JKCL-KABUM-09-TA-051

From Khyentse Lineage - A Tsadra Foundation Project
Revision as of 17:00, 7 January 2022 by Mort (talk | contribs)

JKCL-KABUM-09-TA-051

སེང་གདོང་དཀར་མོའི་ཁྲུས་ཆོག།
Wylie title seng gdong dkar mo'i khrus chog JKCL-KABUM-09-TA-051.pdf
Location chos kyi blo gros bka' 'bum
Volume 9, Text 51, Pages 623-626 (Folios 1a1 to 2b3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. seng gdong dkar mo'i khrus chog. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 9: 623-626. Bir, H.P.: Khyentse Labrang, 2012.
Genre Cleansing Ritual - khrus chog
Deity seng gdong ma
Colophon

།དེ་ལྟར་ལས་ཀྱི་ཚོགས་ཅུང་ཟད་བྲིས་པ་འདི་འཁྲུལ་ཞིག་རིན་པོ་ཆེས་བཀས་བསྐུལ་བ་ན། པདྨ་ཡེ་ཤེས་རྡོ་རྗེས་སེང་གདོང་མའི་ཆ་ལག་ཏུ་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག།

/de ltar las kyi tshogs cung zad bris pa 'di 'khrul zhig rin po ches bkas bskul ba na/__pad+ma ye shes rdo rjes seng gdong ma'i cha lag tu bris pa dge zhing bkra shis par gyur cig/

1 Texts in this Section (sde tshan or chos tshan)

623-626
སེང་གདོང་དཀར་མོའི་ཁྲུས་ཆོག།
seng gdong dkar mo'i khrus chog
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
[edit]
སེང་གདོང་དཀར་མོའི་ཁྲུས་ཆོག་བཞུགས། བུམ་པ་བཅུད་ལྡན་ཤིང་ལོས་བརྒྱན། ཤུ་དག་དཀར་དང་ཕུར་མང་དང་། བ་ལུའི་མེ་ཏོག་ཤུག་འབྲས་བླུགས། བདག་གི་རྣལ་འབྱོར་སྔོན་འགྲོ་བས། བྷྲཱུྃ་ལས་བུམ་པ་མཚན་ཉིད་ལྡན། །བདུད་རྩིའི་ཆུ་ཡིས་གང་བའི་དབུས། །སེང་གདོང་དཀར་མོ་གྲི་ཐོད་འཛིན། །ཁྲོ་མོའི་ཆས་རྫོགས་གསོལ་བ་ཡི། །སྐུ་ལས་བདུད་རྩིའི་རྒྱུན་བབས་པས། །བུམ་པ་ཡོངས་སུ་གང་བར་གྱུར། ཨོཾ་བཛྲ་སིདྷ་མུ་ཁཱ་ཧཱུྃ། ཧ་ཧེ་བྷྱོ་ཕཊ྄ཿསརྦ་མ་ལ་ཏོར་ཡ་ཏོར་ཡ་སྭཱ་ཧཱ། ཞེས་བཟླས་ཐུན་མཐར། ལྷ་ཉིད་འོད་དུ་ཞུ། བུམ་པའི་ཆུ་དང་དབྱེར་མེད་བསམ། བསྒྲུབ་བྱ་མདུན་དུ་འཁོད་པ་ལ། བགེགས་བསལ་ཁྲུས་ཚིགས་ཇི་ལྟར་བལྟམས་པ་སོགས། མཆན། སྔགས་བཅས་བརྗོད། བཀྲུ་དང་བྱབས་དང་སྲུང་བ་རྣམས། །ཁྲུས་ཚེག་གཞན་ལྟར་ཤེས་པར་བྱ། །བྱད་གདོན་འགྲོལ་བའི་ཆོ་ག་ལ། །གོང་དུ་མཁའ་འགྲོའི་གཏོར་མ་བཤམས། །སྲིད་པའི་བྱེ་མའི་ཧོམ་བརྩེགས་པའི། །དོང་བྲུས་ཆུ་མིག་ལྐུགས་པ་ཡི། །ཆུ་བླུགས་དཔལ་འབར་རླུང་གཡབ་དང་། །བྱ་འུག་སྒྲོ་གཉིས་བསྣོལ་མར་འཛུགས། ཤིང་ཕུར། གྲི་གུག་དང་། མེད་ན་གྲི་སོ་མ་འདུ་བྱ། ལྕགས་སྣོད་ལིངྒ་བཤམས། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་མདུན་རྟེན་གཏོར་མ་སེང་གདོང་མ་ལྗང་མོར་གསལ་ལ་མཆོད་བསྟོད་དང་། དྲག་སྔགས་འབྲུ་བཅུ་བཞི་པ་བཟླ། བསྒྲུབ་བྱ་མདུན་བོས་ཚོན་སྐུད་སྔོ་དམར་གྱིས་བཅིངས། ན་མོ། དཀོན་མཆོག་རྩ་གསུམ་བདེན་སྟོབས་དང་། དྲག་མོ་སེང་གེའི་གདོང་ཅན་གྱི། །བདེན་པ་ཆེན་པོའི་སྟོབས་ནུས་པས། །ཕ་རོལ་བྱད་དུ་བཅུག་པ་ཡི། །སྔགས་མཁན་རིག་སྔགས་རྫས་དམོད་པའི། །ནུས་སྟོབས་ཐམས་ཅད་བཀུག་བྱས་ཏེ། །ལིངྒ་འདི་ལ་ཐིམ་པར་གྱུར། །འབྲུ་བཅུ་བཞི་པའི་མཐར། བྱད་མ་དམོད་རྫས་མཐུ་ནུས་ཐམས་ཅད་ཁུག་ཅིག །ཛཿཧཱུྃ་བྃ་ཧོཿཡང་ཡང་བསྟིམ། ཧཱུྃ། བྱད་ཅེས་བྱ་བ་ཀུན་རྫོབ་སྟེ། །མ་རིག་འཁྲུལ་པ་ལས་བྱུང་ཞིང་། །ཁྱད་པར་ཉོན་མོངས་ཕྲག་དོག་གིས། །བསྐྱེད་པའི་བྱད་མ་རྦོད་གཏོང་གི །རིག་སྔགས་ཐམས་ཅད་གྲི་གུག་གིས། །གཅད་དོ་འབར་བའི་ཕུར་བུས་གདབ། །མིང་ཙམ་མེད་པར་བརླག་གྱུར་ཅིག །འབྲུ་བཅུ་བཞི་པ་དང་། ཨ་ན་ལེ་སོགས་བཟླ་ཞིང་བྱད་ཐག་བཅད། དེ་དང་ལྷན་དུ་ལིངྒ་དང་། བྱ་འུག་གི་སྒྲོ་རྣམས་དུམ་བུར་གཏུབ། དཔལ་འབར་གྱི་མེ་སྦར། ཧཱུྃ། ཕ་རོལ་ངན་སྔགས་གཏད་ཐམས་ཅད། །འབྱུང་བཞིར་གཏད་ལས་མི་འདའ་བས། །སྔགས་དང་ཏིང་འཛིན་ནུས་གཞོམ་ཕྱིར། །འབྱུང་བཞི་གཤེད་དུ་དབབ་པར་བྱ། །སྔགས་རྣམས་བཟླ་ཞིང་། ཧོམ་ཁུང་གི་ཆུས་དཔལ་འབར་གྱི་མེ་བསད། ཤིང་ཕུར་གྱིས་བྱེ་མའི་ཧོམ་བཤིགས། བྱད་ཐགས་ལིང་རོ་སྒྲོ་དུམ་ཐམས་ཅད་གཏུབས་མེ་ཧོམ་སྦར་ལ། མེ་དཔུང་རབ་ཏུ་འབར་བའི་ཀློང་དུ་དྲག་མོ་སེང་གེའི་གདོང་ཅན་གསལ་བའི་ཞལ་དུ་སྟོབས་པར་བསམ་ལ། འབྲུ་བཅུ་བཞི་པའི་མཐར། དགྲ་བགེགས་བྱད་མ་ཛྭ་ལ་རཾ། བཏགས་པ་དྲུག་ཅུ་རྩ་བཞི་དབུལ། ཐབ་ཀྱི་ལྷ་མི་དམིགས་པར་བསམ་ལ། བསྒྲུབ་བྱ་མེ་ཐབ་ལ་ལན་བདུན་འགོང་། དུག་ཁྲག་གི་ཆུས་གཞིལ། ཧོམ་བཤིགས་པ་དང་། སྦྱིན་བསྲེགས་ཐལ་བ་རྣམས་མཆོད་རྟེན་འོག་གམ་ལམ་རྒྱ་གྲམ་དུ་མནན། བསྒྲུབ་བྱའི་མགོར་གཏོར་མ་བཞག་ལ་བཀའ་བསྒོ་བྱ། ཤིས་པ་བརྗོད་དོ། །སེར་བ་བསྲུང་ན། རང་ཉིད་སེང་གདོང་ལྡང་མོར་བསྐྱེད། སྡེ་བརྒྱད་གསེར་སྐྱེམས་བཏང་། རང་སེང་གདོང་མར་གསལ་བ་ལས་སྤྱན་རས་གཟིགས་ཀྱི་སྐུ་མང་པོ་སྤྲུལ། མ་ཎི་སྒྲོགས། བྱམས་སྙིང་རྗེ་སྒོམ་པ་ཞི་བས་བཟློག་པ་དང་། མ་ཐུབ་ན། སེང་གདོང་དྲག་མོ་ལ་ས་ཁྱུང་མང་པོ་སྤྲོས། ཁྲོཾ་བཛྲ་ག་རུ་ཌ་ཧཱུྃ་ཕཊཿཅེས་བཟླ་ཞིང་བསྡིག་མཛུབ་གཏད་པས་བཟློག་གོ །བཙའ་སྲུང་བ་ནི། ཡི་དྭགས་ཆུ་སྦྱིན་མང་དུ་གཏོང་། མནོལ་བསང་དང་། རི་ཁྲུས་བྱ། ཆུ་སྣ་མང་པོ་དང་། གངས་ཆུ་གཙང་མ་ལ་སེང་གདོང་མའི་སྔགས་མཐར། བཙའ་ཡི་གནོད་པ་ལས་སྲུངས་ཤིག་རཀྵ་རཀྵ། རྟེན་སྙིང་མང་དུ་བཟླ། ཛཾ་བྷ་ལར་ཆུ་སྦྱིན་གཏོང་བའི་ཆུ་དང་། སྔར་གྱི་ཆུ་སྣ། བྱེ་མར་སྔགས་བཏབ་པ་རྣམས་གཏོར་ཞིང་བྲན་པ་ས་ཞིའོ། །སད་སྲུང་བ་ནི། རང་ཉིད་སེང་གདོང་ལྗང་མོ་ལས་ཀླུ་ཆེན་བརྒྱད་སྤྲོས་ཏེ་ནམ་མཁར་བཞུགས་པའི་སྐུ་ལས་སྤྲིན་དཔག་མེད་འཐུལ་ཏེ་ཕྱུང་བས་ནམ་མཁའ་ཁེབས་པར་བསྒོམ་ལ། སེང་གདོང་སྔགས་འབྲུ་བཅུ་བཞི་བའི་མཐར། ནཱ་ག་རཱ་ཛ་སྤྲིན་འཁྲིགས་སད་ཀྱི་གནོད་པ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བཏགས་ཀླུ་སྨན་ཕྱེ་གཙང་མར་བསྲེས་པའི་བསང་བཏང་བས་བསྲུང་བར་འགྱུར་རོ། །ཆར་འབེབས་ན། ཀླུ་གནས་པའི་ཆུ་མིག་ཏུ་ཕྱིན། ཀླུ་གཏོར་དང་། ཀླུ་བསང་བཏང་། ཀླུ་ཡི་སྤང་སྐོང་དང་། སྤྲིན་ཆེན་མདོ་འདོན། རང་སེང་གདོང་ལྗང་མོར་གསལ་བའི་མདུན་དུ་རྒྱ་མཚོ་ཆེན་པོའི་དབུས་ན། ཀླུ་ཆེན་བརྒྱད་བཞུགས་པར་གསལ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཀླུ་ཆེན་བརྒྱད་བསྐུལ་བས། དེ་རྣམས་ཀྱི་སྦྲུལ་མཇུག་གིས་རྒྱ་མཚོ་དཀྲུགས་ནམ་མཁའ་ལ་སྤྲིན་འཁྲིགས། ཆར་གྱི་རྒྱུན་དྲག་ཏུ་འབེབས་པར་བསམ་ལ། སེང་གདོང་འབྲུ་བཅུ་བཞི་པའི་མཐར། ཨོཾ་ནཱ་ག་ལེ་ལེ། དུམ་པ་ལེ་ལེ་ནཱ་ག་རཱ་ཛ་ཆར་ཕོབས། ཞེས་པ་དྲག་ཏུ་བཟླ། ཨོཾ་སབ་སབ་ཧཱུྃ། སོབ་སོབ་ཧཱུྃ། ཞེས་པའང་བཟླའོ། རླུང་ལྡང་ན་ཡུངས་ཀར་ལ་སེང་གདོང་སྔགས་ཀྱིས་བཏབ་པ་འཐོར་བས་སེལ་ལོ། །དེ་ལྟར་ལས་ཀྱི་ཚོགས་ཅུང་ཟད་བྲིས་པ་འདི་འཁྲུལ་ཞིག་རིན་པོ་ཆེས་བཀས་བསྐུལ་བ་ན། པདྨ་ཡེ་ཤེས་རྡོ་རྗེས་སེང་གདོང་མའི་ཆ་ལག་ཏུ་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།
[edit]

seng gdong dkar mo'i khrus chog bzhugs/__bum pa bcud ldan shing los brgyan/__shu dag dkar dang phur mang dang /__ba lu'i me tog shug 'bras blugs/__bdag gi rnal 'byor sngon 'gro bas/__b+h+rU~M las bum pa mtshan nyid ldan/__/bdud rtsi'i chu yis gang ba'i dbus/__/seng gdong dkar mo gri thod 'dzin/__/khro mo'i chas rdzogs gsol ba yi/__/sku las bdud rtsi'i rgyun babs pas/__/bum pa yongs su gang bar gyur/__oM badz+ra sid+ha mu khA hU~M/__ha he b+h+yo phaTa?Hsarba ma la tor ya tor ya swA hA/__zhes bzlas thun mthar/__lha nyid 'od du zhu/__bum pa'i chu dang dbyer med bsam/__bsgrub bya mdun du 'khod pa la/__bgegs bsal khrus tshigs ji ltar bltams pa sogs/__mchan/__sngags bcas brjod/__bkru dang byabs dang srung ba rnams/__/khrus tsheg gzhan ltar shes par bya/__/byad gdon 'grol ba'i cho ga la/__/gong du mkha' 'gro'i gtor ma bshams/__/srid pa'i bye ma'i hom brtsegs pa'i/__/dong brus chu mig lkugs pa yi/__/chu blugs dpal 'bar rlung g.yab dang /__/bya 'ug sgro gnyis bsnol mar 'dzugs/__shing phur/__gri gug dang /__med na gri so ma 'du bya/__lcags snod ling+ga bshams/__bdag gi rnal 'byor sngon du 'gro bas mdun rten gtor ma seng gdong ma ljang mor gsal la mchod bstod dang /__drag sngags 'bru bcu bzhi pa bzla/__bsgrub bya mdun bos tshon skud sngo dmar gyis bcings/__na mo/__dkon mchog rtsa gsum bden stobs dang /__drag mo seng ge'i gdong can gyi/__/bden pa chen po'i stobs nus pas/__/pha rol byad du bcug pa yi/__/sngags mkhan rig sngags rdzas dmod pa'i/__/nus stobs thams cad bkug byas te/__/ling+ga 'di la thim par gyur/__/'bru bcu bzhi pa'i mthar/__byad ma dmod rdzas mthu nus thams cad khug cig__/dzaHhU~M ba~M hoHyang yang bstim/__hU~M/__byad ces bya ba kun rdzob ste/__/ma rig 'khrul pa las byung zhing /__/khyad par nyon mongs phrag dog gis/__/bskyed pa'i byad ma rbod gtong gi__/rig sngags thams cad gri gug gis/__/gcad do 'bar ba'i phur bus gdab/__/ming tsam med par brlag gyur cig__/'bru bcu bzhi pa dang /__a na le sogs bzla zhing byad thag bcad/__de dang lhan du ling+ga dang /__bya 'ug gi sgro rnams dum bur gtub/__dpal 'bar gyi me sbar/__hU~M/__pha rol ngan sngags gtad thams cad/__/'byung bzhir gtad las mi 'da' bas/__/sngags dang ting 'dzin nus gzhom phyir/__/'byung bzhi gshed du dbab par bya/__/sngags rnams bzla zhing /__hom khung gi chus dpal 'bar gyi me bsad/__shing phur gyis bye ma'i hom bshigs/__byad thags ling ro sgro dum thams cad gtubs me hom sbar la/__me dpung rab tu 'bar ba'i klong du drag mo seng ge'i gdong can gsal ba'i zhal du stobs par bsam la/__'bru bcu bzhi pa'i mthar/__dgra bgegs byad ma dz+wa la raM/__btags pa drug cu rtsa bzhi dbul/__thab kyi lha mi dmigs par bsam la/__bsgrub bya me thab la lan bdun 'gong /__dug khrag gi chus gzhil/__hom bshigs pa dang /__sbyin bsregs thal ba rnams mchod rten 'og gam lam rgya gram du mnan/__bsgrub bya'i mgor gtor ma bzhag la bka' bsgo bya/__shis pa brjod do/__/ser ba bsrung na/__rang nyid seng gdong ldang mor bskyed/__sde brgyad gser skyems btang /__rang seng gdong mar gsal ba las spyan ras gzigs kyi sku mang po sprul/__ma Ni sgrogs/__byams snying rje sgom pa zhi bas bzlog pa dang /__ma thub na/__seng gdong drag mo la sa khyung mang po spros/__khroM badz+ra ga ru Da hU~M phaTaHces bzla zhing bsdig mdzub gtad pas bzlog go__/btsa' srung ba ni/__yi dwags chu sbyin mang du gtong /__mnol bsang dang /__ri khrus bya/__chu sna mang po dang /__gangs chu gtsang ma la seng gdong ma'i sngags mthar/__btsa' yi gnod pa las srungs shig rak+Sha rak+Sha/__rten snying mang du bzla/__dzaM b+ha lar chu sbyin gtong ba'i chu dang /__sngar gyi chu sna/__bye mar sngags btab pa rnams gtor zhing bran pa sa zhi'o/__/sad srung ba ni/__rang nyid seng gdong ljang mo las klu chen brgyad spros te nam mkhar bzhugs pa'i sku las sprin dpag med 'thul te phyung bas nam mkha' khebs par bsgom la/__seng gdong sngags 'bru bcu bzhi ba'i mthar/__nA ga rA dza sprin 'khrigs sad kyi gnod pa shAn+tiM ku ru swA hA/__zhes btags klu sman phye gtsang mar bsres pa'i bsang btang bas bsrung bar 'gyur ro/__/char 'bebs na/__klu gnas pa'i chu mig tu phyin/__klu gtor dang /__klu bsang btang /__klu yi spang skong dang /__sprin chen mdo 'don/__rang seng gdong ljang mor gsal ba'i mdun du rgya mtsho chen po'i dbus na/__klu chen brgyad bzhugs par gsal/__rang gi thugs ka nas 'od zer 'phros/__klu chen brgyad bskul bas/__de rnams kyi sbrul mjug gis rgya mtsho dkrugs nam mkha' la sprin 'khrigs/__char gyi rgyun drag tu 'bebs par bsam la/__seng gdong 'bru bcu bzhi pa'i mthar/__oM nA ga le le/__dum pa le le nA ga rA dza char phobs/__zhes pa drag tu bzla/__oM sab sab hU~M/__sob sob hU~M/__zhes pa'ang bzla'o/__rlung ldang na yungs kar la seng gdong sngags kyis btab pa 'thor bas sel lo/__/de ltar las kyi tshogs cung zad bris pa 'di 'khrul zhig rin po ches bkas bskul ba na/__pad+ma ye shes rdo rjes seng gdong ma'i cha lag tu bris pa dge zhing bkra shis par gyur cig/___//__

Footnotes

Other Information