རིགས་གྲོལ་གྱི་ཡོན་ཏན་བརྒྱད་ཀྱི་མངོན་པར་མཐོ་བས་ཀུན་མཁྱེན་རྒྱལ་བའི་བསྟན་པ་སྤྱི་དང༌། ཆབ་མདོ་སྐྱོ་མདའ་བསམ་འགྲུབ་གླིང་གི་དགེ་འདུན་འདུས་པ་རྒྱ་མཚོའི་ལས་སུ་བྱ་བ་མདོར་བསྡུས་པའི་ཚུལ་གྱི་གླེང་བ།

From Khyentse Lineage - A Tsadra Foundation Project
Wylie title rigs grol gyi yon tan brgyad kyi mngon par mtho bas kun mkhyen rgyal ba'i bstan pa spyi dang/ chab mdo skyo mda' bsam 'grub gling gi dge 'dun 'dus pa rgya mtsho'i las su bya ba mdor bsdus pa'i tshul gyi gleng ba JKCL-KABUM-10-THA-058.pdf
Location chos kyi blo gros bka' 'bum
Volume 10, Text 58, Pages 407-415 (Folios 1a1 to 5a6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. rigs grol gyi yon tan brgyad kyi mngon par mtho bas kun mkhyen rgyal ba'i bstan pa spyi dang chab mdo skyo mda' bsam 'grub gling gi dge 'dun 'dus pa rgya mtsho'i las su bya ba mdor bsdus pa'i tshul gyi gleng ba. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 10: 407-415. Bir, H.P.: Khyentse Labrang, 2012.
Genre Monastics Regulations - bca' yig
Colophon

།དེ་ལྟར་བཅའ་ཡིག་མདོར་བསྡུས་པ་འདི་ཡང་། རབ་བྱུང་བཅུ་དྲུག་གི་ལོ་ཆུ་སྟོད་ཟླ་བའི་གྲལ་ཚེས་དགེ་བར་མཁྱེན་བརྩེའི་དབང་པོའི་སྤྲུལ་མིང་འཛིན་པ་༧འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་རྫོང་སར་བཀྲ་ཤིས་ལྷ་བརྩེའི་ཆོས་གྲྭ་ནས་ཕུལ་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བསྐུར་བསྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག། །དགེ་ལེགས་འཕེལ།།

/de ltar bca' yig mdor bsdus pa 'di yang /__rab byung bcu drug gi lo chu stod zla ba'i gral tshes dge bar mkhyen brtse'i dbang po'i sprul ming 'dzin pa 7'jam dbyangs chos kyi blo gros pas rdzong sar bkra shis lha brtse'i chos grwa nas phul ba dge zhing bkra shis par gyur cig__/'gro ba'i sdug bsngal sman gcig pu/__/bde ba thams cad 'byung ba'i gnas/__/bstan pa rnyed dang bskur bsti dang /__/bcas te yun ring gnas gyur cig/___/dge legs 'phel//

1 Texts in this Section (sde tshan or chos tshan)

[edit]
རིགས་གྲོལ་གྱི་ཡོན་ཏན་བརྒྱད་ཀྱི་མངོན་པར་མཐོ་བས་༢ཀུན་མཁྱེན་རྒྱལ་བའི་བསྟན་པ་སྤྱི་དང་། ཁྱད་པར་དཔལ་ས་སྐྱ་པ་ཆེན་པོའི་བཀའ་སྲོལ་ལུང་རྟོགས་བཤད་སྒྲུབས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་པ་ལ་མདོ་སྨད་ཀྱི་ལྗོངས་ཙམ་ན་མཚུངས་ཟླ་མ་མཆིས་པ་ཆབ་མདོ་སྐྱོ་མདའ་བསམ་འགྲུབ་གླིང་གི་དགེ་འདུན་འདུས་པ་རྒྱ་མཚོའི་ལས་སུ་བྱ་བ་མདོར་བསྡུས་པའི་ཚུལ་གྱི་གླེང་བ་ནི། མཁས་མཆོག་དབྱིགས་གཉེན་གྱིས། །ཚུལ་གནས་ཐོས་དང་བསམ་ལྡན་པས། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཅེས་གསུང་པ་ལྟར། གཞི་ཚུལ་ཁྲིམས་རྣམ་པར་དག་པ་ནི་ས་གཞི་དང་མཚུངས་པ་ཡོན་ཏན་ཀུན་གྱི་གཞི་རྟེན་དམ་པར་མེད་དུ་མི་རུང་བ་ཡིན་པས་དེ་ལ་ཡང་ཐོག་མར། ཐོ་བཙུན་རྣམས་གྲྭ་སར་ཞུགས་ནས་སྐྱབས་གསུམ་སྔོན་དུ་འགྲོ་བའི་སྡོམ་པ་སློབ་དཔོན་གྱི་དྲུང་དུ་བླང་སྟེ་སྐྲ་བཅད་ཅིང་གཙུག་ཕུད་བྲེག་པ་དང་། མིང་འདོག་པ་སོགས་བྱས་ནས་ཀློག་གི་སློབ་དཔོན་བསྟེན་ཏེ་བོད་ཀྱི་ཡི་གེའི་སྦྱོར་བ་དབུ་ཅན་དབུ་མེད་ཐམས་ཅད་ལ་སྦྱང་པ་ཕུལ་དུ་ཕྱིན་པ་དང་། རང་ལུགས་ཀྱི་ཆོས་སྡེའི་ཆོས་སྤྱོད། བསྐང་གསོ་སྒྲུབ་མཆོད་སོགས་འདོན་ཆོག་སྐོར་བློ་ལ་འཛིན་ཅིང་བསྒྲང་བྱ་ཉི་ཤུ་སོན་པ་ལས་མ་སྔ་མ་ཕྱི་བར་ས་ངོར་དུ་གྲྭ་སར་སོང་སྟེ་བསྟན་པའི་སྙིང་པོ་སྡོམ་པ་གསུམ་གྱི་རྒྱུད་ཡོངས་སུ་བསྡོམས་པར་བྱས་ཏེ་༢དུས་གསུམ་རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པའི་ལམ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་སྨིན་གྲོལ་གྱི་གཙོས་དབང་ལུང་ཁྲིད་གསུམ་ཅི་ཐོབ་བྱ་བ་ལ་ནན་ཏན་བརྩོན་པ་དང་། གྲྭ་ས་ནས་ཕྱིར་འབྱོར་འཕྲལ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་དང་། དགྱེས་རྡོར་བསྙེན་ཆེན། ཀུན་རིག་བསྙེན་པ་ཙམ་ཞིག་མ་སྡོད་ཐབས་བྲལ་དང་། ཁྱད་པར་ཀུན་རིག་བསྙེན་པ་མ་སོང་བར་གཤིན་སྐོར་ལ་ལོངས་མི་སྤྱོད་པ་༣དཔལ་ཨེ་ཝཾ་ཆོས་ལྡན་གྱི་ཕྱག་བཞེས་ཡིན་སྲོལ་ལ་ཀུན་གྱི་ལག་ལེན་དུ་ཐེབས་པ་དང་། བློ་གྲོས་རྣོ་ཞིང་ཐོས་བསམ་ལ་མོས་པ་ཅན་མཆིས་ན་ཆོས་སྡེ་དེར་སློབ་གྲྭ་འཛུག་རྒྱུ་བྱུང་ན་དང་། མ་བྱུང་ཚེ་རང་ལུགས་ཀྱི་མཚན་ཉིད་མཆད་ཉན་དར་བའི་ཆོས་གྲྭར་ཕེབས་ནས་དབུ་ཕར་འདུལ་མཛོད། སྡོམ་རིགས་ཀྱཻ་རྡོར་རྒྱུད་བཤད་བཅས་ལ་ཐོས་བསམ་གྱི་སྙིང་པོར་བྱེད་པ་གལ་ཆེ་ཞིང་། དཀྱིལ་འཁོར་འབྲི་ཚོན་འབུད་རྡུངས། བཀྲོལ་གསུམ། གར་ཐིག་དབྱངས་གསུམ། གཏོར་བཟོ་མཆོད་གཤོམ་སོགས་ལ་སྔར་རྒྱུན་མ་ཉམས་པའི་སློབ་དཔོན་མཁས་པའི་ཞལ་ཁྲིད་རང་བཟོ་དང་མཛེས་ཆོས་སུ་མ་སོང་བར་ཕྱག་བཞེས་ཉམས་མེད་ལ་སྦྱང་བརྩོན་དང་། ཁྲིམས་སུ་བཅའ་བའི་སྙིང་པོ་བསྟན་པའི་སྒོར་ཞུགས་ནས་མིང་དང་བསམ་པ་རྟགས་གསུམ་བརྗེ་བའི་རབ་ཏུ་བྱུང་བའི་དངོས་པོར་བསྒྲུབ་ཟིན་ནས་དགོན་ནང་དུ་སྡོད་པ་ལས། གྲོང་ནག་དུ་འགྲོ་སྡོད་སྤང་བ་དང་། སོ་ཐར་གྱི་སྡོམ་པའི་རྩ་བཞི་ཆང་ལྔ་བསྲུང་སྡོམ་མ་ཉམས་པ་ཞིག་བྱུང་ན་དང་ཡང་དུས་དབང་གིས་བསྐལ་པ་བཟང་དུས་ཀྱི་དགེ་སློང་རབ་ཞིག་དང་ངོ་བོ་མ་ཉམས་དགོས་རྒྱུ་ཡིན་ཞེས་བླ་མ་གོང་མ་རྣམས་ཀྱིས་གསུང་སྲོལ་ཡོད་པ་དང་། ལུང་ལས་ཀྱང་། །གང་ཞིག་དམ་ཆོས་རབ་ཏུ་འཇིག་པ་དང་། །བདེ་གཤེགས་བསྟན་པ་འགགས་པར་གྱུར་པའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་པ། །བསོད་ནམས་དེ་ནི་དེ་བས་ཁྱད་པར་འཕགས། །ཅེས་གསུང་པ་ལྟར་བསླབ་གཞི་རྣམས་ལ་མིག་གི་འབྲས་བུ་ལྟར་བསྲུང་བ་དང་། ཁྱད་པར་དུ་བུད་མེད་ནི་ཉེས་པ་ཀུན་གྱི་རྩ་བ་ཚུལ་ཁྲིམས་ཀྱི་སྲོག་འཕྲོགས་པ་བྱེད་ཅིང་ངན་སོང་དམྱལ་བ་ཆེན་པོར་སྡུག་བསྔལ་གྱི་ཚོར་བས་ཡུན་རིང་དུ་མྱོང་བར་བྱེད་པ་ཡིན་པས་རྣམ་པ་ཀུན་ཏུ་བག་ཡོད་པ་དང་། དེ་ཡང་ཇི་སྐད་དུ་དཔུངས་བཟང་གི་ཞུས་པ་ལས། །ལྕགས་ཀྱི་ཐང་གཤོལ་རབ་ཏུ་འབར་བ་ཡིས། །མིག་ནི་རྣམ་པར་བཀབས་པ་ཆོས་སླ་ཡིས། །ཉེས་ན་དྲན་པ་ཉམས་བྱེད་བུད་མེད་ཀྱི། །དཀྱུས་རིང་མིག་ཅན་བཞིན་ནི་མ་མཐོང་སླ། །ཅེས་གསུང་པ་ལྟར། ཉེས་ཤིན་ཏུ་ཆེ་བས་དགོན་ནང་དུ་དབང་ཆོས་སོགས་དམིགས་གསལ་གྱི་སྐབས་མ་གཏོགས་པར་བུད་མེད་རྒྱུ་འདྲུལ་དང་ཞག་སྡོད་སོགས་གཏན་ནས་མི་ཆོག་པ་དང་། ཆང་ནི་ཉེས་པ་དུ་མ་སྐྱེད་པའི་རྩ་བ་ཡིན་པས་དགོན་གཤག་ནང་དུ་བརྩོ་བ་དང་གཞན་ལས་ཉོ་རྒྱུ་སོགས་མི་ཆོག་ཅིང་། སྟོན་པའི་བཅས་པ་ལ་ང་ཡིས་ཉན་ཐོས་རྣམས་ཀྱིས་ཆང་ནི་རྩྭ་རྩེའི་ཟིལ་པ་ཙམ་ཡང་བཏུང་བར་མི་བྱ་བར་གསུང་སྟེ་འདུལ་བ་ལུང་ལས། ང་ལ་སྟོན་པ་ཁས་འཆེ་བའི་དགེ་བསྙེན་ཡན་ཆད་ཀྱིས་ཆང་མི་བརྩོ་མི་བླུད། མི་བཏུང་། དེ་ལྟར་མི་བྱེད་ན། དེ་ང་ཡིས་འཁོར་མིན་ལ། ང་ཡང་དེའི་སྟོན་པ་མིན་ནོ། །ཞེས་པ་དང་། དགའ་བ་ཅན་གྱི་མདོ་ལས་མྱོས་འགྱུར་གྱི་ཉེས་པ་ཉེར་ལྔ་སོགས་ལ་དྲན་པ་ཉེ་བར་བཞག་སྟེ་དུག་བཞིན་དུ་འཛེམ་པ་གལ་ཆེ་ཞིང་། དཀྱིལ་འཁོར་གཅིག་བསྟེན་པ་དང་། དབང་ཆོས་སུ་དམ་ཚིག་གཅིག་འབྲེལ་གྱི་རྡོ་རྗེའི་མཆེད་གྲོགས་རྣམས་ནང་འཁྲུགས་པར་གྱུར་ན་སྤྱིར་ན་ཁོང་ཁྲོའི་ཉེས་པ་བསམ་གྱིས་མི་ཁྱབ་ཅིང་། ཁྱད་པར་དགེ་འདུན་ནང་འཐབས་བྱུང་ན་སངས་རྒྱས་བསྟན་པ་འཇིག་པའི་རྒྱུ་ཡི་གཙོ་བོ་ཡིན་པ་མ་ཟད་ཕྱི་མ་རྡོ་རྗེ་དམྱལ་བ་ལས་འགྲོ་ས་མེད་པས་དགེ་འདུན་ཐམས་ཅད་ཐུགས་མཐུན་པ་ཁོ་ན་སྙིགས་དུས་འདིར་གལ་ཆེ་ཞིང་། ནང་མཐུན་པར་མ་གྱུར་ན། རྟེན་བཞེངས་སྟོབས་འབྱོར། ཚོགས་དུས་མཆོད་སོགས་ཅི་ཙམ་ཡོད་ཀྱང་བསྟན་པ་རྒྱས་པ་དང་འཕེལ་བར་མི་འགྱུར་བས། དོན་འདི་གནད་དོན་གལ་ཆེ་བས་ཀུན་གྱི་ཐུགས་ལ་ཡང་ཡང་ཞུགས་པ་དང་དགེ་ཚུལ་སློང་རྣམས་ཀྱིས་གདེང་ཆོས་ལྷུང་བཟེད་སོགས་འཛོམས་ན་ལེགས་ཤིང་། དབུ་སྐྲ་སོར་གཅིག་ཡན་ལས་རིང་བར་མི་འཇོག་པ་དང་། གོས་དཀར་པོ་དང་། ཕུ་དུང་ཅན་དང་། གྲི་རིང་འདོགས་རུང་པ་མ་ཡིན་ཅིང་རྒྱུན་ཆར་གཟན་ཤམ་དང་མི་འབྲལ་པར་བྱས་ན་སངས་རྒྱས་ཀྱི་བསྟན་པ་རྟགས་ཙམ་གྱིས་འཛིན་པ་ལའང་ཕན་ཡོན་བསམ་གྱིས་མི་ཁྱབ་ཅིང་ཁྱིམ་པ་རྣམས་ཀྱང་དད་པའི་རྒྱུར་འགྲོ་བ་དང་། གྲྭ་སར་འཁོར་ནས་ཞིང་རྨོ་བརྔ་བརྡུང་གསུམ་སོགས་ཁྱིམ་པའི་ལས་ཐམས་ཅད་རིང་དུ་དོར་ཞིང་སྒོ་གསུམ་ཞི་དུལ་དང་ལྡན་པ་དྲན་ཤེས་བག་ཡོད་དང་མི་འབྲལ་པར་བསླབ་པ་རྒན་གཞོན་གྱི་གྲལ་རིམ་དང་། གོང་མས་འོག་མ་ལ་བྱམས་སྐྱོངས། འོག་མས་གོང་མར་བསྐུར་བསྟིར་བྱ་བ་དང་། ཁྱད་པར་བླ་སྤྲུལ། ལས་སྣེ་སོགས་ལ་རྩི་བསྐུར་ཅི་གསུང་བཀའ་བསྒྲུབ་ཞུ་དགོས་ཤིང་། དེ་དག་གིས་ཀྱང་རང་འདོད་ཐོགས་ལྷུང་མེད་པའི་གཞུང་ཐིག་དྲང་པོར་བསྲངས་ཏེ་ལུགས་གཉིས་ཀྱི་ཁྲིམས་དང་མི་འགལ་བའི་མཛད་སྤྱོད་ལ་རྟག་དཔྱད་ཞིབ་ཐེང་དང་འབྲེལ་བསྟན་པ་དར་རྒྱས་སུ་འགྲོ་བའི་ཐབས་ལ་བརྩོན་དགོས། ཕྱི་ནང་སུས་ཀྱང་དགོན་ནང་དུ་རྟ་ཞོན་གྲི་དྲངས་ཀི་བསོ་ཧ་རྒྱག་སོགས་བྱེད་མི་ཆོག །ནང་རྩོད་ཕྲན་ཚེགས་རེ་བྱུང་ན་ནང་འདུམ་བྱ་བའམ་ལས་སྣེ་སོགས་ཀྱིས་རྩོད་པ་ཆོས་ཕྱོགས་སུ་ཞི་ཐབས་དང་། གྲི་མཚོན་སོགས་ཀྱིས་འཁྲུག་སློང་བྱ་ཉེན་ཚབ་ཆེན་བྱུང་ན་ཕྱིར་ལམ་ཁེབས་པའི་ཉེས་ཆེད་བཏང་པ་དང་། སྐྱིད་སྡུག་ནས་དབྱུང་བ་སོགས་དགོས་རྒྱུ་ལས་རང་གར་བཞག་མི་འོས་ཤིང་གྲྭ་ཚངས་རྣམས་ཤྭོ་བག་རྩེ་བ་དང་། གླུ་བཞད་གྲོ་གསུམ་སོགས་ཀྱང་ཆོས་ཕྱོགས་པའི་ལས་སུ་བྱ་བ་མ་ཡིན་ཤིང་། སྒོ་གསུམ་གཡེང་བར་མ་ཤོར་བར་དཔེ་ཆ་སློབ་གཉེར་མཚམས་བསྙེན་སྒྲུབས་མཛད་རྒྱུ་སོགས་ལ་བརྩོན་པ་གཅིག་བསྒྲིལ་དུ་བྱ་བ་དང་། འཚོགས་གྲལ་དུ་འཆིལ་ལྷམ་ཕུད་པ་དང་། ངག་འཁྱལ་བསྡོམས་པ་དང་། བཞུགས་ཚུག་དྲངས་པོར་བསྲངས་ཞིང་གསུང་གྲལ་བསྒྲིགས་པ་སོགས་སྤྱོད་ལམ་བསྟུན་པ་ལ་དགེ་འདུན་བསྒྲིགས་འོག་ནས་སངས་རྒྱས་ཟེར་བའི་དཔེ་ལྟར་ལེགས་ན་གྲྭ་ཚང་ཐམས་ཅད་ཀྱིས་བསྟན་པའི་མིག་ལྟོས་གང་འཕེལ་དུ་འགྲོ་བའི་ཐབས་ལ་བརྩོན་པ་གལ་ཆེ་ཞིང་། འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་དབང་གཉིས་པ་མཁན་ཆེན་བྱང་ཆུབ་སེམས་དཔའ་ཞི་བ་མཚོས་བཀའ་ཆེམས་ལས། མ་འོང་དུས་སུ་དགེ་སྦྱོང་རྣམས། །དགེ་སྦྱོང་ཆོས་བཞི་མི་ལྡན་པས། །ཁྲོ་བ་རྣམས་ལ་སླར་ཁྲོ་བས། །དགེ་སྦྱོང་ཕམ་པའི་རྒྱུ་རུ་བྱེད། །བཤེ་པ་རྣམས་ལ་སླར་བཤེ་བས། །རྒྱལ་བའི་བསྟན་པ་རིང་དུ་བཅད། །རྡེག་པ་རྣམས་ལ་སླར་རྡེག་པས། །དགེ་སྦྱོང་གཡུལ་དུ་ཆས་ནས་སུ། །སྟོན་པའི་བསྟན་པ་མྱུར་དུ་བཤིགས། །དེ་ནི་བདུད་ཀྱི་དགེ་སྦྱོང་ཡིན། །བདུད་ལས་རང་གི་མི་ཤེས་པས། །ཞལ་ཆེམས་སྒྲོགས་ཤིང་བག་ཡོད་ཀྱིས། །བཟོད་པ་དམ་པ་བརྟེན་པ་དང་། །དཀའ་ཐུབ་སྤོང་པའི་བརྟུལ་ཞུགས་ཀྱིས། །རྟག་ཏུ་དགོན་དུ་གནས་པར་གྱིས། །མ་འོང་ཚེ་དང་ལྡན་པ་ལ། །བར་ཆད་ཁྲོང་ཁྲོ་འདི་འབྱུང་བས། །སྤྱོད་ལམ་ཞི་ཞིང་དུལ་བར་གྱིས། །སྟོན་པའི་བསྟན་པ་རིན་ཆེན་འདི། །གངས་ཅན་ལྗོངས་སུ་ངས་གསལ་བས། །བདག་གི་རྗེས་སུ་ཞུགས་ནས་ཀྱང་། སྟོན་པའི་བསྟན་པ་མཆོག་ཏུ་ཟུང་། །ཞེས་གསུང་པ་ལྟར། གཤེ་ཡང་སླར་མི་གཤེ། བརྡེག་ཀྱང་སླར་མི་རྡེག །ཁོང་ཁྲོ་ཡང་སླར་མི་ཁྲོ། མཚངས་འབྲུ་ཡང་སླར་མི་འབྲུ་བ་སྟེ་དགེ་སྦྱོང་གི་ཆོས་བཞི་ལ་གནས་པ་དང་། སྡིག་ཟས་ཀྱི་ནང་ནས་ཉེས་དམིགས་ཆེ་ཤོས་ཤ་ཟ་བ་འདི་ཡིན་ཅིང་རང་གཞན་མཆོག་དམན་ཐམས་ཅད་ཀྱི་གཏན་སྤོང་དཀའ་རུང་། བཤས་ཉོ་བཤས་ཚོང་དང་། དུས་མཆོད་ཀྱི་ཆ་རྐྱེན་དུ་བཤས་བྱེད་ཅིང་ཤ་ཁྲག་གི་དགེ་འདུན་མཆོད་པ་ནི། རྒྱལ་བ་ལ་མཆོད་པ་དང་། ཐུགས་མཉེས་རྒྱུར་མི་འགྲོ་བར་མ་ཟད། དགེ་སྦྱོང་གི་ངང་ཚུལ་འཇིག་ཅིང་། ཇི་སྐད་དུ། དམ་པའི་ཆོས་ལ་སྐྱབས་སོང་ནས། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །ཞེས་སྐྱབས་འགྲོའི་བསླབ་བྱ་དང་འགལ་བ་དང་། འདུལ་བ་ལས། རབ་ཏུ་བྱུང་བས་གཞན་ལ་འཚེ་བ་དང་། །གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །ཞེས་གསུང་པ་དང་། བྱང་སེམས་ཀྱི་སྐབས་སུ་སེམས་ཅན་བློས་སྤང་གི་རྩ་ལྟུང་དང་། སྔགས་ཀྱི་ཐེག་པར་བདེ་གཤེགས་བཀའ་འདས་ཀྱི་རྩ་ལྟུང་དུ་འགྱུར་བ་ཡིན་པས་སྲོག་གཅོད་སྤོངས་པ་དེར་བཞུགས་རྣམས་ཀྱིས་སྤང་བླང་མཛད་གྲུབ་བྱུང་ན་དགེ་ཚོགས་རླབས་པོ་ཆེའི་གྱུར་འགྱུར་བ་དང་། འདུལ་བ་གཞི་གསུམ་འདི་སངས་རྒྱས་བསྟན་པའི་སྲོག་ཤིང་ཡིན་པས། གསོ་སྦྱོང་། དབྱར་གནས། དགགས་དབྱེ་གསུམ་ལ་རང་ལུགས་ཀྱི་གཞི་གསུམ་ཆོ་ག་འཇམ་མགོན་ངག་དབང་ལེགས་གྲུབ་ཀྱི་མཛད་པ་ལྟར་ཕྱག་བཞེས་སུ་གནང་དགོས། གཙུག་ལག་ཁང་ཐམས་ཅད་ལ་གད་ཕྱིས་མཆོད་པ་སོགས་གཙང་དག་ཐོན་པ་དང་། གླིང་བར་དུ་ཞག་ཁ་ཤས་རེའི་མཚམས་རྡུལ་ཕྱག་དང་། གཤོར་ཁྱི་རྣམས་ཕྱིར་དབྱུང་པ་སོགས་རྒྱུན་ལྡན་དགོན་པ་དངོས་གཙང་དྭངས་བ་འདྲེན་ཐུབ་པ་ཞིག་འབྱུང་ཐབས་གལ་ཆེ། མདོར་ན། བདག་ཅག་གི་སྟོན་པ་ཉིད་ཀྱི་གསོ་སྦྱོང་གི་ཚིགས་སུ་བཅད་པ། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་འཚོགས་པར་སྤྱད། །རང་གིས་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། ཞེས་གཞན་གནོད་གཞི་དང་བཅས་པ་ལས་ལྡོག་ཅིང་། གཞན་ཕན་གཞིར་བཅས་བསྒྲུབ་པ་ལ་སངས་རྒྱས་བསྟན་པ་ཞེས་ངེས་འཛིན་ཅིང་། བསྟན་པའི་སྙིང་པོ་ལུང་རྟོགས་བཤད་སྒྲུབ་ཡིན་པས་ཐོས་བསམ་སྒོམ་གསུམ་དང་། ཆོས་སྤྱོད་བཅུ་ལ་བརྩོན་དགོས་སྟེ། དེ་ཡང་། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆང་པ་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་བསྒོམ་པ་སྟེ། སྤྱོད་པ་འདི་བཅུ་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅེས་གསུང་པ་ལྟར་ལ་དུས་དང་རྒྱུན་དུ་མི་གཡེལ་བར་མཛད་དགོས་པ་ཡིན་ནོ། །དེ་ལྟར་བཅའ་ཡིག་མདོར་བསྡུས་པ་འདི་ཡང་། རབ་བྱུང་བཅུ་དྲུག་གི་ལོ་ཆུ་སྟོད་ཟླ་བའི་གྲལ་ཚེས་དགེ་བར་མཁྱེན་བརྩེའི་དབང་པོའི་སྤྲུལ་མིང་འཛིན་པ་༧འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་རྫོང་སར་བཀྲ་ཤིས་ལྷ་བརྩེའི་ཆོས་གྲྭ་ནས་ཕུལ་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བསྐུར་བསྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག། །དགེ་ལེགས་འཕེལ།། །།
[edit]

rigs grol gyi yon tan brgyad kyi mngon par mtho bas 2kun mkhyen rgyal ba'i bstan pa spyi dang /__khyad par dpal sa skya pa chen po'i bka' srol lung rtogs bshad sgrubs kyi bstan pa rin po che 'dzin pa la mdo smad kyi ljongs tsam na mtshungs zla ma mchis pa chab mdo skyo mda' bsam 'grub gling gi dge 'dun 'dus pa rgya mtsho'i las su bya ba mdor bsdus pa'i tshul gyi gleng ba ni/__mkhas mchog dbyigs gnyen gyis/__/tshul gnas thos dang bsam ldan pas/__/bsgom pa la ni rab tu sbyor/__/ces gsung pa ltar/__gzhi tshul khrims rnam par dag pa ni sa gzhi dang mtshungs pa yon tan kun gyi gzhi rten dam par med du mi rung ba yin pas de la yang thog mar/__tho btsun rnams grwa sar zhugs nas skyabs gsum sngon du 'gro ba'i sdom pa slob dpon gyi drung du blang ste skra bcad cing gtsug phud breg pa dang /__ming 'dog pa sogs byas nas klog gi slob dpon bsten te bod kyi yi ge'i sbyor ba dbu can dbu med thams cad la sbyang pa phul du phyin pa dang /__rang lugs kyi chos sde'i chos spyod/__bskang gso sgrub mchod sogs 'don chog skor blo la 'dzin cing bsgrang bya nyi shu son pa las ma snga ma phyi bar sa ngor du grwa sar song ste bstan pa'i snying po sdom pa gsum gyi rgyud yongs su bsdoms par byas te 2dus gsum rgyal ba kun gyi bgrod pa gcig pa'i lam gsung ngag rin po che lam 'bras bu dang bcas pa'i smin grol gyi gtsos dbang lung khrid gsum ci thob bya ba la nan tan brtson pa dang /__grwa sa nas phyir 'byor 'phral phyag na rdo rje 'byung po 'dul byed dang /__dgyes rdor bsnyen chen/__kun rig bsnyen pa tsam zhig ma sdod thabs bral dang /__khyad par kun rig bsnyen pa ma song bar gshin skor la longs mi spyod pa 3dpal e waM chos ldan gyi phyag bzhes yin srol la kun gyi lag len du thebs pa dang /__blo gros rno zhing thos bsam la mos pa can mchis na chos sde der slob grwa 'dzug rgyu byung na dang /__ma byung tshe rang lugs kyi mtshan nyid mchad nyan dar ba'i chos grwar phebs nas dbu phar 'dul mdzod/__sdom rigs kyai rdor rgyud bshad bcas la thos bsam gyi snying por byed pa gal che zhing /__dkyil 'khor 'bri tshon 'bud rdungs/__bkrol gsum/__gar thig dbyangs gsum/__gtor bzo mchod gshom sogs la sngar rgyun ma nyams pa'i slob dpon mkhas pa'i zhal khrid rang bzo dang mdzes chos su ma song bar phyag bzhes nyams med la sbyang brtson dang /__khrims su bca' ba'i snying po bstan pa'i sgor zhugs nas ming dang bsam pa rtags gsum brje ba'i rab tu byung ba'i dngos por bsgrub zin nas dgon nang du sdod pa las/__grong nag du 'gro sdod spang ba dang /__so thar gyi sdom pa'i rtsa bzhi chang lnga bsrung sdom ma nyams pa zhig byung na dang yang dus dbang gis bskal pa bzang dus kyi dge slong rab zhig dang ngo bo ma nyams dgos rgyu yin zhes bla ma gong ma rnams kyis gsung srol yod pa dang /__lung las kyang /__/gang zhig dam chos rab tu 'jig pa dang /__/bde gshegs bstan pa 'gags par gyur pa'i tshe/__/nyin mtshan du ni bslab pa gcig spyod pa/__/bsod nams de ni de bas khyad par 'phags/__/ces gsung pa ltar bslab gzhi rnams la mig gi 'bras bu ltar bsrung ba dang /__khyad par du bud med ni nyes pa kun gyi rtsa ba tshul khrims kyi srog 'phrogs pa byed cing ngan song dmyal ba chen por sdug bsngal gyi tshor bas yun ring du myong bar byed pa yin pas rnam pa kun tu bag yod pa dang /__de yang ji skad du dpungs bzang gi zhus pa las/__/lcags kyi thang gshol rab tu 'bar ba yis/__/mig ni rnam par bkabs pa chos sla yis/__/nyes na dran pa nyams byed bud med kyi/__/dkyus ring mig can bzhin ni ma mthong sla/__/ces gsung pa ltar/__nyes shin tu che bas dgon nang du dbang chos sogs dmigs gsal gyi skabs ma gtogs par bud med rgyu 'drul dang zhag sdod sogs gtan nas mi chog pa dang /__chang ni nyes pa du ma skyed pa'i rtsa ba yin pas dgon gshag nang du brtso ba dang gzhan las nyo rgyu sogs mi chog cing /__ston pa'i bcas pa la nga yis nyan thos rnams kyis chang ni rtswa rtse'i zil pa tsam yang btung bar mi bya bar gsung ste 'dul ba lung las/__nga la ston pa khas 'che ba'i dge bsnyen yan chad kyis chang mi brtso mi blud/__mi btung /__de ltar mi byed na/__de nga yis 'khor min la/__nga yang de'i ston pa min no/__/zhes pa dang /__dga' ba can gyi mdo las myos 'gyur gyi nyes pa nyer lnga sogs la dran pa nye bar bzhag ste dug bzhin du 'dzem pa gal che zhing /__dkyil 'khor gcig bsten pa dang /__dbang chos su dam tshig gcig 'brel gyi rdo rje'i mched grogs rnams nang 'khrugs par gyur na spyir na khong khro'i nyes pa bsam gyis mi khyab cing /__khyad par dge 'dun nang 'thabs byung na sangs rgyas bstan pa 'jig pa'i rgyu yi gtso bo yin pa ma zad phyi ma rdo rje dmyal ba las 'gro sa med pas dge 'dun thams cad thugs mthun pa kho na snyigs dus 'dir gal che zhing /__nang mthun par ma gyur na/__rten bzhengs stobs 'byor/__tshogs dus mchod sogs ci tsam yod kyang bstan pa rgyas pa dang 'phel bar mi 'gyur bas/__don 'di gnad don gal che bas kun gyi thugs la yang yang zhugs pa dang dge tshul slong rnams kyis gdeng chos lhung bzed sogs 'dzoms na legs shing /__dbu skra sor gcig yan las ring bar mi 'jog pa dang /__gos dkar po dang /__phu dung can dang /__gri ring 'dogs rung pa ma yin cing rgyun char gzan sham dang mi 'bral par byas na sangs rgyas kyi bstan pa rtags tsam gyis 'dzin pa la'ang phan yon bsam gyis mi khyab cing khyim pa rnams kyang dad pa'i rgyur 'gro ba dang /__grwa sar 'khor nas zhing rmo brnga brdung gsum sogs khyim pa'i las thams cad ring du dor zhing sgo gsum zhi dul dang ldan pa dran shes bag yod dang mi 'bral par bslab pa rgan gzhon gyi gral rim dang /__gong mas 'og ma la byams skyongs/__'og mas gong mar bskur bstir bya ba dang /__khyad par bla sprul/__las sne sogs la rtsi bskur ci gsung bka' bsgrub zhu dgos shing /__de dag gis kyang rang 'dod thogs lhung med pa'i gzhung thig drang por bsrangs te lugs gnyis kyi khrims dang mi 'gal ba'i mdzad spyod la rtag dpyad zhib theng dang 'brel bstan pa dar rgyas su 'gro ba'i thabs la brtson dgos/__phyi nang sus kyang dgon nang du rta zhon gri drangs ki bso ha rgyag sogs byed mi chog__/nang rtsod phran tshegs re byung na nang 'dum bya ba'am las sne sogs kyis rtsod pa chos phyogs su zhi thabs dang /__gri mtshon sogs kyis 'khrug slong bya nyen tshab chen byung na phyir lam khebs pa'i nyes ched btang pa dang /__skyid sdug nas dbyung ba sogs dgos rgyu las rang gar bzhag mi 'os shing grwa tshangs rnams shwo bag rtse ba dang /__glu bzhad gro gsum sogs kyang chos phyogs pa'i las su bya ba ma yin shing /__sgo gsum g.yeng bar ma shor bar dpe cha slob gnyer mtshams bsnyen sgrubs mdzad rgyu sogs la brtson pa gcig bsgril du bya ba dang /__'tshogs gral du 'chil lham phud pa dang /__ngag 'khyal bsdoms pa dang /__bzhugs tshug drangs por bsrangs zhing gsung gral bsgrigs pa sogs spyod lam bstun pa la dge 'dun bsgrigs 'og nas sangs rgyas zer ba'i dpe ltar legs na grwa tshang thams cad kyis bstan pa'i mig ltos gang 'phel du 'gro ba'i thabs la brtson pa gal che zhing /__'dzam gling byang phyogs kyi thub dbang gnyis pa mkhan chen byang chub sems dpa' zhi ba mtshos bka' chems las/__ma 'ong dus su dge sbyong rnams/__/dge sbyong chos bzhi mi ldan pas/__/khro ba rnams la slar khro bas/__/dge sbyong pham pa'i rgyu ru byed/__/bshe pa rnams la slar bshe bas/__/rgyal ba'i bstan pa ring du bcad/__/rdeg pa rnams la slar rdeg pas/__/dge sbyong g.yul du chas nas su/__/ston pa'i bstan pa myur du bshigs/__/de ni bdud kyi dge sbyong yin/__/bdud las rang gi mi shes pas/__/zhal chems sgrogs shing bag yod kyis/__/bzod pa dam pa brten pa dang /__/dka' thub spong pa'i brtul zhugs kyis/__/rtag tu dgon du gnas par gyis/__/ma 'ong tshe dang ldan pa la/__/bar chad khrong khro 'di 'byung bas/__/spyod lam zhi zhing dul bar gyis/__/ston pa'i bstan pa rin chen 'di/__/gangs can ljongs su ngas gsal bas/__/bdag gi rjes su zhugs nas kyang /__ston pa'i bstan pa mchog tu zung /__/zhes gsung pa ltar/__gshe yang slar mi gshe/__brdeg kyang slar mi rdeg__/khong khro yang slar mi khro/__mtshangs 'bru yang slar mi 'bru ba ste dge sbyong gi chos bzhi la gnas pa dang /__sdig zas kyi nang nas nyes dmigs che shos sha za ba 'di yin cing rang gzhan mchog dman thams cad kyi gtan spong dka' rung /__bshas nyo bshas tshong dang /__dus mchod kyi cha rkyen du bshas byed cing sha khrag gi dge 'dun mchod pa ni/__rgyal ba la mchod pa dang /__thugs mnyes rgyur mi 'gro bar ma zad/__dge sbyong gi ngang tshul 'jig cing /__ji skad du/__dam pa'i chos la skyabs song nas/__/'tshe zhing gnod pa'i sems dang bral/__/zhes skyabs 'gro'i bslab bya dang 'gal ba dang /__'dul ba las/__rab tu byung bas gzhan la 'tshe ba dang /__/gzhan la 'tshe ba dge sbyong ma yin no/__/zhes gsung pa dang /__byang sems kyi skabs su sems can blos spang gi rtsa ltung dang /__sngags kyi theg par bde gshegs bka' 'das kyi rtsa ltung du 'gyur ba yin pas srog gcod spongs pa der bzhugs rnams kyis spang blang mdzad grub byung na dge tshogs rlabs po che'i gyur 'gyur ba dang /__'dul ba gzhi gsum 'di sangs rgyas bstan pa'i srog shing yin pas/__gso sbyong /__dbyar gnas/__dgags dbye gsum la rang lugs kyi gzhi gsum cho ga 'jam mgon ngag dbang legs grub kyi mdzad pa ltar phyag bzhes su gnang dgos/__gtsug lag khang thams cad la gad phyis mchod pa sogs gtsang dag thon pa dang /__gling bar du zhag kha shas re'i mtshams rdul phyag dang /__gshor khyi rnams phyir dbyung pa sogs rgyun ldan dgon pa dngos gtsang dwangs ba 'dren thub pa zhig 'byung thabs gal che/__mdor na/__bdag cag gi ston pa nyid kyi gso sbyong gi tshigs su bcad pa/__sdig pa ci yang mi bya zhing /__/dge ba phun sum 'tshogs par spyad/__/rang gis sems ni yongs su 'dul/__/'di ni sangs rgyas bstan pa yin/__zhes gzhan gnod gzhi dang bcas pa las ldog cing /__gzhan phan gzhir bcas bsgrub pa la sangs rgyas bstan pa zhes nges 'dzin cing /__bstan pa'i snying po lung rtogs bshad sgrub yin pas thos bsam sgom gsum dang /__chos spyod bcu la brtson dgos ste/__de yang /__yi ge 'bri mchod sbyin pa dang /__/nyan dang klog dang 'dzin pa dang /__/'chang pa kha ton byed pa dang /__/de sems pa dang bsgom pa ste/__spyod pa 'di bcu bdag nyid ni/__/bsod nams phung po dpag tu med/__/ces gsung pa ltar la dus dang rgyun du mi g.yel bar mdzad dgos pa yin no/__/de ltar bca' yig mdor bsdus pa 'di yang /__rab byung bcu drug gi lo chu stod zla ba'i gral tshes dge bar mkhyen brtse'i dbang po'i sprul ming 'dzin pa 7'jam dbyangs chos kyi blo gros pas rdzong sar bkra shis lha brtse'i chos grwa nas phul ba dge zhing bkra shis par gyur cig__/'gro ba'i sdug bsngal sman gcig pu/__/bde ba thams cad 'byung ba'i gnas/__/bstan pa rnyed dang bskur bsti dang /__/bcas te yun ring gnas gyur cig/___/dge legs 'phel//___//

Footnotes

Other Information