JKCL-KABUM-11-DA-081

From Khyentse Lineage - A Tsadra Foundation Project
Revision as of 17:10, 17 November 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title JKCL-KABUM-11-DA-081.pdf
Location chos kyi blo gros bka' 'bum
Volume Expression error: Unrecognized word "da"., Text 81, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre "DA" is not a number.

1 Texts in this Section (sde tshan or chos tshan)

439-441
འབོ་ཡོའི་ཀླུ་བཙན་གསོལ་མཆོད།
'bo yo'i klu btsan gsol mchod
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]

"DA" is not a number.

[edit]
འབོ་ཡོའི་ཀླུ་བཙན་གསོལ་མཆོད་བཞུགས། ཨོཾ་སྭསྟི། སྨན་ཤོད་འབོ་ཡོའི་ཀླུ་བཙན་ཆེན་པོ་མཆོད་པར་འདོད་པས། ཀླུ་གཏོར་དཀར་པོ་སྦྲུལ་དཀྲིས་ཅན་པད་འདབ་ཀྱིས་བརྒྱན་པ་ཀླུ་ནོར་གྱིས་བསྐོར་བ་དང་། དམར་གཏོར་གྲུ་གསུམ་མཐེབ་སྐྱུས་བརྒྱན་པ། ཀླུ་སྨན་བསྲེས་པའི་ཕྱེ་མར། ཡོས་ཁྲ། དཀར་དམར་སྐྱེམས་ཕུད་དང་། ཤིང་རྩི་བཟང་པོའི་བསང་དུད་འཐུལ་བཞིན་ཆུ་གཙང་གིས་བྲན། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་སྤེལ། ཀྱེ། འཛམ་གླིང་བྱང་ཕྱོགས་བོད་ཀྱི་ཡུལ། །མདོ་ཁམས་འབྲི་ཟླ་སྒང་གི་ཆར། །ཤོད་བཞིའི་ཡ་གྱལ་སྨན་ཤོད་ཀྱི། །ཡུལ་སྐྱོང་ཀླུ་བཙན་ཆེན་པོ་ནི། །དཀར་སྔོ་འབྲུག་ཆེན་ལ་ཆིབས་ཤིང་། །གཡས་པས་གནམ་ལྕགས་ཐོ་བ་དང་། །གཡོན་པས་ནོར་གཞོང་སྦྲུལ་ཞགས་བསྣམས། །དུང་རྨོག་དུང་ཁྲབ་སྐུ་ལ་གསོལ། །ཡུམ་མཆོག་རྡོ་རྗེ་དཔལ་ལྷ་མོ། །སྔོ་སངས་མདའ་དར་ནོར་བུ་འཛིན། །བློན་པོ་བཙན་རྒོད་ཆེན་པོ་ནི། །མི་དམར་རྟ་དམར་ཟངས་ཁྲབ་དང་། །ཟངས་རྨོག་རལ་གྲི་བཙན་ཞགས་བསྣམས། །མདུང་དར་དཀུར་བརྟེན་དགྲ་ལ་རྒྱུག །སྲས་མཆོག་རྡོ་རྗེ་དཔལ་གྱི་རྒྱལ། །མི་དཀར་ཤེལ་ཁྲབ་ཤེལ་རྨོག་ཅན། །དར་མདུང་ཕྱར་ཞིང་གཏེར་བུམ་འཛིན། །རྟ་མཆོག་ངང་དཀར་ལ་ཆིབས་ཤིང་། །འཁོར་ཚོགས་སྤྲུལ་པ་ཡང་སྤྲུལ་བཅས། །མཆོད་པའི་གནས་འདིར་སྤྱན་འདྲེན་གཤེགས། །རང་རང་དགྱེས་པའི་གདན་ལ་བཞུགས། །ཁྱེད་ལ་མཆོད་པ་འབུལ་བ་ནི། །ཤིང་རྩི་སྣ་ཚོགས་དུད་པ་དང་། །ཇ་ཆང་འོ་ཞོ་མཚོ་ལྟར་བསྐྱིལ། །འབྲུ་སྣ་ཕྱེ་མར་གོས་དར་སྣ། །ཉེ་བར་སྤྱོད་པ་སྣ་ཚོགས་དང་། །ནད་སེལ་ཀླུ་ཡི་སྨན་སྣ་བཟང་། །ཀླུ་ནོར་དཀོར་ཆ་མང་པོས་མཆོད། །རྟ་གཡག་གནག་ལུག་ཁལ་འབྲི་མཛོ། །ཤྭ་རྐྱང་མ་ཧེ་འདོད་འཇོའི་བ། །ཁྲབ་རྨོག་གོ་མཚོན་གཅན་གཟན་རིགས། །རི་དྭགས་སྤུ་སྡུག་མཛེས་པ་དང་། །བྱ་རིགས་སྐད་སྙན་སྒྲོགས་པ་སོགས། །སྲིད་པའི་ཁམས་ན་ཁྱེད་རྣམས་ལ། །མཁོ་ཞིང་དགྱེས་པའི་སྤྱན་གཟིགས་དང་། །མཆོད་རྫས་གནམ་ས་བར་སྣང་གང་། །དབང་པོ་དྲུག་གི་དགྱེས་རྒུར་རོལ། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །མི་མཐུན་འགལ་རྐྱེན་ཐམས་ཅད་སོལ། །མཐུན་རྐྱེན་ཐམས་ཅད་ཡིད་བཞིན་སྒྲུབས། །དགྲ་ཇག་ཆོམ་རྐུན་གནོད་པ་སྲུངས། །འདྲེ་རྒོད་རྒྱུ་ལམ་བཅད་པ་དང་། །དམེ་འཁྲུགས་སྲི་ངན་རྒྱུན་ཆོད་ཅིག །ཁྱེད་རྣམས་འཁྲུགས་པར་གྱུར་པ་ལ། །བདུད་རྩི་བསང་གི་མཆོད་པས་བསང་། །མནོལ་བ་དྭངས་ཤིང་དགྱེས་ཞལ་ནི། །ཟླ་བ་ལྟ་བུར་ངོམ་པ་དང་། །བཤད་སྒྲུབ་སྡེ་རྣམས་འཕེལ་ཞིང་རྒྱས། །མཐའ་བཞི་འགོང་པོའི་དམག་ཚོགས་བཟློག །སྣོད་བཅུད་ཕྱྭ་གཡང་ཐམས་ཅད་སྡུས། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཤོག །ཅེས་འབྲུ་སྣ་ཕྱེ་མར་སྐྱེམས་རྣམས་མཆོད། བསང་གཞུང་གཞན་དང་མ་འབྲེལ་ན་གཤེགས་གསོལ་སོགས་བྱའོ། །ཅེས་པའང་གདོང་སྣ་མཆོག་སྤྲུལ་རིན་པོ་ཆེ་དང་། དེ་ལ་ལྷན་ཅིག་བྱེད་རྐྱེན་རྨུགས་སངས་མཆོག་སྤྲུལ་ཟུང་གིས་བཀྲ་ཤིས་ལྷ་རྫས་བཅས་སྙན་ཚིག་གི་ལམ་ནས་བསྐུལ་ངོར། ཆོས་ཀྱི་བློ་གྲོས་པས་གང་ཤར་བྲིས་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ།། །།
[edit]

'bo yo'i klu btsan gsol mchod bzhugs/__oM swasti/__sman shod 'bo yo'i klu btsan chen po mchod par 'dod pas/__klu gtor dkar po sbrul dkris can pad 'dab kyis brgyan pa klu nor gyis bskor ba dang /__dmar gtor gru gsum mtheb skyus brgyan pa/__klu sman bsres pa'i phye mar/__yos khra/__dkar dmar skyems phud dang /__shing rtsi bzang po'i bsang dud 'thul bzhin chu gtsang gis bran/__ra~M ya~M kha~M/__oM AHhU~M/__nam mkha' mdzod kyi sngags rgya lan gsum gyis spel/__kye/__'dzam gling byang phyogs bod kyi yul/__/mdo khams 'bri zla sgang gi char/__/shod bzhi'i ya gyal sman shod kyi/__/yul skyong klu btsan chen po ni/__/dkar sngo 'brug chen la chibs shing /__/g.yas pas gnam lcags tho ba dang /__/g.yon pas nor gzhong sbrul zhags bsnams/__/dung rmog dung khrab sku la gsol/__/yum mchog rdo rje dpal lha mo/__/sngo sangs mda' dar nor bu 'dzin/__/blon po btsan rgod chen po ni/__/mi dmar rta dmar zangs khrab dang /__/zangs rmog ral gri btsan zhags bsnams/__/mdung dar dkur brten dgra la rgyug__/sras mchog rdo rje dpal gyi rgyal/__/mi dkar shel khrab shel rmog can/__/dar mdung phyar zhing gter bum 'dzin/__/rta mchog ngang dkar la chibs shing /__/'khor tshogs sprul pa yang sprul bcas/__/mchod pa'i gnas 'dir spyan 'dren gshegs/__/rang rang dgyes pa'i gdan la bzhugs/__/khyed la mchod pa 'bul ba ni/__/shing rtsi sna tshogs dud pa dang /__/ja chang 'o zho mtsho ltar bskyil/__/'bru sna phye mar gos dar sna/__/nye bar spyod pa sna tshogs dang /__/nad sel klu yi sman sna bzang /__/klu nor dkor cha mang pos mchod/__/rta g.yag gnag lug khal 'bri mdzo/__/shwa rkyang ma he 'dod 'jo'i ba/__/khrab rmog go mtshon gcan gzan rigs/__/ri dwags spu sdug mdzes pa dang /__/bya rigs skad snyan sgrogs pa sogs/__/srid pa'i khams na khyed rnams la/__/mkho zhing dgyes pa'i spyan gzigs dang /__/mchod rdzas gnam sa bar snang gang /__/dbang po drug gi dgyes rgur rol/__/bdag cag yon mchod 'khor bcas la/__/mi mthun 'gal rkyen thams cad sol/__/mthun rkyen thams cad yid bzhin sgrubs/__/dgra jag chom rkun gnod pa srungs/__/'dre rgod rgyu lam bcad pa dang /__/dme 'khrugs sri ngan rgyun chod cig__/khyed rnams 'khrugs par gyur pa la/__/bdud rtsi bsang gi mchod pas bsang /__/mnol ba dwangs shing dgyes zhal ni/__/zla ba lta bur ngom pa dang /__/bshad sgrub sde rnams 'phel zhing rgyas/__/mtha' bzhi 'gong po'i dmag tshogs bzlog__/snod bcud phywa g.yang thams cad sdus/__/bkra shis bde legs phun tshogs shog__/ces 'bru sna phye mar skyems rnams mchod/__bsang gzhung gzhan dang ma 'brel na gshegs gsol sogs bya'o/__/ces pa'ang gdong sna mchog sprul rin po che dang /__de la lhan cig byed rkyen rmugs sangs mchog sprul zung gis bkra shis lha rdzas bcas snyan tshig gi lam nas bskul ngor/__chos kyi blo gros pas gang shar bris pa dge legs su gyur cig__/mang+ga laM//__//

Footnotes

Other Information