JKCL-KABUM-10-THA-059

From Khyentse Lineage - A Tsadra Foundation Project
Revision as of 11:52, 11 January 2022 by Mort (talk | contribs)

དབྱུག་ཟླའི་ཕུར་སྒྲུབ་ཆེན་མོའི་བཅའ་ཡིག་བླངས་དོར་རབ་གསལ།
Wylie title dbyug zla'i phur sgrub chen mo'i bca' yig blangs dor rab gsal JKCL-KABUM-10-THA-059.pdf
Location chos kyi blo gros bka' 'bum
Volume 10, Text 59, Pages 417-440 (Folios 1a to 12b4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. dbyug zla'i phur sgrub chen mo'i bca' yig blangs dor rab gsal. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 10: 417-440. Bir, H.P.: Khyentse Labrang, 2012.
Genre Monastics Regulations - bca' yig
Colophon

།ཅེས་ཤིས་པའི་མཐའ་བརྒྱན་པའི་བཅའ་ཡིག་འདི་ཡང་མཁྱེན་བརྩེའི་ཕྲིན་ལས་ཀྱི་སྤྲུལ་པའི་མིང་འཛིན་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །སརྦ་མངྒ་ལཾ།།

/ces shis pa'i mtha' brgyan pa'i bca' yig 'di yang mkhyen brtse'i phrin las kyi sprul pa'i ming 'dzin 'jam dbyangs chos kyi blo gros pas bris pa dge legs su gyur cig__/sarba mang+ga laM//

1 Texts in this Section (sde tshan or chos tshan)

[edit]
༄༅། །དབྱུག་ཟླའི་ཕུར་སྒྲུབ་ཆེན་མོའི་བཅའ་ཡིག་བླངས་དོར་རབ་གསལ་ཅེས་བྱ་བ་བཞུགས་སོ། ། ཆོས་དབྱིངས་མཁའ་ལ་ཐུགས་རྗེའི་ཆུ་འཛིན་དཀྲིགས་པ་ལས། །རྣམ་མང་ཞི་དང་ཁྲོ་བོའི་རོལ་གར་མཐའ་བཀླས་པའི། །ཕྲིན་ལས་རྩལ་ཤུགས་དུས་མཐའི་མེ་ཆེན་འབར་བའི་སྐུ། །བླ་མ་དཔལ་ཆེན་རྡོ་རྗེ་གཞོན་ནུས་ཤིས་པ་སྩོལ། །བདེ་སྟོང་གཉིས་མེད་ཟུང་འཇུག་གྲུབ་པའི་དབང་། །མཐུ་སྟོབས་ནུས་པས་སྲིད་གསུམ་ཐལ་མར་འབྱིན། །སྣང་སྲིད་ཡོངས་གྲུབ་ཕུར་པའི་དཀྱིལ་འཁོར་ཤར། །འཁོན་སྟོན་རིག་འཛིན་བརྒྱུད་པར་ཕྱག་བགྱིའོ། །བརྩེ་ཆེན་ལག་ན་པད་དཀར་འཆང་བ་ཀུན་དགའ་སྙིང་། །མཁའ་སྤྱོད་མངོན་གྱུར་རྩེ་མོའི་ཞབས་པད་གྲགས་པའི་མཚན། །ཀུན་དགའི་མཚན་དང་འཕགས་ཆེན་བློ་གྲོས་རྒྱལ་མཚན་རྗེ། །བསོད་ནམས་མཚན་སོགས་འཇམ་དབྱངས་རྣམས་བདུན་ཞབས་ལ་འདུད། །དྲི་མེད་མདོ་སྡེའི་ལུང་གིས་བསྟན་པ་ཀུན་དགའ་བཟང་། །རབ་གསལ་རྣམ་འཕྲུལ་བློ་གསལ་རྒྱ་མཚོ་སྙན་བརྒྱུད་བདག །འཇམ་དཔལ་གཞོན་ནུ་གོས་དཀར་ལྕང་ལོའི་གཟུགས་བསྒྱུར་བ། །སྔགས་འཆང་ཡབ་སྲས་བརྒྱུད་པར་བཅས་ཀྱི་ཞབས་ལ་འདུད། །ཁྱད་པར་འཇམ་དཔལ་གྲུབ་པའི་རྒྱལ་པོ་ཉིད། །སྙིགས་དུས་ངུར་སྨྲིགས་འཆང་བའི་གཟུགས་སུ་སྟོན། །གངས་ཅན་མཁས་གྲུབ་རྒྱ་མཚོའི་སྤྱི་མེས་ཆེ། །འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སྤྱི་བོས་མཆོད། །ཅེས་ཤིས་པའི་ཚིག་གིས་མེ་ཏོག་འཐོར་བས་སྐབས་དབྱེ་བ་སྟེ། དཀྱིལ་འཁོར་རྒྱ་མཚོའི་རྡོ་རྗེ་སློབ་དཔོན་ཆེན་པོ་གྲལ་གྱི་དབུར་བཞུགས་པའི་རིག་པ་འཛིན་པའི་དགེ་འདུན་པ་རྣམས་ཀྱི་སྙན་ལམ་དུ་ཞུ་བ། ད་ལན། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་གཟུང་བ་དང་འབྲེལ་བ་སྟེ། ཀཱ་ལ་ཡ་མེ་ལྕེ་གསང་བའི་རྒྱུད་ལས། གནས་དང་བདག་ཉིད་འཁོར་རྫས་དུས། །ཕུན་སུམ་ཚོགས་པ་ལྔར་ལྡན་ན། །ལས་རྣམས་གང་འདོད་འགྲུབ་པར་འགྱུར། །ཅེས་གསུངས་པས། གནས་ཀྱི་དབང་དུ་བྱས་ན། །དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོས་བྱིན་གྱིས་བརླབས་པའི་རྡོ་རྗེའི་གནས་ཆེན་མང་པོས་ཕྱོགས་མཚམས་ཐམས་ཅད་བསྐོར་བ་རྩ་གསུམ་རྒྱ་མཚོའི་འདུ་བས་བྱིན་ཆེ་ཞིང་། གྲུབ་ཐོབ་རིག་འཛིན་གོང་མའི་ཞབས་ཀྱིས་བཅགས་པས་བཀྲ་ཤིས་པ་གཙུག་ལག་གི་གཞུང་དང་མཐུན་ཞིང་། དྲག་པོའི་ས་དཔྱད་ཚང་བས་ཡི་དམ་གྱི་ལྷ་སྒྲུབ་ཐག་ཉེ་ཞིང་། ཡིད་དང་མཐུན་པས་ཉམས་དགའ་བ། ཏིང་ངེ་འཛིན་ངང་གིས་འཕེལ་བ་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས། ཕྱི་ལྟར་ན་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ། ནང་ལྟར་ན་དཔལ་ན་ལནྜ་གཉིས་པ། གསང་བ་འོག་མིན་སྤྲུལ་པའི་ཞིང་ཁམས་ཆེན་པོ་འདི་གནས་ཕུན་སུམ་ཚོགས་པ་ལགས། སྟོན་པ་མཆོག་གི་རྡོ་རྗེ་སློབ་དཔོན་ཆེན་པོ་ཡང་། ཐེག་ཆེན་གྱི་ཆོས་ལ་ཐུགས་རིང་དུ་སྦྱངས་ཤིང་རྒྱུད་གོམས་པ། བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་གསལ་བ། ཐེག་དགུའི་སྡེ་སྣོད་ཀྱི་དོན་ལ་མཁས་ཤིང་དད་པ་བརྟན་པ། འཁོར་ལ་ཐུགས་བརྩེ་བ་དང་། འཁོར་གྱི་དབུས་ན་བག་ཚ་བ་མེད་པ། རྒྱུད་བཟང་བ། ངང་རིང་ཞིང་སྙིང་རྗེ་ཆེ་བ། སྒྲུབ་ལ་མོས་པ་སྟེ། སྦྱངས་བའི་ཡོན་ཏན་དང་རང་བཞིན་གྱི་ཡོན་ཏན་གཉིས་དང་ལྡན་པ་འཇིགས་མེད་རྡོ་རྗེའི་ཁྲི་ལ་ཞབས་པད་བརྟན་བཞིན་བཞུགས་པ་ནི་སྟོན་པ་ཕུན་སུམ་ཚོགས་པའི་དབང་དུ་བྱས་པ་ལགས། འཁོར་སྒྲུབ་པ་པོ་རྣམས་ཀྱང་། དད་པ་དང་ལྡན་པ་དམ་ཚིག་མ་ཉམས་པ། བླ་མ་དང་ལྷག་པའི་ལྷ་ལ་གུས་པས་བརྟན་ཅིང་། ཤེས་རབ་གསུམ་ལ་བློ་སྦྱངས་བ། རྩ་བའི་སྔགས་བཟླས་ཤིང་གཙང་རྨེ་ཆུང་བ། དཀྱིལ་འཁོར་འབྲི་བ་ལ་མཁས་པ། བཀའ་བློ་བདེ་བ། གྱོང་ཁེངས་མེད་པ། བརྟུལ་ཞུགས་ཆེ་བ། ཕྱི་སོ་ཐར་གྱིས་ལུས་ངག་གི་སྤྱོད་པ་སྡོམས་པ། ནང་སྨོན་འཇུག་བྱང་སེམས་ཀྱིས་ཐུགས་རྒྱུད་སྦྱོང་བ། གསང་བ་ཐ་མལ་གྱི་མཚན་རྟོག་དག་མཉམ་བདེ་བ་ཆེན་པོའི་རྒྱས་ཐེབས་པས་རིག་འཛིན་སྔགས་ཀྱི་སྡོམ་པ་དང་ལྡན་པ་དེ་ལྟ་བུ་ནི་འཁོར་ཕུན་སུམ་ཚོགས་པ་ལགས། སྒྲུབ་པའི་དུས་ཀྱང་། རྔམ་གློག་ལས། རིག་བྱེད་དག་གི་ཡན་ལག་ལས། །དུས་རྣམས་ཤེས་པར་བྱ་བ་ནི། །བཀྲ་ཤིས་ལྷ་ཡི་ཉི་མ་དང་། །སྦྱོར་བ་དུས་ཚོད་བཟང་བ་ནི། །མཚན་མའི་རྟོག་པ་ཡིན་མོད་ཀྱང་། །བརྟགས་ན་དངོས་གྲུབ་མཚན་མ་འབྱུང་། ཅེས་གསུངས་པ་ལྟར། ཟླ་བ་དང་། ཚེས་དང་། སྐར་མ་སྦྱོར་བ་ཕུན་སུམ་ཚོགས་པ་སྟེ། དུས་འཁོར་བའི་སྟོན་ཐ་རགས་ཞིབ་མཐུན་པར་རྒྱུ་སྐར་གྱི་ལྷ་མོ་ཐ་སྐར་རམ་དབྱུག་གུའི་ཉ་བའི་ཟླ་བ། རྒྱ་རྩིས་པའི་དགུན་འབྲིང་ལྕགས་ཕོ་བྱི་ཟླ་ཆེ་བ། རྟ་བདུན་དབང་པོ་སྡིག་པའི་ཁྱིམ་དུ་རྩེན་ཞིང་དགུག་པའི་ལས་འགྲུབ་པའི་དུས་བཟང་པོའི་ཚེས་བཅུ་བཞི་ལ་བླ་མ་ས་སྐྱ་པ་ཆེན་པོའི་དུས་དྲན། ཚེས་བཅོ་བརྒྱད་ལ་ཇོ་བོ་ཨ་ཏི་ཤ་དགའ་ལྡན་དུ་གཤེགས་པའི་དུས་དྲན། ཚེས་ཉེར་གཉིས་ལ་རྫོགས་པའི་སངས་རྒྱས་སྟོན་མཆོག་ཤཱཀྱའི་སེངྒེ་སུམ་ཅུ་རྩ་གསུམ་དུ་དབྱར་བཞུགས་ནས་ཡུམ་ལ་ཆོས་སྟོན་ཏེ་ལྷ་ཡི་ཐེམ་སྐས་ལས་གྲོང་ཁྱེར་གསལ་ལྡན་དུ་བབས་པའི་དུས་ཆེན། ཚེས་ཉེར་ལྔར་གྲུབ་ཆེན་བྷུདྡྷ་ཤྲིའི་དུས་ཆེན་བཅས་དང་། ཁྱད་པར་བདག་ཅག་གི་སྐྱབས་མགོན་བྱམས་ཆེན་རྒྱལ་བ་དངོས་སྣང་ཤར་ཀཿཐོག་ཆེན་པོ་ཏའི་སི་ཏུ་ཐམས་ཅད་མཁྱེན་གཟིགས་ཨོ་རྒྱན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་དེ་ཉིད་རྔ་ཡབ་དཔལ་རི་པདྨ་འོད་ཀྱི་ཕོ་བྲང་ཆེན་པོར་མཁའ་འགྲོའི་ཚོགས་དཔོན་དུ་གཤེགས་པའི་དུས་མཆོད་གཙོ་བོར་བྱེད་པ་དང་། ལྷག་པར་དུའང་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོས་བལ་ཡུལ་ཡང་ལེ་ཤོད་དུ་དཔལ་ཆེན་ཡང་དག་ཧེ་རུ་ཀ་སྒྲུབ་པའི་སྐབས་ཀླུ་གྱོང་པོ་གནོད་སྦྱིན་རྒོད་མ་ཁ། བར་སྣང་གློག་མ་སྤྲིན་རྣམས་ཀྱིས་ཐོ་འཚམས་པ་ན་དཔལ་རྡོ་རྗེ་གཞོན་ནུའི་སྐུར་བཞེངས་ཏེ། དམ་སྲི་འབྱུང་པོ་རྣམས་དམིགས་མེད་ཀྱི་ཀློང་དུ་བསྒྲལ་བའི་དུས་ཁྱད་པར་ཅན་མ་སྒྲིགས་རང་གྲུབ་ཕུན་སུམ་ཚོགས་པ་ལགས། རྫས་དང་ཡོ་བྱད་ཀྱང་། སྐུ་གསུང་ཐུགས་ཀྱི་རྟེན་ཁྱད་པར་ཅན་དང་། འཚོ་བ་ཟས། རྐྱེན་བཟློག་སྨན། ལྷ་སྒྲུབ་པའི་རྟེན། ཐམས་ཅད་བསྐང་བའི་མཆོད་རྫས། དགྲ་བགེགས་བསད་པའི་ཡོ་བྱད། ཕྱི་ནང་གསང་བའི་མཆོད་རྫས། གར་འཆམས་ཆས་གོས། ཕྱག་རྒྱ་རང་རྟགས་སོགས་གང་ལ་གང་དགོས་བར་སྣ་ཚོགས་ཀྱིས་མ་སྦགས་ཤིང་སྔགས་ཀྱི་བྱིན་རླབས་སྟེ་རང་གནས་དང་ལྡན་པ་ནི་རྫས་དང་ཡོ་བྱད་ཕུན་སུམ་ཚོགས་པར་ལགས། དེ་ལྟར་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པས་གང་བསྒྲུབ་པར་བྱ་བ་ཡི་དམ་གྱི་ལྷ་མཆོག་དཔལ་ཆེན་རྡོ་རྗེ་གཞོན་ནུ་འདི་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་སྟོབས་འདུས་ཁྲོ་བོ་ཐམས་ཅད་ཀྱི་རྗེ་བཙན། ཁམས་གསུམ་གྱི་དབང་ཕྱུག །བདུད་དང་རུ་ཏྲ་ཐམས་ཅད་གཉའ་ནོན། སྲིད་ཞིའི་སྤྱི་དཔལ་ཆེན་པོ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རང་བྱུང་འདུས་མ་བྱས་པ་ཉིད། རྣམ་པ་གང་ལ་གང་འདུལ་གྱི་རྟགས་ཀྱི་ཕྱག་རྒྱ་གཟུགས་ཀྱི་སྐུར་བཞེངས་པ་སྟེ། རྩ་དུམ་ལས། བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས། །ཞེས་གསུངས་པ་ལྟར། ཕྲིན་ལས་ཕུར་པ་རོལ་པའི་དཀྱིལ་འཁོར་ལ། །བཀའ་གཏེར་དག་སྣང་གི་བཀའ་སྲོལ་མང་དུ་བཞུགས་པ་ལས། རིང་བརྒྱུད་བཀའ་མ་ལ་རྒྱུད་དང་སྒྲུབ་ཐབས་གཉིས་ལས། རྒྱུད་ལ་རྩ་བ་ལྟ་བུས་རྒྱུད་གསུམ། བཤད་པའི་རྒྱུད་ལྔ། ཆ་མཐུན་པའི་རྒྱུད་གསུམ། རྒྱུད་ཕྱི་མ་གཉིས། ཕྱི་མའི་ཕྱི་མ་གསང་བ་སྡེ་དྲུག །བསྐྱེད་རིམ་གཙོ་བོར་སྟོན་པའི་རྒྱུད་ལྔ། རྫོགས་རིམ་གཙོ་བོར་སྟོན་པའི་རྒྱུད་ལྔ་ལ་བཟླ་བའི་རྒྱུད་ལྔ། དྲག་པོ་རྨེ་ཐེབས་ཀྱི་རྒྱུད་གཉིས། ཕྲིན་ལས་གཙོ་བོར་སྟོན་པ་འབུམ་སྐོས་དང་སུམ་ཅུ་རྩ་བདུན་བཞུགས་པ་ལས། ཕུར་པའི་རྒྱུད་བི་ཏོ་ཏ་མ་ལ་འབུམ་སྡེ་ལས་རྡོ་རྗེ་རིགས་ཀྱི་ལེའུ་ལས་ཟུར་དུ་ཕྱུང་བའི་རྩ་དུམ་གྱི་རྒྱུད་ཆོས་རྗེ་ས་པཎྜི་ཏས་བསྒྱུར་བ་ཉིད་ལ་བརྟེན་པ་ལགས། སྒྲུབ་ཐབས་ཀྱི་བཀའ་སྲོལ་ལའང་། རྒྱལ་པོ་ལུགས། ཇོ་མོ་ལུགས། ལྕམ་ལུགས། སྣ་ནམ་ལུགས། གནུབ་ལུགས། འཁོན་ལུགས་སུ་གྲགས་པ་རྣམས་ལས་འདི་གུ་རུ་པདྨ་འབྱུང་གནས་ཀྱིས་སྒྲ་བསྒྱུར་སད་མའི་མི་བདུན་གྱི་ཡ་གྱལ་འཁོན་ནཱ་གིནྜ་རཀྵ་ཏ་ལ་རྒྱུད་ལུང་མན་ངག་བཅས་པ་རྣམས་མནོག་ཆོས་སུ་བསྩལ་བ་དེ་ནས་བརྩམས་འཁོན་ས་སྐྱ་པར་ཡབ་ཆོས་ཡང་ཕུར་གཉིས་ཀྱི་བཀའ་བབས། གྲུབ་བརྙེས་གསེར་གྱི་ཕྲེང་བ་བར་མ་ཆད་པར་བྱོན་ཏེ་མཁའ་ལ་རིག་འཛིན་བརྒྱུད་པའི་གྲལ་མ་ཞིག །བར་དུ་སྨན་རག་བདུད་རྩིའི་མཚོ་མ་སྐམ། ས་ལ་དཀྱིལ་འཁོར་སྒྲུབ་པའི་བཀྲག་མ་ཡལ། མཆེད་ལྕམ་རྡོ་རྗེའི་གྲལ་མ་ཞིག །དམ་ཉམས་དང་རྟོག་གེས་བསྲེ་སླད་མ་ཞུགས། བྱིན་རླབས་ཀྱི་རྒྱུད་པ་ཟམ་མ་ཆད་པའི་ཟབ་ཆོས་འདི་ཉིད་ཉམས་སུ་ལེན་པ་ལ། བསླབ་པའི་མཐའ་བཅུས་གསང་སྔགས་ཀྱི་སྒོར་ཞུགས་དགོས་ཏེ། སྒོ་དབང་གིས་ཕྱེ། སྲོག་དམ་ཚིག་གིས་བཟུང་། ཐག་ལྟ་བས་བཅད། ལ་སྤྱོད་པས་དོར། ཉམས་སུ་ཏིང་ངེ་འཛིན་གྱིས་བླངས། དོན་མན་ངག་གིས་སྒྲུབ། རྒྱུད་ཐོས་པས་གྲོལ། སྒོ་ཀུན་ནས་བསྡུ། ཤེས་བྱ་ཕྱོགས་མེད་དུ་བསླབ། དགོས་དོན་དུ་མ་རོ་གཅིག་ཏུ་བསྡུ་བ་རྣམས་ལགས། དེ་ཐམས་ཅད་ལས་ཀྱང་དམ་ཚིག་རྣམ་པར་དག་པ་ཁོ་ནས་བགྲོད་དགོས་ཏེ། ཨ་ཏི་བཀོད་པ་ཆེན་པོ་ལས། སྔ་རབས་འདས་པའི་སངས་རྒྱས་ཀྱང་། །དམ་ཚིག་འདི་ལ་བརྟེན་དེ་བྱུང་། །ད་ལྟ་བཞུགས་པའི་སངས་རྒྱས་ཀྱང་། །དམ་ཚིག་འདི་ལ་རབ་ཏུ་གནས། །སླད་ཀྱིས་འབྱོན་པའི་སངས་རྒྱས་ཀྱང་། །དམ་ཚིག་འདི་ལ་རབ་ཏུ་བསྒྲུབ། །ཅེས་འབྱུང་བས་དམ་ཚིག་རྣམ་པར་དག་པ་གལ་ཆེ། སྒྲུབ་པ་པོ་རྣམས་ཀྱང་། ཅིར་སྣང་ལྷ་ཡི་ཕྱག་རྒྱ། སྒྲ་གྲགས་སྔགས་ཀྱི་སྙིང་པོ། དྲན་རྟོག་འོད་གསལ་གྱི་འཆར་ཆ། གང་སྤྱད་སྒྱུ་མའི་རོལ་མོ། ཅིར་སྤྱོད་ཐབས་མཁས་ཀྱི་འཕྲུལ་ཆེ། གང་སྣང་ཆོས་ཉིད་ཀྱི་རོལ་པར་གདེངས་སུ་ཚུད་པའམ། མོས་པ་བརྟན་པོས་དཀྱིལ་འཁོར་རྣམ་པ་གསུམ་གྱིས་ཁོག་ཕུབ། བསྙེན་སྒྲུབ་ཡན་ལག་བཞིས་གཞུང་བསྲང་། སྒྲུབ་པའི་རྗེས་རིམ་རྣམས་མཐའ་རྒྱས་སུ་རྒྱས་པར་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཟོལ་མེད་དུ་སྒྲུབ་པ་མཐོང་། ཐུག་གྲུབ་པའི་འབྲས་བུ་ལ་ལོངས་སྤྱོད་པ་སྟེ། དེ་ལྟར་ཐུགས་ཉམས་སུ་བཞེས་པ་ལ་སྤང་བླང་གི་གནས་ཉུང་ངུའི་ངག་གིས་བསྙད་པ་ལ། སྒྲུབ་མཆོད་འདི་ཚོགས་དགོས་བ་རྣམས་ཀྱིས་སྟོད་ལས་བྱང་ཆུབ་སྒྲུབས་པ་དང་། སྨད་ལས་དྲག་པོ་བསྒྲོལ་དབང་གི་རྗེས་གནང་འདོན་ཆའི་ལུང་བཅས་མནོས་ནས། རབ་བསྙེན་པ་འབུམ་ཕྲག་བཅུ་དྲུག་སྦྱིན་སྲེག་བཅས་བྱ་བའམ། ཐ་ནའང་གོང་མ་ཀུན་བློས་མཛད་པ་སོགས་རྒྱུན་ཁྱེར་གང་རུང་ཞིག་ལ་བརྟེན་བསྙེན་པ་འབུམ་ཕྲག་བཞི་རེ་མ་འགྲུབ་ཐབས་མེད་ཡིན་པས་བསྙེན་པ་ཐོན་མ་ཐོན་གྱི་རྩིས་བཤར་དང་། །བསྙེན་པ་མ་ཐོན་ན་མར་མེ་བརྒྱ་མཆོད་རེའི་ཆད་པ་གཅོད་དགོས་རྒྱུ་དང་། འདོན་ཆོག་སྐོར་བློ་འདོན་ལས་དཔེ་ལྟོས་མི་ཆོག་པ་འདི་དང་། དེ་ཡང་བླ་ཆོས་ནས་རྒྱུག་བཤར་ངོས་ལེན་ཞིབ་ཆ་དང་ཕུར་པ་གསར་བཞུགས་ཡིན་ཀྱང་ལོ་གཉིས་ཚུན་བློ་རྒྱུག་རྫོགས་པར་དགོས། དེ་ལས་འགལ་ན་ཆད་པ་འོས་བཏུན་བྱ། གཏན་ནས་མ་སྦྱངས་ཤིང་མ་འཕྲོད་ན་དངུལ་སྲང་གསུམ་དང་ལྕགས་ཤར་ཉེར་ལྔ་རེའི་ཆད་པ་དང་། དཔེ་ཆ་བློ་ལེན་དང་། འཆམ་སོགས་སྦྱོངས་མི་སྦྱོངས་ཟེར་མི་ཆོག །བླ་ཆོས་ཀྱི་ངག་ལ་མི་ཉན་པ་གལ་སྲིད་དེ་འདྲ་བྱུང་ན་དངུལ་སྲང་ལྔ་རེ་དང་། ལྕགས་ཤར་ལྔ་བཅུ་རེའི་ཆད་པ་ཡོད། འཆམ་སྦྱངས་རྒྱུ་སྔགས་འཆང་ཆེན་མོའི་འཆམ་དཔེ་སྣང་བ་འགྱུར་ཐུབ་དང་། སློབ་དཔོན་གྱི་ཞལ་ཁྲིད་ལྟར་ལས། ཕོ་ཚོད། རང་བཟོ། སྣང་བ་གང་མཛེས་མི་ནག་མགོ་བསྐོར་བྱ་མི་ཆོག་ཅིང་། གེར་རྒྱུག་འཕྲོད་ངེས་ཀྱི་བྱང་ཆ་འགྲིགས་ཐུབ་པ་དང་། ལུས་སྟོད་ལ་སེང་ཆགས་པ། རྐེད་པ་ལ་འཁྲིགས་ཆགས་པ། ཚིགས་བཞི་ལ་འཕྲུལ་ཆགས་པ། གཞག་ཤ་ལ་ལྷོད་ཆགས་པ། ཤ་འགྱུར་ལ་མེར་ཆགས་པ། རྣམ་འགྱུར་ལ་འགྱིང་ཆགས་པ། སྤྱོད་པ་ལ་དལ་ཆགས་པ། སྒྱིད་པ་ལ་ལྡེམ་ཆགས་པ། རྐང་མགོ་ལ་བདེ་ཆགས་པ། ཕྱག་རྒྱ་གཡས་སུ་བཅས་ན་འགྲོལ་བ་གཡོན། གཡོན་དུ་བཅས་ན་འགྲོལ་བ་གཡས། དབུས་སུ་བཅས་ན་འགྲོལ་བ་ཐད་ཀར་བལྟ་ཞིང་འགྱིང་བ་སྟེ་བཅའ་བསྒྱུར་བཤིག་པ་ལ་མཁས་པ། ཕོད་ཀའི་ཐང་ཤ་བཅད། རལ་པའི་འཁྲིལ་བཤིག །ལུས་ཀྱི་འཛུམ་བསྟན་པ། ཀུན་ཏུ་དཔའ་ཞིང་བརྗིད་ཆགས་པ་གལ་ཆེ། འཇིགས་རྔམ་གྱི་གར་ལ་ལུས་ཧ་ཅང་གསོར་ཆེ་ན་སྐྱོན། འགྱིང་གཉན་གྱི་གར་ལ་ཧ་ཅང་ལུས་བཅོས་ཆེ་ན་སྐྱོན། འཁྱུག་ཅིང་བདེ་བའི་གར་ལ་ཧ་ཅང་སྟབ་སྟོབ་ཆེ་ན་སྐྱོན། དལ་ཞིང་ལྷོད་པའི་གར་ལ་ཧ་ཅང་སྒྱིད་ལུགས་ཆེ་ན་སྐྱོན། སྒེགས་ཅིང་ཆགས་པའི་གར་ལ་ཧ་ཅང་བསྒྱུར་ན་སྐྱོན་ཡིན་པས་སྤངས་བར་བྱ། མདོར་ན་རྐང་སྟབས་ལག་སྟབས་ཕུར་དར་དང་། ཐོད་པའི་ལྕང་ལོ་འཕེལ་ཕྱོགས་སོགས་གྲ་འགྲིགས་ཁོ་ནར་གཅེས། དེ་རིགས་གང་རུང་ནོར་ན་ཆད་པ་ནོར་བ་ཆེ་ཆུང་དང་བསྟུན་ཕྱག་བཅུ་ནས་བརྒྱ་ཡི་བར་དང་། ཆང་བཟི་སོགས་ཀྱིས་འཆམ་ལ་མ་དོད་པ་བྱུང་ན་ལྕགས་ཤར་ཉི་ཤུ་རེ་བཅད་དགོས། རྔ་འཆམས་སྐབས་རྔ་འཆར་བྱུང་ན་ཆད་པ་དར་རེ་དང་། ངན་གཡོ་བྱས་ཏེ་མ་འཆམ་མ་སྦྱངས་ན་ལྕགས་ཤར་སོ་ལྔ་རེ་དང་། འཆམ་རྗེས་མ་ཟིན་ན་ནས་བྲེ་རེའི་ཆད་པ་དང་། འཆམ་སྦྱངས་སྐབས་ཉིན་རེ་ཆགས་ན་གོར་ཕྱེད་རེའི་ཆད་པ་གཅོད་དགོས། འཆམ་བསྒྲིགས་ཆེན་སྐབས་གཟན་ཤམ་གཟབ་འཕྱོར་དང་། ཡོད་པོས་ཕུགས་སུ་མི་སྦ། མེད་པོས་མེད་མགོ་མི་ཁུར་བ་ཡོད་པོའི་རིགས་ལས་གཡར་དགོས། འཆམ་དར་གྱིས་གཟན་སྡོམ་མི་ཆོག །བསྟན་པའི་མིག་བརྒྱན་ལ་མི་བསམ་པར་གང་བྱུང་ཆོག་བཟོད་བྱས་ན་འབྲུ་ཞོ་རེའི་ཆད་པ་དང་། འཆམ་ལ་ལྟོས་པའི་ཆད་པ་འདི་རྣམས་འཆམ་པ་སྤྱི་ཁར་འཇོག་ནས་ཅི་དགོས་བྱེད། འཆམ་བསྒྲིགས་འདི་རྣམས་ལས་ཐོག་འཆམ་དཔོན་དང་དགེ་སྐོས་གཉིས་ཀས་ལྟ་དགོས། ཚོགས་བརྡ་བྱུང་བ་དང་འདུ་ཁང་སྒོར་ཚོགས་ནས་གཟན་ཟླུམ་ཁྱེར་གྱི་ཡར་བྱོན་དུས་སློབ་དཔོན་དང་བླ་མ་ལས་སྣེ་རྣམས་སྔོན་དུ་ཕེབས། དེ་རྗེས་ཚོགས་པ་རྣམས་ཕེབས། གྲལ་དུ་དལ་བུས་བཞུགས། དགེ་བསྐོས་ནས་སྤོས་འདྲེན་སྐབས་འབྱོན་མེད་ན་ཕྱག་བརྒྱ་རེའི་ཆད་པ་དང་། གཙུགས་ལག་ཁང་དུ་ཡར་མར་ཕེབས་སྐབས་དང་། ཚོགས་གྲལ་དུ་རྩེད་མོ་དང་། ངག་འཁྱལ། ལོང་གཏམ་མགོ་སྒྲིལ། ལག་གཡུག །གཞོགས་སྔས་བྱས་ཏེ་ལུས་དྲང་པོར་མ་བསྲང་བ་དང་། གཟན་སྣེ་གཡོན་པས་པང་སྟེང་མི་ཕབས་པ་ཕྲག་གཟར་བྱེད་པ་རྣམས་སྤངས། སྣབ་ལུད་འཕྱི་བ་དང་སྣ་དུད་སོགས་གཟན་ཞབས་ནས་མི་མངོན་པར་བྱ། གཟན་གྱིས་མགོ་བསྟུམ་དང་ཨ་རྡིའི་གཟན་གྱོན་སོགས་ཆ་ལུགས་མི་མཛེས་པ་སྤངས། དཔུང་བཅད་དང་གཟན་འཐུགས་དགོས། སྐུ་བསང་གྲོལ་ཉེ་བར་ན་ཆབ་རིལ་བ་གཉིས་ཀྱིས་ཆབ་རྒྱུགས་དགོས། ཚོགས་གྲོལ་དུས་དགེ་བསྐོས་ཀྱི་ལྷ་སྒོ་ཕྱེ་ནས་སྒོ་ཕྱིར་བཞེངས་ཏེ་སྡོད། ཚོགས་པ་རྣམས་གྲལ་འདུག་ནས་རིམ་བཞིན་དལ་བུས་བཞེངས་ནས་བྱོན་པ་ལས་ཚོགས་གྲབ་ངེས་པར་བགྱིད་མི་ཆོག །བླ་མ་ལས་སྣེ་རྣམས་རྗེས་མ་བྱས། ཡར་ཚོགས་དུས་དབུ་ཆེ་རྣམས་སྔོན་ཕེབས་གོང་བཞིན། དགེ་བསྐོས་རྗེས་མར་སྡོད། སློབ་དཔོན་རྣམས་གྲལ་དུ་བཞུགས་རིམ་དང་བསྟུན་ཚོགས་པ་ཐམས་ཅད་ལྷན་ཅིག་བཞུགས་དགོས། ཚོགས་སྔ་མ། གྲོལ་ཕྱི་བ། ཁོག་གྲིམས་ལ་འདོན་པ་དལ་བ། དབྱངས་རོལ་རིང་ཐུང་སྐབས་ཕྱེད་ཅིང་འཚམས་པར་བྱ། དབུ་མཛད་པས་ཇ་བརྡ་བཏང་ནས། འདྲེན་པ་རྣམས་སྔ་ཕྱི་མེད་པར་ལྷན་ཅིག་འཛོམ་པ་དང་། གྲལ་རིམ་ལྟར་རྒྱུག །ཇ་ཐུག་གསོལ་ཚར་ནས་ཕྱིར་འགྲོ་དུས་ལྷན་ཅིག་འགྲོ། གད་ཕྱི་བདར་གཙང་བར་བྱ། ཇ་ཐུག་བཞེས་སྐབས་མཆོད་ཞལ་མཉམ་ལེན་དང་། སྒྲ་དང་བཅས་པར་གཟའ་བཏུང་མི་བྱ། ཉིན་གུང་གསོལ་ཇ་དང་། སྔ་ཕྱི་དྲོའི་ཐུག་པ་རྣམས་ཚིམ་པར་བཞེས། གསོལ་ཇ་གཞན་རྣམས་སུམ་སྐོར་དང་། འཕར་ཇ་བྱུང་ན་ལྔ་སྐོར་རེ་དང་། གྲྭ་མང་གིས་གསོལ་ཟིན་ནས་ཀྱང་ཉུང་ཤས་རེའི་གསོལ་རྒྱུ་ལུས་ཡོང་པ་དེ་འདྲ་མི་མཛེས་པས་དེ་རྣམས་དང་འགལ་ན་དགེ་བསྐོས་ནས་ཕྱག་མར་མེའི་ཆད་པ་འོས་བསྟུན། ཚོགས་སུ་འཐབ་རྩོད་ངན་ཆེར་བྱུང་ན་དེ་མ་ཐག་བཀྱིགས་གཟུང་ཁྲིམས་ལས་དང་། དེ་ལས་ཆུང་བ་རྣམས་ལ་ལྕགས་ཤར་དང་། ཕྱག་མར་མེ་བབ་འཕྲི་གཅོད། གྲལ་བཞུགས་པ་རྣམས་ལ་ཞྭ་དམར་རྡོར་དྲིལ་རིགས་ལྔ་དར་དཔྱངས་རྣམས་འཛོམ་དགོས། རྡོར་དྲིལ་ས་ལྗེན་སྟེང་མི་འཇོག །རོལ་མོ་ཆ་བཞིའམ་བརྒྱད། སིལ་སྙན་ཆ་དེ་མཚུངས། ལག་ལྔ་ཆ་བཅུ་དྲུག་གམ་སུམ་ཅུ་སོ་གཉིས་ཙམ་རེ་གྲ་འགྲིགས་པ་དང་། ཕུར་པའི་འཆམ་དབྱངས། དཀྱིལ་ཆོག་གི་དབྱངས། སྒྲུབ་ཐབས་གདང་དབྱངས་སོགས་ལྷུན་གྲུབ་སྟེང་གི་དབུ་མཛད་ཆེན་མོའི་ཕྱག་བཞེས་གསུངས་གདངས་ལྟར་དང་། སྒྲུབ་ཐབས་ལ་དབྱངས་གདངས་འདི་གའི་སྔོན་གྱི་འཐེན་རྒྱུན་ཡོད་རུང་དབྱངས་ཀྱི་མཚན་ཉིད་ཉམས་འགྱུར་ཅུང་ཟད་ལྷུན་གྲུབ་སྟེང་གི་འཐེན་རྟ་ལེགས་པས་སྒྲུབ་མཆོད་ཕྱག་བཞེས་ཀྱང་གཙོ་བོར་དེ་དག་གི་ཕྱག་ཁྲིད་ཡིན་སྟབས་རྐང་མཚུངས་བྱས་པ་ལེགས། གང་ལྟར་ཡང་ལྟ་བ་གྲུབ་མཐའ་མ་འཁྱུག་ན་དབྱངས་རོལ་གྱིས་ཁྱད་པར་བག་ཙམ་རེས་བསྟན་པའི་གནད་ཆེན་པོ་འཁྱུགས་རྒྱུ་མེད། རོལ་མོའི་ཉམས་འགྱུར་རྩིས་བགྲངས་སོགས་ཕྱག་ལེན་ཆེ་ཕྲ་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་པ་དང་། དཔལ་ལྡན་ལྷུན་གྲུབ་སྟེང་གི་རྡོར་སློབ་ཀྱི་ཕྱག་ཁྲིད་ལྟར་མ་ནོར་བ་གལ་ཆེ། དབྱངས་ཀྱི་མཚན་ཉིད་ཀྱང་། ཞྭ་ལུའི་མཁས་པ་ཙནྜ་ཤྲཱིའི་ཞལ་ནས། རིང་ཡང་མགོ་ལུས་འཚམས་པ་དང་། །ཐུང་ཡང་ཡན་ལག་རྫོགས་པ་དང་། །བརྗིད་དང་ལྡན་ཡང་སྒེགས་ཆགས་དང་། །སྙན་ཡང་རུས་པ་མ་ཤོར་བ། །གྱོང་ཡང་སྐབས་སུ་ཁུག་པ་དང་། །དིག་ཀྱང་ཚིག་གི་གོང་གསལ་དང་། །མ་སྒུར་མི་དགྱེ་དྲང་པོར་འདུག །གྲིམས་ཞིང་སྤོབས་པ་ལྡན་པ་ཡི། ཞེས་དང་། ས་པཎྜི་ཏས། འདྲེན་པ་དུས་སུ་འདྲོངས་པ་དང་། །བསྒྱུར་ཚེ་བསྒྱུར་དང་འགུགས་པ་ཡི། །དུས་སུ་ཁུག་དང་ལྡེངས་ལ་འཇམ། །ཐམས་ཅད་དུ་ནི་མཉེན་པ་དང་། །ཅེས་སོགས་དང་། དབྱངས་ལ་འཕེལ་འགྲིབ་སྟབས་པ་དང་། ཧ་ཅང་མགྱོགས་བུམ་བཙིར་ནས་འདོན། །བཅོས་ཤིང་སྨྲ་བ་གདངས་ཀྱི་སྐྱོན། །རྣམ་འགྱུར་ཡ་ཡ་བཞིན་སྡུད་དང་། །མི་ལྟ་བ་དང་ཕྱུགས་ལྟར་བལྟ། །གཟིར་དང་འཚབ་པ་ལུས་ཀྱི་སྐྱོན། ཞེས་གསུངས་པ་ལྟར་སྐད་ཕྲ་སྦོམ་གྲ་འགྲིགས་པར་ཁོ་ནར་གནད་ཆེ་བ་ལས། འདོན་དབྱངས་ཐམས་ཅད་མི་རེས་དབུ་མཛད་རེ་མི་བྱ་བར་དབུ་མཛད་ཆེན་མོ་དང་བསྟུན་དགོས། རོལ་མོ་བརྡུང་ཚུལ་ཡང་། ཇི་སྐད་དུ། ཕོ་སྒྲ་དིང་ཟིལ་ལྡན་པར་བརྡུང་། །མོ་སྒྲ་སྙན་ཅིང་འཇེབ་པར་བརྡུང་། །ཕྱེ་མ་དྭང་ཁྲོལ་ཆགས་པ་བརྡུང་། །ཞི་ལ་སྦྲང་ཆར་ཟིལ་བུ་ལྟར། །རྒྱས་ལ་རྫི་ཆར་གཡོས་པ་ལྟར། །དབང་ལ་དྲག་ཆར་འབབ་པ་ལྟར། །དྲག་ལ་ཐོག་སེར་འབྱིན་པ་ལྟར། །ཞེས་དང་། བར་སྣང་མི་གཡུག་གདོང་མི་དགབ། །བྲང་དང་པུས་མོ་ལ་མི་བརྡབ། །ཅེས་སོགས་གསུངས་པ་བཞིན་ཞི་དྲག་སྐབས་ཕྱེད་པ་སོགས་སློབ་དཔོན་གྱི་ཕྱག་ཁྲིད་ལྟར་ནན་ཏན་བྱ། རོལ་མོ་འཁྲོལ་མི་ཤེས་པ་ལ་མི་སྟེར། རོལ་མོ་མཁན་པོ་རྣམས་ལས་གཞན་སུ་བྱུང་གིས་འཁྲོལ་མི་ཆོག །དུང་ཆེན་དང་རྐང་གླིང་འབུད་ཚིག །རྒྱ་གླིང་བཏང་མི་བཏང་གི་རྣམ་དབྱེ་རྣམས་ཀྱང་ལེགས་པར་ཕྱེ་དགོས་རྒྱུ་ལས་གཅིག་ཤེས་ཀུན་གྲོལ་མི་ཆོག །རྔ་པ་རྣམས་ཀྱིས་རྔ་ཡུ་གདོང་དང་རང་གི་པུས་གཡོན་གྱི་ཟུར་སྤྲད། རྔ་ཡུའི་སྨད་ལ་ལག་གིས་བཟུང་། རྔ་གྲལ་བསྒྲིགས་མཐོ་དམའ་མེད་པར་བྱ་སྤུ་ནོན་བྱ་ཞིང་ལག་པའི་སོར་ཚིག་ལ་འཕྲུལ་བཙལ་ཏེ་རྔ་ལྕགས་རང་ལྗིད་ཀྱིས་བསྐུལ། ཞི་དྲག་ཆེ་ཆུང་སྐབས་ཕྱེད་པ་རོལ་མོ་དང་བསྟུན། བྱིན་དབབ་རོལ་མོ་བརྡུང་སྐབས་ཁ་འདོན་སྐད་ཆེན་གཏན་ནས་མི་བྱ་འདི་བརྡུང་བས་མངོན་རྟོགས་རྒྱས་འབྲིང་བསྡུས་གསུམ་སྒོམ་པའི་གོ་ཆོད་གསུངས། ཚིག་འདོན་ལ་རྔ་ལྕགས་གིས་བརྡེག་པ་འཇམ་ལ་གྲལ་འགྲིགས་བརྡེག་དགོས། འཇོག་དུས་རྔ་པ་གོང་ལ་དེའི་གཡོན་ཟུར་རྔ་གཉིས་རེ་སྟེང་འོག་ཏུ་བཞག །ལེན་དུས་གོང་མ་དེས་སྔོན་དུ་བླངས། གྲལ་འོག་པས་རྗེས་ནས་ལེན། བཞག་དུས་གྲལ་འོག་པས་སྔོན་ལ་འཇོག །གོང་མས་རྗེས་ལ་འཇོག །རྔ་ལྕགས་རང་གི་མདུན་དུ་རྔ་ཐེལ་ཕྱིར་བསྟན་ནས་འཇོག །ཞྭ་མོ་གཞོག་གཡས་ཀྱི་པུས་ཟུར་དུ་རྩེ་མོ་གཡས་ཕྱོགས་འོང་བར་བྱས་ནས་འཇོག་དགོས། རྔ་འཆར་ཕོག་ན་ཕྱག་བཅུ་རེའི་ཆད་པ་ཡོད། རོལ་འཆར་ལའང་དེ་མཚུངས་ཡིན། མཆོད་དཔོན་ནས་དཀྱིལ་འཁོར་བྲི་ཐིག །ཚོན་ཆེན་གྱི་རྡུལ་མཚོན་བླུགས་རྒྱུ་དང་། རི་མོ་པ་ཏྲ་རྒྱས་པ་གཟབ་སྤྲོས་གང་རྒྱས་ལས་བསྡུ་མི་ཆོག །མཆོད་པའི་རྫས་ལ་འཕྲི་བ་དང་གསོག་འཇོག་མི་བྱེད་ཅིང་གཙང་སྦྲ་ཐོན་པ་དང་། ཕྱག་ལེན་ཁོག་ལ་ཚུད་པ་དལ་ཞིང་དོད་ལ་ཉམས་དང་ལྡན་པ་གནད་ཆེ། གྲྭ་སྤྱི་གསུམ་ནས་གཏོང་སྒོ་དགོས་རིགས་དེ་བས་ཡིག་ལྟར་ཆད་བུལ་མེད་པ་བྱ་མིག་ཡར་ལྟོས་ཀྱི་གསོལ་མཆོད་ཇེ་རྒྱས་བཏང་བ་ལས་དུས་ངན་མནམ་ངན་ལ་ཁག་འཇོག་པའི་གསོལ་རྒྱུན་བཅད་ན་རང་ཉིད་བསོད་ནམས་འཛད་པའི་རྒྱུར་འགྲོ་བས་མི་གཅོད་པར་ཅི་ནས་གལ་ཆེ། འཆམ་ཆས་ཡོ་བྱད་རྣམས་རྒྱུན་དུ་ཉར་ཚག་གང་ལེགས་གནད་ཆེ་དགོས་ཤིང་། འཆམ་ཆས་སྤྲོད་སྡུད་སྐབས་སྤྲོད་ལེན་མཁན་གཉིས་ཀས་ཞིབ་ལྟས་དང་། ཞྭ་འབག་གྲུམ་པ། རྔ་ལ་སྐྱོན་བྱུང་བ། འཆམ་དར་གོས་སོགས་འཐོར་བརླག་བརྫོན་སྐྱོན་བྱུང་ན་ངེས་པར་སྐྱིན་འཚབ་སྔ་མ་དོ་ངེས་འཇལ་དགོས། འཚོགས་སུ་རྔ་རོལ་སོགས་དང་། ཕུར་ཆ་མཆོད་ཆས་ལ་སྐྱོན་བྱུང་ན་སོ་སོའི་ཁོང་ནས་འཇལ་དགོས་ངེས་ཡིན། ཐུགས་དམ་གཏོར་མ་རྣམས་དཀྱིལ་འཁོར་གཤེགས་རྗེས་ཕུད་ཐོག་ཁར་གཤེགས། དེའི་འཕྲོར་ཆ་བཞིར་བགོས་ནས་ལྷ་གཉེར། མཆོད་དཔོན། སྤྱི་གཡོག །འདྲེན་པ་རྣམས་ལ་བགོ་བཤའ་བྱ། ལྷ་གཉེར་དང་འདྲེན་པ་རྣམས་ནས་གཙུག་ལག་ཁང་ནང་སྔ་མོ་ཚོགས་པ་མ་འདུ་གོང་ནས་རྡུལ་ཕྱག་ཞིབ་བཅའ་དང་། སྤྱི་གཡོག་རྣམས་ཀྱིས་འཆམ་བྱེད་པའི་སྔར་ཉིན་ནས་རྡོ་བཅལ་དང་ལམ་བར་ཐམས་ཅད་རྡུལ་ཕྱག་གཙང་སེང་ངེ་དགོས། ངོར་ཆེན་རྡོ་རྗེ་འཆང་གི་ཞལ་ནས། སྒྲུབ་མཆོད་སྔགས་ཀྱི་ཆེ་བ་ཞེས་གསུངས་པས་རྩ་སྔགས་སྟོང་ཕྲག་ལས་མི་ཉུང་བ་བཟླ་བ་གནད་ཆེ། རིག་འཛིན་བསྐུལ་སྐབས་སྤོས་སྣ། རྒྱ་གླིང་། སློབ་དཔོན་དབུ་མཛད་རོལ་པ་སོགས་ཉུང་ཤས་དཀྱིལ་འཁོར་རྩར་ཕེབས། གཞན་རྣམས་གཙུག་ལག་ནང་ངོས་འཁོར་མོར་བཞེངས། རོལ་པ་རྣམས་ཀྱིས་གཟན་སྣེ་གཉིས་འདི་སྐབས་ཕྲག་གཡས་གཡོན་བཟར་ཆོག །སྔགས་འཆང་རྒྱ་གར་ཤེར་བཟང་གི་རྒྱུད་བསྐུལ་གྱི་དབུ་ཚུགས་ནས་བསྐོར་བར་བྱེད་བཞིན་འཇུག་སློབ་དཔོན་དཀྱིལ་འཁོར་དང་ཉེ་བར་ཕེབས་པ་ན་རྫོགས་པར་བྱ། ཕྱི་རོལ་མར་ཕེབས་སྐབས་སྤོས་སྣ་དང་རྒྱ་གླིང་བཅས་གྲལ་གྱི་རིམ་པ་ལྟར་བྱོན། ཕྱི་རོལ་གྱི་དྲག་རོལ་རྒྱབ་ཚར་བ་དང་ཚོགས་པ་བྱིང་གི་ཞྭ་ཕྲག་བསྐལ། ཡར་བྱོན་སྐབས་སློབ་དཔོན་གྱིས་རྟིང་མནན་ཏེ་བྱོན་རྒྱུ་སོགས་མཐོང་རྒྱུད་ལྟར་བྱའོ། །གཞན་ཡང་ཚོགས་ནས་གློ་བུར་འགྲོ་དགོས་རྐྱེན་བྱུང་ན་ཆོས་ཁྲིམས་ལ་དགོངས་ཞུས་བྱས་ནས་འགྲོ་དགོས། གཞན་ན་ཚ་སོགས་རྐྱེན་ངན་བྱུང་ནའང་དེ་བཞིན་དགོངས་ཞུས་བྱ། ཚོགས་ནང་དུ་གཉིད་ཡུར་བྱེད་པ། ཞྭ་གྱོན་སྔ་ཕྱི། རྡོར་དྲིལ་སོགས་འགྲིལ་ཤོར་བ། རྔ་རོལ་ཡས་མས་བླང་འཇོག་སྐབས་སྒྲ་ཆོམ་བྱུང་བ་སོགས་དགེ་བསྐོས་ནས་དེ་མ་ཐག་ཕྱག་འོས་བཏུན་བཅད་དགོས། ཞྭ་བཞེས་སྐབས་སློབ་དཔོན་གྱིས་བཞེས་གྲུབ་ནས་ཐམས་ཅད་ཀྱིས་དུས་གཅིག་ལ་གྱོན་དགོས། ནང་མཆོད་ཐིག་གཏོར་བ་དང་བདག་འཇུག་སྐབས་བདེ་གཤེགས་རྒྱལ་བ་ཚར་གཉིས་པའི་ཚེ་རིགས་ལྔ་བཤམས། རིགས་ལྔ་བཞེས་ཕུད་ཀྱང་དུས་གཅིག་ལ་སྒྲིམ། རྡོར་དྲིལ་གསོར་བཀྲོལ། ཕྱིར་འཇོག་ཡར་བླངས་ཕྱག་རྒྱ་སོགས་གྲལ་འགྲིགས་མཛད་རྒྱུ་དང་། ཡེ་ཤེས་སྐུ་མཆོག་གི་ཕྱག་འཚལ་ལུགས་ས་སྐྱ་རང་གི་ཕྱག་བཞེས་ལྟར་བྱ། རྡུལ་མཚོན་དཀྱིལ་འཁོར་སྟེང་འབྲུ་མི་འཐོར། ཕུར་ཆུང་བསྒྲིགས་འཆམ་ལ། དགེ་བསྐོས་ཆེ་བ་དཔོན་གཡོག་རྣམས་དང་། རུ་དར་དཀར་ནག་རྣམས་དང་། སྤོས་སྣ་རྒྱ་གླིང་རྗེས་སློབ་དཔོན་དང་གྲལ་བཞུགས་པ་དང་། སྐུ་འཆམ་པ་རྣམས་བྱོན། ཕུར་ཆེན་བསྒྲིགས་འཆམ་ལ་བྱོན་ལུགས་གོང་བཞིན་ལ་རྔ་འཆམ་པ་རྣམས་ཀྱིས་བླ་བྲང་ཁང་གསར་གྱང་སྣེ་བར་རྔ་གཡོན་དུ་བྱ་ཉལ། དེ་ནས་རྔ་གཡས་སུ་བྱ་ཉལ་འཆམ་ར་སྟེང་ནས་གཡོན་ཉལ་གྱིས་བཟུང་། རྔ་འཆམ་དབྱངས་ཡོད་མེད་སྐབས་རྔ་བཟུང་ལུགས་མཐོང་རྒྱུད་ལྟར་དགོས། ཕུར་ཆེན་དངོས་གཞིའི་སྐབས། སྔོན་དུ་དགེ་བསྐོས་དཔོན་གཡོག །དེ་རྗེས་དཀར་བདུད་རུ་དར། དེ་རྗེས་ཧ་ཤང་འཁོར་བཅས། དེ་རྗེས་སྤོས་སྣ་རྒྱ་གླིང་། སློབ་དཔོན། གྲལ་བཞུགས་པ། འཆམ་པ་རྣམས་སོགས་བྱོན་རྒྱུ་གོང་མ་བཞིན་ལག །ཕུར་པའི་རྡུལ་མཚོན་མཆོད་དཔོན་ནས་རྒྱུད་སྡེ་གཞན་གྱི་རྡུལ་མཚོན་ཚུར་གཤེགས་སྐབས་སྤྱན་དྲངས་དགོས། དེ་ལྟར་སྤངས་བླང་ཚུལ་བཞིན་བགྱིད་ཏེ་སྒྲུབ་པ་ཆེན་པོའི་དགའ་སྟོན་ཉམས་སུ་མྱོང་བའི་སྐབས་འདིར་གནད་གལ་ཆེ་བའི་དམ་ཚིག་ནི། གསང་བ་ཡོངས་རྫོགས་ཀྱི་རྒྱུད་ལས། བླ་མ་བསྐུར་ཞིང་གསུང་མི་བཅག །ཐུན་བཞིའི་རྣལ་འབྱོར་ཡེངས་མི་བྱ། །ལྷ་དང་སྔགས་ལ་ཐེ་ཚོམ་སྤངས། །མཆེད་ལྕམ་རྣམས་ལ་གདུང་སེམས་བསྐྱེད། །སེམས་ཅན་རྣམས་ལ་སྙིང་རྗེས་སྐྱོང་། །ང་རྒྱལ་རློམ་སེམས་ཞེ་སྡང་སྤངས། །འདོད་ཆགས་ཕྲག་དོག་ཁར་མི་གཏང་། །གསང་སྔགས་ལྟ་སྤྱོད་ཟུང་དུ་འབྲེལ། །རྫོགས་བསྙེན་སྒྲུབ་པ་མཐའ་རུ་དབྱུང་། །ལེ་ལོ་གཉིད་དང་ཆང་དབང་སྤངས། །ཞེས་གསུངས་པ་ལྟར་མོས་གུས་དག་སྣང་ལ་གཞི་འཆའ། ལྷ་སྔགས་ཏིང་འཛིན་གྱིས་གཞུངས་བསྲངས། སྡོམ་པ་དམ་ཚིག་གི་སྲོག་འཁོར་བརྟེན། གཉིད་དང་ལེ་ལོ་ཆང་སོགས་བག་མེད་པའི་རྒྱུ་དང་ལྟུང་བ་འབྱུང་བའི་སྒོ་རྣམས་སྤངས་ནས་དད་སྤྲོ་བརྩོན་འགྲུས་དྲག་པོས་འབད་པ་གལ་ཆེ། དགེ་འདུན་བསྒྲིགས་འོག་ནས་སངས་རྒྱས་ཟེར་བ་དེ་ཡིན་པས་ཐམས་ཅད་ཀྱིས་རློན་པ་རང་འགུགས། སྐམ་པོས་རང་འབར། བ་རྔ་རང་ལྕགས་ཀྱི་དཔེས་རང་བསྟན་རང་གིས་མི་བཤིག །རང་སེམས་རང་གིས་བསྲུང་སྟེ་བསྒྲིགས་ལམ་ལ་འབད་དགོས། བསྒྲིགས་མེད་ན་ཨ་མྱེ་རྣམས་འཚོགས་པ་དང་འདྲ། མཁས་པས་གཟིགས་ན་ཐུགས་ཁྲེལ་རྒྱུ་ལས་མི་འོངས། སྔར་འགྱུར་རིག་འཛིན་བརྒྱུད་པའི་ཕྱག་སྲོལ་འདི་ཡི་ལུགས་ལ། རྒྱུད་སྒྲུབ་ཐབས་དང་འབྲེལ། སྒྲུབ་ཐབས་ཆོག་ཁྲིད་དང་འབྲེལ། ཆོག་ཁྲིག་ཕྱག་བཞེས་དང་འབྲེལ། ཕྱག་བཞེས་བླ་མ་བརྒྱུད་པའི་མན་ངག་དང་འབྲེལ་བ་སྟེ། འབྲེལ་པ་བཞི་ལྡན་ཞིག་དགོས་གནད་ཆེ་བས་ལས་སྣེ་ཐམས་ཅད་ཀྱིས་ཕྱག་ལེན་ཕྲ་རགས་ཞིབ་བཅའ་སྦྱངས་པར་གལ་ཆེ་རྒྱུ་ལས་དེང་སང་རང་གཞན་སུས་ཀྱང་ནན་གཏན་མི་དགོས་པར་ཕྱོགས་ཙམ་རེ་ཤེས་པ་ན་ངས་ཤེས་ང་མཁས་ཀྱི་སྣང་བ་མཐོ་ཟིང་ཟིང་གི་རིགས་དེ་འདྲས་ཅི་ཡང་མི་ལོ། དཔེར་ན་འཇམ་དབྱངས་བསོད་ནམས་དབང་པོའི་ཕུར་པའི་དབྱངས་དཔེའི་མཇུག་ན། དབུ་མཛད་མགོ་དཀར་བ་འཇམ་དབྱངས་བསོད་ནམས་དབང་པོས་སྔགས་འཆང་ཆོས་ཀྱི་རྒྱལ་པོའི་དྲུང་ནས་གསུང་དབྱངས་ལན་བཅུ་བདུན་དུ་ཐོས་ཤིང་བྱང་ཆུབ་པར་བྱས་ནས་དཔེ་རིས་བྲིས་ཚུལ་གསུངས་པ་དེ་འདྲའི་བསླབ་སྦྱངས་ནན་གཏན་དགོས་པ་ནི་རྣམ་པ་ཀུན་ཏུ་གནད་ཆེ་བ་ཡིན་པར་འདུག་ལགས། དེས་ན་དབུ་མཆོད། འབུད་བཀྲོལ་པ་རྣམས་ཀྱིས་བརྒྱུད་པའི་ཕྱག་བཞེས་ལྟར་ལས་རང་བཟོ་དང་། ཕོ་ཚོད། མཛེས་ཆོས། སྣང་བ་གང་ཤར་མི་བྱ་བར་གསོལ་བ་འདེབས་པའོ། །དེ་བཞིན་མཛད་ན་གསང་སྔགས་ཀྱི་འབྲས་བུ་འགྲུབ་པར་འགྱུར་ཏེ། ཇི་སྐད་དུ། དད་བརྩོན་དྲག་པོས་སྒྲུབ་གྱུར་ན། །འཚམས་མེད་ལྔ་པ་སྤྱོད་པས་ཀྱང་། །དངོས་གྲུབ་ཐོབ་པ་གསང་སྔགས་ཁྱད། །ཅེས་གསུངས་པ་ཡིན་པས་དགའ་སྤྲོ་རྒྱ་ཆེན་པོ་དང་ལྡན་པས་དལ་འབྱོར་གྱི་རྟེན་བཟང་དོན་ཡོད་པར་མཛད་འཚལ་ལོ། །སླར་སྨྲས་པ། འདི་འབད་བསོད་ནམས་ནམ་མཁའི་རྗེས་འགྲོ་མཐའ་ཀླས་པ། །བློ་ཡིས་བླངས་ཏེ་རྡོ་རྗེ་འཛིན་པའི་བདག་པོ་དང་། །ཡི་དམ་ལྷར་བཅས་གུས་པས་མཆོད་ནས་འགྲོ་ལ་བསྔོ། །རབ་དཀར་མཐུ་ཡིས་བསོད་ནམས་རྒྱ་ཆེར་རོལ་པར་ཤོག །དེ་ལྟར་བླང་དོར་རབ་གསལ་ལས་བྱུང་བའི། །སྤང་བླང་ཉུང་ངུའི་ངག་གི་ཕྲེང་མཛེས་འདི། །རིག་འཛིན་འདུས་པའི་ཐོད་དུ་བཅིངས་པ་ན། །ཀུན་ཏུ་རབ་དགའི་ས་ལ་མྱུར་དུ་འགྲོ། །བླ་མའི་བཀྲ་ཤིས་བྱིན་རླབས་སྤྲིན་ཕུང་སྐལ་བཟང་དད་པའི་མཁའ་ལ་འཁྲིགས། །ཡི་དམ་བཀྲ་ཤིས་དངོས་གྲུབ་ཆར་རྒྱུན་ཟིལ་བུར་འབེབས་པས་གྲུབ་གཉིས་སྨིན། །མཁའ་འགྲོའི་བཀྲ་ཤིས་འོད་ཟེར་དཔག་ཡས་ཕྱོགས་ཀུན་བརྟན་གཡོའི་དྭངས་བཅུད་སྡུད། །རྩ་གསུམ་རྒྱ་མཆོའི་བཀྲ་ཤིས་དམ་པས་དུས་གསུམ་ཀུན་ཏུ་དགེ་ལེགས་ཤོག །ཅེས་ཤིས་པའི་མཐའ་བརྒྱན་པའི་བཅའ་ཡིག་འདི་ཡང་མཁྱེན་བརྩེའི་ཕྲིན་ལས་ཀྱི་སྤྲུལ་པའི་མིང་འཛིན་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །སརྦ་མངྒ་ལཾ།། །།
[edit]

@#/__/dbyug zla'i phur sgrub chen mo'i bca' yig blangs dor rab gsal ces bya ba bzhugs so/__/ chos dbyings mkha' la thugs rje'i chu 'dzin dkrigs pa las/__/rnam mang zhi dang khro bo'i rol gar mtha' bklas pa'i/__/phrin las rtsal shugs dus mtha'i me chen 'bar ba'i sku/__/bla ma dpal chen rdo rje gzhon nus shis pa stsol/__/bde stong gnyis med zung 'jug grub pa'i dbang /__/mthu stobs nus pas srid gsum thal mar 'byin/__/snang srid yongs grub phur pa'i dkyil 'khor shar/__/'khon ston rig 'dzin brgyud par phyag bgyi'o/__/brtse chen lag na pad dkar 'chang ba kun dga' snying /__/mkha' spyod mngon gyur rtse mo'i zhabs pad grags pa'i mtshan/__/kun dga'i mtshan dang 'phags chen blo gros rgyal mtshan rje/__/bsod nams mtshan sogs 'jam dbyangs rnams bdun zhabs la 'dud/__/dri med mdo sde'i lung gis bstan pa kun dga' bzang /__/rab gsal rnam 'phrul blo gsal rgya mtsho snyan brgyud bdag__/'jam dpal gzhon nu gos dkar lcang lo'i gzugs bsgyur ba/__/sngags 'chang yab sras brgyud par bcas kyi zhabs la 'dud/__/khyad par 'jam dpal grub pa'i rgyal po nyid/__/snyigs dus ngur smrigs 'chang ba'i gzugs su ston/__/gangs can mkhas grub rgya mtsho'i spyi mes che/__/'jam dbyangs mkhyen brtse'i dbang po spyi bos mchod/__/ces shis pa'i tshig gis me tog 'thor bas skabs dbye ba ste/__dkyil 'khor rgya mtsho'i rdo rje slob dpon chen po gral gyi dbur bzhugs pa'i rig pa 'dzin pa'i dge 'dun pa rnams kyi snyan lam du zhu ba/__da lan/__phun sum tshogs pa lngas sgrub pa'i gzhi gzung ba dang 'brel ba ste/__kA la ya me lce gsang ba'i rgyud las/__gnas dang bdag nyid 'khor rdzas dus/__/phun sum tshogs pa lngar ldan na/__/las rnams gang 'dod 'grub par 'gyur/__/ces gsungs pas/__gnas kyi dbang du byas na/__/dpal o rgyan gyi slob dpon chen pos byin gyis brlabs pa'i rdo rje'i gnas chen mang pos phyogs mtshams thams cad bskor ba rtsa gsum rgya mtsho'i 'du bas byin che zhing /__grub thob rig 'dzin gong ma'i zhabs kyis bcags pas bkra shis pa gtsug lag gi gzhung dang mthun zhing /__drag po'i sa dpyad tshang bas yi dam gyi lha sgrub thag nye zhing /__yid dang mthun pas nyams dga' ba/__ting nge 'dzin ngang gis 'phel ba yon tan rin po che du ma'i 'byung gnas/__phyi ltar na rdzong sar bkra shis lha rtse'i chos grwa/__nang ltar na dpal na lan+Da gnyis pa/__gsang ba 'og min sprul pa'i zhing khams chen po 'di gnas phun sum tshogs pa lags/__ston pa mchog gi rdo rje slob dpon chen po yang /__theg chen gyi chos la thugs ring du sbyangs shing rgyud goms pa/__bskyed rdzogs kyi ting nge 'dzin gsal ba/__theg dgu'i sde snod kyi don la mkhas shing dad pa brtan pa/__'khor la thugs brtse ba dang /__'khor gyi dbus na bag tsha ba med pa/__rgyud bzang ba/__ngang ring zhing snying rje che ba/__sgrub la mos pa ste/__sbyangs ba'i yon tan dang rang bzhin gyi yon tan gnyis dang ldan pa 'jigs med rdo rje'i khri la zhabs pad brtan bzhin bzhugs pa ni ston pa phun sum tshogs pa'i dbang du byas pa lags/__'khor sgrub pa po rnams kyang /__dad pa dang ldan pa dam tshig ma nyams pa/__bla ma dang lhag pa'i lha la gus pas brtan cing /__shes rab gsum la blo sbyangs ba/__rtsa ba'i sngags bzlas shing gtsang rme chung ba/__dkyil 'khor 'bri ba la mkhas pa/__bka' blo bde ba/__gyong khengs med pa/__brtul zhugs che ba/__phyi so thar gyis lus ngag gi spyod pa sdoms pa/__nang smon 'jug byang sems kyis thugs rgyud sbyong ba/__gsang ba tha mal gyi mtshan rtog dag mnyam bde ba chen po'i rgyas thebs pas rig 'dzin sngags kyi sdom pa dang ldan pa de lta bu ni 'khor phun sum tshogs pa lags/__sgrub pa'i dus kyang /__rngam glog las/__rig byed dag gi yan lag las/__/dus rnams shes par bya ba ni/__/bkra shis lha yi nyi ma dang /__/sbyor ba dus tshod bzang ba ni/__/mtshan ma'i rtog pa yin mod kyang /__/brtags na dngos grub mtshan ma 'byung /__ces gsungs pa ltar/__zla ba dang /__tshes dang /__skar ma sbyor ba phun sum tshogs pa ste/__dus 'khor ba'i ston tha rags zhib mthun par rgyu skar gyi lha mo tha skar ram dbyug gu'i nya ba'i zla ba/__rgya rtsis pa'i dgun 'bring lcags pho byi zla che ba/__rta bdun dbang po sdig pa'i khyim du rtsen zhing dgug pa'i las 'grub pa'i dus bzang po'i tshes bcu bzhi la bla ma sa skya pa chen po'i dus dran/__tshes bco brgyad la jo bo a ti sha dga' ldan du gshegs pa'i dus dran/__tshes nyer gnyis la rdzogs pa'i sangs rgyas ston mchog shAkya'i seng+ge sum cu rtsa gsum du dbyar bzhugs nas yum la chos ston te lha yi them skas las grong khyer gsal ldan du babs pa'i dus chen/__tshes nyer lngar grub chen b+hud+d+ha shri'i dus chen bcas dang /__khyad par bdag cag gi skyabs mgon byams chen rgyal ba dngos snang shar kaHthog chen po ta'i si tu thams cad mkhyen gzigs o rgyan chos kyi rgyal mtshan dpal bzang po de nyid rnga yab dpal ri pad+ma 'od kyi pho brang chen por mkha' 'gro'i tshogs dpon du gshegs pa'i dus mchod gtso bor byed pa dang /__lhag par du'ang dpal o rgyan chos kyi rgyal pos bal yul yang le shod du dpal chen yang dag he ru ka sgrub pa'i skabs klu gyong po gnod sbyin rgod ma kha/__bar snang glog ma sprin rnams kyis tho 'tshams pa na dpal rdo rje gzhon nu'i skur bzhengs te/__dam sri 'byung po rnams dmigs med kyi klong du bsgral ba'i dus khyad par can ma sgrigs rang grub phun sum tshogs pa lags/__rdzas dang yo byad kyang /__sku gsung thugs kyi rten khyad par can dang /__'tsho ba zas/__rkyen bzlog sman/__lha sgrub pa'i rten/__thams cad bskang ba'i mchod rdzas/__dgra bgegs bsad pa'i yo byad/__phyi nang gsang ba'i mchod rdzas/__gar 'chams chas gos/__phyag rgya rang rtags sogs gang la gang dgos bar sna tshogs kyis ma sbags shing sngags kyi byin rlabs ste rang gnas dang ldan pa ni rdzas dang yo byad phun sum tshogs par lags/__de ltar phun sum tshogs pa lnga dang ldan pas gang bsgrub par bya ba yi dam gyi lha mchog dpal chen rdo rje gzhon nu 'di dus gsum rgyal ba thams cad kyi phrin las kyi stobs 'dus khro bo thams cad kyi rje btsan/__khams gsum gyi dbang phyug__/bdud dang ru tra thams cad gnya' non/__srid zhi'i spyi dpal chen po/__sangs rgyas thams cad kyi thugs rdo rje chos kyi dbyings kyi ye shes rang byung 'dus ma byas pa nyid/__rnam pa gang la gang 'dul gyi rtags kyi phyag rgya gzugs kyi skur bzhengs pa ste/__rtsa dum las/__byams dang snying rjes gang 'dul ba/__/sangs rgyas phrin las rdzogs mdzad nas/__/zhes gsungs pa ltar/__phrin las phur pa rol pa'i dkyil 'khor la/__/bka' gter dag snang gi bka' srol mang du bzhugs pa las/__ring brgyud bka' ma la rgyud dang sgrub thabs gnyis las/__rgyud la rtsa ba lta bus rgyud gsum/__bshad pa'i rgyud lnga/__cha mthun pa'i rgyud gsum/__rgyud phyi ma gnyis/__phyi ma'i phyi ma gsang ba sde drug__/bskyed rim gtso bor ston pa'i rgyud lnga/__rdzogs rim gtso bor ston pa'i rgyud lnga la bzla ba'i rgyud lnga/__drag po rme thebs kyi rgyud gnyis/__phrin las gtso bor ston pa 'bum skos dang sum cu rtsa bdun bzhugs pa las/__phur pa'i rgyud bi to ta ma la 'bum sde las rdo rje rigs kyi le'u las zur du phyung ba'i rtsa dum gyi rgyud chos rje sa paN+Di tas bsgyur ba nyid la brten pa lags/__sgrub thabs kyi bka' srol la'ang /__rgyal po lugs/__jo mo lugs/__lcam lugs/__sna nam lugs/__gnub lugs/__'khon lugs su grags pa rnams las 'di gu ru pad+ma 'byung gnas kyis sgra bsgyur sad ma'i mi bdun gyi ya gyal 'khon nA gin+Da rak+Sha ta la rgyud lung man ngag bcas pa rnams mnog chos su bstsal ba de nas brtsams 'khon sa skya par yab chos yang phur gnyis kyi bka' babs/__grub brnyes gser gyi phreng ba bar ma chad par byon te mkha' la rig 'dzin brgyud pa'i gral ma zhig__/bar du sman rag bdud rtsi'i mtsho ma skam/__sa la dkyil 'khor sgrub pa'i bkrag ma yal/__mched lcam rdo rje'i gral ma zhig__/dam nyams dang rtog ges bsre slad ma zhugs/__byin rlabs kyi rgyud pa zam ma chad pa'i zab chos 'di nyid nyams su len pa la/__bslab pa'i mtha' bcus gsang sngags kyi sgor zhugs dgos te/__sgo dbang gis phye/__srog dam tshig gis bzung /__thag lta bas bcad/__la spyod pas dor/__nyams su ting nge 'dzin gyis blangs/__don man ngag gis sgrub/__rgyud thos pas grol/__sgo kun nas bsdu/__shes bya phyogs med du bslab/__dgos don du ma ro gcig tu bsdu ba rnams lags/__de thams cad las kyang dam tshig rnam par dag pa kho nas bgrod dgos te/__a ti bkod pa chen po las/__snga rabs 'das pa'i sangs rgyas kyang /__/dam tshig 'di la brten de byung /__/da lta bzhugs pa'i sangs rgyas kyang /__/dam tshig 'di la rab tu gnas/__/slad kyis 'byon pa'i sangs rgyas kyang /__/dam tshig 'di la rab tu bsgrub/__/ces 'byung bas dam tshig rnam par dag pa gal che/__sgrub pa po rnams kyang /__cir snang lha yi phyag rgya/__sgra grags sngags kyi snying po/__dran rtog 'od gsal gyi 'char cha/__gang spyad sgyu ma'i rol mo/__cir spyod thabs mkhas kyi 'phrul che/__gang snang chos nyid kyi rol par gdengs su tshud pa'am/__mos pa brtan pos dkyil 'khor rnam pa gsum gyis khog phub/__bsnyen sgrub yan lag bzhis gzhung bsrang /__sgrub pa'i rjes rim rnams mtha' rgyas su rgyas par rig 'dzin brgyud pa'i phyag bzhes zol med du sgrub pa mthong /__thug grub pa'i 'bras bu la longs spyod pa ste/__de ltar thugs nyams su bzhes pa la spang blang gi gnas nyung ngu'i ngag gis bsnyad pa la/__sgrub mchod 'di tshogs dgos ba rnams kyis stod las byang chub sgrubs pa dang /__smad las drag po bsgrol dbang gi rjes gnang 'don cha'i lung bcas mnos nas/__rab bsnyen pa 'bum phrag bcu drug sbyin sreg bcas bya ba'am/__tha na'ang gong ma kun blos mdzad pa sogs rgyun khyer gang rung zhig la brten bsnyen pa 'bum phrag bzhi re ma 'grub thabs med yin pas bsnyen pa thon ma thon gyi rtsis bshar dang /__/bsnyen pa ma thon na mar me brgya mchod re'i chad pa gcod dgos rgyu dang /__'don chog skor blo 'don las dpe ltos mi chog pa 'di dang /__de yang bla chos nas rgyug bshar ngos len zhib cha dang phur pa gsar bzhugs yin kyang lo gnyis tshun blo rgyug rdzogs par dgos/__de las 'gal na chad pa 'os btun bya/__gtan nas ma sbyangs shing ma 'phrod na dngul srang gsum dang lcags shar nyer lnga re'i chad pa dang /__dpe cha blo len dang /__'cham sogs sbyongs mi sbyongs zer mi chog__/bla chos kyi ngag la mi nyan pa gal srid de 'dra byung na dngul srang lnga re dang /__lcags shar lnga bcu re'i chad pa yod/__'cham sbyangs rgyu sngags 'chang chen mo'i 'cham dpe snang ba 'gyur thub dang /__slob dpon gyi zhal khrid ltar las/__pho tshod/__rang bzo/__snang ba gang mdzes mi nag mgo bskor bya mi chog cing /__ger rgyug 'phrod nges kyi byang cha 'grigs thub pa dang /__lus stod la seng chags pa/__rked pa la 'khrigs chags pa/__tshigs bzhi la 'phrul chags pa/__gzhag sha la lhod chags pa/__sha 'gyur la mer chags pa/__rnam 'gyur la 'gying chags pa/__spyod pa la dal chags pa/__sgyid pa la ldem chags pa/__rkang mgo la bde chags pa/__phyag rgya g.yas su bcas na 'grol ba g.yon/__g.yon du bcas na 'grol ba g.yas/__dbus su bcas na 'grol ba thad kar blta zhing 'gying ba ste bca' bsgyur bshig pa la mkhas pa/__phod ka'i thang sha bcad/__ral pa'i 'khril bshig__/lus kyi 'dzum bstan pa/__kun tu dpa' zhing brjid chags pa gal che/__'jigs rngam gyi gar la lus ha cang gsor che na skyon/__'gying gnyan gyi gar la ha cang lus bcos che na skyon/__'khyug cing bde ba'i gar la ha cang stab stob che na skyon/__dal zhing lhod pa'i gar la ha cang sgyid lugs che na skyon/__sgegs cing chags pa'i gar la ha cang bsgyur na skyon yin pas spangs bar bya/__mdor na rkang stabs lag stabs phur dar dang /__thod pa'i lcang lo 'phel phyogs sogs gra 'grigs kho nar gces/__de rigs gang rung nor na chad pa nor ba che chung dang bstun phyag bcu nas brgya yi bar dang /__chang bzi sogs kyis 'cham la ma dod pa byung na lcags shar nyi shu re bcad dgos/__rnga 'chams skabs rnga 'char byung na chad pa dar re dang /__ngan g.yo byas te ma 'cham ma sbyangs na lcags shar so lnga re dang /__'cham rjes ma zin na nas bre re'i chad pa dang /__'cham sbyangs skabs nyin re chags na gor phyed re'i chad pa gcod dgos/__'cham bsgrigs chen skabs gzan sham gzab 'phyor dang /__yod pos phugs su mi sba/__med pos med mgo mi khur ba yod po'i rigs las g.yar dgos/__'cham dar gyis gzan sdom mi chog__/bstan pa'i mig brgyan la mi bsam par gang byung chog bzod byas na 'bru zho re'i chad pa dang /__'cham la ltos pa'i chad pa 'di rnams 'cham pa spyi khar 'jog nas ci dgos byed/__'cham bsgrigs 'di rnams las thog 'cham dpon dang dge skos gnyis kas lta dgos/__tshogs brda byung ba dang 'du khang sgor tshogs nas gzan zlum khyer gyi yar byon dus slob dpon dang bla ma las sne rnams sngon du phebs/__de rjes tshogs pa rnams phebs/__gral du dal bus bzhugs/__dge bskos nas spos 'dren skabs 'byon med na phyag brgya re'i chad pa dang /__gtsugs lag khang du yar mar phebs skabs dang /__tshogs gral du rtsed mo dang /__ngag 'khyal/__long gtam mgo sgril/__lag g.yug__/gzhogs sngas byas te lus drang por ma bsrang ba dang /__gzan sne g.yon pas pang steng mi phabs pa phrag gzar byed pa rnams spangs/__snab lud 'phyi ba dang sna dud sogs gzan zhabs nas mi mngon par bya/__gzan gyis mgo bstum dang a rdi'i gzan gyon sogs cha lugs mi mdzes pa spangs/__dpung bcad dang gzan 'thugs dgos/__sku bsang grol nye bar na chab ril ba gnyis kyis chab rgyugs dgos/__tshogs grol dus dge bskos kyi lha sgo phye nas sgo phyir bzhengs te sdod/__tshogs pa rnams gral 'dug nas rim bzhin dal bus bzhengs nas byon pa las tshogs grab nges par bgyid mi chog__/bla ma las sne rnams rjes ma byas/__yar tshogs dus dbu che rnams sngon phebs gong bzhin/__dge bskos rjes mar sdod/__slob dpon rnams gral du bzhugs rim dang bstun tshogs pa thams cad lhan cig bzhugs dgos/__tshogs snga ma/__grol phyi ba/__khog grims la 'don pa dal ba/__dbyangs rol ring thung skabs phyed cing 'tshams par bya/__dbu mdzad pas ja brda btang nas/__'dren pa rnams snga phyi med par lhan cig 'dzom pa dang /__gral rim ltar rgyug__/ja thug gsol tshar nas phyir 'gro dus lhan cig 'gro/__gad phyi bdar gtsang bar bya/__ja thug bzhes skabs mchod zhal mnyam len dang /__sgra dang bcas par gza' btung mi bya/__nyin gung gsol ja dang /__snga phyi dro'i thug pa rnams tshim par bzhes/__gsol ja gzhan rnams sum skor dang /__'phar ja byung na lnga skor re dang /__grwa mang gis gsol zin nas kyang nyung shas re'i gsol rgyu lus yong pa de 'dra mi mdzes pas de rnams dang 'gal na dge bskos nas phyag mar me'i chad pa 'os bstun/__tshogs su 'thab rtsod ngan cher byung na de ma thag bkyigs gzung khrims las dang /__de las chung ba rnams la lcags shar dang /__phyag mar me bab 'phri gcod/__gral bzhugs pa rnams la zhwa dmar rdor dril rigs lnga dar dpyangs rnams 'dzom dgos/__rdor dril sa ljen steng mi 'jog__/rol mo cha bzhi'am brgyad/__sil snyan cha de mtshungs/__lag lnga cha bcu drug gam sum cu so gnyis tsam re gra 'grigs pa dang /__phur pa'i 'cham dbyangs/__dkyil chog gi dbyangs/__sgrub thabs gdang dbyangs sogs lhun grub steng gi dbu mdzad chen mo'i phyag bzhes gsungs gdangs ltar dang /__sgrub thabs la dbyangs gdangs 'di ga'i sngon gyi 'then rgyun yod rung dbyangs kyi mtshan nyid nyams 'gyur cung zad lhun grub steng gi 'then rta legs pas sgrub mchod phyag bzhes kyang gtso bor de dag gi phyag khrid yin stabs rkang mtshungs byas pa legs/__gang ltar yang lta ba grub mtha' ma 'khyug na dbyangs rol gyis khyad par bag tsam res bstan pa'i gnad chen po 'khyugs rgyu med/__rol mo'i nyams 'gyur rtsis bgrangs sogs phyag len che phra gdan sa chen po dpal ldan sa skya pa dang /__dpal ldan lhun grub steng gi rdor slob kyi phyag khrid ltar ma nor ba gal che/__dbyangs kyi mtshan nyid kyang /__zhwa lu'i mkhas pa tsan+Da shrI'i zhal nas/__ring yang mgo lus 'tshams pa dang /__/thung yang yan lag rdzogs pa dang /__/brjid dang ldan yang sgegs chags dang /__/snyan yang rus pa ma shor ba/__/gyong yang skabs su khug pa dang /__/dig kyang tshig gi gong gsal dang /__/ma sgur mi dgye drang por 'dug__/grims zhing spobs pa ldan pa yi/__zhes dang /__sa paN+Di tas/__'dren pa dus su 'drongs pa dang /__/bsgyur tshe bsgyur dang 'gugs pa yi/__/dus su khug dang ldengs la 'jam/__/thams cad du ni mnyen pa dang /__/ces sogs dang /__dbyangs la 'phel 'grib stabs pa dang /__ha cang mgyogs bum btsir nas 'don/__/bcos shing smra ba gdangs kyi skyon/__/rnam 'gyur ya ya bzhin sdud dang /__/mi lta ba dang phyugs ltar blta/__/gzir dang 'tshab pa lus kyi skyon/__zhes gsungs pa ltar skad phra sbom gra 'grigs par kho nar gnad che ba las/__'don dbyangs thams cad mi res dbu mdzad re mi bya bar dbu mdzad chen mo dang bstun dgos/__rol mo brdung tshul yang /__ji skad du/__pho sgra ding zil ldan par brdung /__/mo sgra snyan cing 'jeb par brdung /__/phye ma dwang khrol chags pa brdung /__/zhi la sbrang char zil bu ltar/__/rgyas la rdzi char g.yos pa ltar/__/dbang la drag char 'bab pa ltar/__/drag la thog ser 'byin pa ltar/__/zhes dang /__bar snang mi g.yug gdong mi dgab/__/brang dang pus mo la mi brdab/__/ces sogs gsungs pa bzhin zhi drag skabs phyed pa sogs slob dpon gyi phyag khrid ltar nan tan bya/__rol mo 'khrol mi shes pa la mi ster/__rol mo mkhan po rnams las gzhan su byung gis 'khrol mi chog__/dung chen dang rkang gling 'bud tshig__/rgya gling btang mi btang gi rnam dbye rnams kyang legs par phye dgos rgyu las gcig shes kun grol mi chog__/rnga pa rnams kyis rnga yu gdong dang rang gi pus g.yon gyi zur sprad/__rnga yu'i smad la lag gis bzung /__rnga gral bsgrigs mtho dma' med par bya spu non bya zhing lag pa'i sor tshig la 'phrul btsal te rnga lcags rang ljid kyis bskul/__zhi drag che chung skabs phyed pa rol mo dang bstun/__byin dbab rol mo brdung skabs kha 'don skad chen gtan nas mi bya 'di brdung bas mngon rtogs rgyas 'bring bsdus gsum sgom pa'i go chod gsungs/__tshig 'don la rnga lcags gis brdeg pa 'jam la gral 'grigs brdeg dgos/__'jog dus rnga pa gong la de'i g.yon zur rnga gnyis re steng 'og tu bzhag__/len dus gong ma des sngon du blangs/__gral 'og pas rjes nas len/__bzhag dus gral 'og pas sngon la 'jog__/gong mas rjes la 'jog__/rnga lcags rang gi mdun du rnga thel phyir bstan nas 'jog__/zhwa mo gzhog g.yas kyi pus zur du rtse mo g.yas phyogs 'ong bar byas nas 'jog dgos/__rnga 'char phog na phyag bcu re'i chad pa yod/__rol 'char la'ang de mtshungs yin/__mchod dpon nas dkyil 'khor bri thig__/tshon chen gyi rdul mtshon blugs rgyu dang /__ri mo pa tra rgyas pa gzab spros gang rgyas las bsdu mi chog__/mchod pa'i rdzas la 'phri ba dang gsog 'jog mi byed cing gtsang sbra thon pa dang /__phyag len khog la tshud pa dal zhing dod la nyams dang ldan pa gnad che/__grwa spyi gsum nas gtong sgo dgos rigs de bas yig ltar chad bul med pa bya mig yar ltos kyi gsol mchod je rgyas btang ba las dus ngan mnam ngan la khag 'jog pa'i gsol rgyun bcad na rang nyid bsod nams 'dzad pa'i rgyur 'gro bas mi gcod par ci nas gal che/__'cham chas yo byad rnams rgyun du nyar tshag gang legs gnad che dgos shing /__'cham chas sprod sdud skabs sprod len mkhan gnyis kas zhib ltas dang /__zhwa 'bag grum pa/__rnga la skyon byung ba/__'cham dar gos sogs 'thor brlag brdzon skyon byung na nges par skyin 'tshab snga ma do nges 'jal dgos/__'tshogs su rnga rol sogs dang /__phur cha mchod chas la skyon byung na so so'i khong nas 'jal dgos nges yin/__thugs dam gtor ma rnams dkyil 'khor gshegs rjes phud thog khar gshegs/__de'i 'phror cha bzhir bgos nas lha gnyer/__mchod dpon/__spyi g.yog__/'dren pa rnams la bgo bsha' bya/__lha gnyer dang 'dren pa rnams nas gtsug lag khang nang snga mo tshogs pa ma 'du gong nas rdul phyag zhib bca' dang /__spyi g.yog rnams kyis 'cham byed pa'i sngar nyin nas rdo bcal dang lam bar thams cad rdul phyag gtsang seng nge dgos/__ngor chen rdo rje 'chang gi zhal nas/__sgrub mchod sngags kyi che ba zhes gsungs pas rtsa sngags stong phrag las mi nyung ba bzla ba gnad che/__rig 'dzin bskul skabs spos sna/__rgya gling /__slob dpon dbu mdzad rol pa sogs nyung shas dkyil 'khor rtsar phebs/__gzhan rnams gtsug lag nang ngos 'khor mor bzhengs/__rol pa rnams kyis gzan sne gnyis 'di skabs phrag g.yas g.yon bzar chog__/sngags 'chang rgya gar sher bzang gi rgyud bskul gyi dbu tshugs nas bskor bar byed bzhin 'jug slob dpon dkyil 'khor dang nye bar phebs pa na rdzogs par bya/__phyi rol mar phebs skabs spos sna dang rgya gling bcas gral gyi rim pa ltar byon/__phyi rol gyi drag rol rgyab tshar ba dang tshogs pa bying gi zhwa phrag bskal/__yar byon skabs slob dpon gyis rting mnan te byon rgyu sogs mthong rgyud ltar bya'o/__/gzhan yang tshogs nas glo bur 'gro dgos rkyen byung na chos khrims la dgongs zhus byas nas 'gro dgos/__gzhan na tsha sogs rkyen ngan byung na'ang de bzhin dgongs zhus bya/__tshogs nang du gnyid yur byed pa/__zhwa gyon snga phyi/__rdor dril sogs 'gril shor ba/__rnga rol yas mas blang 'jog skabs sgra chom byung ba sogs dge bskos nas de ma thag phyag 'os btun bcad dgos/__zhwa bzhes skabs slob dpon gyis bzhes grub nas thams cad kyis dus gcig la gyon dgos/__nang mchod thig gtor ba dang bdag 'jug skabs bde gshegs rgyal ba tshar gnyis pa'i tshe rigs lnga bshams/__rigs lnga bzhes phud kyang dus gcig la sgrim/__rdor dril gsor bkrol/__phyir 'jog yar blangs phyag rgya sogs gral 'grigs mdzad rgyu dang /__ye shes sku mchog gi phyag 'tshal lugs sa skya rang gi phyag bzhes ltar bya/__rdul mtshon dkyil 'khor steng 'bru mi 'thor/__phur chung bsgrigs 'cham la/__dge bskos che ba dpon g.yog rnams dang /__ru dar dkar nag rnams dang /__spos sna rgya gling rjes slob dpon dang gral bzhugs pa dang /__sku 'cham pa rnams byon/__phur chen bsgrigs 'cham la byon lugs gong bzhin la rnga 'cham pa rnams kyis bla brang khang gsar gyang sne bar rnga g.yon du bya nyal/__de nas rnga g.yas su bya nyal 'cham ra steng nas g.yon nyal gyis bzung /__rnga 'cham dbyangs yod med skabs rnga bzung lugs mthong rgyud ltar dgos/__phur chen dngos gzhi'i skabs/__sngon du dge bskos dpon g.yog__/de rjes dkar bdud ru dar/__de rjes ha shang 'khor bcas/__de rjes spos sna rgya gling /__slob dpon/__gral bzhugs pa/__'cham pa rnams sogs byon rgyu gong ma bzhin lag__/phur pa'i rdul mtshon mchod dpon nas rgyud sde gzhan gyi rdul mtshon tshur gshegs skabs spyan drangs dgos/__de ltar spangs blang tshul bzhin bgyid te sgrub pa chen po'i dga' ston nyams su myong ba'i skabs 'dir gnad gal che ba'i dam tshig ni/__gsang ba yongs rdzogs kyi rgyud las/__bla ma bskur zhing gsung mi bcag__/thun bzhi'i rnal 'byor yengs mi bya/__/lha dang sngags la the tshom spangs/__/mched lcam rnams la gdung sems bskyed/__/sems can rnams la snying rjes skyong /__/nga rgyal rlom sems zhe sdang spangs/__/'dod chags phrag dog khar mi gtang /__/gsang sngags lta spyod zung du 'brel/__/rdzogs bsnyen sgrub pa mtha' ru dbyung /__/le lo gnyid dang chang dbang spangs/__/zhes gsungs pa ltar mos gus dag snang la gzhi 'cha'/__lha sngags ting 'dzin gyis gzhungs bsrangs/__sdom pa dam tshig gi srog 'khor brten/__gnyid dang le lo chang sogs bag med pa'i rgyu dang ltung ba 'byung ba'i sgo rnams spangs nas dad spro brtson 'grus drag pos 'bad pa gal che/__dge 'dun bsgrigs 'og nas sangs rgyas zer ba de yin pas thams cad kyis rlon pa rang 'gugs/__skam pos rang 'bar/__ba rnga rang lcags kyi dpes rang bstan rang gis mi bshig__/rang sems rang gis bsrung ste bsgrigs lam la 'bad dgos/__bsgrigs med na a mye rnams 'tshogs pa dang 'dra/__mkhas pas gzigs na thugs khrel rgyu las mi 'ongs/__sngar 'gyur rig 'dzin brgyud pa'i phyag srol 'di yi lugs la/__rgyud sgrub thabs dang 'brel/__sgrub thabs chog khrid dang 'brel/__chog khrig phyag bzhes dang 'brel/__phyag bzhes bla ma brgyud pa'i man ngag dang 'brel ba ste/__'brel pa bzhi ldan zhig dgos gnad che bas las sne thams cad kyis phyag len phra rags zhib bca' sbyangs par gal che rgyu las deng sang rang gzhan sus kyang nan gtan mi dgos par phyogs tsam re shes pa na ngas shes nga mkhas kyi snang ba mtho zing zing gi rigs de 'dras ci yang mi lo/__dper na 'jam dbyangs bsod nams dbang po'i phur pa'i dbyangs dpe'i mjug na/__dbu mdzad mgo dkar ba 'jam dbyangs bsod nams dbang pos sngags 'chang chos kyi rgyal po'i drung nas gsung dbyangs lan bcu bdun du thos shing byang chub par byas nas dpe ris bris tshul gsungs pa de 'dra'i bslab sbyangs nan gtan dgos pa ni rnam pa kun tu gnad che ba yin par 'dug lags/__des na dbu mchod/__'bud bkrol pa rnams kyis brgyud pa'i phyag bzhes ltar las rang bzo dang /__pho tshod/__mdzes chos/__snang ba gang shar mi bya bar gsol ba 'debs pa'o/__/de bzhin mdzad na gsang sngags kyi 'bras bu 'grub par 'gyur te/__ji skad du/__dad brtson drag pos sgrub gyur na/__/'tshams med lnga pa spyod pas kyang /__/dngos grub thob pa gsang sngags khyad/__/ces gsungs pa yin pas dga' spro rgya chen po dang ldan pas dal 'byor gyi rten bzang don yod par mdzad 'tshal lo/__/slar smras pa/__'di 'bad bsod nams nam mkha'i rjes 'gro mtha' klas pa/__/blo yis blangs te rdo rje 'dzin pa'i bdag po dang /__/yi dam lhar bcas gus pas mchod nas 'gro la bsngo/__/rab dkar mthu yis bsod nams rgya cher rol par shog__/de ltar blang dor rab gsal las byung ba'i/__/spang blang nyung ngu'i ngag gi phreng mdzes 'di/__/rig 'dzin 'dus pa'i thod du bcings pa na/__/kun tu rab dga'i sa la myur du 'gro/__/bla ma'i bkra shis byin rlabs sprin phung skal bzang dad pa'i mkha' la 'khrigs/__/yi dam bkra shis dngos grub char rgyun zil bur 'bebs pas grub gnyis smin/__/mkha' 'gro'i bkra shis 'od zer dpag yas phyogs kun brtan g.yo'i dwangs bcud sdud/__/rtsa gsum rgya mcho'i bkra shis dam pas dus gsum kun tu dge legs shog__/ces shis pa'i mtha' brgyan pa'i bca' yig 'di yang mkhyen brtse'i phrin las kyi sprul pa'i ming 'dzin 'jam dbyangs chos kyi blo gros pas bris pa dge legs su gyur cig__/sarba mang+ga laM//___//

Footnotes

Other Information