རྫོང་གསར་ཕུར་སྒྲུབ་འདོན་འགྲིག་མ་དེབ།

From Khyentse Lineage - A Tsadra Foundation Project
JKCL-KABUM-10-THA-060
Wylie title rdzong gsar phur sgrub 'don 'grig ma deb JKCL-KABUM-10-THA-060.pdf
Location chos kyi blo gros bka' 'bum
Volume 10, Text 60, Pages 441-464 (Folios 1a to 12b3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. rdzong gsar phur sgrub 'don 'grig ma deb. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 10: 441-464. Bir, H.P.: Khyentse Labrang, 2012.
Genre Liturgy - ngag 'don
Colophon

།ཅེས་པའང་འཇམ་པའི་རྡོ་རྗེ་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེའི་བཀའ་ཕེབས་གནང་དོན་ལྟར་ཤྲཱིཿས་སྐྱ་ཕུན་ཚོགས་ཕོ་བྲང་པའི་འཁོན་གདུང་ངག་དབང་ཀུན་དགའ་བསོད་ནམ་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོས་རྒྱལ་བ་ཞེས་པ་ཤིང་ཕོ་སྟག་ལོ་སྨིན་དྲུག་ཟླ་བའི་ཚེས་ལ་སྦྱར་བ་སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝ་ཏུ།། །།འདི་ཆོས་ཀྱི་བློ་གྲོས་གསུང་མིན་ཡང་དཔེ་དཀོན་པས་ཕུར་སྒྲུབ་ཙ་ལག་སྐོར་དཀྱུས་གཅིག་ཏུ་བཀོད་པའོ།།

/ces pa'ang 'jam pa'i rdo rje mchog gi sprul pa'i sku rin po che'i bka' phebs gnang don ltar shrIHsa skya phun tshogs pho brang pa'i 'khon gdung ngag dbang kun dga' bsod nam 'jigs bral phyogs las rnam rgyal dpal bzang pos rgyal ba zhes pa shing pho stag lo smin drug zla ba'i tshes la sbyar ba sarba dA ka l+yA NaM b+ha wa tu//___//'di chos kyi blo gros gsung min yang dpe dkon pas phur sgrub tsa lag skor dkyus gcig tu bkod pa'o//

1 Texts in this Section (sde tshan or chos tshan)

[edit]
༄༅། །རྫོང་གསར་ཕུར་སྒྲུབ་འདོན་འགྲིག་མ་དེབ་བཞུགས། ། ཨོཾ་སྭཱསྟི། དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པའི་སྒྱུ་འཕྲུལ་དྲྭ་བའི་རོལ་གར་ནི། །སྲིད་དང་ཞི་བའི་ཁྱབ་བདག་ཆེན་པོ་རིགས་དང་དཀྱིལ་འཁོར་ཀུན་གྱི་གཙོ། །སྐྱབས་གནས་ཀུན་འདུས་དཔལ་ལྡན་བླ་མ་དྲན་པས་སྙིང་གི་གདུང་སེལ་དང་། །དབྱེར་མེད་ལྷ་མཆོག་རྡོ་རྗེ་གཞོན་ནུ་བྱང་ཆུབ་བར་དུ་གཙུག་ན་རྒྱལ། ༧རྒྱལ་བའི་ཡབ་གཅིག་འཇམ་དཔལ་གཞོན་ནུ་མི་ཡི་སྲིད་པ་ལ་ཆགས་པས། །ཡོངས་རྫོགས་བསྟན་པའི་རིང་ལུགས་དྲི་མེད་བསིལ་ལྡན་ལྗོངས་འདིར་གསལ་མཛད་པའི། །ས་སྐྱའི་དད་སྒྲོལ་དབང་པོའི་གྲངས་གཙོས་འཁོན་སྟོན་རིག་འཛིན་བརྒྱུད་པའི་ཚོགས། །དད་གུས་མོས་པས་གསོལ་བ་འདེབས་ན་རྣམ་གཉིས་དངོས་གྲུབ་ཆར་དུ་བསྙིལ། །རྡོ་རྗེའི་གཡར་དམ་འགོག་པ་མེད་པས་བསྟན་དང་བསྟན་འཛིན་ལ་བཞུ་བའི། །ཡིད་སྲུབ་དཔུང་བཅས་ཕྱེ་མར་བརླགས་ནས་འདོད་པའི་དོན་ཀུན་བདེ་བླག་ཏུ། །སྟེར་མཛད་མཐུ་ལྡན་བསྟན་སྲུང་རྒྱ་མཚོར་ནོར་ལྷ་གཏེར་བདག་ཚོགས་རྣམས་ཀྱིས། །ལེགས་སྤྱོད་འདི་ལ་སྲིད་མཐའི་བར་དུ་མི་ཉམས་དགེ་བའི་གྲོགས་མཛད་ཅིག །དེ་ལ་འདིར། །འགྲོ་བ་ཡོངས་ཀྱི་ཕན་པ་དང་བདེ་བ་མ་ལུས་པའི་འབྱུང་གནས་གཅིག་པུར་གྱུར་པ་ནི་མཉམ་མེད་བུ་རམ་ཤིང་པའི་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཡིན་ལ། འདི་ཉིད་ཕྱོགས་དུས་ཀུན་ཏུ་འཕེལ་ཞིང་རྒྱས་པ་དང་། དེ་ལ་བར་ཆད་བགེགས་ཀྱི་འཚེ་བ་ཞི་བའི་ཐབས་ཚུལ་དུ་མ་ཡོད་པ་ལས། མཆོག་ཏུ་ཟབ་པ་རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་ལྷ་མཆོག་བཛྲ་ཀཱི་ལ་ཡ་འདི་ཡིན་ལ། དོན་གྱི་དབང་འདི་གཟིགས་ནས། གངས་ལྗོངས་མདོ་སྔགས་བསྟན་པའི་ཤིང་རྟ་ཆེན་པོ་ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་གདན་ས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ཆེན་པོར་འདིར། འཇམ་དབྱངས་བླ་མའི་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རང་གཟུགས། སྙིགས་དུས་བསྟན་པའི་ཉི་མ། བདག་ཅག་གི་རྩ་བའི་བླ་མ་མཆོག་སྤྲུལ་རྡོ་རྗེ་འཆང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཐུགས་བསྐྱེད་རླབས་པོ་ཆེའི་མཐུ་ལས་མཁོན་ལུགས་རྡོ་རྗེ་ཕུར་པའི་སྒྲུབ་མཆོད་སྤྲོས་བཅས་ཀྱི་ལུགས་གསར་འཛུགས་གནང་བ་ལ། ཤིང་རྟ་ལོར་ངོས་འཁོར་གདན་ས་འདིར་ཡུན་རིང་གདན་འཇགས་ནས་རྗེ་བཙུན་ས་སྐྱ་པའི་ཟབ་ཆོས་སྙན་བརྒྱུད་བུམ་པ་གང་འདོད་བགྱིད་སྐབས། གདན་ས་ཆེན་པོ་དཔལ་ལྡན་ས་སྐྱའི་ཕྱག་བཞེས་ལྟར་ནོར་འཁྲུལ་མེད་པའི་དག་ཐེར་གཏན་འབེབ་དགོས་པའི་བཀའ་རྩལ་ཕེབས་དོན་ལྷུར་བླངས་དོན་སྨིན་བྱུང་འཕྲལ། སླད་ནས་ཀྱང་རྒྱུན་མི་ནུབ་ཅིང་མི་འཆོལ་བའི་ཆེད་དུ་ཕྱག་དེབས་ཞིབ་ཏུ་འགོད་པ་ལ། ཧོར་ཟླ་དགུ་ཚེས་༡༥ཉིན་འདུ་ཁང་སྟེང་མཁར་རྔ་བརྡུང་འཕྲལ་འཚོགས་པ་རྣམས་འདུས་འབུམ་བསྐྱོར། དེ་ནས་ཕུར་ཁང་དུ་ཕེབས་ནས་ཚོགས་དཔོན་གྱིས། འོ། དེ་ལ་འདིར། ལོ་ཚེས་གང་ཡིན་གྱི་མིང་འཇུག །ཕུར་སྒྲུབ་ཆེན་མོའི་ཆོས་བསྒྲིག་གི་སྐབས། འདིར་ས་ཆོག་ནས་བསྒྲིག་དགོས་པས། ཐོག་མར་སྔོན་འགྲོ་གཏོར་མ་ནས་བརྩམ་ཏེ། ས་སྦྱང་བ། ལྷ་སྟ་གོན་གྱི་བར་དང་། དངོས་གཞི་ཇི་ལྟར་བལྟོམས་པ་ནས་མཇུག་བཀྲ་ཤིས་ཀྱི་བར་མཛད་པར། ཕྱག་ལེན་དུ་གདའ་བས། ད་ལམ་ཡང་མཛད་པར་ཞུ་ཞེས་དང་། དེ་ནས་བསྐུལ་ཏེ། སུ་ཡིན་གྱིས་སྔོན་འགྲོ་གཏོར་མ། དེ་ནས་རང་གི་མིག་སོགས་ནས་དཀྱིལ་འཁོར་བྲིས་ཞེས་པའི་བར་གཞུང་བཞིན་ལ། ཧཱུྃ་ཆོས་དབྱིངས་ནས་རུ་རྟི་ར་མཎྜ་ལ་སོགས་བར་གདངས་རིང་། མཎྜ་ལ་བར་གདངས་ཐུང་། ཞལ་ནས་དཀྱིལ་འཁོར་བྲིས་བར་སྔགས་བཅས་གདངས་རིང་ཇ་གཅིག་ཡོང་བས་དེའི་མཚམས་སུ་མཆོད། དེ་ནས་ཨོཾ་བཛྲ་ཀྲོ་དྷ་སོགས། ཤུ་ནྱ་ཏཱ་སོགས། དྷརྨ་དྷཱ་ཏུ་སོགས་ནས། དམ་ཚིག་ལ་དགོངས། འཁོད་པར་གྱུར་ཞེས་པའི་བར། དེ་ནས་ཇི་ལྟར་བལྟམས་པ་སོགས་ནས། དད་མོས་ཆེ་བས་དངོས་གྲུབ་ཐོབ་ཀྱི་བར་དབྱངས་གདོངས་སོགས་རྒྱུན་བཞིན་ལ་གྲངས་གསོག་གི་རིགས་མི་མཛད། ཞྭ་གྱོན། སྐྱེ་མེད་ཆོས་སྐུ་ནས། དངོས་གྲུབ་རྣམ་གཉིས་རྩོལ་བའི་བཀྲ་ཤིས་ཤོག་བར་གདངས། འདིར་ཞྭ་ཕུད། ཚོགས་དཔོན་གྱིས། འོ། འདི་ལོ་ཕུར་སྒྲུབ་ཆེན་མོའི་ཆོ་ག །ཕྱག་ལེན། དབྱངས་རོལ། གར་འཆམས། དུང་ཆེན་སྐབས་ན་བཟའ་གཟབ་སྤྲོས་མཛད་དགོས་སོགས་སོ་སོ་ནས་ཐུགས་ཁུར་བསྐྱེད་པའི། བླ་མ་གང་མའི་དགོངས་རྫོགས་དང་། ཆོས་སྡེ་བསྟན་པའི་ཞབས་ཏོག་ཏུ་འགྱུར་ངེས་རང་དགོས་རྒྱུ་ཡིན་པས་དེ་བཞིན་དང་། འཆམས་སྦྱོང་དངོས་གཞིའི་སྐབས་ཐམས་ཅད་དུ་པད་སྐོར་དང་འཆམས་སྣ་སོགས་དུ་མཛད། ཐམས་ཅད་ཀྱིས་འཆམས་དཔོན་ལ་གཟིགས་ནས་ཟང་ཟིང་དུ་མ་སོང་བ་ཞིག་དང་། ད་ལྟ་ཀ་འཆམས་སྦྱོང་ལ་ཧྲུབ་སྟེ་ཕེབས་པ་ཞུ། གསུང་གྲུབ་པ་དང་སོ་སོར་གྱིས། ཕུར་ཆུང་འཆམས་དངོས་གཞི་སྐབས། སྔོན་དུ་དགེ་སྐོས་དཔོན་གཡོག་དཀར་བདུད་རུ་དར། དེ་རྗེས་ཧ་ཤང་འཁོར་བཅས། དེ་རྗེས་སྤོས་སྣ་རྒྱ་གླིང་སློབ་དཔོན་གྲལ་ལ་བཞུགས། འཆམས་པ་རྣམས་སོགས་བྱོན་བཞུགས་གོང་མ་བཞིན་ལ། གསེར་ཕྲེང་། རོལ་ཁང་སུ་ཕེབས་གྲུབ་ནས་བསངས་ཀྱི་བཅོམ་རོལ་ནང་བཞིན། དེ་ནས་ཇེ་མྱུར་གྱིས་ཆེམས་བརྡུངས་ལ་འཆམས་པ་རྣམས་རིམ་གྱིས་ཐོན་ནས་འཆམས་དངོས་གཞི་ལ་འཇུག །འདི་སྐབས་འཆམས་ཇ་གསུམ་ཡང་བ་ལ་རྐྱང་འགྲོས་རྫོགས་ནས་གསོལ་ཇ། གཞལ་ཡས་ཁང་རྫོགས་ནས་གུང་སེང་། ཡུམ་ཆེན་རྫོགས་ནས་གསོལ་ཇ། ཕྱེད་འགྲོས་ནས་རྐང་རུས་བར་ཚར་གཉིས་རེ་དང་། རྒྱ་གྲམ་གཅིགགཞལ་ཡས་ཁང་ལ་སྒོ་བཞི། བསྟན་སྐྱོང་དབྱངས་སྐོར་གཉིས། རྗེས་མ་ལ་བྷྱོ་འདྲེན་མི་འཇུག །བྲན་དང་གཡོག་འཁོར་ནས་གྲུབ་པར་མཛོད་བར་ཤུར་མ། དམ་ཚིག་འདི་ལས་ལ། ཧཱུྃ། ངང་སོགས་རང་དབྱངས་འདི་ཚུགས་ནས་ཕྱི་ལ་གྱེལ་དེའི་མཇུག་ཏུ་ཆེམས་བརྡུང་། དེ་ནས་འཆམ་དཔོན་གྱི་ཛམ་བླང་ལ་ལོག་འཆམ་གྲུབ་ནས་རོལ་བསྐོར་འབེབ་བཅས། གསེར་ཕྲེང་གང་བཞིན་གྲོལ་ནས་སྒྲུབ་ཁང་དུ་ཧཱུྃ་ཆེན་ཀ་ར་སྔགས་དབྱངས་བཅས་ཚང་མ་གཅིག །རྣམ་པར་རྒྱལ་བ་མན་མི་དགོས། སྟེང་ཕྱོགས་ཚངས་པ་ཡས་བསྡུ། མ་བསྡུ་དབྱངས་བཅས་གཅིག །ཀི་ལ་ཡའི་འགྲོས་གཅིག །ཚེས་༡༦ལ་ས་ཆོག་མགོར་དཀར་ཆབ། གསོལ་ཇ། གཏོར་སྐད་དགོས། སྔོན་འགྲོ་གཏོར་མ། གནས་ཡོ་བྱིན་རླབས། བྱིན་དབབ་བསྡུས་པའི་རྒྱས་པ། གསོལ་ཇ། ཕུར་ཆུང་སྨན་རག་ལ་གཏོར་སྐད་དབྱངས་མི་དགོས། བཅོམ་རོལ་བསངས་བཞིན། ཧཱུྃ་འདྲེན་མེད་པའི་གདན་སྟེང་བདག་ཉིད་ཤོ་ལོ་ཀ་གཅིག་ལ་སྒེག་ཅིང་མའི་དབྱངས་ཐུང་རོལ་མོ། །བཅོམ་ལྡན་རྡོ་རྗེ་གཞོན་ནུའི་སོགས་ལ་སྒེག་ཅིང་མའི་དབྱངས་རོལ་ཆེམས་མཇུག་སྦྲམ་༡༢བདེ་བར་གཤེགས་སོགས་མཇུག་ཆེམས་བརྡུང་། གསུམ་བརྡེག་ལེན་ཅན། སྒེག་ཕྲེང་བདུད་རྩི་འབུལ་བ་བསྙེན་སྒྲུབ་གསལ་བྱེད་བཞིན། དམ་ཚིག་ཆེན་མོ། །ཧེ་རུ་ཀ །བླ་མེད་མ་རྣམས་བསྙེན་སྒྲུབ་གསལ་བྱེད་བཞིན་རྔ་བརྡུང་རོལ་མོ་རྒྱུན་བཞིན། སྒེག་ཅིང་མ་ཚིག་རྐང་ལྔ་ལ་སྒེག་ཅིང་མའི་དབྱངས་ཐུང་རོལ་མོ། །ཧཱུྃ་མཛད་ནས་ཤུར། བགེགས་འདུལ་ཡན་བསྙེན་སྒྲུབ་གསལ་བྱེད་བཞིན་ལ་མཇུག་གསུམ་བརྡེག་ལེན་ཅན་བསྡུས་པ་ཆེམས་བརྡུང་སྦྲམ། ༡༢ཧཱུྃ་བཛྲ་ནས་དངོས་གྲུབ་སྩོལ། གསོལ་ཇ། བསྙེན་བསྒྲུབ་གསལ་བྱེད་བཞིན་ལ་དུང་སོགས་རྒྱུན་བཞིན། དེ་ནས་སློབ་དཔོན་གྱིས། གཏོར་མ་བྱིན་རླབས་མཛད་པ་ཞུ་གསུང་དགོས། གཏོར་བསྔོ་བཤགས་པ་གཅིག །བསྐང་རྫས་བྱིན་རླབས། བཅོམ་རོལ། སྤྱན་འདྲེན་རྒྱལ་བ་ཀུན་གྱི་གང་གི་རང་བཞིན་བྱང་ཤར་ཧ་ཧ་གསུམ་ལ་དབྱངས་རོལ་དུར་བདག་སྤྱན་འདྲེན། དཀར་མོ་སྤྱན་འདྲེན་མཇུག །ཆེམ་བརྡུངས། མཇུག་སྦྲམ། ༡༢བྱོན་སྐྱེམས་མཇུག་ཆེམ་བརྡུང་སྦྲམ། ༡༢རོལ་བསྐོར་འབེབ་བཅས། འདུལ་སྔགས་མཆོད་སྤྲིན་ཡོངས་རྫོགས། ཕྱི་མཆོད། ནང་མཆོད། ཕྲིན་བཅོལ་སོགས་རྒྱུན་བཞིན། བསྟན་སྲུང་རྒྱ་མཚོ། ཁྱད་པར་བསྟན་པའི། བྱིན་རླབས་ཐུགས་རྗེ་གསུམ་ལ་དབྱངས་རོལ། འཕྲིན་བཅོལ་དབྱངས་བཅས་བདུན། བསྐང་གསོལ་གྱི་ཕྲིན་བཅོལ་དང་བཟློག་པ། སྔགས་དབྱངས། བསྟོད་པ་ནམ་མཁའ་མ། མདོ་ལུགས་བཀྲ་ཤིས་སྨོན་ལམ་ཚོགས་བྱིན་རླབས། ཚོགས་བསྡུས་པ། མཇུག་ཏུ་གསུམ་བརྡེག་ལེན་ཅན། གསོལ་ཇ། རང་གི་མིག་སོགས་ནས་བདག་གིས་དོན་ཡོད་དཀྱིལ་འཁོར་བྲིས་བར་ཆོག་བསྒྲིག་བཞིན། གུང་སེང་། འདུས་ནས་ཕྱོགས་བཞི་གསོལ་གདབ། དེ་ནས་དབུ་མཛད་པས་བསྐུལ་ནས་བཛྲ་ཀཱི་ལ་ཡ་ནས་ཀྲོ་དྷ་ཏིཥྛ་མ་ལེ་ཨཱཿ ཞེས་པའི་མཇུག་རོལ་མོ་ཏོད་བླངས་ཀྱི་སྦྲམ་སྦྲམ་སོགས་ཆེམ་བརྡུང་། དེ་ནས་སྦྲམ་སྦྲམ། ༡བྱས། ༢བྱས། ༣བྱས། གསུམ་༩བགེགས་བསྐྲད་ལ། ཧཱུྃ། ངང་སོགས་ལ་དམ་ཚིག་ཆེན་མོའི་ཕྱ་གཡང་ལུགས་ཚར་གསུམ་ཆར་ལ་ཆེམས་བརྡུངས། སྔགས་གཞུང་བཞིན། དང་པོ་གཉིས་ལ་ཆེམ་བརྡུང་རྫོགས་ནས་སྦྲམ་སྦྲམ། ༡བྱས། ༢བྱས། ༣བྱས། ༡ནས། ༩བྱས་གསུམ། ༩དབྱངས་མཇུག་ལ་སྦྲམ་གཉིས་ནན་ལེན་གྱི་གོ་ཆོད། གཞན་རོལ་མོ་གོང་བཞིན། གསུམ་པའི་མཇུག་རུ་གསུམ་བརྡེག་ལེན་ཅན་གནང་ནས་གྲོལ། དེ་ནས་ལྷ་ཁང་རྡོ་བཅགས་ཕེབས་པ་དང་གསེར་སྐྱེམས། རིག་འཛིན་འགུགས། ཕུར་ཁ་བསྒྱུར་བ་རྣམས་ཕུར་ཟློག་ནང་བཞིན་ལ་ཆེམ་བརྡུང་ལ་ཕུར་པ་ཕྱིར་བསྒྲིལ། མཇུག་གསུམ་བརྡེག་ལེན་ཅན། གསེར་ཕྲེང་གོང་བཞིན་རོལ་པ་འདུ་ཕེབས་ནས་བཅོམ་རོལ་གོང་བཞིན། འཆམས་པ་རྣམས་རིམ་བཞིན་ཐོན། ཐོན་འཚམས་གྲུབ་འཚམས། སློབ་དཔོན་གྱི་འཆམས་བཤད་རྫོགས་ནས་པད་ཀོར་གཅིག །རོལ་འགྲོས། ས་གཞི་ཁོད་སོགས། གསོལ་ཇ་བཞི་ཡོད་པ། དང་པོ་མགོ་གུགས་རྫོགས་ནས། གཉིས་པ་རྒྱ་གྲམ་རྫོགས་ནས། གཞལ་ཡས་ཁོང་རྫོགས་ནས་གུང་སེང་། ཡུམ་ཆེན་རྫོགས་ནས་གསོལ་ཇ་གསུམ་པ། བྱང་སྒོ་རྫོགས་ནས་གསོལ་ཇ་བཞི་པ། ཞལ་ལྷོར་གཟིགས་ནས་ལིང་རོ་སྒོ་ཕྱིར་འཐོར། སྐུ་འཆམས་རྣམས་ཚར་གསུམ་རེ་སྤོར། རྒྱ་གྲམ་གཉིས། གཞལ་ཡས་ཁང་སྒོ་བཞི་ཆར། ལོག་འཆམས་གྲུབ་ནས་རོལ་བསྐོར་འབེབ་བཅས་གསེར་ཕྲེང་འཆམས་པ་རྣམས་གོང་བཞིན། སྒྲུབ་ཁང་དུ་ཕེབས་ནས། ཧཱུྃ་ཆེན་ཀ་ར་ནས། སྟོབས་ཆེན་ཡན་འཆམ་ཡིག་དང་བདག་མཇུག་བཞིན། ཕུར་བསྒྲིལ་ལ་ཀཱི་ལ་ཡ་ཚར་གསུམ་རེ་སྤོར། དེ་ནས་ཐོ་ཕུར་བསྣོམ་ནས་སྟེང་ཕྱོགས་ཚངས་པ་ལ་དབྱངས། ཀཱི་ལ་ཡ་འགྲོས་གཉིས་ལ་བཞུགས། གསུམ་པ་ལ་དབུ་བྱེད་རྣམས་ཕེབས་ནས། རྔ་རོལ་བཞེས་ནས་རྫོགས་ནས་ཆེམ་བརྡུང་། ཨོཾ་བཛྲ་ཀྲོ་ཏ་སོགས་ནས་ཕུར་བཏབ་མཛད་ནས། དེ་ནས་རོལ་མོ་སྦྲམ་སྦྲམ། ༡བྱས། ༢བྱས། ༣བྱས། གཅིག་ནས། ༩བྱས། ༩བྱས། ༩བྱས། ༩ཤར་ཕྱོགས་མན་ཚིག་ལ་གནས་པའི་དགུ་བརྡུང་། ཆེམས་བརྡུང་ལ་རྔ་གཞུང་བཞིན་སྦྲམ་སྦྲམ་ནས། ༩བྱས། ༩བར་གོང་བཞིན། འོག་ཕྱོགས་རྫོགས་ནས་གསུམ་བརྡེག་ལེན་ཅན། སྟེང་ཡོང་སོང་ནས་བྷཎྜ་ར་ཎ་ཧཱུྃ་ཕཊ། མེ་རིས་སྔགས་ཀྱི་བར་ཕྱག་རྒྱ་དབྱངས་དང་བཅས་ཕྱག་ལེན་བཞིན། དེ་ནས་ཕྱག་རྒྱའི་གར་འཆམ་གྱི་སྒོ་ནས་ཞེས་གསོལ་ནས་ཀ་ཝ་ཙི་ཧཱུྃ་ཕཊ་བར་སྣང་བ་འགྱུར་ཐུབ་ནང་བཞིན། དེ་ནས་གྱེས། རོལ་ཕོད། འཆམས་ཆས་རྣམས་བསྡུས། འདུས་ནས་གཏོར་འབུལ། དཔལ་མགོན་མ་ཧཱ་ཀཱ་ལ་རྣམས་དང་པོ་ཇ། བཀྲ་ཤིས་བསྡུས་པ། གྲོལ་དུང་། འགྲོ་བདེ་བཅས་སོ། །ཆེས་༡༧ཉིན་དཀར་ཆབ། གསོལ་ཇ། སྔོན་འགྲོ་གཏོར་མ། གནས་ཡོ་བྱིན་རླབས། བྱིན་འབེབས། བསྡུས་པའི་བསྡུས་པ། ཕུར་འབྲིང་ལུགས། སྐྱབས་འགྲོ་ནས་བཟུང་། ཙིཏ་ཨ་བྷི་ཁནྩ་ཡན་ཕུར་ཆེན་ལུགས་ལ་ཡེ་ཤེས་སྐུ་མཆོག་ལ་མི་དགོས། སྡོམ་གསུམ་སྐུ་གསུམ་གྱི་མཇུག་ཏུ་བཅོམ་རོལ་ཆུང་གསུམ་ཡན་བསང་བཞིན་ལ་སྦྲམ། ༡དོར་བས། ཉིས་བརྡེག་ལེན་ཅན་འཕགས་མཆོག་མ་ལ་དབྱངས། གསོལ་ཇ། གཏོར་སྐད་དགོས། སྨན་རེག་ལ་དབྱངས་མེད། བཅོམ་ལྡན་རྡོ་རྗེ་གཞོན་ནུ་ལ་སྒེད་ཅིང་མའི་དབྱངས་རོལ། མཇུག་ཆེམས་བརྡུང་སྦྲམ། ༡༢ཡང་དག་དོན་དུ་དབྱངས་མེད་རོལ་མོ་མཇུག་ཆེམ་བརྡུང་། སྦྲམ་༡༢བདེ་བར་གཤེགས་སོགས་མཇུག་ཆེམ་བརྡུང་། དེའི་ཆེམ་བརྡུང་ལ་དཀར་དུང་ངེས་པར་མི་འབུད། སྦྲམ་༡༢བདེ་བར་གཤེགས་པ་སོགས་ནས། ཀརྨ་ཀྲོ་དྷི་ཤྭ་རི་ཨཱཿ ཞེས་པའི་མཇུག་རོལ་མོ་གསུམ་བརྡེག་ལེན་ཅན། གསོལ་ཇ། དེ་ནས་སྟ་གོན། ཨོཾ་བཛྲ་ཀྲོ་དྷཱ་ནས། སྙན་གསན་དབབ་པ་ཡན། གསོལ་ཇ། བདག་མཇུག་ནང་བཞིན། འཁོར་བ་ཕུར་བུ་དབྱངས། སྙན་གསན་དབབ་པ་རྫོགས་ནས་གུང་སེང་། འདུས་ནས་སློབ་དཔོན་གྱི་བུམ་བསྐྱེད་མཛད་པ་ཞུ་གསུང་དགོས། བུམ་བསྐྱེད་ཚར་ནས་གཏོར་མ་བྱིན་རླབས་མཛད་པ་ཞུ་གསུང་དགོས། ཐུག་པ། གཏོར་བསྔོ་ནས། སྔགས་དབྱངས་བར་ས་ཆོག་བཞིན། བསྟོད་པ་རབ་འབར་མ། མདོ་ལུགས་བཀྲ་ཤིས་སྨོན་ལམ། ཚོགས་བསྡུས་པ། གཏོར་འབུལ། མཇུག་ཆོག་མཆོད་པ་བྱིན་རླབས་བདག་མཇུག་བཞིན། རང་གི་སྙིང་ཁ་ནས་སོགས་རང་བཞིན་སེམས་ཀྱི་སོགས་དགོས། བཀྲ་ཤིས་རྒྱས་པ། གྲོལ་དུང་གོང་བཞིན། དགོང་མོ་ཕུར་འགོད་ལ་སངས་རྒྱས་ཆོས་དང་ནས། ཨ་པ་ན་ཏིཥྛནྟུ་བར་བདག་མཇུག་བཞིན། གསོལ་ཇ། རྒྱལ་ཆེན་འཐོ་འཛུག་ནི། ཐོག་མར། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ནས་ཆེན་པོར་གྱུར་བར། དེ་ནས་མཆོད་རོལ་སྡུག་བསྔགས་འདོན། སྒང་དུང་། ༡དེ་ནས་སངས་རྒྱས་ཆོས་སོགས་རྫོགས་ནས། ས་མ་ཛཿབར་དེ་ནས། དྲི་ཟང་གང་གི་བདག་པོ་ཤྭ་ལོ་ཀ་གཅིག་ལ་ཡང་དག་དོན་དུ་མའི་དབྱངས་རོལ། ཆེམ་བརྡུང་སྡུག་བསྔགས། སྒང་དུང་། ༡གསུམ་བརྡེག་ལེན་ཅན། གཙང་ཞིང་གཙང་མ་ཤོ་ལོ་ཀ་༡ལ་དབྱངས་རོལ་གོང་བཞིན། ཆེམས་བརྡུང་། ཐུགས་སྔགས། སྒང་དུང་༡། སྦྲམ། ༡༢ཞེས་བཞག །དེ་ནས་གཏོར་མ་འབུལ། དེ་ནས་ཤར་ཕྱོགས་ན་ནི་ཤྭ་ལོ་ཀ་གཉིས་ལ་དབྱངས་རོལ་གོང་བཞིན། དེ་ནས་ན་མོ་སོགས་ནས། ཏིཥྛ་བཛྲ་བར། དེ་བཞིན་དུ་འོག་མ་རྣམས་ལའང་རིགས་འགྲེ། དེ་ནས་གཞན་རྣམས་ཀྱི་རྔ་རོལ་སོགས་དང་། བུམ་པ་འབུལ་བ་ལ་སློབ་དཔོན་དང་མཆོད་དཔོན་གྱིས་ཞབས་བསྐོར་ལན་གསུམ། ལས་བུམ་ལ་གཅིག །དེ་ནས་སློབ་དཔོན་རོལ་སིལ་བ་སོགས་ཀྱིས་ཞབས་དབུ་ཞྭ་ཕུད་ནས་བསྐོར་ལན་གསུམ་ཆར་བ་དང་འདུས་ཚོགས་ཀྱིས་དཀྱིལ་འཁོར་གསོལ་བཏབ་མཛད། འགྲོ་བདེ། ཚེས་༡༨ལ་དཀར་ཆབ། བྱིན་འབེབས་རྒྱས་པའི་རྒྱས་པ། གསོལ་ཇ། ཕུར་ཆེན་དབྱངས་ཉིན་གཉིས་ལ་བཀྲལ། སྟེང་པད་མ། ནམ་མཁའ་འཕགས་མཆོག །རྩི་མེད། སྨན་རག་དབྱངས། གཙོ་བོ་རྡོ་རྗེ་རྩེ་དགུ་ཤོ་ལོ་ཀ༡འདུལ་གདོང་རོལ་མོ། ཧཱུྃ་མཛད། སྒོ་མ། དིབྟ། འཕོར་བ། ཕུར་བུ་རྣམས་གྲོལ་བར་དགོས། རྩི་མེད། ཁྲོ་རྒྱལ་བསྡུས་པ། གུང་སེང་། སྒེག་ཅིང་། རྡོར་སྒེག །ཐབས་མཁས། ཕྲིན་ཆེད། རྩི་མེད། དབྱངས་གསར། ཧེ་རུ། གྲུ་གསུམ། དེ་དང་གཉིས་མེད། ཛཿསྤྲུལ། གུང་སེང་། དཔལ་ཐུང་། བདག་ཉིད། རྩི་མེད། ཤྭ་ཐུང་། ས་བདག །རྩི་མེད། ཀཾ་ཀ་དྷ་ར། འདོད་ཆགས་ཁྲོས་པ་རང་དབྱངས། བྱང་ཆེན་རྣམས་ཡིན། དེ་ནས་ཕྱིར་རོལ་གཏོར་མ་བདག་འཇུག་བཞིན། འདིའི་ཉིན་དཀྱིལ་འཁོར་གསོལ་གདབ་མི་དགོས། གུང་སེང་། དངོས་གཞི་ལ་ཇ། ༡༡དཀར་ཆབ་ལ་ཇ། ཟབས་འགྲོ་ལ་ཇ། དབུས་སུ་མགོ་ཐུག་པ། འཕོས་བུ་ལ་ཇ། སྤྲུ་མཐིང་ལ་གསོལ་བ། བདག་ཉིད་མགོ་ཇ། བསྙེན་པ་ཇ། བུམ་བསྐྱེད་ཇ། རིགས་ལྔའི་མགོ་ཇ། གཏོར་ཆོག་ཐུག་པ། གསོལ་ཀ་མགོ་ཇ། ནག་པོ་གནོད་སྦྱིན་རྫོགས་ནས་ཇ། ཚོགས་མགོར་ཇ། གུང་སེང་བསྡུས་ནས། ཇི་ལྟར་བལྟམས་པ་ནས། བདག་འཇུག་བཞིན། གཏོར་བསྔོ། བཤགས་པ་༣གུང་སེང་། བསྡུས་ནས་བསྐང་རྫས་བྱིན་རླབས། སྤྱན་འདྲེན་ཤྭ་ལོ་ཀ་༣། དབྱངས་རོལ། དུར་བདག །དཀར་མོ་བ་། ན་འདྲེན། ཆེམས་བརྡུངས་སྦྲམ། ༡༢བྱོན་སྐྱེམས་མཇུག་ཆེམས་བརྡུང་། སྦྲམ། ༡༢རོལ་འབེབས་བཅས། ཐུགས་སྔགས་མཆོད་སྤྲིན་ཡོངས་རྫོགས། ཕྱི་མཆོད། ནང་མཆོད། ཕྲིན་བཅོལ་རྒྱུན་བཞིན། བསྟན་སྲུང་། ཁྱད་པར། བྱིན་རླབས་ཐུགས་རྗེ། དབྱངས་རོལ། གཞན་ཡང་མ་དབྱངས་བཅས༣། ལྷ་མཆོག་མ་དབྱངས་དང་པོ། རཀྟ་དམར་ཆེན། དམ་རྫས། ཞལ་བཞི་དྲིང་པ་བཅས་བྱང་རོ། ཨོཾ་ཨཱཿཧཱུྃ། ཆོས་དབྱིངས་སྤྲོས་བྲལ་བདེ་ཆེན་སྒྲུབ་མ། ནག་པོ་གནོད་སྦྱིན་མ་དབྱངས་བཅས། ༡དཀར་ཆུང་། གཏུམ་ཆེན་མ་དབྱངས་བཅས། ༣སྐུ་དང་གསུང་ཐུགས་དབྱངས་བཅས། ༣བྱིན་རླབས་ཐུགས་རྗེ་མ་དབྱངས་བཅས། ༡འཕྲིན་བཅོལ་དབྱངས་བཅས། ༧བསྐང་གསར་འཕྲིན་བཅོལ་དང་། བཟློག་པ། བསྟོད་པ་ནམ་མཁའ་མ། ཚོགས་རྒྱས་པ། མཇུག་ཆག་རང་བཞིན་སེམས་ཀྱི་སོགས་གོང་བཞིན། ཚེས། ༡༩ཉིན་བྱིན་འབེབ་རྒྱས་པའི་བསྡུས་པ། ཕུར་དབྱངས་ཡེ་ཤེས་སྐུ་མཆོག །ནམ་མཁའི་འདུར་གདངས་གོང་བཞིན་ལྷུན་གྲུབ་སྲིན་པོ། ཨེ་ལས། དབུས་སུ་བདག་ཉིད་ཤྭ་ལོ་ཀ་གཉིས་ལ་འདུར་གདངས་རོལ་མོ། །ཡུམ་རྟ་མགྲིན་བསྐྱེད་མེད་མ། ཡང་དག །བདེ་བ། གུང་སེང་། ཧཱུྃ་མཛད། རང་བྱུང་མ། དྲིན་ཅན། འཆམ་དབྱངས། བླ་མེད། སྐྱེ་འགྲོ། ཐམས་ཅད་དབང་ལུས། གུང་སེང་། དཔལ་རིང་། དཀྱིལ་འཁོར་ཕྱི་རིམ། ཤྭ་རིང་། དེའི་ལས་མཁན། རྩི་མེད། འདོད་ཤྭ་ཛམ་དབྱངས། །ཕུར་སྒྲུབ་སྐབས་རིག་འཛིན་བསྐུལ་ལ་བི་མ་ལའི་དབྱངས་རོལ། བལ་བོ་ནས་ཤུར། འཇམ་དབྱངས་ཀུན་དགའ་བསོད་ནམས་ནས་དབྱངས་མཛད། བྱང་ཆོག་ཡོད་ཚེ་རྒྱ་གར་ཤར་བསངས་དབྱངས་མཛད། དེའི་ཉིན་ནས་བཟུང་དཀྱིལ་འཁོར་གསོལ་གདབ་དང་། བུམ་བསྐྱེད་བཅས་དགོས། འདི་ནས་བཟུང་བྱིང་རྣམས་ཚེས་༡༨དང་འདྲ། ཚེས་༢༠ལ་བྱིན་འབེབ་འབྲིང་པོའི་རྒྱས་པ། དབྱངས་ཚེས་༡༨དང་འདྲ། ཚེས་༢༡ལ་བྱིན་འབེབས་འབྲིང་པོའི་བསྡུས་པ། ཚེས་༢༢ལ་རྒྱས་པའི་བསྡུས་པ། ཚེས་༢༣ལ་བྱིན་འབེབ་འབྲིང་པོའི་རྒྱས་པ། ཚེས་༢༤ལ་བྱིན་དབབས་བསྡུས་པའི་རྒྱས་པ། ཚེས་༢༥ལ་བྱིན་དབབ་བསྡུས་པའི་བསྡུས་པ། ཚེས་༢༦ལ་བསྡུས་པའི་རྒྱས་པ། ཚེས་༢༤༢༥༢༦གསུམ་ལ་ཕུར་བུར། ནམ་མཁའི་ཤྭ་ལོ་ཀ་འདུར་གདངས་རོལ་མོ། །དབུས་སུ་བདག་ཉིད་ཤྭ་ལོ་ཀ་ཀ་འདུར་གདང་། རོལ་མོ་སྒེད་ཅིང་མ་ཤོ་ལོ་ཀ་འདུར་གདངས་རོལ་མོ། གྲུབ་མཐིང་ཤོ་ལོ་ཀ་གཅིག་ལ་འདུར་གདངས་རོལ་མོ། འདོད་ཆགས་ཁྲོས་པའི་འདུར་གདངས། ཚེས་༢༥ཉིན་གྲལ་མཆོད་གདབ་ཁ་དང་པོ། རིག་འཛིན་བསྐུལ་མི་དགོས། ཚེས་༢༤ནས་ཚེས་༢༦བར། ཆེ་བའི་སྟོས་གདངས་མི་དགོས། གྲོལ་ཉིན་བཟང་བ་ས་ཆོག་བཞིན། ཚེས་༢༤ལ་གསེར་ཕྲེང་ཚེས་༡༥དང་འདྲ། ཚེས་༢༤ལ་འཆམས་སྦྱོང་སྐབས་ཕྱའི་དབྱངས་རྔ་འཆམས་རྣམ་ཚར་གཉིས་རེ་སྤོ། རྒྱ་གྲམ་གཅིག །འདིའི་ཕྱའི་དབྱངས་ནི། བླ་མ་རིག་འཛིན་ནས། ཐུགས་རྗེ་ཡི་བར་ཚིག་བཞི་ལ་དབྱངས་འཁོར། ༢ཕུར་ཁ་བསྒྱུར་བ་སྟེང་བར་གཉིས་ཡིན། ང་རྒྱལ་བསྐྱེད་པ་ནི། ང་ནི་རྡོ་རྗེ་ནས། བདག་ཉིད་གནས་ལ་ཚིག་བཞི་ལ་དབྱངས་འཁོར། ༢གསོལ་ཇ། བརྒྱུད་གསུམ་མ་ནི། མཛད་དུ་གསོལ་བར་ཚིག་བཞི་ལས་དབྱངས་འཁོར་གཉིས། ལོག་མཆམས་གྲུབ་མཆམ་རོལ་བསྐོར་འབེབ་བཅས་གུང་སེང་། དེ་ནས་གསལ་ཕེབས་བྱུང་བ་དང་། རོལ་མོ་ཧོད་བླངས་ཀྱིས་སྦྲམ་སྦྲམ་སོགས་ཆེམ་བརྡུང་། དེ་ནས་འཕར་མེད་ཀྱི་སྦྲམ་ཆུང་། ༣སྦྲམ། ༡༢༣བྱས། ༡༢༣བྱས། ཆེ་གཅིག །ཛམ་ཉུག་དང་པོའི་བསྐུལ་བ་ནི། ཧཱུྃ། རབ་འཇིག་རྔམ་པའི་ཞལ་གདངས་མཆེ་བ་གཙིགས། དམར་སེར་སྐྲ་མཛེས་ཐོད་པའི་ཕྲེང་བས་བརྒྱན། འཇིགས་པའི་གཟུགས་འཛིན་ཡང་སྤྲུལ་ཉི་ཤུ་པོ། དམ་ཉམས་སྒྲོལ་བའི་སླད་དུ་གནས་འདིར་སྤེལ། གཉིས་པའི་སྐུ་ནི། ཧཱུྃ་དུར་ཁྲོད་ཤ་ཟ་ཀུན་གྱི་གཙོ། རབ་དཀར་ཀེང་རུས་འཇིག་པའི་གཟུགས། །དམ་ཚིག་ཅན་ལ་བརྩེར་དགོངས་ཏེ། །ནོར་གྱི་བདག་པོ་ཡབ་ཡུམ་ཡང་། །འཁོར་དང་བཅས་པ་ཐམས་ཅད་ཀྱང་། །དངོས་གྲུབ་རྩོལ་ཕྱིར་གཤེགས་སུ་གསོལ། །དཀར་མོ་བའི་སྤྱན་འདྲེན་དབྱངས། ཧཱུྃ། དཔལ་ཆེན་ཐུགས་ལས་སྤྲུལ་པའི་ཕོ་ཉ་མོ། །གནོད་སྦྱིན་མཇིགས་མ་བདུད་རྩི་གསོད་བྱེད་མ། །དགྲ་བགེགས་སྒྲོལ་བའི་སླད་དུ་སྤྱན་འདྲེན་ན། །གློག་ལྟར་མྱུར་བའི་ཐུགས་རྗེས་འདིར་གཤེགས་ཤིག །གསུམ་པའི་བསྐུལ་ནི། ཧཱུྃ། །འཇིགས་རུང་དམར་ནག་མེ་རླུངས་འཁྲུགས་པའི་དབུས། །ཤིན་ཏུ་ཕྲོས་པའི་དམ་ཉམས་ཚར་གཅོད་ཅིང་། །སྒྲུབ་པོ་སྐྱོང་མཛད་དམ་ཅན་བཅུ་གཉིས་པོ། །མ་རུང་འདུལ་ཕྱིར་གནས་འདིར་གཤེགས་སུ་གསོལ། །བསྐུལ་གསུམ་ཧཱུྃ་མཛད་སྒྲ་འབྱིན་ཤྭ་ལོ་ཀ་གཅིག་ལ་དབྱངས་རོལ་མཇུག་ཇེ་མྱུར་གྱི་འཆེམས་བརྡུང་། ལོག་ནས་རོལ་བསྐོར་འབེབས་བཅས། དེ་ནས་ཧཱུྃ་མཛད་སྒྲ་འབྱིན་ཤྭ་ལོ་ཀ་གཅིག་ལ་དབྱངས་རོལ་མཇུག་ཇེ་མྱུར་གྱི་འཆེམས་བརྡུངས་འཆམས་རྣམས་ཐོན་ནས། འཆམས་དཔོན་གྱིས་དབུས་སུ་བསྐོར་བ་གཅིག་རྫོགས་ནས། འགུག་གཞུག་ཚར་གཅིག་པད་བསྐོར་ཛཾ་སོགས་འཆམས་ཡིག་ནང་བཞིན་ལ། སེང་གེའི་བརྗིད་འཆམས་ནས་དྲེད་མོང་ཡན་ཚར་གཉིས་རེ་སྤོར། དམ་ཚིག་ཆེན་མོའི་རིང་མས་བརྡུང་། མས་བརྡུང་ཡིན། ཕྱི་ནང་གསང་བ་ཡས་བརྡུང་། མས་བརྡུང་། དེའི་ཉིན་གསོལ་ཇ། གཅིག་ཡོངས་བ། སྤྱང་ཀུ་རྫོགས་ནས་གསོལ་ཇ། འགུག་གཞུག་རྗེས་མ་ཆེམས་བརྡུང་ཞིག་དགོས། འགུག་གཞུག་ངོ་མ་མི་དགོས། འཆམས་སྦྱོང་དངོས་གཞི་གཉིས་ཆར་ལ་གདབ་ཚུལ་མ་ཡིན་པའི་གསོལ་ཇ་མཆོད་གྲུབ་འཕྲལ་ཆེམ་བརྡུང་རེ་གནང་ནས། གཅིག་གེ་གཉིས་གསུམ་བྱས་སོགས་ཀྱིས་འཆམས་ཚུལ་མཛད་པ་ཕྱག་ལེན་ཡིན། ཚེས་༢༥ལ་ཚོགས་ཡན་གོང་བཞིན། ཚོགས་མཇུག་གསུམ་བརྡེག་ལེན་ཅན། གྲོལ་ཕྲལ་གསུམ་བརྡེག་ལེན་ཅན་གུང་སེང་། རྔ་བྱ་ལྟར་གཡས་གཡོན་རེ་མེད། གསེར་ཕྲེང་གོང་བཞིན། དེའི་ཉིན་སྐུ་མཆམས་རྣམས་ཚར་གསུམ་རེ་སྤོར། ཕྱི་དབྱངས་ནི་དབྱངས་འཁོར་སྔོན་མ་གཉིས་འཆམས་སྦྱོང་ལུགས། །གསེར་སྐྱེམས་ལ་ཕྱི་ནང་བར་ཆད་ཚིག་གཉིས་གསོལ་ཇ། ཕུར་ཁ་བསྒྱུར་བ་འོག་ང་རྒྱལ་བསྐྱེད་པ་སྣང་ཞིང་། སྲིད་པའི་ཚིག་གཉིས། དཔན་གཟུགས་ལ་མཐུ་དང་རྫུ་འཕྲུལ་ཚིག་གཉིས་དེ་རྣམས་འཕར། རྒྱུད་གསུམ་མ་གཉིས་རྫོགས་ནས་གསོལ་ཇ། རྒྱ་གྲམ་གཉིས། ལོག་འཆམས་རོལ་བསྐོར་འབེབ་བཅས། གུང་སེང་འདུས་ནས། གསེར་ཕྲེང་། གསུམ་གདན་སྟེང་ཕྱག་ཆ་བན་ཕུར་བསྣམས་ནས་ཞལ་བྱང་གཟིགས་ལ་མཆོད་དཔོན་པས་ཕུད་ཕོར་ཐོགས་ནས། གསེར་སྐྱེམས་བླ་མ་རིག་འཛིན་ཕུར་ཟློག་བཞིན། དུས་ཕྱིས་སློབ་དཔོན་གྱི་གནང་། རིག་འཛིན་བསྐུལ་ཕུར་བཟློག་བཞིན། ཕུར་ཁ་བསྒྱུར་བ་ཕུར་བཟློག་བཞིན། འཆམས་དཔོན་ལྷོར་གཟིགས། དགུག་གཞུག་འོག་ཏུ་མཛད་པས་འདིར་མི་དགོས། ལྷ་སྲུངས་སྤྱན་འདྲེན་ཕུར་བཟློག་བཞིན་ལ་བྱང་གཟིགས། དེའི་སྔགས་ཕྱག་ལ་ལྷོར་གཟིགས། །ང་རྒྱལ་བསྐྱེད་པ་ཕུར་བཟློག་བཞིན་བྱང་གཟིགས། དེའི་སྔགས་ཕྱག་ལ་ལྷོར་གཟིགས། དཱིཔྟ་ཙཀྲ་ཕུར་བཟློག་བཞིན་ལྷོར་གཟིགས། རྒྱུད་གསུམ་ལ་ཕུར་བཟློག་བཞིན་བྱང་གཟིགས། རྒྱུད་གསུམ་མའི་མཐའི་དགུ་བརྡུང་མཐར་གསུམ་བརྡེག་ལེན་ཅན། དེ་ནས་སློབ་དཔོན་རོལ་སིལ་རྔ་གྲལ་རྣམས་ཕེབས་ནས་ཤར་གཟིགས། ཛཾ་ཉུག་རྣམས་ཀྱི་བཅམ་རོལ་འཆམས་སྦྱོང་ནང་བཞིན་དད་པའི་བསྐུར་རྫོགས་ནས་ཐོན། ལོག་གྲུབ་ནས་འདི་རྣམས་ལ་འཆམས་སྦྱོང་དངོས་གཞི་གཉིས་ཆར་ལ་རོལ་བསྐོར་འབེབས་བཅས་དགོས། །དེ་ནས་ནོར་སྐྱོངས་ཡབ་ཡུམ་གཉིས་ཀྱི་བསྐུལ། དུར་ཁྲོད་ཤ་ཟ་ཤྭ་ལོ་ཀ་གཅིག་གི་མཇུག་ཏུ། འཁོར་དང་བཅས་པ་ཐམས་ཅད་ཀྱང་། དངོས་གྲུབ་རྩོལ་ཕྱིར་གཤེགས་སུ་གསོལ། ཞེས་ཚིག་རྐང་དྲུག་ལ་དཀར་མོ་བའི་། ན་འདྲེན་གྱི་དབྱངས་རོལ་མོ་འཕར་མེད་ཉིས་བརྡེག་ལེན་ཅན་ཇེ་མྱུར་གྱི་ཆེམས་བརྡུང་། ཕེབས་གྲུབ་ནས་ནས་ཛཾ་ཉུལ་ཚོ་གཉིས་འཆམས་སྦྱོང་ནང་བཞིན། གུང་སེང་། འདུས་ནས་བཅམ་རོལ་མི་དགོས། ཧཱུྃ་མཛད་དགྲ་འབྱིན་ཤྭ་ལོ་ཀ་གསུམ་དང་ཁ་བསྐངས། གནོད་སྦྱིན་འཇིགས་མ་བདུད་རྩི་གསོད་བྱེད་མ། །དམ་ཉམས་དགྲ་བགེགས་སྒྲོལ་ཕྱིར་གནས་འདིར་གཤེགས། །ཞེས་སོགས་དབྱངས་འཁོར་གསུམ་རྫོགས་ནས་ཇེ་མྱུར་གྱི་ཆེམས་བརྡུངས་ལ་འཆམས་སྣ་བ་ཐོན་སོང་བ་དང་། འཆམས་པ་རྣམས་རིམ་བཞིན་ཐོན། སློབ་དཔོན་གྱི་རྐྱང་འགྲོས་ལིངྒའི་མཐར་འཁོར་བ་དང་རྔ་རོལ་སྒྲ་བཞགས། དགུག་གཞུག་ཚར་གསུམ་སོགས་ཕུར་བཟློག་བཞིན། དེ་ནས་བསྐུལ་མཆམས་དངོས་གཞི་མཇུག་འདིའི་ཉིན་སྐུ་འཆམས་ཚར་གསུམ་རེ་སྤོར། དེ་ནས་དགུགས་གཞུག་ཚར་གཅིག་ལ་ཚེ་སྲོག་ཡེ་ཤེས་སུ་བསྒྱུར་བ་མི་དགོས། དམ་ཚིག་ཆེན་མོ་དང་ཕྱི་ནང་གསང་བ་སོགས་ཚིག་ཀུན་ཚངས་མ། གྲུབ་མཆམས། སེང་སྟག་སྤྱང་གསུམ་རྫོགས་ནས་གསོལ་ཇ། ཕོ་ཉ་དྲན་གདངས་རྫོགས་ནས་སྐུ་སེང་། འདུས་ནས་རྡོ་རྗེ་གསང་བ་ནས་ལོག་འཆམས་བར་སྣང་བ་འགྱུར་ཐུབ་ནང་བཞིན། ལོག་འཆམས་གྲུབ་ནས་རོལ་བསྐོར་འབེབ་བཅས། གསེར་ཕྲེང་། སྒྲུབ་ཁང་ཕེབས་ནས་གཏོར་འབུལ་མཇུག་ཆོག་རྣམས་གོང་བཞིན། གྲོལ་ཉིན་གཞན་གང་བཞིན་ལ་ལྷག་མ་རྒྱས་པ། གཏོར་འབུལ་ཕྱི་འབུལ། ལྷ་ལྔ་ཞབས་སུ་ཊ་བསྐྲལ། དེ་ནས་ཐོག་ཁར་ཕེབས་ནས་རོལ་མོ་བཅུ་བཞི་བརྡེག་རྫོགས་ནས་རོལ་བསྐོར་འབེབས་བཅས། གསོལ་ཇ། དེ་ནས་གཏོར་འབུལ་བསྟན་སྐྱོངས་རྣམས་རྒྱས་པ། སྲིད་ཞིའི་དཔལ་འབྱོར་མ། དེ་ནས་ཕྱི་རོལ་གཏོར་མ། གཤེགས་གསོལ་ལ་བཛྲ་མུ། ཆོས་སྐྱོངས་རྣམས་རང་བཞིན་གྱི་གནས་སུ་གཤེགས་ཞལ་བསྒྱུར་དགོས། དེ་ནས་སྒྲུབ་ཁང་དུ་ཕེབས་ནས་སློབ་དཔོན་དང་། རོལ་སིལ་བཅས་པའི་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ། ཡིག་བརྒྱ་འདོན། དེ་ནས་དཀྱིལ་འཁོར་གྱི་མཐར་བསྐོར་བསྐོར་བ་འཁོར་བ་དང་རོལ་མོ་བཞག །མཆོད་པ་བྱིན་རླབས་རྒྱས་པ་བྱ། སྒེག་ཕྲེང་སོགས་ཀྱི་ཕྱི་མཆོད། རང་བྱུང་གདོད་ནས་སོགས་ཤྭ་ལོ་ཀ་གཅིག་གི་ནང་མཆོད། སྒེག་ཅིང་དཔའ་དང་སོགས་ཀྱི་བསྲེད་པ་བྱ། ཐལ་སྦྱར་ཡེ་ཤེས་ལྔ་ལྡན་སོགས་ལན་གསུམ་གྱི་དང་པོ་ལ་གདངས་རིང་། གཉིས་པར་དེ་ལས་ཐུང་ཙམ། གསུམ་པར་དེ་བས་ཀྱང་ཐུང་ཙམ། དེ་ནས་སློབ་དཔོན་གྱིས་གསུར་བསྔོ། དེ་ནས་ཡིག་བརྒྱ་ལན་གསུམ། མ་འབྱོར་པ་དང་སོགས། ཕྱོགས་བཅུ་ནས་སྭ་ཧཱ་བར་རྒྱུན་བཞིན། བརྟེན་པ་ལྷའི་ཚོགས་རྣམས་ཞེས་གསུང་དགོས། རྟེན་གྱི་དཀྱིལ་འཁོར་ནས་ཡེ་ཤེས་པ་རྣམས་དེ་ནས་ཨོཾ་ཁྱེད་ཀྱི་སོགས་གདོངས་རིང་བ་གཉིས། ཐུང་བ། ༡དེ་ནས་རོལ་མོ་དང་བཅས་དཀྱིལ་འཁོར་གྱི་ཡོ་བྱད་རྣམས་བསྡུ་ཚར་ནས་སློབ་དཔོན་གྲལ་ལ་བྱོན་ནས་དུང་གསལ། རོལ་མོ་བཞག །ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་དང་། ཨོཾ་བཛྲ་ཀ་བ་ཙི་སོགས། རང་བཞིན་སེམས་ཀྱི་སོགས། དགེ་བ་འདི་ཡིས་མཐའ་ཡས་སོགས། དགེ་བ་འདི་ཡིས་ནམ་མཁའི་སོགས། བཀྲ་ཤིས་རྒྱས་པར་བརྗོད་ལ་མཐར་རོལ་ཆེན། གྲོལ་དུང་བཅས། སླར་སྨྲས་པ། །འདིར་འབོད་རྣམ་དཀར་དགེ་བའི་ཉིན་མོར་བྱེད། །ཕན་བདེའི་འོད་སྟོང་འབར་བའི་གཟི་བྱིན་གྱིས། །འགལ་རྐྱེན་མུན་པའི་ཚོགས་ཀུན་དབྱིངས་སུ་ཞི། །དོན་གཉིས་པདྨོའི་འདབ་བརྒྱད་འཛུམ་གྱུར་ཅིག །འཇམ་དབྱངས་ཡེ་ཤེས་དག་པའི་ནོར་འཛིན་ལས། །ལུང་རྟོགས་ཆོས་ཀྱི་བསྡོང་པོ་རབ་ཏུ་བརླིངས། །བློ་གྲོས་འབྲས་བུའི་དཔལ་གྱི་ཕྱུགས་པ་གང་། །བསྐལ་པ་རྒྱ་མཚོར་ཞབས་པད་བསྟན་གྱུར་ཅིག །དེ་མཐུས་ཐུབ་བསྟན་སྤྱི་དང་བྱེ་བྲག་ཏུ། །འཁྲུལ་བྲལ་ས་སྐྱའི་མདོ་སྔགས་བསྟན་པའི་རྒྱུན། །བཤད་བསྒྲུབ་ཕྲིན་ལས་བཟང་པོ་མི་ཉམས་པས། །ཡིད་ཅན་ཡོངས་ལ་ཕན་པ་སྦྱིན་གྱུར་ཅིག །བཀྲ་ཤིས་གང་ཞིག་དད་དང་འདུན་པ་ཡིས། །སྐྱབས་སུ་བཟུང་བས་འདོད་རྒུའི་དཔལ་འཇོ་ཞིང་། །རྣམ་གྲོལ་བདེ་བའི་ནོར་བུ་སྦྱིན་མཛད་པའི། །མཆོག་གསུམ་བཀྲ་ཤིས་སྣང་བས་སྲུབས་གྱུར་ཅིག །ཅེས་པའང་འཇམ་པའི་རྡོ་རྗེ་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེའི་བཀའ་ཕེབས་གནང་དོན་ལྟར་ཤྲཱིཿས་སྐྱ་ཕུན་ཚོགས་ཕོ་བྲང་པའི་འཁོན་གདུང་ངག་དབང་ཀུན་དགའ་བསོད་ནམ་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོས་རྒྱལ་བ་ཞེས་པ་ཤིང་ཕོ་སྟག་ལོ་སྨིན་དྲུག་ཟླ་བའི་ཚེས་ལ་སྦྱར་བ་སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝ་ཏུ།། །།འདི་ཆོས་ཀྱི་བློ་གྲོས་གསུང་མིན་ཡང་དཔེ་དཀོན་པས་ཕུར་སྒྲུབ་ཙ་ལག་སྐོར་དཀྱུས་གཅིག་ཏུ་བཀོད་པའོ།། །།

Footnotes

Other Information