གཏེར་མགོན་ཞལ་བཞི་པ་དང་དུར་ཁྲོད་ལྷ་མོ་ལྕམ་དྲལ་གང་ལའང་སྦྱར་དུ་རུང་བའི་ཚོགས་མཆོད་བསྟན་སྲུང་དགྱེས་པའི་དགའ་སྟོན།

From Khyentse Lineage - A Tsadra Foundation Project
DKR-KABUM-11-DA-008
Wylie title gter mgon zhal bzhi pa dang dur khrod lha mo lcam dral gang la'ang sbyar du rung ba'i tshogs mchod bstan srung dgyes pa'i dga' ston DKR-KABUM-11-DA-008.pdf
Location dil mgo mkhyen brtse bka' 'bum
Volume 11, Text 8, Pages 38-42 (Folios 1a to 5a5)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Gter mgon zhal bzhi pa dang dur khrod lha mo lcam dral gang la'ang sbyar du rung ba'i tshogs mchod bstan srung dgyes pa'i dga' ston. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 11: 38-42. Delhi: Shechen Publications, 1994.
Genre Feast Offering - tshogs mchod - tshogs kyi 'khor lo
Deity dpal mgon zhal bzhi pa, dur khrod lha mo
Colophon

ཅེས་པའང་དམ་པའི་ཡོན་ཏན་བདུད་རྩིས་གསང་གསུམ་མཛེས་པར་བརྒྱན་པའི་འཁྲུལ་ཞིག་མཆོག་གི་སྤྲུལ་པའི་སྐུ་ངག་དབང་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་རྟེན་གྱི་གནང་སྦྱིན་བཅས་བཀའ་བསྩལ་བ་བཞིན་རྒྱལ་ཁམས་པ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ཉེ་པའི་ཚནྡྷོ་ཧ་མཆོད་རྟེན་བྱ་རུང་ཁ་ཤོར་མདུན་ནས་བྲིས་པས་གསང་ཆེན་སྙིང་པོའི་བསྟན་འཛིན་གྱི་དཔུང་གཉེན་དུ་གྱུར་ཅིག།

ces pa'ang dam pa'i yon tan bdud rtsis gsang gsum mdzes par brgyan pa'i 'khrul zhig mchog gi sprul pa'i sku ngag dbang chos kyi blo gros rin po ches rten gyi gnang sbyin bcas bka' bstsal ba bzhin rgyal khams pa 'gyur med theg mchog bstan pa'i rgyal mtshan gyis nye pa'i tshan+d+ho ha mchod rten bya rung kha shor mdun nas bris pas gsang chen snying po'i bstan 'dzin gyi dpung gnyen du gyur cig/

[edit]
༄༅། །གཏེར་མགོན་ཞལ་བཞི་པ་དང་དུར་ཁྲོད་ལྷ་མོ་ལྕམ་དྲལ་གང་ལའང་སྦྱར་དུ་རུང་བའི་ཚོགས་མཆོད་བསྟན་སྲུང་དགྱེས་པའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ།།

༄༅། །བདུད་བཞིའི་ཁྲག་གིས་རབ་མྱོས་ཧེ་རུ་ཀ །བསྟན་པ་བསྲུང་ཕྱིར་མཐུ་ལྡན་ལྕམ་དྲལ་ལ། །རབ་དྭངས་ཡིད་ཀྱིས་བསྟོད་དང་ལྷན་ཅིག་པར། །དགྱེས་བསྐྱེད་ག་ཎ་ཙཀྲའི་ལས་རིམ་སྤེལ། །དེ་ཡང་མགོན་པོ་དང་མ་མོ་རྒྱུ་བའི་དུས་གཉན་རྣམས་སུ་དམ་ཅན་དགྱེས་པ་བསྐྱེད་ཅིང་ཕྲིན་ལས་འདོད་དགུར་བཅོལ་བའི་སྐབས་སུ་ཚོགས་ཀྱི་འཁོར་ལོས་ཉམས་ཆག་བཤགས་ཤིང་ཕྲིན་ལས་གསོལ་བར་འདོད་པས་དུར་ཁྲོད་སོགས་ལ་ཕྱི་ནང་གསང་བའི་རྟེན་རྫས་སྤྱི་དང༌། ཁྱད་པར་ཐབས་ཤེས་ཀྱི་བཟའ་བཏུང་གཙང་ལ་གྱ་ནོམ་པ་འདུ་བྱས་ལ། རང་ཉིད་ལྷར་གསལ་བའི་བདག་བསྐྱེད་སྔོན་དུ་འགྲོ་བས། མདུན་བསྐྱེད་ཕྲིན་ལས་ཀྱི་གཞུང་བསྲང་ལ་བཟླས་བའི་བར་བྱ། ཐུན་གཏོར་འབུལ་གྲུབ་པ་དང་བརྗོད་མེད་དོན་གྱི་བཤགས་པ་སྔོན་དུ་འགྲོ་བས། ཧཱུྃ། བདག་ཉིད་དཔལ་ཆེན་ཐུགས་ལས་རྃ་ཡྃ་ཁྃ། །འཕྲོས་པས་ཚོགས་ཀྱི་དངོས་འཛིན་བསྲེགས་གཏོར་བཀྲུས། །སྣང་སྲིད་བདེ་ཆེན་རང་བྱུང་ཀ་པཱ་ལར། །བཅུད་རྣམས་རིགས་ལྔའི་དམ་ཚིག་བདུད་རྩིར་གྱུར། །རྃ་ཡྃ་ཁྃ། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཿ གཉིས་པ་ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ་བྷྱོཿ འཕོ་མེད་བདེ་ཆེན་དག་པའི་ཡེ་ཤེས་རྩལ། །སྙིང་རྗེའི་གཏུམ་ཆེན་འབར་བའི་སྐུར་བཞེངས་པ། །མཐུ་སྟོབས་དབང་ཕྱུག་དཔལ་མགོན་གདོང་བཞི་པ། །ལས་བྱེད་དྲེགས་པའི་འཁོར་བཅས་གཤེགས་སུ་གསོལ། །རྣམ་ཀུན་མཆོག་ལྡན་སྐྱེ་མེད་ཝཱ་ར་ཧི། །འགག་མེད་ཞིང་སྐྱོད་ཌཱ་ཀིའི་དབང་མོ་ཆེ། །རྡོ་རྗེ་བཙུན་མོ་སྒྱུ་འཕྲུལ་དྲྭ་བའི་གར། །གནས་ཡུལ་མཁའ་འགྲོའི་ཚོགས་བཅས་གཤེགས་སུ་གསོལ། །སྲིད་ཞི་ཨེ་ཝཾ་ཕྱག་རྒྱས་སྡོམ་པ་ལས། །ཀུན་ཀྱང་མཆོག་ཏུ་མི་འགྱུར་ཐིག་ལེ་གཅིག །རྣམ་པ་རྩ་གསུམ་རབ་འབྱམས་དཀྱིལ་འཁོར་ལྷ། །ཚོགས་ཁང་བདེ་ཆེན་དག་པའི་གནས་འདིར་གཤེགས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བྱིན་ཆེན་ཕོབ། །མཆོག་དང་ཐུན་མོང་དངོས་གྲུབ་ཆར་ལྟར་བབ། །ཕྱི་ནང་གསང་བའི་འགལ་རྐྱེན་བར་ཆད་སོལ། །བྱིན་རླབས་དབང་བསྐུར་རྡོ་རྗེའི་ཡེ་ཤེས་བསྐྱེད། ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛཿ གསུམ་པ་ཚོགས་ཕུད་འབུལ་བ་ནི། ཧཱུྃ་བྷྱོཿ ཕྱི་ཡི་ཚོགས་མཆོད་ཐབས་ཤེས་བདུད་རྩིའི་སྤྲིན། །ནང་ལྟར་དབང་ཡུལ་གཉིས་མེད་བདེ་ཆེན་བཅུད། །གསང་བ་རྡོ་རྗེའི་ཏན་གན་དམ་ཚིག་གིས། །བསྟན་སྲུང་ལྕམ་དྲལ་འཁོར་བཅས་མཉེས་གྱུར་ཅིག །སརྦ་བཛྲ་དྷརྨ་པཱ་ལ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། བཞི་བ་བཤགས་པ་ནི། ཆོས་ཉིད་དབྱིངས་ལ་འཁྲུལ་རྟོག་མི་མངའ་ཡང༌། །ཆོས་ཅན་རྟེན་འབྱུང་སྒྱུ་མར་ཨ་འཐས་ཀྱི། །བག་ཆགས་ཉམས་ཆག་སྒྲིབ་པའི་ཚོགས་ཐམས་ཅད། །གཉིས་མེད་མཉམ་པ་ཆེན་པོར་བསྐང་ཞིང་བཤགས། །ཡིག་བརྒྱ་བརྗོད། ལྔ་པ་བསྒྲལ་བསྟབ་ནི། ཨེ་ནྲྀ་ཏྲི་ཛཿ ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་སོགས། ཁྱད་པར་དུ་མཐུ་སྟོབས་ཀྱི་དབང་ཕྱུག་བཀའ་སྲུང་དྲེགས་པ་སྡེ་ལྔ་དང༌། དཔལ་ལྡན་ཞིང་སྐྱོང་དུར་ཁྲོད་ཀྱི་མ་མོ་ལྕམ་དྲལ་བཀའ་སྡོད་ཕོ་ཉའི་དམག་ཚོགས་འཁོར་དང་བཅས་པའི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཀྵེ་ཏྲ་པཱ་ལ་ཙ་ཏུརྨུ་ཁཤྨ་ཤཱ་ན་དེ་ཝ་དྷརྨ་པཱ་ལ་ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་ལན་གསུམ་དགུག་གཞུག་བྱས་ལ། ཧཱཱུྃབྷྱོཿ བློས་བྱས་མཚན་འཛིན་འཁྲུལ་པའི་དགྲ་དང་བགེགས། །ཡེ་ཤེས་འབར་བའི་ཕྱག་རྒྱས་དབྱིངས་སུ་བསྒྲལ། །རྟོག་འཁྲུལ་དུག་གསུམ་ཤ་ཁྲག་རུས་པའི་ཚོགས། །འབར་བའི་དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་བསྟབ། །སརྦ་ཤ་ཏྲཱུན་བིགྷྣཱན་མ་ཧཱ་མཱྃ་ས་རཀྟ་ཀེཾ་ནི་རི་ཏི་ཁཱ་ཧི། དམ་ཅན་ལྕམ་དྲལ་གྱི་བསྐང་བཤགས་དང༌། །ལྷ་མོའི་འཁྲུགས་སྐོང་སོགས་དམིགས་བསལ་དུ་དགོས་ན་སྦྱར་ཞིང་ཕྲིན་ལས་བཅོལ། ཚོགས་ལ་རོལ་ཞིང༌། དྲུག་པ་ལྷག་མ་བསྡོ་བ་ནི། ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲཱིཿ ལྷག་མའི་ལོངས་སྤྱོད་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པར་གྱུར། ཨེ་ཨ་རལླི་ཧྲཱིཾ་ཧྲཱིཾ་ཛཿ ཧཱུྃ་ཧྲཱིཿ བསྟན་སྲུང་ནག་པོ་ལྕམ་དྲལ་བཀའ་སྡོད་ནི། །ཡེ་ཤེས་འདས་དང་འཇིག་རྟེན་སྲུང་མའི་ཚོགས། །མ་ལུས་འཁོར་དང་བཅས་པ་ཐམས་ཅད་ཀྱིས། །ལྷག་གཏོར་བཞེས་ལ་ཕན་བདེའི་ཕྲིན་ལས་སྒྲུབས། ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི། ཧེ་རུ་ཀ་དཔལ་དཀྱིལ་འཁོར་དུ་སོགས་སྨོན་ལམ་བྱ། བདུན་པ་གཏོར་མ་སྟོབ་པ་ནི། འབུལ་གཏོར་ལ་དཔལ་འབར་བཙུགས། སྤོས་དང་རོལ་མོ་གསེར་སྐྱེམས་ཀྱིས་མཚོན་པར་སྒྲུབ་ཁང་གི་ཡང་ཐོག་ཏུ་དམིགས་བྱ་དགུག་གཞུག་བྱས་ནས་ཟས་སྐལ་དུ་བསྔོས་ཏེ། མངའ་གསོལ་བས་དབུ་འཕང་བསྟོད་པ་ནི། ཧཱུྃ་བྷྱོཿ ཨེ་དབྱིངས་རྣམ་ཀུན་མཆོག་ལྡན་ཞིང་སྐྱོང་མར། །བདེ་ཆེན་མཆོག་ཏུ་མི་འགྱུར་མགོན་པོ་ཆེ། །མཉམ་སྦྱོར་སྒྱུ་འཕྲུལ་དྲྭ་བའི་ཟློས་གར་གྱིས། །སྲིད་ཞིའི་ལོངས་སྤྱོད་ཡོངས་རྫོགས་མངའ་གསོལ་ལོ། །ཐབས་མཆོག་རྡོ་རྗེ་སྲིན་པོས་གདུག་ཅན་བསྒྲལ། །ཤེས་རབ་དབྱིངས་ཀྱི་ཐིག་ལེར་ཆོས་ཀུན་སྡོམ། །ཁ་སྦྱོར་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི། །སྐུ་མཆོག་བསྟན་སྲུང་དབང་པོར་མངའ་གསོལ་ལོ། །དྲག་ཤུལ་ཁྲག་འཐུང་དཔའ་བོའི་གད་རྒྱངས་ཀྱིས། །སྲིད་པ་སྤྱི་ནས་བཤིག་བཞིན་སྒྲོགས་ན་ཡང༌། །འགྲོ་ཀུན་བདེ་ཆེན་ཞི་བའི་དབྱིངས་འདྲེན་པའི། །མི་ཤིགས་ནཱ་དའི་གསུང་དུ་མངའ་གསོལ་ལོ། །རྣམ་འགྱུར་ཆོས་ཀུན་རྗེས་འགྲོའི་མཛད་པ་ནི། །ཕྱོགས་དུས་ཞིང་དུ་སྟོན་ཀྱང་ངེས་པའི་དོན། །རང་བཞིན་མེད་པའི་ཆོས་དབྱིངས་ངལ་འཚོ་བ། །བསམ་མི་ཁྱབ་པའི་ཐུགས་སུ་མངའ་གསོལ་ལོ། །རང་དོན་ཞི་བ་ཆེན་པོའི་དབྱིངས་སྐྱོངས་ཀྱང༌། །འགགས་མེད་སྙིང་རྗེའི་ཆུ་ཟླའི་རོལ་རྩེད་ནི། །སྲིད་ཞི་ཉེར་འཚོའི་སྲོག་ཏུ་ཡོངས་བཟུང་བས། །སྙིང་རྗེའི་ཡོངས་གང་སྟོན་མཛད་མངའ་གསོལ་ལོ། །ནམ་མཁའ་ཇི་སྲིད་ཕྲིན་ལས་རྒྱུན་མི་ཆད། །འཇུག་དང་ལྡན་པའི་བརྩོན་པ་ལས་འདས་བཞིན། །རྟག་ཁྱབ་ལྷུན་གྱིས་གྲུབ་པའི་ངོ་མཚར་གྱིས། །མཁའ་མཉམ་འགྲོ་བ་སྒྲོལ་ཕྱིར་མངའ་གསོལ་ལོ། །ཁམས་གསུམ་རང་སྣང་འཁོར་ལོ་ཆེན་པོ་རུ། །མངོན་བྱང་ཆུབ་ཀྱང་བསྟན་འགྲོའི་ཆུ་གཏེར་དཔལ། །རྒྱས་ཕྱིར་མངའ་གསོལ་བདུད་རྩི་བྲན་པའི་མཐུས། །ཕན་བདེའི་དཔལ་འབྱོར་ཟད་མི་ཤེས་འཕེལ་ཤོག །མདོར་ན་བདེ་སྟོང་རྡོ་རྗེའི་ཡེ་ཤེས་ཀྱི། །ཆོ་འཕྲུལ་བསྟན་སྲུང་ལྕམ་དྲལ་མངའ་གསོལ་ན། །བསྟན་འགྲོའི་དགེ་མཚན་དཔལ་གྱི་དུམ་བུ་ཡིས། །འཇིག་རྟེན་གསུམ་ན་དགེ་བའི་དཔལ་སྩོལ་ཅིག །ཅེས་དང༌། རྒྱས་ན་སོ་སོའི་ལས་གཞུང་ལྟར་གཏོར་མ་སྟོབ། བརྒྱད་པ་ཆད་ཐོ་ནི། ཧཱུྃ་བྷྱོཿ ཡེ་གྲོལ་གདོད་མའི་རིག་རྩལ་འཁོར་འདས་སུ། ཤར་ཚེ་རང་གྲོལ་ཆེ་མཆོག་ཧེ་རུ་ཀས། །རྒྱུད་གསུམ་དྲེགས་པ་དབང་འདུས་བྲན་བཀོད་པའི། །ཐ་ཚིག་མ་བསྙེལ་མཆོད་གཏོར་འདི་བཞེས་ལ། །སངས་རྒྱས་བསྟན་སྲུང་རྣལ་འབྱོར་བུ་བཞིན་སྐྱོངས། །འཇིག་རྟེན་ཕན་བདེའི་དཔལ་གྱིས་འབྱོར་བར་མཛོད། །དགུ་པ་བརྟན་མ་སྐྱོང་བ་ནི། ཧཱུྃ་བྷྱོཿ བདེ་སྟོང་རྡོ་རྗེ་བཙུན་མོའི་མཁའ་དབྱིངས་སུ། །རྟེན་འབྲེལ་དུས་སྦྱོར་འཕོ་བ་དག་པའི་རྩལ། །བོད་སྐྱོང་བརྟན་མ་སྣང་སྲིད་མ་མོའི་ཚོགས། །བཤལ་ཆུའི་བདུད་རྩི་བཞེས་ལ་བསྟན་པ་སྲུངས། །བཅུ་པ་རྟ་བྲོ་ནི། ཧཱུྃ་བྷྱོཿ སྐྱེ་འགགས་གནས་བྲལ་རྡོ་རྗེའི་རི་རབ་འོག །བློས་བྱས་འཁྲུལ་པའི་དམ་སྲི་ལྡང་མེད་མནན། །དབང་དྲག་འབར་པའི་རྡོ་རྗེའི་བྲོ་གར་གྱིས། །སྐུ་གསུམ་ཡེ་ཤེས་སྣང་བ་རྒྱས་པར་གྱུར། །སྟྭྃ་བྷ་ཡ་ནན། བཅུ་གཅིག་པ་དངོས་གྲུབ་བསྐུལ་བ་ནི། ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས། ཧེ་རུ་ཀ་དཔལ་སོགས་མཆོད་བསྟོད་སྔོན་དུ་འགྲོ་བས། ཧཱུྃ་བྷྱོཿ ཡེ་ཤེས་ལས་གྲུབ་བསྟན་སྲུང་དབང་པོ་ཡིས། །མི་འབྲལ་རྡོ་རྗེའི་དམ་ཚིག་རྗེས་དགོངས་ལ། །ཐུན་མོང་མཆོག་གི་དངོས་གྲུབ་རྨད་བྱུང་བས། དབུགས་འབྱིན་ཆེན་པོའི་དགའ་སྟོན་བསྩལ་དུ་གསོལ། །ཤྲཱི་དྷརྨ་པཱ་ལ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཕ་ལ་ཧོ། བཅུ་གཉིས་པ་ནོངས་བཤགས་དང༌། བརྟན་བཞུགས། དགེ་བསྔོ། ཤིས་བརྗོད་རྣམས་ཕྲིན་ལས་སོ་སོའི་གཞུང་ལྟར་མཐར་དབྱུང་བས། ཉམས་ཆག་ལྷ་འཁོན་ཐམས་ཅད་བྱང་ཞིང༌། ཐུགས་དམ་དགྱེས་དགུར་བསྐང་བས་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པའི་ཐབས་ཀྱི་ཁྱད་པར་རྨད་དུ་བྱུང་བའོ། །ཚུལ་འདིའི་ལེགས་བྱས་འོད་སྣང་བརྒྱ་ཕྲག་གིས། །སྲིད་ཞིའི་མུན་པ་སེལ་དང་ཆབས་ཅིག་པར། །དགེ་ལེགས་འདབ་སྟོང་རྒྱས་པས་སྙིགས་དུས་ཀྱི། །བསྟན་འགྲོའི་པདྨའི་ནགས་ཀླུང་རྒྱས་པར་ཤོག །ཅེས་པའང་དམ་པའི་ཡོན་ཏན་བདུད་རྩིས་གསང་གསུམ་མཛེས་པར་བརྒྱན་པའི་འཁྲུལ་ཞིག་མཆོག་གི་སྤྲུལ་པའི་སྐུ་ངག་དབང་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་རྟེན་གྱི་གནང་སྦྱིན་བཅས་བཀའ་བསྩལ་བ་བཞིན་རྒྱལ་ཁམས་པ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ཉེ་པའི་ཚནྡྷོ་ཧ་མཆོད་རྟེན་བྱ་རུང་ཁ་ཤོར་མདུན་ནས་བྲིས་པས་གསང་ཆེན་སྙིང་པོའི་བསྟན་འཛིན་གྱི་དཔུང་གཉེན་དུ་གྱུར་ཅིག། །།
[edit]

@#/_/gter mgon zhal bzhi pa dang dur khrod lha mo lcam dral gang la'ang sbyar du rung ba'i tshogs mchod bstan srung dgyes pa'i dga' ston zhes bya ba bzhugs so// @#/_/bdud bzhi'i khrag gis rab myos he ru ka_/bstan pa bsrung phyir mthu ldan lcam dral la/_/rab dwangs yid kyis bstod dang lhan cig par/_/dgyes bskyed ga Na tsakra'i las rim spel/_/de yang mgon po dang ma mo rgyu ba'i dus gnyan rnams su dam can dgyes pa bskyed cing phrin las 'dod dgur bcol ba'i skabs su tshogs kyi 'khor los nyams chag bshags shing phrin las gsol bar 'dod pas dur khrod sogs la phyi nang gsang ba'i rten rdzas spyi dang*/_khyad par thabs shes kyi bza' btung gtsang la gya nom pa 'du byas la/_rang nyid lhar gsal ba'i bdag bskyed sngon du 'gro bas/_mdun bskyed phrin las kyi gzhung bsrang la bzlas ba'i bar bya/_thun gtor 'bul grub pa dang brjod med don gyi bshags pa sngon du 'gro bas/_hU~M/_bdag nyid dpal chen thugs las ra~M ya~M kha~M/_/'phros pas tshogs kyi dngos 'dzin bsregs gtor bkrus/_/snang srid bde chen rang byung ka pA lar/_/bcud rnams rigs lnga'i dam tshig bdud rtsir gyur/_/ra~M ya~M kha~M/_oM hU~M trA~M hrIHaH__gnyis pa tshogs zhing spyan 'dren pa ni/_hU~M b+h+yoH_'pho med bde chen dag pa'i ye shes rtsal/_/snying rje'i gtum chen 'bar ba'i skur bzhengs pa/_/mthu stobs dbang phyug dpal mgon gdong bzhi pa/_/las byed dregs pa'i 'khor bcas gshegs su gsol/_/rnam kun mchog ldan skye med wA ra hi/_/'gag med zhing skyod DA ki'i dbang mo che/_/rdo rje btsun mo sgyu 'phrul drwa ba'i gar/_/gnas yul mkha' 'gro'i tshogs bcas gshegs su gsol/_/srid zhi e waM phyag rgyas sdom pa las/_/kun kyang mchog tu mi 'gyur thig le gcig_/rnam pa rtsa gsum rab 'byams dkyil 'khor lha/_/tshogs khang bde chen dag pa'i gnas 'dir gshegs/_/sku gsung thugs kyi rdo rje'i byin chen phob/_/mchog dang thun mong dngos grub char ltar bab/_/phyi nang gsang ba'i 'gal rkyen bar chad sol/_/byin rlabs dbang bskur rdo rje'i ye shes bskyed/_oM shrI badz+ra d+harma pA la sa pa ri wA ra badz+ra sa ma ya dzaHdzaH__gsum pa tshogs phud 'bul ba ni/_hU~M b+h+yoH_phyi yi tshogs mchod thabs shes bdud rtsi'i sprin/_/nang ltar dbang yul gnyis med bde chen bcud/_/gsang ba rdo rje'i tan gan dam tshig gis/_/bstan srung lcam dral 'khor bcas mnyes gyur cig_/sarba badz+ra d+harma pA la ga Na tsakra pU dza khA hi/__bzhi ba bshags pa ni/_chos nyid dbyings la 'khrul rtog mi mnga' yang*/_/chos can rten 'byung sgyu mar a 'thas kyi/_/bag chags nyams chag sgrib pa'i tshogs thams cad/_/gnyis med mnyam pa chen por bskang zhing bshags/_/yig brgya brjod/__lnga pa bsgral bstab ni/_e nr-i tri dzaH_na mo/_rig 'dzin rtsa brgyud kyi dpal ldan bla ma sogs/_khyad par du mthu stobs kyi dbang phyug bka' srung dregs pa sde lnga dang*/_dpal ldan zhing skyong dur khrod kyi ma mo lcam dral bka' sdod pho nya'i dmag tshogs 'khor dang bcas pa'i bka' bden pa dang*/_bden pa chen po'i mthu la brten nas ma rungs pa'i sems can bsgral ba'i zhing du gyur pa thams cad mtshan ma rdzas kyi rten 'di la mchis par gyur cig__oM shrI ma hA kA la k+She tra pA la tsa turmu khash+ma shA na de wa d+harma pA la nr-i tri badz+ra ang+ku sha dzaH_dzaHhU~M baM hoH_zhes lan gsum dgug gzhug byas la/_hU+A~Mb+h+yoH_blos byas mtshan 'dzin 'khrul pa'i dgra dang bgegs/_/ye shes 'bar ba'i phyag rgyas dbyings su bsgral/_/rtog 'khrul dug gsum sha khrag rus pa'i tshogs/_/'bar ba'i dkyil 'khor lha tshogs zhal du bstab/_/sarba sha trUn big+h+nAn ma hA mA~M sa rak+ta keM ni ri ti khA hi/_dam can lcam dral gyi bskang bshags dang*/_/lha mo'i 'khrugs skong sogs dmigs bsal du dgos na sbyar zhing phrin las bcol/_tshogs la rol zhing*/__drug pa lhag ma bsdo ba ni/_oM AHhU~M pany+tsa a mr-i ta hU~M ha ho hrIH_lhag ma'i longs spyod 'dod yon gyi phung po zad mi shes par gyur/_e a ral+li hrIM hrIM dzaH_hU~M hrIH_bstan srung nag po lcam dral bka' sdod ni/_/ye shes 'das dang 'jig rten srung ma'i tshogs/_/ma lus 'khor dang bcas pa thams cad kyis/_/lhag gtor bzhes la phan bde'i phrin las sgrubs/_oM uts+tshiSh+Ta ba liM ta khA hi/_he ru ka dpal dkyil 'khor du sogs smon lam bya/__bdun pa gtor ma stob pa ni/_'bul gtor la dpal 'bar btsugs/_spos dang rol mo gser skyems kyis mtshon par sgrub khang gi yang thog tu dmigs bya dgug gzhug byas nas zas skal du bsngos te/_mnga' gsol bas dbu 'phang bstod pa ni/_hU~M b+h+yoH_e dbyings rnam kun mchog ldan zhing skyong mar/_/bde chen mchog tu mi 'gyur mgon po che/_/mnyam sbyor sgyu 'phrul drwa ba'i zlos gar gyis/_/srid zhi'i longs spyod yongs rdzogs mnga' gsol lo/_/thabs mchog rdo rje srin pos gdug can bsgral/_/shes rab dbyings kyi thig ler chos kun sdom/_/kha sbyor bde ba chen po'i ye shes kyi/_/sku mchog bstan srung dbang por mnga' gsol lo/_/drag shul khrag 'thung dpa' bo'i gad rgyangs kyis/_/srid pa spyi nas bshig bzhin sgrogs na yang*/_/'gro kun bde chen zhi ba'i dbyings 'dren pa'i/_/mi shigs nA da'i gsung du mnga' gsol lo/_/rnam 'gyur chos kun rjes 'gro'i mdzad pa ni/_/phyogs dus zhing du ston kyang nges pa'i don/_/rang bzhin med pa'i chos dbyings ngal 'tsho ba/_/bsam mi khyab pa'i thugs su mnga' gsol lo/_/rang don zhi ba chen po'i dbyings skyongs kyang*/_/'gags med snying rje'i chu zla'i rol rtsed ni/_/srid zhi nyer 'tsho'i srog tu yongs bzung bas/_/snying rje'i yongs gang ston mdzad mnga' gsol lo/_/nam mkha' ji srid phrin las rgyun mi chad/_/'jug dang ldan pa'i brtson pa las 'das bzhin/_/rtag khyab lhun gyis grub pa'i ngo mtshar gyis/_/mkha' mnyam 'gro ba sgrol phyir mnga' gsol lo/_/khams gsum rang snang 'khor lo chen po ru/_/mngon byang chub kyang bstan 'gro'i chu gter dpal/_/rgyas phyir mnga' gsol bdud rtsi bran pa'i mthus/_/phan bde'i dpal 'byor zad mi shes 'phel shog_/mdor na bde stong rdo rje'i ye shes kyi/_/cho 'phrul bstan srung lcam dral mnga' gsol na/_/bstan 'gro'i dge mtshan dpal gyi dum bu yis/_/'jig rten gsum na dge ba'i dpal stsol cig_/ces dang*/_rgyas na so so'i las gzhung ltar gtor ma stob/__brgyad pa chad tho ni/_hU~M b+h+yoH_ye grol gdod ma'i rig rtsal 'khor 'das su/_shar tshe rang grol che mchog he ru kas/_/rgyud gsum dregs pa dbang 'dus bran bkod pa'i/_/tha tshig ma bsnyel mchod gtor 'di bzhes la/_/sangs rgyas bstan srung rnal 'byor bu bzhin skyongs/_/'jig rten phan bde'i dpal gyis 'byor bar mdzod/__/dgu pa brtan ma skyong ba ni/_hU~M b+h+yoH_bde stong rdo rje btsun mo'i mkha' dbyings su/_/rten 'brel dus sbyor 'pho ba dag pa'i rtsal/_/bod skyong brtan ma snang srid ma mo'i tshogs/_/bshal chu'i bdud rtsi bzhes la bstan pa srungs/__/bcu pa rta bro ni/_hU~M b+h+yoH_skye 'gags gnas bral rdo rje'i ri rab 'og_/blos byas 'khrul pa'i dam sri ldang med mnan/_/dbang drag 'bar pa'i rdo rje'i bro gar gyis/_/sku gsum ye shes snang ba rgyas par gyur/_/s+t+wa~M b+ha ya nan/__bcu gcig pa dngos grub bskul ba ni/_oM shrI badz+ra d+harma pA la sa pa ri wA ra ar+g+haM sogs/_he ru ka dpal sogs mchod bstod sngon du 'gro bas/_hU~M b+h+yoH_ye shes las grub bstan srung dbang po yis/_/mi 'bral rdo rje'i dam tshig rjes dgongs la/_/thun mong mchog gi dngos grub rmad byung bas/_dbugs 'byin chen po'i dga' ston bstsal du gsol/_/shrI d+harma pA la kA ya wA ka tsit+ta sid+d+hi pha la ho/__bcu gnyis pa nongs bshags dang*/_brtan bzhugs/_dge bsngo/_shis brjod rnams phrin las so so'i gzhung ltar mthar dbyung bas/_nyams chag lha 'khon thams cad byang zhing*/_thugs dam dgyes dgur bskang bas phrin las thogs med du sgrub pa'i thabs kyi khyad par rmad du byung ba'o/__/tshul 'di'i legs byas 'od snang brgya phrag gis/_/srid zhi'i mun pa sel dang chabs cig par/_/dge legs 'dab stong rgyas pas snyigs dus kyi/_/bstan 'gro'i pad+ma'i nags klung rgyas par shog_/ces pa'ang dam pa'i yon tan bdud rtsis gsang gsum mdzes par brgyan pa'i 'khrul zhig mchog gi sprul pa'i sku ngag dbang chos kyi blo gros rin po ches rten gyi gnang sbyin bcas bka' bstsal ba bzhin rgyal khams pa 'gyur med theg mchog bstan pa'i rgyal mtshan gyis nye pa'i tshan+d+ho ha mchod rten bya rung kha shor mdun nas bris pas gsang chen snying po'i bstan 'dzin gyi dpung gnyen du gyur cig/__//

Footnotes

Other Information