JKCL-KABUM-11-DA-057

From Khyentse Lineage - A Tsadra Foundation Project
Revision as of 17:10, 17 November 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title JKCL-KABUM-11-DA-057.pdf
Location chos kyi blo gros bka' 'bum
Volume Expression error: Unrecognized word "da"., Text 57, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre "DA" is not a number.

1 Texts in this Section (sde tshan or chos tshan)

299
དུར་ཁྲོད་ལྷ་མོའི་གསོལ་བསྡུས།
dur khrod lha mo'i gsol bsdus
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]

"DA" is not a number.

[edit]
དུར་ཁྲོད་ལྷ་མོའི་གསོལ་བསྡུས་བཞུགས་སོ། །བྷྱོ། མི་འགྱུར་བདེ་ཆེན་ཆོས་དབྱིངས་དག་པའི་ཀློང་། །མ་རུང་འདུལ་ཕྱིར་སྲིན་མོ་ཁྲོས་པའི་གཟུགས། །དུར་ཁྲོད་ཆེན་པོར་འཇིགས་རུང་འབར་བའི་སྐུ། །མི་བསྲུན་ཤན་པའི་ཚུལ་འཆང་ངན་ནེ་མ། །འཁོར་ཚོགས་སྤྲུལ་པ་ཡང་སྤྲུལ་བཅས་པ་རྣམས། །དམ་རྫས་སྨན་རཀ་གཏོར་མའི་མཆོད་པ་བཞེས། །མཐུན་པའི་སྤྱན་གཟིགས་དགྲ་བགེགས་བསྒྲལ་བ་ཡི། །འདོད་ཡོན་ལྔ་དང་རྟ་གཡག་ལུག་ནག་ཆེ། །དྲེལ་ནག་བོང་བུ་འཕར་བ་སྤྱང་ཀི་དྲེད། །ཁྱི་ནག་ལ་སོགས་མི་བཟད་རྔམས་སྒྲ་སྒྲོགས། །རྣམ་བཀྲའི་དར་མཚོན་མདའ་དར་མེ་ལོང་དང་། །ནལ་བུའི་སྙིང་དང་རྒྱལ་མཚན་སྲོག་འཁོར་སོགས། །རྟེན་སྐོངས་མཆོད་དང་སྒྲུབ་རྫས་སྣ་ཚོགས་པས། །ཐུགས་དམ་བསྐང་ངོ་ཉམས་ཆགས་དབྱིངས་སུ་སོལ། །རྣལ་འབྱོར་རང་སེམས་དག་པའི་ཆོ་རོལ་དང་། །དབྱེར་མེད་གཅིག་ཏུ་བསྲེས་པས་འདུ་འབྲལ་མེད། །རྩལ་སྣང་སྒྱུ་མར་ཤར་བའི་རྣམ་འཕྲུལ་གྱི། །ནད་གདོན་བགེགས་བཟློག་དགྲ་ཇག་ཆོམ་རྐུན་ཆིངས། །བྱད་ཕུར་རྦོད་གཏོང་གནོད་པ་ཞི་བ་དང་། །མཆོག་གསང་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །ཅེས་པའང་རང་སློབ་ལྷ་བྲིས་མཁས་པ་ཀརྨ་རྡོ་རྗེའི་ངོར་ཆོས་ཀྱི་བློ་གྲོས་པས་མེ་ཕག་ཁྲུམ་ཟླའི་ཚེས་ཉེ་དགུ་ལ་བྲིས་པའོ།། །།
[edit]

dur khrod lha mo'i gsol bsdus bzhugs so/__/b+h+yo/__mi 'gyur bde chen chos dbyings dag pa'i klong /__/ma rung 'dul phyir srin mo khros pa'i gzugs/__/dur khrod chen por 'jigs rung 'bar ba'i sku/__/mi bsrun shan pa'i tshul 'chang ngan ne ma/__/'khor tshogs sprul pa yang sprul bcas pa rnams/__/dam rdzas sman raka gtor ma'i mchod pa bzhes/__/mthun pa'i spyan gzigs dgra bgegs bsgral ba yi/__/'dod yon lnga dang rta g.yag lug nag che/__/drel nag bong bu 'phar ba spyang ki dred/__/khyi nag la sogs mi bzad rngams sgra sgrogs/__/rnam bkra'i dar mtshon mda' dar me long dang /__/nal bu'i snying dang rgyal mtshan srog 'khor sogs/__/rten skongs mchod dang sgrub rdzas sna tshogs pas/__/thugs dam bskang ngo nyams chags dbyings su sol/__/rnal 'byor rang sems dag pa'i cho rol dang /__/dbyer med gcig tu bsres pas 'du 'bral med/__/rtsal snang sgyu mar shar ba'i rnam 'phrul gyi/__/nad gdon bgegs bzlog dgra jag chom rkun chings/__/byad phur rbod gtong gnod pa zhi ba dang /__/mchog gsang bstan pa rgyas pa'i phrin las mdzod/__/ces pa'ang rang slob lha bris mkhas pa karma rdo rje'i ngor chos kyi blo gros pas me phag khrum zla'i tshes nye dgu la bris pa'o//__//

Footnotes

Other Information