnas/__ri gdong phur 'dra ba phur pa/__mkhar chen dpal dbang dang /__de'i g.yas dpal rdor/__de'i g.yas mchod bstod gnas/__rlangs chen dpal seng phug__/zang mdog dpal ri/__mtsho rgyal phug 'og sin+d+hU rgya mtsho/__lam ltag gro lod sgrub phug sku rjes/__gshog pa'i g.yas logs che mchog he ru ki gnas/__gnyag dz+nyA na dang /__bi ma la'i phug__/khyung chen gyi g.yas gnyan dpal dbyangs phug__/de g.yas zag med bde chen phug 'di zur bza'i sgrub phug de'i rgyab ldan ma rtse mang /__de'i gong nyang ting 'dzin bzang po'i phug pa sogs/__de'i bar du gshin rje'i sgrub gnas/__zur du rig 'dzin bla ma'i sgrub gnas/__pad 'byung gu ru'i gsang phug__/phyar thul sgrub phug__/gnub chen sgrub phug sogs chu rba phyar/__de'i gong srib la lha sras dam 'dzin sgrub phug__/de'i gong rdzu 'phrul phug__/gnas kyi lte ba'i g.yon logs lung shur du/__gza' bdud gnas gsang phug dang lto zhal/__brag dil dkar po chung ngu gnam thel dkar po/__de'i gong brag them lta bu'i phug pa nyid ku mAr ma ti'i phug pa/__brag ngos dmar po lung sgor bstan pa'i rtse mor shar phyogs man+dA ra'i phug pa sku rjes dang /__tshe chu rgyun 'bab/__mgon po a g+ho ra dang nam gru ma gnyis/__gshog pa g.yas pa'i brag ma ning dang /__mdung dar dbyibs gsal po/__de'i ngo sa shrI seng sgrub phug__/de nas yar 'gro ba na zhi khro'i tshogs khang sogs/__gshog g.yon rgyab srib/__bdud rtsi'i rang byung gsang ba'i phug__/a dang rdo rje/__thod pa/__gu ru'i zhabs rjes/__dregs tshogs zil gnon gyi bzhugs khri dang /__dung dkar rang byon can/__khyung gi lte ba'i 'og brag dil dang /__thang shing /__dam can gnas/__de'i gnas g.yu sgron ma bcas/__phug pa sats+tsha yod pa zhi khro'i tshogs khang chen mo/__rma thog rin chen phug pa/__lung mda' dug chu'i skor dmod pa drag sngags kyi gnas dang dpal gyi phug ring rnams yod/__brdzun gtam gang shar gang dran du bris pa dge'o//___//

Footnotes

Other Information