JKCL-KABUM-11-DA-060

From Khyentse Lineage - A Tsadra Foundation Project
Revision as of 18:11, 17 November 2021 by WikiBot2015 (talk | contribs)

Wylie title JKCL-KABUM-11-DA-060.pdf
Location chos kyi blo gros bka' 'bum
Volume Expression error: Unrecognized word "da"., Text 60, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre "DA" is not a number.

1 Texts in this Section (sde tshan or chos tshan)

"DA" is not a number.

[edit]
ལྷ་ཆེན་དབང་ཕྱུག་ཆེན་པོ་ལ་བསྟོད་པ་ཡིད་འཕྲོག་དབང་གི་ལྕགས་ཀྱུ་ཞེས་བྱ་བ། །རྒྱལ་ཀུན་གསང་གསུམ་གཅིག་ཏུ་བསྡུས་ལས་བརྟན་གཡོ་དབང་བསྒྱུར་དཔལ་ལྡན་བདེ་མཆོག་སྒྱུ་མའི་གར། །ངོ་མཚར་བཀོད་པ་རྒྱ་མཚོའི་ཁྱོན་ཡང་ཕ་མཐར་བརྒལ་བའི་དབང་མཛད་དབང་གི་གར་སྟབས་ཅན། །རྒྱུ་དང་མི་རྒྱུས་ཞབས་མཐིལ་ཆུ་སྐྱེས་དམར་པོར་བཏུད་ཅིང་འོད་དམར་དྲྭ་བར་བཅུག་མཛད་པ། །དབང་ཕྱུག་ཆེན་པོ་ལྷ་ཡི་ལྷར་གྱུར་ཨུ་མར་བཅས་ལ་དྭངས་བའི་སེམས་ཀྱིས་རབ་ཏུ་བསྟོད། །བསྐལ་པའི་མེ་ལས་ཤུགས་དྲག་རྣོ་ཞིང་གཟི་བྱིན་རབ་རྔམས་མཐུ་ཆེན་དཔའ་བོའི་བརྫུ་བག་ཅན། །ཞི་འཛུམ་དགྱེས་ཉམས་རྣམ་མང་ཐོས་སྲས་གྲགས་པ་དེ་ཡི་ཞལ་གྱི་དཔལ་རབ་འཕྲོག་བྱེད་ཅིང་། །འོད་སྣང་མཐའ་ཡས་དབང་མཛད་དཔའ་བོར་སྣང་བ་འདི་ན་འདས་དང་མ་འདས་ཀུན་གྱི་གཞི། །དབང་ཕྱུག་ཆེན་པོ་ལྷ་ཡི་ལྷར་གྱུར་ཨུ་མར༴ །རྡོ་རྗེའི་ཡངས་པ་ཆེན་པོའི་གྲོང་ཁྱེར་འདི་ན་འབུམ་ཕྲག་དཔའ་བོ་སྤྱི་དཔལ་ཆེ། །རྡོ་རྗེའི་ལྕགས་ཀྱུ་དང་ནི་ཞགས་པ་ཆེན་པོས་བགེགས་ཀྱི་རྒྱལ་པོའི་ཚོགས་ནི་ཟིལ་གནོན་ཅིང་། །སྤྱན་མིག་ཉི་ལྟར་འཁྱིལ་ཞིང་འོད་དམར་གློག་ལྟར་རྩེན་ལས་དྲེག་ལྡན་སྐྱེ་བོ་འདར་བྱེད་པ། །དབང་ཕྱུག་ཆེན་པོ་ལྷ་ཡི་ལྷར་གྱུར་ཨུ་མར་བཅས་ལ་དྭངས་བའི་སེམས་ཀྱིས་རབ་ཏུ་བསྟོད། །ཁྱེད་སྐུ་བསྒོམ་དང་རིགས་སྔགས་བཟླས་པ་དེ་ཡི་མོད་ལ་རྣལ་འབྱོར་དབང་བཅུ་བརྙེས་གྱུར་ནས། །རབ་མྱུར་མེ་ཡི་སྦྱོར་བ་ལ་སོགས་རིགས་སྔགས་ཚོགས་ལ་རབ་བརྩོན་དེ་མ་ཐག་པའི་མོད། །སྲིད་པར་གཏོགས་པའི་ཆོས་ཀུན་ཁབ་ལེན་ལྕགས་ཕྱེ་འདུ་བཞིན་བསྟན་འགྲོའི་དཔལ་ཡོན་རྒྱས་པ་དང་། །རླུང་སེམས་དབང་གྱུར་ལྷ་སྐུར་མངོན་གྱུར་བདེ་སྟོང་རྡོ་རྗེའི་ཡེ་ཤེས་དེ་ཉིད་གྲུབ་པར་མཛོད། །ཅེས་པའང་ཟླ་བའི་གནམ་སྟོང་ལ་དབང་མཛད་དཔའ་བོས་བྲིས།། །།
[edit]

lha chen dbang phyug chen po la bstod pa yid 'phrog dbang gi lcags kyu zhes bya ba/__/rgyal kun gsang gsum gcig tu bsdus las brtan g.yo dbang bsgyur dpal ldan bde mchog sgyu ma'i gar/__/ngo mtshar bkod pa rgya mtsho'i khyon yang pha mthar brgal ba'i dbang mdzad dbang gi gar stabs can/__/rgyu dang mi rgyus zhabs mthil chu skyes dmar por btud cing 'od dmar drwa bar bcug mdzad pa/__/dbang phyug chen po lha yi lhar gyur u mar bcas la dwangs ba'i sems kyis rab tu bstod/__/bskal pa'i me las shugs drag rno zhing gzi byin rab rngams mthu chen dpa' bo'i brdzu bag can/__/zhi 'dzum dgyes nyams rnam mang thos sras grags pa de yi zhal gyi dpal rab 'phrog byed cing /__/'od snang mtha' yas dbang mdzad dpa' bor snang ba 'di na 'das dang ma 'das kun gyi gzhi/__/dbang phyug chen po lha yi lhar gyur u mar=____/rdo rje'i yangs pa chen po'i grong khyer 'di na 'bum phrag dpa' bo spyi dpal che/__/rdo rje'i lcags kyu dang ni zhags pa chen pos bgegs kyi rgyal po'i tshogs ni zil gnon cing /__/spyan mig nyi ltar 'khyil zhing 'od dmar glog ltar rtsen las dreg ldan skye bo 'dar byed pa/__/dbang phyug chen po lha yi lhar gyur u mar bcas la dwangs ba'i sems kyis rab tu bstod/__/khyed sku bsgom dang rigs sngags bzlas pa de yi mod la rnal 'byor dbang bcu brnyes gyur nas/__/rab myur me yi sbyor ba la sogs rigs sngags tshogs la rab brtson de ma thag pa'i mod/__/srid par gtogs pa'i chos kun khab len lcags phye 'du bzhin bstan 'gro'i dpal yon rgyas pa dang /__/rlung sems dbang gyur lha skur mngon gyur bde stong rdo rje'i ye shes de nyid grub par mdzod/__/ces pa'ang zla ba'i gnam stong la dbang mdzad dpa' bos bris//__//

Footnotes

Other Information