JKW-KABAB-20-WA-030

From Khyentse Lineage - A Tsadra Foundation Project
Revision as of 10:56, 11 May 2021 by Mort (talk | contribs)

Wylie title JKW-KABAB-20-WA-030.pdf
Location mkhyen brtse'i bka' babs
Volume Expression error: Unrecognized word "wa"., Text 30, Pages (Folios to )
Author [[ | ]]
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Citation 'jam dbyangs mkhyen brtse'i dbang po. . In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 20: 1-. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Revelations - gter ma
Karchag page JKW-KABAB-Volume-02-KHA-Karchag"WA" is not a number.

"WA" is not a number.

[edit]
༄༅། སྙན་བརྒྱུད་མ་མོའི་མདོས་ཀྱི་ལས་འགྲིགས་བཞུགས། ༈ ཨོཾ་སྭ་སྟི། སྙན་བརྒྱུད་མ་མོའི་མདོས་ཀྱི་སྐབས། ཐོག་མར་ལས་གཞུང་བསྲང༌། བཟླས་པའི་སྐབས་ཛབ྄་ཁང་ཕྱེས་ནས། མདོས་དཀྱིལ་ཀྱི་གཏོར་མ་དང་དབྱེར་མེད་དུ་བཞུགས་པར་བསམས་ལ་བཟླས་པ་སྒྲུབ་སྔགས་གཙོར་གཏོན་དང༌། ཚེ་སྒྲུབ་བཟླས་དམིགས་བཅས་གཞུང་ལྟར། ལས་སྦྱོར་ཏིང་ངེ་འཛིན་གྱི་སྲུང་ཟློག་བྱེད་ན་གཤིན་རྗེའི་ཐུགས་ཏིག་ལྟར་གསལ་བཏབ་ནས་སྒྲུབ་སྔགས་ལ་སྲུང་ཟློག་གི་སྔགས་བཏགས་པ་ཅི་རིགས་ཟླ། ཏིང་ངེ་འཛིན་གྱི་བསད་པ་བྱེད་ན། དམིགས་པ་གསལ་ནས་སྒྲུབ་སྔགས་ལ་བསད་མདོས་སྔགས་དང་ཨེ་མྱག་བཏགས་པ་ཅུང་ཟད་བཟླ་ཞིང་ཐུན་ལའང་བསྔགས། སྟོང་ཚིགས་མཆོད་བསྟོད་རྗེས་གཏོར་བསྔོ་དང་སྐོང་བཤགས་སོགས་ཅི་རིགས་བྱ། ཚོགས་ཡང་དག་ལྟར་དང༌། སྤྲོ་ན་སྐོང་བ་ཅི་རིགས་བྱ། དེ་ནས་བསྒྲལ་ལས་མདོར་བསྡུས་ལ། ཧཱུྃ། ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ། །མ་མོ་རོལ་པའི་དུར་ཁྲོད་ཆེན་པོ་ནས། །ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ། །ཁྲག་འཐུང་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད། །ཞེས་བསྐུལ། གསེར་སྐྱེམས་བརླབ། རིག་འཛིན་རྩ་བརྒྱུད་སོགས་ལ། ཁྱད་པར་སྲིད་པ་མ་མོའི་ལྷ་ཚོགས་རྣམས། གསེར་སྐྱེམས༴ གཟུ་དང་དཔང་མཛོད་མངོན་སྤྱོད་ལས་ལ་ལ་བཞེངས། །ཉམས་པ་བསྒྲལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །མ་མོ་རོལ་པའི་སྲུང་མའི་ཚོགས་རྣམས་དང༌། དྲེགས་པའི་བཀའ་མཉན༴ གསེར་སྐྱེམས་སོགས༴ རྣལ་འབྱོར་བདག་གི༴ ས་ཕྱོགས༴ ལོ་ཟླ་ཞག་སོགས་ཧོམ་བསྐྱེད། དགུག་གཞུག་སྤྱི་ལྟར་མཐར་སྒྲུབ་སྔགས་ལ། དགྲ་བགེགས་གནོད་བྱེད་འབྱུང་པོ་གྲྀཧྞ་སོགས་བཏགས་པ་ལན་གསུམ། ཨེ། ཁྲོ་རྒྱལ་འདུས་པ་སོགས་ཐུན་བརྡེག། ཕུར་པ་ཐོགས་ལ། ཧཱུྃ། ང་ནི་མངོན་རྫོགས་ཁྲག་འཐུང་དཔལ། །སྲས་དང་༴ བཀའ་སྡོད་༴ གཡས་ཀྱི་ཕྱག་ན་ལྕགས་ཀྱུ་ཐོགས། །གཡོན་གྱི་ཕྱག་ན་ཕུར་པ་འདྲིལ། །ལྕགས་ཀྱུས་ཟུངས་ལ་ཕུར་པས་ཐོབ། །ཚེ་བསོད་སྒྲུབ་མཆོག་རྣམས་ལ་བསྟིམས། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར། །ཤ་ཁྲག་ཚོགས་ཀྱི་མཆོད་པར་བཞེས། སྒྲུབ་སྔགས་དང༌། ཨེ་མྱག་བཏགས་པ་བཟླས་ནས་ཕུར་པས་བསྒྲལ། ཨེ༔ མངོན་རྫོགས་ཁྲག་འཐུང་རོལ་པའི་མཚོན༔ སོགས་ཀྱིས་གཏུབས་ལ་ཞལ་བསྟབ་བྱ། དེ་ནས་མདོས་ཀྱི་སྨད་ཆ་སྔགས་དྲུག་ཕྱག་དྲུག་གིས་བརླབ། ཧཱུྃ་ཧཱུྃ་ཧཱུྃ༔ ང་ནི་བླ་མེད་སོགས་ཀྱིས་མདོས་མགྲོན་སྤྱན་དྲངས། བྷྱོ༔ དང་པོ་ཅི་ཡང་སོགས་ཀྱིས་ཕུལ། གྲངས་གསོགས་བྱིན་རླབས་ནས་སྐོང་མདོས་དང༌། ཟློག་མདོས། ཧཱུྃ་བྷྱོ༔ བདེ་གཤེགས་མཐུ་སྟོབས་ནུས་པའི་དཔལ༔ མངོན་རྫོགས་རྒྱས་པོ་ཧེ་ཀུ་ཀ༔ ཡབ་ཡུམ་སྤྲུལ་པ་ཡང་འཁོར་སོགས༔ སྲིད་པ་མ་མོའི་ལྷ་ཚོགས་རྣམས༔ དབྱིངས་ནས་ཡེ་ཤེས་སོགས་གཤིན་རྗེའི་ཐུགས་ཏིག་ལྟར་བསྐྱེད། དེ་ནས་བསང་མདོས། བྷྱོ༔ དབྱིངས་ཉིད་མ་བཅོས་སོགས་སྔགས་བཅས། སྒྲུབ་སྔགས་མཐར། སརྦ་མཎྜ་ལ་ཧཱུྃ་བཛྲོད་བྷ་བ་ཨུ་ཏ྄ིཥྛ་ཧཱུྃ། ཞེས་པས་ཐོར་དཀྱིལ་ནམ་མཁར་བཏེག །ཧཱུྃ་བྷྱོ༔ ཆོས་ཉིད་སོགས་ནང་སྒོ་དབྱེ་དང༌། གསེར་སྐྱེམས་དང་བཅས་ཕྱི་སྒོ་དབྱེ། འཕང་བ་དངོས་ནི། ལྷག་མ་དང༌། སྲུང་མའི་གཏོར་འབུལ་དང༌། ཆད་ཐོ་སྦྲེལ་མཐར། ཧཱུྃ་བྷྱོ་ལྕགས་སཾ་བྷནྡྷའི་སྣོད་ནང་དུ༔ ཤ་ཁྲག་དུག་མཚོན་གཏོར་མ་བཤམས༔ སྣང་སྲིད་གཞིར་བཞེངས་མདོས་ཆེན་པོ༔ འཕང་བ་མངོན་རྫོགས་རྒྱལ་པོས་འཕེན༔ དམིགས་པ་དགྲ་དང་བགེགས་ལ་གཏད༔ ལས་ནི་ཉམས་པ་རྡུལ་དུ་བརླག༔ དགྲ་དཔུང་བདུན་བརྒྱུད་རྩད་ནས་ཆོད༔ བགེགས་དཔུང་ཐལ་བའི་རྡུལ་དུ་རློག༔ མིང་ཙམ་མེད་པར་ཕུང་དུ་ཆུག༔ མངོན་སྤྱོད་ཕྲིན་ལས་ཡོངས་རྫོགས་མཛོད༔ བསད་མདོས་ཀྱི་སྔགས་བཅས་འཕང༌། ཡང་ཟློག་པ། བརྟན་སྐྱོང༌། རྟ་བྲོ་ཚེ་འགུགས་སོགས་སྤྱི་ལྟར་བྱའོ། །ཞེས་པའང་མཉྫུ་གྷཱོ་ཥས་སོ། །ཤུ་བྷཾ།། །།
[edit]

@#/__snyan brgyud ma mo'i mdos kyi las 'grigs bzhugs/__!__oM swa sti/__snyan brgyud ma mo'i mdos kyi skabs/__thog mar las gzhung bsrang*/__bzlas pa'i skabs dzaba? khang phyes nas/__mdos dkyil kyi gtor ma dang dbyer med du bzhugs par bsams la bzlas pa sgrub sngags gtsor gton dang*/__tshe sgrub bzlas dmigs bcas gzhung ltar/__las sbyor ting nge 'dzin gyi srung zlog byed na gshin rje'i thugs tig ltar gsal btab nas sgrub sngags la srung zlog gi sngags btags pa ci rigs zla/__ting nge 'dzin gyi bsad pa byed na/__dmigs pa gsal nas sgrub sngags la bsad mdos sngags dang e myag btags pa cung zad bzla zhing thun la'ang bsngags/__stong tshigs mchod bstod rjes gtor bsngo dang skong bshags sogs ci rigs bya/__tshogs yang dag ltar dang*/__spro na skong ba ci rigs bya/__de nas bsgral las mdor bsdus la/__hU~M/__chos kyi dbyings nas rang byung grub pa'i lha/__/ma mo rol pa'i dur khrod chen po nas/__/shin tu mi bzad rab 'jigs skur ston pa/__/khrag 'thung yongs rdzogs drag po'i phrin las mdzod/__/zhes bskul/__gser skyems brlab/__rig 'dzin rtsa brgyud sogs la/__khyad par srid pa ma mo'i lha tshogs rnams/__gser skyems=__gzu dang dpang mdzod mngon spyod las la la bzhengs/__/nyams pa bsgral ba'i phrin las sgrub par mdzod/__/ma mo rol pa'i srung ma'i tshogs rnams dang*/__dregs pa'i bka' mnyan=__gser skyems sogs=__rnal 'byor bdag gi=__sa phyogs=__lo zla zhag sogs hom bskyed/__dgug gzhug spyi ltar mthar sgrub sngags la/__dgra bgegs gnod byed 'byung po gr-ih+Na sogs btags pa lan gsum/__e/__khro rgyal 'dus pa sogs thun brdeg/__phur pa thogs la/__hU~M/__nga ni mngon rdzogs khrag 'thung dpal/__/sras dang =__bka' sdod =__g.yas kyi phyag na lcags kyu thogs/__/g.yon gyi phyag na phur pa 'dril/__/lcags kyus zungs la phur pas thob/__/tshe bsod sgrub mchog rnams la bstims/__/rnam shes chos kyi dbyings su spor/__/sha khrag tshogs kyi mchod par bzhes/__sgrub sngags dang*/__e myag btags pa bzlas nas phur pas bsgral/__e:__mngon rdzogs khrag 'thung rol pa'i mtshon:__sogs kyis gtubs la zhal bstab bya/__de nas mdos kyi smad cha sngags drug phyag drug gis brlab/__hU~M hU~M hU~M:__nga ni bla med sogs kyis mdos mgron spyan drangs/__b+h+yo:__dang po ci yang sogs kyis phul/__grangs gsogs byin rlabs nas skong mdos dang*/__zlog mdos/__hU~M b+h+yo:__bde gshegs mthu stobs nus pa'i dpal:__mngon rdzogs rgyas po he ku ka:__yab yum sprul pa yang 'khor sogs:__srid pa ma mo'i lha tshogs rnams:__dbyings nas ye shes sogs gshin rje'i thugs tig ltar bskyed/__de nas bsang mdos/__b+h+yo:__dbyings nyid ma bcos sogs sngags bcas/__sgrub sngags mthar/__sarba maN+Da la hU~M badz+rod b+ha ba u ti?Sh+Tha hU~M/__zhes pas thor dkyil nam mkhar bteg__/hU~M b+h+yo:__chos nyid sogs nang sgo dbye dang*/__gser skyems dang bcas phyi sgo dbye/__'phang ba dngos ni/__lhag ma dang*/__srung ma'i gtor 'bul dang*/__chad tho sbrel mthar/__hU~M b+h+yo lcags saM b+han+d+ha'i snod nang du:__sha khrag dug mtshon gtor ma bshams:__snang srid gzhir bzhengs mdos chen po:__'phang ba mngon rdzogs rgyal pos 'phen:__dmigs pa dgra dang bgegs la gtad:__las ni nyams pa rdul du brlag:__dgra dpung bdun brgyud rtsad nas chod:__bgegs dpung thal ba'i rdul du rlog:__ming tsam med par phung du chug:__mngon spyod phrin las yongs rdzogs mdzod:__bsad mdos kyi sngags bcas 'phang*/__yang zlog pa/__brtan skyong*/__rta bro tshe 'gugs sogs spyi ltar bya'o/__/zhes pa'ang many+dzu g+hA+o Shas so/__/shu b+haM//__//

Footnotes

Other Information