DKR-KABUM-21-ZHA-007

From Khyentse Lineage - A Tsadra Foundation Project
Revision as of 14:30, 3 November 2022 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=dil mgo mkhyen brtse bka' 'bum |collectiontitletib=དིལ་མགོ་...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title DKR-KABUM-21-ZHA-007.pdf
Location dil mgo mkhyen brtse bka' 'bum
Volume Expression error: Unrecognized word "zha"., Text 7, Pages (Folios to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation
Genre "ZHA" is not a number.

"ZHA" is not a number.

[edit]
གཉགས་ཕུར་སྒྲུབ་པའི་སྐབས་ཡོན་ཏན་ལ་དམིགས་པའི་ཛཔ་དགོངས་ནི། བདག་ཉིད་ལས་མདུན་རྟེན་གྱི་དཀྱིལ་འཁོར་ཕཊ྄་ཛཿས་ཕྱེ་བ་མདུན་གྱི་ནམ་མཁར་བཞུགས་པར་མོས། བདག་ཉིད་ཀྱི་ཐུགས་སྲོག་ཧཱུྃ་གི་འོད་ཟེར་འབྲུ་དགུའི་རྣམ་པ་མང་པོ་སྤྲོས། ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་དང༌། གཙོ་བོ་ཁྲོ་ཚོགས་སྲས་མཆོག་སྒོ་མ་དམ་ཅན་གྱི་ཕུར་བུ་ཐམས་ཅད་ཀྱི་ཐུགས་ཀར་ཐིམ། དགྱེས་པ་བསྐྱེད། ཐུགས་དམ་བསྐུལ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་སྔགས་ཕྲེང་དམར་པོའི་རྣམ་པར་ལྷ་སོ་སོའི་ལྟེ་བ་ནས་བྱུང༌། བདག་གི་ལྟེ་བར་ཞུགས། ཐུགས་ཀའི་ས་བོན་ལ་ཐིམ། སླར་ཡང་ཐུགས་ཀ་ནས་སྔར་བཞིན་སྤྲོས་པ་འགལ་མེ་ལྟར་འཁོར་བ་ལ་དམིགས་ནས་ཛཔ་བཟླ། སླར་ཡང་འོད་ཟེར་འཕྲོས་པས་སྣོད་བཅུད་ཀྱི་འཇིག་རྟེན་ཐམས་ཅད་ཁྱབ། འབྱུང་བཞི་རིན་ཆེན་སྨན་རྫས་ཐམས་ཅད་ཀྱི་ཚེ་རིང་ནད་གདོན་སེལ་བྱེད་ཀྱི་བཅུད་ཐམས་ཅད་བསྡུས་ཏེ་བདག་ལ་ཐིམ་པས་གཟི་མདངས་བསྐྱེད། བཅུད་སེམས་ཅན་ཐམས་ཅད་ལ་འཕྲོས་པས་ལས་ཉོན་མ་རིག་པའི་བག་ཆགས་སྦྱངས། རྡོ་རྗེ་གཞོན་ནུའི་རང་བཞིན་དུ་གྱུར། དཀྱིལ་འཁོར་གྱི་ལྷ་ཚོགས་དང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་འཕྲོས་མཉེས་མཆོད་ཕུལ། དགྱེས་པ་བསྐྱེད། ཐུགས་དམ་བསྐུལ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་ཨོཾ་ཨཱཿཧཱུྃ་གི་རྣམ་པར་བསྡུས་ནས་བདག་ལ་ཐིམ་པས་ལས་ཉོན་བག་ཆགས་དང་བཅས་པ་སྦྱངས་རྡོ་རྗེ་གཞོན་ནུའི་རང་བཞིན་དུ་གྱུར། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་རྫོགས་ཀྱི་དངོས་གྲུབ་ཐོབ་པར་བསམ་ལ་ཛཔ་བཟླ། ལས་སྦྱོར་ནི། ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་ལྗང་ནག་འཕྲོས་པས་བདེ་གཤེགས་རྒྱལ་བ་ཞི་ཁྲོའི་ཐུགས་རྒྱུད་བསྐུལ། མཐུ་སྟོབས་བྱིན་རླབས་ནུས་པ་ཐམས་ཅད་བསྡུས་ནས་བདག་ལ་ཐིམ་པས་བདག་ཉིད་ནུས་ལྡན་དུ་བྱས། དམ་ཅན་སྲུང་མ་རྣམས་ལ་ཕོག་པས་ལས་ལ་བསྐུལ། གཟས་པོ་རང་དབང་མེད་པར་བཀུག་ནས་ལིངྒ་ལ་བསྟིམ། ཁོའི་ཚེ་དང་ནུས་པ་ཐམས་ཅད་བདག་ལ་ཐིམ། སླར་ཡང་དམ་ཅན་ཚོགས་རྣམས་བྱ་གཅན་ཤ་ལ་རུབ་པ་བཞིན་དུ་འདུས་ནས་བསྒྲལ་བར་བསམ་ལ་ཛཔ་བཟླ། ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་དགྲ་བགེག་མ་ར་ཡ་མཱ་ར་ཡ་ཧཱུྃ་ཕཊ྄༔ ཕུར་པའི་དགོས་དོན་དྲུག་ནི། ལྟ་བའི་མཚམས་གཅད། སྒོམ་པས་དྲོད་དང་ལྡན། སྤྱོད་པས་བོགས་དབྱུང༌། དབང་གིས་གདིང་བཙལ། དམ་ཚིག་གི་དོན་ལས་མི་འདའ། འབྲས་བུ་ལ་བཟླ་བའོ།། །།
[edit]

gnyags phur sgrub pa'i skabs yon tan la dmigs pa'i dzapa dgongs ni/_bdag nyid las mdun rten gyi dkyil 'khor phaTa? dzaHsa phye ba mdun gyi nam mkhar bzhugs par mos/_bdag nyid kyi thugs srog hU~M gi 'od zer 'bru dgu'i rnam pa mang po spros/_phyogs bcu'i bde gshegs thams cad dang*/_gtso bo khro tshogs sras mchog sgo ma dam can gyi phur bu thams cad kyi thugs kar thim/_dgyes pa bskyed/_thugs dam bskul/_sku gsung thugs kyi dngos grub thams cad sngags phreng dmar po'i rnam par lha so so'i lte ba nas byung*/_bdag gi lte bar zhugs/_thugs ka'i sa bon la thim/_slar yang thugs ka nas sngar bzhin spros pa 'gal me ltar 'khor ba la dmigs nas dzapa bzla/_slar yang 'od zer 'phros pas snod bcud kyi 'jig rten thams cad khyab/_'byung bzhi rin chen sman rdzas thams cad kyi tshe ring nad gdon sel byed kyi bcud thams cad bsdus te bdag la thim pas gzi mdangs bskyed/_bcud sems can thams cad la 'phros pas las nyon ma rig pa'i bag chags sbyangs/_rdo rje gzhon nu'i rang bzhin du gyur/_dkyil 'khor gyi lha tshogs dang phyogs bcu'i sangs rgyas thams cad la 'phros mnyes mchod phul/_dgyes pa bskyed/_thugs dam bskul/_sku gsung thugs kyi dngos grub thams cad oM AHhU~M gi rnam par bsdus nas bdag la thim pas las nyon bag chags dang bcas pa sbyangs rdo rje gzhon nu'i rang bzhin du gyur/_sku gsung thugs yon tan phrin las yongs rdzogs kyi dngos grub thob par bsam la dzapa bzla/_las sbyor ni/_thugs ka nas sngags kyi 'od zer ljang nag 'phros pas bde gshegs rgyal ba zhi khro'i thugs rgyud bskul/_mthu stobs byin rlabs nus pa thams cad bsdus nas bdag la thim pas bdag nyid nus ldan du byas/_dam can srung ma rnams la phog pas las la bskul/_gzas po rang dbang med par bkug nas ling+ga la bstim/_kho'i tshe dang nus pa thams cad bdag la thim/_slar yang dam can tshogs rnams bya gcan sha la rub pa bzhin du 'dus nas bsgral bar bsam la dzapa bzla/_oM pad+ma kI li kI la ya sarba big+h+nAn ba~M dgra bgeg ma ra ya mA ra ya hU~M phaTa?:_phur pa'i dgos don drug ni/_lta ba'i mtshams gcad/_sgom pas drod dang ldan/_spyod pas bogs dbyung*/_dbang gis gding btsal/_dam tshig gi don las mi 'da'/_'bras bu la bzla ba'o//_//

Footnotes

Other Information