ཁོ་བོའི་རིགས་ཀྱི་བདག་པོ་དཔལ་ཞེ་ཆེན་པ་ཆེན་པོ་འགྱུར་མེད་པདྨ་རྣམ་པར་རྒྱལ་བའི་དོན་གྱི་རྣམ་ཐར་ཟབ་མོའི་ཆ་ཤས་ལ་བསྔགས་པ་ཟོལ་མེད་དད་པའི་རྒྱུད་མང་།

From Khyentse Lineage - A Tsadra Foundation Project
DKR-KABUM-03-GA-006
Wylie title kho bo'i rigs kyi bdag po dpal zhe chen pa chen po 'gyur med pad+ma rnam par rgyal ba'i don gyi rnam thar zab mo'i cha shas la bsngags pa zol med dad pa'i rgyud mang DKR-KABUM-03-GA-006.pdf
Location dil mgo mkhyen brtse bka' 'bum
Volume 3, Text 6, Pages 60-65 (Folios 1a to 6b5)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Associated People འགྱུར་མེད་པདྨ་རྣམ་རྒྱལ་ (Zhechen Gyaltsab, 4th)
Citation Khyentse, Dilgo. Kho bo'i rigs kyi bdag po dpal zhe chen pa chen po 'gyur med pad+ma rnam par rgyal ba'i don gyi rnam thar zab mo'i cha shas la bsngags pa zol med dad pa'i rgyud mang. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 3: 60-65. Delhi: Shechen Publications, 1994.
Genre Supplications - gsol 'debs
Colophon

།ཅེས་པའང་ཕྱོགས་གཅིག་ཏུ་མི་གནས་པའི་ཀུན་ཏུ་རྒྱུ་སྙན་ངག་སྨྲ་བ་མངྒ་ལའི་མིང་གི་ཡིད་དད་པའི་རླུང་གིས་གཡོས་ཏེ་བསྟོད་པའི་རབ་ཏུ་བྱེད་པ་ཤློ་ཀ་བཅུ་ཕྲག་ལམ་གྱི་གྲངས་ལྡན་ལ་སྐུ་གསུམ་གྱིས་ལྷག་པ་འདི་ཡང་མིག་དམར་ཞེས་པ་ཤིང་བྱི་ལོར་རྒྱ་མཚོ་ཆེན་པོའི་ཕ་མཐའ་བརྒལ་བའི་ཕ་རན་སིའི་བྱེ་བྲག་རྡོ་གདོང་གི་སྨན་ལྗོངས་ན་མཛེས་པའི་ལ་སོ་ན་རིའི་བསམ་གཏན་གྱི་ཁང་བུ་བཀྲ་ཤིས་དཔལ་འབར་གླིང་དུ་རྗེ་བཙུན་བླ་མའི་དུས་ཀྱི་མཆོད་པ་ནས་བརྩམས་ཏེ་བྲིས་པ་དཔལ་མགོན་ཆོས་རྗེ་བླ་མའི་སྐུ་བཞིའི་གྲོང་ཁྱེར་ཉམས་དགའ་བར་གཉིས་སུ་མེད་པར་རྩེན་པའི་རྒྱུར་གྱུར་ཅིག།

/ces pa'ang phyogs gcig tu mi gnas pa'i kun tu rgyu snyan ngag smra ba mang+ga la'i ming gi yid dad pa'i rlung gis g.yos te bstod pa'i rab tu byed pa sh+lo ka bcu phrag lam gyi grangs ldan la sku gsum gyis lhag pa 'di yang mig dmar zhes pa shing byi lor rgya mtsho chen po'i pha mtha' brgal ba'i pha ran si'i bye brag rdo gdong gi sman ljongs na mdzes pa'i la so na ri'i bsam gtan gyi khang bu bkra shis dpal 'bar gling du rje btsun bla ma'i dus kyi mchod pa nas brtsams te bris pa dpal mgon chos rje bla ma'i sku bzhi'i grong khyer nyams dga' bar gnyis su med par rtsen pa'i rgyur gyur cig/

[edit]
༈ ཁོ་བོའི་རིགས་ཀྱི་བདག་པོ་དཔལ་ཞེ་ཆེན་པ་ཆེན་པོ་འགྱུར་མེད་པདྨ་རྣམ་པར་རྒྱལ་བའི་དོན་གྱི་རྣམ་ཐར་ཟབ་མོའི་ཆ་ཤས་ལ་བསྔགས་པ་ཟོལ་མེད་དད་པའི་རྒྱུད་མང་ཞེས་བྱ་བ་བཞུགས་སོ། ངོ་མཚར་མཚན་དཔེའི་གཟུགས་སྐུ་དབྱིངས་སྦས་ཏེ། །རྡོ་རྗེ་སློབ་དཔོན་མཆོག་གི་སྐུར་སྟོན་པས། །གྲངས་མེད་བསྐལ་པར་མཐོང་དཀའ་ཆོས་སྐུའི་དོན། །སྟོན་མཛད་བཀའ་དྲིན་ཅན་ཁྱོད་སྙིང་ནས་དྲན། །ལྔ་བདོའི་སྙིགས་མའི་རྡུལ་ཁྲོད་འདི་ལྟ་བུར། །ཁྱེད་འདྲའི་སྟོན་པ་དངུལ་ཆུའི་གོང་བུ་ཞིག །དད་པས་མཇལ་དང་གསུང་གི་བདུད་རྩིས་བསྐྱངས། །འདི་འདྲའི་བསོད་ནམས་ཐོབ་པ་ཁོ་བོ་ཙམ། །སངས་རྒྱས་དངོས་བྱོན་འཇམ་མགོན་རྣམ་གསུམ་གྱི། །བརྒྱུད་འཛིན་མཁས་གྲུབ་རྒྱུ་སྐར་ལྟར་བཀྲ་ཡང༌། །དོན་གྱི་རྒྱལ་ཚབ་དགོངས་བརྒྱུད་དཀྱིལ་འཁོར་རྫོགས། །ངེས་དོན་བདུད་རྩིའི་འཛུམ་ལྡན་ཁྱོད་མཚུངས་སུ། །ཐུབ་པའི་རྒྱལ་ཚབ་བློ་གྲོས་མཐའ་ཡས་པས། །སྟོན་པའི་ཞལ་སྐྱིན་ལ་བརྟེན་དགོངས་བརྒྱུད་ཀྱི། །དབང་གིས་སྣང་རིག་འདྲེས་དང་མཛོད་ཆེན་ལྔའི། །ཆོས་ཀྱི་གསང་མཛོད་གཏད་པའི་ཉེ་བའི་སྲས། །འཁོར་ལོའི་དབང་ཕྱུག་མཁྱེན་བརྩེའི་དབང་པོ་ཡིས། །བཀའ་གཏེར་ཕུར་པའི་རྒྱུད་ལུང་མན་ངག་གིས། །སྨིན་གྲོལ་རྫོགས་པས་ཕུར་བཞིའི་དྲོད་ཚད་ཀྱི། །ལམ་རྟགས་མངོན་གྱུར་པྲ་བྷ་ཧསྟི་དངོས། །བརྟན་པའི་འཁོར་ལོ་འཇམ་དཔལ་དགྱེས་པ་ཡིས། །དངོས་སུ་བྱིན་རླབས་དོན་གྱི་རྒྱལ་ཚབ་ཏུ། །མངའ་གསོལ་ཐ་མའི་གསུང་གིས་གཟེངས་བསྟོད་པ། །འདས་རྗེས་ཐོབ་པའི་པཎ་གྲུབ་རྣམ་གསུམ་བཞིན། །ངེས་འབྱུང་ཞི་བའི་གོམ་འགྲོས་ཆེས་བརླིང་ནས། །ཆོས་འདུལ་གསེར་གྱི་དྲྭ་བས་ལུས་བརྒྱན་པའི། །བསྟན་འཛིན་གངས་ཀྱི་གླང་པོའི་ཁྱུ་མཆོག་དབུས། །ཁྱོད་ནི་ཟག་མེད་ཚུལ་ཁྲིམས་སྡོམ་བརྩོན་རྒྱལ། །ཐུགས་བསྐྱེད་གསེར་གྱི་དབྱིག་འཛིན་ཆེས་ཡངས་པར། །སྤོང་ཀློག་གླིང་བཞིའི་བཀོད་མཛེས་བཀྲམ་མཛད་པའི། །རྒྱལ་སྲས་སྲིད་པའི་མེས་པོའི་མདུན་ས་རུ། །ཁྱེད་ཐུགས་ཆར་ལྡན་སྤྲིན་ལ་སུ་ཡིས་འགྲན། །དག་ཆེན་ཡེ་ཤེས་རོལ་པའི་གསེར་འགྱུར་རྩིས། །སྣང་སྤྱོད་ལྕགས་ཁམས་ཐེབས་པས་སྣང་གྲགས་རིག །ལྷ་སྔགས་ཆོས་སྐུར་ཤར་བའི་རིག་འཛིན་གྱི། །གསེར་རིའི་དབུས་ན་ཁྱོད་ནི་རི་དབང་རྒྱལ། །ཐ་སྙད་རིག་གཞུང་ཆུ་ཀླུང་བྱེ་བ་འབུམ། །བཤེས་གཉེན་དམ་པའི་རི་ཀླུང་ལས་བབ་པ། །དངོས་དང་བརྒྱུད་ནས་མཁྱེན་པའི་རྒྱ་མཚོ་རུ། །འཇུག་ཀྱང་ཁེངས་པའི་ཅ་ཅོ་ཡོངས་མི་མངའ། །མཐའ་ཀླས་ཆོས་ཀྱི་སྟེང་འཐུང་ཚལ་འབྱེད་ཅིང༌། །སངས་རྒྱས་སྤྲུལ་པའི་ཉིན་བྱེད་སྨྲ་བའི་སྒོ། །གངས་ལྗོངས་ཐུ་མིའི་རྟ་བདུན་གྱིས་དྲངས་པའི། །ཟབ་དོན་གསལ་བྱེད་ཡི་གེའི་བསྟན་བཅོས་རྨད། །ཚིག་ལ་བརྟེན་ནས་དོན་ཟབ་བལྟ་བའི་མིག །རང་བཞིན་རྐྱེན་དང་རྣམ་འགྱུར་གདོང་བཞི་པས། །སྒྲ་རིག་མཐའ་དག་སྟོན་ལ་མི་ངལ་བའི། །ལེགས་བཤད་རེ་ཁཱ་གསར་པས་མཛེས་ལ་ལྟོས། །དོན་གཅིག་མིང་གི་ཚོན་སྣ་བརྒྱ་བཀྲ་ཞིང༌། །མིང་གཅིག་དུ་མའི་དོན་འཇུག་མངོན་བརྗོད་ཀྱིས། །རབ་མཛེས་ཁྱོད་གསུང་མཐོ་རིས་བུ་མོ་ནི། །ཀུན་མཁྱེན་ཆོས་རྗེ་རང་བྱུང་རྒྱལ་བ་བཞིན། །ཕུལ་དུ་བྱུང་བའི་ལེགས་བཤད་ཨུ་དུམ་ཝ། །མདོ་རྒྱུད་གོང་མའི་གསུང་གི་ལོ་འདབ་རྒྱས། །ཟབ་རྒྱས་མཚར་སྡུག་རྫོགས་པའི་གསུང་ཕྲེང་གིས། །དབྱངས་ཅན་དགྱེས་པའི་མཚན་མཆོག་དོན་ལ་གནས། །ཁྱོད་གསུང་མཁས་པས་དཔྱད་བཟོད་གྲུབ་བརྙེས་ཀྱི། །རྡོ་རྗེའི་གསུང་འདི་སྔ་འགྱུར་བསྟན་པའི་རྒྱན། །རིས་སུ་མ་བོར་བཀའ་བསྡུ་འོས་ངེས་ཞེས། །སྨྲ་བའི་སེང་གེ་ཨ་ཛི་ཏ་ཡིས་བསྔགས། །ཐོར་བུའི་གསུང་གི་ཟེགས་མ་རེ་རེ་ཡང༌། །ཚིག་ཉུང་དོན་གསལ་གནད་ཀུན་འདུས་པའི་གཏམ། །རིན་ཆེན་ཕ་ལམ་ཕྱེ་མ་ལྟ་བུ་ཞེས། །མཁས་པའི་དབང་ཕྱུག་ཡོན་ཏན་རྒྱ་མཚོས་བསྟོད། །རྣམ་དཔྱོད་བཅུ་གཉིས་བདག་པོའི་གཟི་བརྗིད་ཀྱིས། །སྔ་འགྱུར་བསྟན་མཆོག་ཀུན་གྱི་མཛེས་རྒྱན་ལ། །འགྲན་ཟླ་བྲལ་ཞེས་འཇམ་དཔལ་དགྱེས་པའི་སྡེའི། །གསུང་གི་ཐ་མ་དགོངས་གཏད་བཅས་ཏེ་བསྩལ། །རྩུབ་མོའི་ཚིག་སྦྱོར་གསང་པོར་སྨྲས་པ་ནོངས། །རྡོ་རྗེའི་གསུང་ལ་ལོག་རྟོག་འབྱུང་བྱ་ཡིས། །ཅ་ཅོར་ཟིལ་གནོན་ལུང་རིགས་སེང་གེའི་སྒྲ། །བག་ཡོད་གནས་བསྐུལ་ལྷ་ཡི་རྔ་གསང་སྙན། །རྟོག་བཟོའི་རིག་པ་གསར་པའི་ཚེར་མ་དང༌། །སྔོན་ཡོད་བསྟན་བཅོས་ཟློས་པའི་ཀློག་པ་ཡིས། །གཞན་སེམས་དཀྲུགས་པའི་ངལ་བས་མ་གདུང་བཞིན། །ཡབ་མེས་སྔ་འགྱུར་ལྟ་སྒོམ་གཙང་མ་འཛིན། །མི་སྨྲ་ནགས་སུ་སྦས་པའི་རྣམ་ཐར་གྱིས། །སྨྲ་བའི་སེང་གེ་ལེགས་བཤད་གསེར་སྦྱངས་ཁམས། །སྨྲ་མཁས་བློ་ཡི་དཔྱད་བཟོད་གྲུབ་མཆོག་གི །སྨྲ་བའི་དོ་ཧ་ལྟ་བུ་དལ་གྱིས་བསྒྲགས། །ཐ་སྙད་རྟོག་གེའི་རུས་མུར་ཀུ་ཅོ་ཡིས། །དོན་བརྒྱུད་ཞིམ་ཟས་ནམ་མཁའི་པདྨོ་ལྟར། །མ་ཡིན་ཚིག་དོན་མཁས་པའི་ལེགས་བྲིས་ཟས། །ཡབ་མེས་རིག་འཛིན་བརྒྱུད་པའི་གསུང་དང་མཚུངས། །ཐ་སྙད་རིགས་ལམ་དགྲ་ལྟར་མ་གཟིགས་པ། །རབ་འབྱམས་ཤེས་བྱའི་རྒྱུ་སྐར་དོ་ཤལ་བརྒྱས། །ཁྱོད་ཐུགས་འཆི་མེད་ལམ་བཟང་སྤུད་པ་ཡིས། །ངོ་མཚར་ཡིད་ཀྱི་ཟླ་ཤེལ་མི་འཛུམས་སུ། །ཀུན་རྫོབ་སྣང་ཆའི་རྟེན་འབྲེལ་ལོ་ཟླ་ཞག །དུས་ལ་འཆར་བའི་སྤར་སྨེ་བཅུ་གཉིས་ལོའི། །འབྱུང་ལྔའི་རྩིས་ཀྱི་རེ་ཁཱ་བླང་དོར་སྒོ། །འབྱེད་པའི་ལེགས་བཤད་ཁོ་ནའང་མཁས་པའི་རྒྱན། །ཁྱད་པར་འཕགས་བོད་ཤིང་རྟ་ཆེན་པོའི་གཞུང༌། །ཚིག་དོན་ཇི་བཞིན་གཟིགས་ཤིང་ཐུགས་ཆུད་པའི། །མཁྱེན་གཉིས་སྣང་བའི་གཏེར་གྱི་དཀྱིལ་འཁོར་ལ། །གསན་བསམ་སྒོམ་པའི་འོད་ཀྱིས་མཛེས་པར་སྤུད། །ཀུན་མཁྱེན་གཉིས་པ་འཇམ་དཔལ་དགྱེས་པ་ཡི། །དྲི་མེད་བཞེད་སྲོལ་གསལ་བྱེད་བསྟན་བཅོས་ཀྱི། །འཆད་ཉན་རིག་ལམ་སྒོ་བརྒྱ་འབྱེད་པའི་ཕྱིར། །བཤད་སྒྲུབ་སྤོང་ཀློག་དགའ་ཚལ་ཕྱེ་བར་མཛད། །སྐྱོན་བྲལ་ཡོན་ཏན་ལུས་རྒྱས་ཡབ་མེས་ཀྱི། །དགོངས་སྲོལ་གསེར་གྱི་བརྒྱན་བཟང་བསྟར་ལེགས་ཀྱི། །ལེགས་བཤད་བསྟན་བཅོས་རྩོམ་དང་བརྒྱུད་འཛིན་སྲས། །གོང་མའི་རྣམ་ཐར་སྐྱོང་འོས་ཡང་ཡང་གདམས། །དད་ལྡན་ཚོགས་ལ་བརྩེ་བས་གདམས་ཀུན་ཀྱང༌། །སྙན་འཇེབས་ཞལ་གསལ་ཀུན་གྱིས་གོ་སླ་ཞིང༌། །ཟབ་དོན་གནད་འདུས་ལྐོག་གྱུར་ལུང་སྟོན་པ། །མཛད་པས་དད་པའི་ཡི་ག་དབང་མེད་འཕྲོག །དོན་གྱི་ལྟ་དགོངས་མཁའ་ལྟར་རྣམ་དག་ཀྱང༌། །མཛད་པའི་ཀུན་སྤྱོད་ཆོས་བརྒྱད་སྙེམས་བྲལ་ཞིང༌། །སྦས་ཚུལ་ཁོ་ནས་ཆོས་འདུལ་ནོར་བུའི་ཕྲེང༌། །གསང་གསུམ་འདུ་བྲལ་མེད་པའི་གནས་བརྟན་ཆེ། །གཞན་ཕན་ཐུགས་ཀྱི་ཟླ་བ་ཆེས་བསིལ་བས། །ཁྲོ་དང་འཁྲུགས་པ་འཁོན་སོགས་ནོངས་པའི་དྲིས། །གཞར་ཡང་མ་གོས་མཚན་དོན་མཐུན་པའི་ཐུགས། །རྒྱལ་སྲས་ཁྱུ་མཆོག་ཞི་བ་ལྷ་གཉིས་པ། །འདུ་འཛིའི་ལས་ཀྱིས་ཤིན་ཏུ་ཐུགས་དབྱུང་བས། །སྒྲུབ་བ་སྙིང་པོའི་སྲོག་མཁར་ཚུགས་པ་ཡིས། །རིག་འཛིན་གྲུབ་པའི་གསེང་ལམ་མཐར་སོན་ཀྱང༌། །སྙེམས་མེད་ཡོན་ཏན་གསེར་བཞིན་སྦ་ལ་དགྱེས། །སྣོད་བཅུད་རྒྱུད་གསུམ་སྐུ་དང་ཡེ་ཤེས་སུ། །དག་པའི་སྣང་སྲིད་གཞིར་བཞེངས་ཏིང་འཛིན་གྱིས། །རྒྱུད་དང་སྒྲུབ་སྡེའི་བསྙེན་སྒྲུབ་ལས་སྦྱོར་གྱིས། །དངོས་གྲུབ་གསང་མཛོད་གཏེར་གྱི་བུམ་ལྟར་སྤྱོད། །ཡེ་ཤེས་རླུང་རིག་སེམས་གསུམ་དྷཱུ་ཏིའི་དབྱིངས། །དྲང་བས་རྣམ་ཀུན་མཆོག་ལྡན་ལྷན་སྐྱེས་ཀྱི། །རྡུལ་བྲལ་རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །འདུ་འབྲལ་མེད་པ་དོན་གྱི་རྣལ་འབྱོར་ཆེ། །སྣང་སེམས་རོ་གཅིག་གྲུབ་པའི་བརྟུལ་ཞུགས་ཀྱིས། །དུག་གི་གསོལ་སྟོན་བདུད་རྩིའི་བཅུད་བསྒྱུར་ཞིང༌། །སྲ་མཁྲེགས་རྡོ་ལ་ཞབས་རྗེས་ཆེས་གསལ་བའི། །ངོ་མཚར་རྟགས་མཚན་དངོས་སུ་སྟོན་བར་མཛད། །བློ་བྲལ་ཆོས་ཟད་དགོངས་པ་མི་གཡོ་བའི། །ཡེ་ཤེས་མངོན་གྱུར་སྐུ་ན་སྨིན་པའི་སྐབས། །མཛེས་སྡུག་སྐུ་ལ་གཞོན་ཤ་ཆགས་པ་ཡིས། །རྡོ་རྗེའི་ལང་ཚོ་གྲུབ་པའི་མངོན་རྟགས་གསལ། །རྣམ་མང་ཐོས་པ་རྒྱ་མཚོའི་ཇིང་ཆེན་ལས། །འཆད་རྩོམ་སྒྲུབ་པའི་ཆུ་ཀླུང་འབུམ་སྤྲོ་བས། །རིས་མེད་སྐལ་བཟང་སྐྱེ་དགུའི་འཁོར་ལོའི་ལག །ཕྲིན་ལས་རླབས་ཕྲེང་གཡོ་ལ་དགའ་བས་རྩེན། །མཐུན་འཇུག་རྙེད་ཚོལ་རྒྱ་ལས་རབ་གྲོལ་ཡང༌། །བཅོས་མིན་བྱང་སེམས་སྟེང་འཐུང་རབ་བཀྲ་བས། །གཟུར་གནས་དད་བརྩོན་བློ་ལྡན་རྐང་དྲུག་ཚོགས། །ཁྱོད་ཞབས་པདྨོར་བསྙེན་ལ་རེངས་པ་བཞིན། །མཁས་ཀྱང་སྙེམས་ཞི་ཐ་སྙད་ཅ་ཅོ་མེད། །གྲུབ་ཀྱང་ཐལ་འོག་མེ་བཞིན་ཡོན་ཏན་སྦ། །བཙུན་ཀྱང་མཆོག་འཛིན་ཁྱད་གསོད་མ་མཆིས་པའི། །ཁྱད་ཆོས་བསམ་བཞིན་དད་པའི་འཁྲི་ཤིང་ལྡང༌། །རྟོགས་པའི་བསྟན་མཆོག་དབྱིངས་སུ་ཡལ་ཉེ་ཚེ། །དགོངས་ཀློང་མངོན་གྱུར་ག་བུར་ཐིག་ལེ་ཡིས། །སྙིགས་མའི་སྨག་སེལ་ཀློང་ཆེན་གཉིས་པ་ཞིག །བདག་གི་དཔལ་དུ་གྱུར་པ་ཨེ་མ་ཧོ། །ཚེ་འདིའི་འདུན་མ་རིང་དུ་བློས་བཏང་ཀྱང༌། །བསྟན་པའི་རྒྱུན་འཛིན་བཤད་སྒྲུབ་བྱ་བ་ལ། །དངོས་བརྒྱུད་བརྩོན་པས་ཡལ་བ་མ་དོར་བ། །ཕྲིན་ལས་དབྱར་གྱི་དཔལ་བཞིན་ངང་གིས་དར། །ཁྱོད་ཚུལ་བསམ་མི་ཁྱབ་པ་ཀུན་གསལ་མཐའ། །བདག་བློ་བུང་བས་གཞལ་མི་བཟོད་ན་ཡང༌། །དད་པའི་སྦྲང་རྩི་སྤྲིན་པར་སིམ་ཆེས་པས། །བཅོས་མིན་ངག་གི་གླིང་བུ་ཕྲ་མོ་འདིས། །མཚན་རྟོག་བྲལ་བའི་ཡེ་ཤེས་ཀུན་བཟོད་ལ། །སིམ་ནས་ཁྱོད་དང་དགོངས་པ་མཉམ་པ་ཡིན། །ཡོན་ཏན་རི་གླིང་བཀོད་པས་རབ་མཛེས་ཏེ། །བསྟན་འགྲོའི་ཉེར་འཚོའི་དཔལ་དུ་བདག་གྱུར་ཅིག །ཚེ་རབས་ཀུན་ཏུ་ཁྱོད་ཞབས་ནོར་བུའི་རྡུལ། །གཙུག་ཏུ་མཆོད་ནས་མགོན་ཁྱོད་རྣམ་པར་ཐར། །ཇི་བཞིན་སྤྱོད་པའི་སྐལ་པ་མི་དམན་པས། །མཉེས་པ་གསུམ་གྱི་ཞབས་ཏོག་སྒྲུབ་ནུས་ཤོག །ཁྱོད་ཚུལ་དྲན་བཞིན་ཁྱོད་ཀྱི་རྣམ་ཐར་ལ། །བཀྲེས་པས་ཟས་བཞིན་གདུང་བས་དད་མོས་ཀྱི། །སྨྲེ་སྔགས་ཡབ་གཅིག་སྙན་དུ་དེང་ནས་ཀྱང༌། །དབུགས་འབྱིན་ཕྱག་གིས་བདག་ལ་རེག་པར་མཛོད། །དད་པའི་མིག་གིས་ཁྱོད་ཀྱི་ཞལ་བཟང་བལྟ། །ཐོས་འཛིན་བུ་གར་ཁྱོད་གསུང་རྒྱུན་མི་ཆད། །རྟག་ཏུ་འབྲལ་མེད་ལུས་དང་གྲིབ་བཞིན་འགྲོགས། །རྣམ་གྲོལ་ཡོན་ཏན་རྒྱ་མཚོའི་མཐར་སོན་ཤོག །རྙེད་ཚོལ་འདུ་འཛིའི་བྲན་དུ་བཀོལ་བ་ཡིས། །འཆིང་བའི་བ་རྒྱ་བྲེས་པས་བྲེལ་མིན་པ། །འཁྲུལ་བྲལ་ཡེ་ཤེས་རྗེན་པས་མཉམ་རྗེས་ཀུན། །སྤྱོད་པའི་སྐལ་བཟང་ཁྱོད་དང་མཉམ་པར་ཤོག །ཁྱད་པར་དྲུག་ལྡན་སྔ་འགྱུར་ཆོས་ཀྱི་སྲོག །ཐོས་བསམ་སྒོམ་པས་དང་དུ་ལེན་ནུས་པ། །ཁྱོད་ཀྱི་དྲིན་ལས་བདག་བློའི་བུམ་བཟང་དུ། །སྨིན་གྲོལ་བདུད་རྩིས་རྟག་ཏུ་ཁེངས་པར་ཤོག །ཟབ་དོན་མྱོང་བས་རྟོགས་པའི་ལུས་རྒྱས་ཏེ། །རིག་འཛིན་རྣམ་བཞིའི་ས་ལམ་མཚར་སྡུག་གིས། །ས་གསུམ་ཡིད་ཀྱི་བརྟན་པ་འཕྲོག་ནུས་པའི། །ཡབ་མེས་རྒྱལ་ཐབས་བདག་གིས་འཛིན་ནུས་ཤོག །ཚིག་སྐམ་རུས་པ་མུར་བས་རྟོག་འཁྲུལ་གྱི། །ཡ་རྐན་ཕུག་པའི་ཁྲག་ལ་རུས་བཅུད་ཀྱི། །ཟས་སུ་མི་རློམ་དོན་ལ་མཁས་པ་ཡི། །སྔ་འགྱུར་པཎ་གྲུབ་བཞིན་དུ་བདག་གྱུར་ཅིག །མ་རྟོགས་ལྟ་བར་རློམས་པའི་འཇུར་མདུད་དམ། །ཟོག་པོའི་བརླང་སྤྱོད་ནག་ཆང་སྔགས་སུ་རློམས། །རྒྱལ་བསྟན་རྐང་འདྲེན་བྱེད་པའི་རུ་ཏྲ་རུ། །མི་འགྱུར་རྡོ་རྗེའི་ལམ་གྱི་སྟོབས་རྫོགས་ཤོག །རྡོ་རྗེའི་ས་ལམ་ནང་གི་དཔྱིད་དུ་རྫོགས། །ཕྱི་ཚུལ་ཀུན་ཏུ་བཟང་པོའི་སྤྱོད་པས་མཛེས། །བསྟན་འགྲོའི་དོན་བྱེད་མཐུ་སྟོབས་རྡོ་རྗེ་ཅན། །མགོན་པོ་མཆོག་དང་གཉིས་སུ་མེད་པར་ཤོག །ཅེས་པའང་ཕྱོགས་གཅིག་ཏུ་མི་གནས་པའི་ཀུན་ཏུ་རྒྱུ་སྙན་ངག་སྨྲ་བ་མངྒ་ལའི་མིང་གི་ཡིད་དད་པའི་རླུང་གིས་གཡོས་ཏེ་བསྟོད་པའི་རབ་ཏུ་བྱེད་པ་ཤློ་ཀ་བཅུ་ཕྲག་ལམ་གྱི་གྲངས་ལྡན་ལ་སྐུ་གསུམ་གྱིས་ལྷག་པ་འདི་ཡང་མིག་དམར་ཞེས་པ་ཤིང་བྱི་ལོར་རྒྱ་མཚོ་ཆེན་པོའི་ཕ་མཐའ་བརྒལ་བའི་ཕ་རན་སིའི་བྱེ་བྲག་རྡོ་གདོང་གི་སྨན་ལྗོངས་ན་མཛེས་པའི་ལ་སོ་ན་རིའི་བསམ་གཏན་གྱི་ཁང་བུ་བཀྲ་ཤིས་དཔལ་འབར་གླིང་དུ་རྗེ་བཙུན་བླ་མའི་དུས་ཀྱི་མཆོད་པ་ནས་བརྩམས་ཏེ་བྲིས་པ་དཔལ་མགོན་ཆོས་རྗེ་བླ་མའི་སྐུ་བཞིའི་གྲོང་ཁྱེར་ཉམས་དགའ་བར་གཉིས་སུ་མེད་པར་རྩེན་པའི་རྒྱུར་གྱུར་ཅིག། །།
[edit]

!_kho bo'i rigs kyi bdag po dpal zhe chen pa chen po 'gyur med pad+ma rnam par rgyal ba'i don gyi rnam thar zab mo'i cha shas la bsngags pa zol med dad pa'i rgyud mang zhes bya ba bzhugs so/__ngo mtshar mtshan dpe'i gzugs sku dbyings sbas te/_/rdo rje slob dpon mchog gi skur ston pas/_/grangs med bskal par mthong dka' chos sku'i don/_/ston mdzad bka' drin can khyod snying nas dran/_/lnga bdo'i snyigs ma'i rdul khrod 'di lta bur/_/khyed 'dra'i ston pa dngul chu'i gong bu zhig_/dad pas mjal dang gsung gi bdud rtsis bskyangs/_/'di 'dra'i bsod nams thob pa kho bo tsam/_/sangs rgyas dngos byon 'jam mgon rnam gsum gyi/_/brgyud 'dzin mkhas grub rgyu skar ltar bkra yang*/_/don gyi rgyal tshab dgongs brgyud dkyil 'khor rdzogs/_/nges don bdud rtsi'i 'dzum ldan khyod mtshungs su/_/thub pa'i rgyal tshab blo gros mtha' yas pas/_/ston pa'i zhal skyin la brten dgongs brgyud kyi/_/dbang gis snang rig 'dres dang mdzod chen lnga'i/_/chos kyi gsang mdzod gtad pa'i nye ba'i sras/_/'khor lo'i dbang phyug mkhyen brtse'i dbang po yis/_/bka' gter phur pa'i rgyud lung man ngag gis/_/smin grol rdzogs pas phur bzhi'i drod tshad kyi/_/lam rtags mngon gyur pra b+ha hasti dngos/_/brtan pa'i 'khor lo 'jam dpal dgyes pa yis/_/dngos su byin rlabs don gyi rgyal tshab tu/_/mnga' gsol tha ma'i gsung gis gzengs bstod pa/_/'das rjes thob pa'i paN grub rnam gsum bzhin/_/nges 'byung zhi ba'i gom 'gros ches brling nas/_/chos 'dul gser gyi drwa bas lus brgyan pa'i/_/bstan 'dzin gangs kyi glang po'i khyu mchog dbus/_/khyod ni zag med tshul khrims sdom brtson rgyal/_/thugs bskyed gser gyi dbyig 'dzin ches yangs par/_/spong klog gling bzhi'i bkod mdzes bkram mdzad pa'i/_/rgyal sras srid pa'i mes po'i mdun sa ru/_/khyed thugs char ldan sprin la su yis 'gran/_/dag chen ye shes rol pa'i gser 'gyur rtsis/_/snang spyod lcags khams thebs pas snang grags rig_/lha sngags chos skur shar ba'i rig 'dzin gyi/_/gser ri'i dbus na khyod ni ri dbang rgyal/_/tha snyad rig gzhung chu klung bye ba 'bum/_/bshes gnyen dam pa'i ri klung las bab pa/_/dngos dang brgyud nas mkhyen pa'i rgya mtsho ru/_/'jug kyang khengs pa'i ca co yongs mi mnga'/_/mtha' klas chos kyi steng 'thung tshal 'byed cing*/_/sangs rgyas sprul pa'i nyin byed smra ba'i sgo/_/gangs ljongs thu mi'i rta bdun gyis drangs pa'i/_/zab don gsal byed yi ge'i bstan bcos rmad/_/tshig la brten nas don zab blta ba'i mig_/rang bzhin rkyen dang rnam 'gyur gdong bzhi pas/_/sgra rig mtha' dag ston la mi ngal ba'i/_/legs bshad re khA gsar pas mdzes la ltos/_/don gcig ming gi tshon sna brgya bkra zhing*/_/ming gcig du ma'i don 'jug mngon brjod kyis/_/rab mdzes khyod gsung mtho ris bu mo ni/_/kun mkhyen chos rje rang byung rgyal ba bzhin/_/phul du byung ba'i legs bshad u dum wa/_/mdo rgyud gong ma'i gsung gi lo 'dab rgyas/_/zab rgyas mtshar sdug rdzogs pa'i gsung phreng gis/_/dbyangs can dgyes pa'i mtshan mchog don la gnas/_/khyod gsung mkhas pas dpyad bzod grub brnyes kyi/_/rdo rje'i gsung 'di snga 'gyur bstan pa'i rgyan/_/ris su ma bor bka' bsdu 'os nges zhes/_/smra ba'i seng ge a dzi ta yis bsngags/_/thor bu'i gsung gi zegs ma re re yang*/_/tshig nyung don gsal gnad kun 'dus pa'i gtam/_/rin chen pha lam phye ma lta bu zhes/_/mkhas pa'i dbang phyug yon tan rgya mtshos bstod/_/rnam dpyod bcu gnyis bdag po'i gzi brjid kyis/_/snga 'gyur bstan mchog kun gyi mdzes rgyan la/_/'gran zla bral zhes 'jam dpal dgyes pa'i sde'i/_/gsung gi tha ma dgongs gtad bcas te bstsal/_/rtsub mo'i tshig sbyor gsang por smras pa nongs/_/rdo rje'i gsung la log rtog 'byung bya yis/_/ca cor zil gnon lung rigs seng ge'i sgra/_/bag yod gnas bskul lha yi rnga gsang snyan/_/rtog bzo'i rig pa gsar pa'i tsher ma dang*/_/sngon yod bstan bcos zlos pa'i klog pa yis/_/gzhan sems dkrugs pa'i ngal bas ma gdung bzhin/_/yab mes snga 'gyur lta sgom gtsang ma 'dzin/_/mi smra nags su sbas pa'i rnam thar gyis/_/smra ba'i seng ge legs bshad gser sbyangs khams/_/smra mkhas blo yi dpyad bzod grub mchog gi_/smra ba'i do ha lta bu dal gyis bsgrags/_/tha snyad rtog ge'i rus mur ku co yis/_/don brgyud zhim zas nam mkha'i pad+mo ltar/_/ma yin tshig don mkhas pa'i legs bris zas/_/yab mes rig 'dzin brgyud pa'i gsung dang mtshungs/_/tha snyad rigs lam dgra ltar ma gzigs pa/_/rab 'byams shes bya'i rgyu skar do shal brgyas/_/khyod thugs 'chi med lam bzang spud pa yis/_/ngo mtshar yid kyi zla shel mi 'dzums su/_/kun rdzob snang cha'i rten 'brel lo zla zhag_/dus la 'char ba'i spar sme bcu gnyis lo'i/_/'byung lnga'i rtsis kyi re khA blang dor sgo/_/'byed pa'i legs bshad kho na'ang mkhas pa'i rgyan/_/khyad par 'phags bod shing rta chen po'i gzhung*/_/tshig don ji bzhin gzigs shing thugs chud pa'i/_/mkhyen gnyis snang ba'i gter gyi dkyil 'khor la/_/gsan bsam sgom pa'i 'od kyis mdzes par spud/_/kun mkhyen gnyis pa 'jam dpal dgyes pa yi/_/dri med bzhed srol gsal byed bstan bcos kyi/_/'chad nyan rig lam sgo brgya 'byed pa'i phyir/_/bshad sgrub spong klog dga' tshal phye bar mdzad/_/skyon bral yon tan lus rgyas yab mes kyi/_/dgongs srol gser gyi brgyan bzang bstar legs kyi/_/legs bshad bstan bcos rtsom dang brgyud 'dzin sras/_/gong ma'i rnam thar skyong 'os yang yang gdams/_/dad ldan tshogs la brtse bas gdams kun kyang*/_/snyan 'jebs zhal gsal kun gyis go sla zhing*/_/zab don gnad 'dus lkog gyur lung ston pa/_/mdzad pas dad pa'i yi ga dbang med 'phrog_/don gyi lta dgongs mkha' ltar rnam dag kyang*/_/mdzad pa'i kun spyod chos brgyad snyems bral zhing*/_/sbas tshul kho nas chos 'dul nor bu'i phreng*/_/gsang gsum 'du bral med pa'i gnas brtan che/_/gzhan phan thugs kyi zla ba ches bsil bas/_/khro dang 'khrugs pa 'khon sogs nongs pa'i dris/_/gzhar yang ma gos mtshan don mthun pa'i thugs/_/rgyal sras khyu mchog zhi ba lha gnyis pa/_/'du 'dzi'i las kyis shin tu thugs dbyung bas/_/sgrub ba snying po'i srog mkhar tshugs pa yis/_/rig 'dzin grub pa'i gseng lam mthar son kyang*/_/snyems med yon tan gser bzhin sba la dgyes/_/snod bcud rgyud gsum sku dang ye shes su/_/dag pa'i snang srid gzhir bzhengs ting 'dzin gyis/_/rgyud dang sgrub sde'i bsnyen sgrub las sbyor gyis/_/dngos grub gsang mdzod gter gyi bum ltar spyod/_/ye shes rlung rig sems gsum d+hU ti'i dbyings/_/drang bas rnam kun mchog ldan lhan skyes kyi/_/rdul bral rdo rje nam mkha'i dkyil lta bu/_/'du 'bral med pa don gyi rnal 'byor che/_/snang sems ro gcig grub pa'i brtul zhugs kyis/_/dug gi gsol ston bdud rtsi'i bcud bsgyur zhing*/_/sra mkhregs rdo la zhabs rjes ches gsal ba'i/_/ngo mtshar rtags mtshan dngos su ston bar mdzad/_/blo bral chos zad dgongs pa mi g.yo ba'i/_/ye shes mngon gyur sku na smin pa'i skabs/_/mdzes sdug sku la gzhon sha chags pa yis/_/rdo rje'i lang tsho grub pa'i mngon rtags gsal/_/rnam mang thos pa rgya mtsho'i jing chen las/_/'chad rtsom sgrub pa'i chu klung 'bum spro bas/_/ris med skal bzang skye dgu'i 'khor lo'i lag_/phrin las rlabs phreng g.yo la dga' bas rtsen/_/mthun 'jug rnyed tshol rgya las rab grol yang*/_/bcos min byang sems steng 'thung rab bkra bas/_/gzur gnas dad brtson blo ldan rkang drug tshogs/_/khyod zhabs pad+mor bsnyen la rengs pa bzhin/_/mkhas kyang snyems zhi tha snyad ca co med/_/grub kyang thal 'og me bzhin yon tan sba/_/btsun kyang mchog 'dzin khyad gsod ma mchis pa'i/_/khyad chos bsam bzhin dad pa'i 'khri shing ldang*/_/rtogs pa'i bstan mchog dbyings su yal nye tshe/_/dgongs klong mngon gyur ga bur thig le yis/_/snyigs ma'i smag sel klong chen gnyis pa zhig_/bdag gi dpal du gyur pa e ma ho/_/tshe 'di'i 'dun ma ring du blos btang kyang*/_/bstan pa'i rgyun 'dzin bshad sgrub bya ba la/_/dngos brgyud brtson pas yal ba ma dor ba/_/phrin las dbyar gyi dpal bzhin ngang gis dar/_/khyod tshul bsam mi khyab pa kun gsal mtha'/_/bdag blo bung bas gzhal mi bzod na yang*/_/dad pa'i sbrang rtsi sprin par sim ches pas/_/bcos min ngag gi gling bu phra mo 'dis/_/mtshan rtog bral ba'i ye shes kun bzod la/_/sim nas khyod dang dgongs pa mnyam pa yin/_/yon tan ri gling bkod pas rab mdzes te/_/bstan 'gro'i nyer 'tsho'i dpal du bdag gyur cig_/tshe rabs kun tu khyod zhabs nor bu'i rdul/_/gtsug tu mchod nas mgon khyod rnam par thar/_/ji bzhin spyod pa'i skal pa mi dman pas/_/mnyes pa gsum gyi zhabs tog sgrub nus shog_/khyod tshul dran bzhin khyod kyi rnam thar la/_/bkres pas zas bzhin gdung bas dad mos kyi/_/smre sngags yab gcig snyan du deng nas kyang*/_/dbugs 'byin phyag gis bdag la reg par mdzod/_/dad pa'i mig gis khyod kyi zhal bzang blta/_/thos 'dzin bu gar khyod gsung rgyun mi chad/_/rtag tu 'bral med lus dang grib bzhin 'grogs/_/rnam grol yon tan rgya mtsho'i mthar son shog_/rnyed tshol 'du 'dzi'i bran du bkol ba yis/_/'ching ba'i ba rgya bres pas brel min pa/_/'khrul bral ye shes rjen pas mnyam rjes kun/_/spyod pa'i skal bzang khyod dang mnyam par shog_/khyad par drug ldan snga 'gyur chos kyi srog_/thos bsam sgom pas dang du len nus pa/_/khyod kyi drin las bdag blo'i bum bzang du/_/smin grol bdud rtsis rtag tu khengs par shog_/zab don myong bas rtogs pa'i lus rgyas te/_/rig 'dzin rnam bzhi'i sa lam mtshar sdug gis/_/sa gsum yid kyi brtan pa 'phrog nus pa'i/_/yab mes rgyal thabs bdag gis 'dzin nus shog_/tshig skam rus pa mur bas rtog 'khrul gyi/_/ya rkan phug pa'i khrag la rus bcud kyi/_/zas su mi rlom don la mkhas pa yi/_/snga 'gyur paN grub bzhin du bdag gyur cig_/ma rtogs lta bar rloms pa'i 'jur mdud dam/_/zog po'i brlang spyod nag chang sngags su rloms/_/rgyal bstan rkang 'dren byed pa'i ru tra ru/_/mi 'gyur rdo rje'i lam gyi stobs rdzogs shog_/rdo rje'i sa lam nang gi dpyid du rdzogs/_/phyi tshul kun tu bzang po'i spyod pas mdzes/_/bstan 'gro'i don byed mthu stobs rdo rje can/_/mgon po mchog dang gnyis su med par shog__/ces pa'ang phyogs gcig tu mi gnas pa'i kun tu rgyu snyan ngag smra ba mang+ga la'i ming gi yid dad pa'i rlung gis g.yos te bstod pa'i rab tu byed pa sh+lau ka bcu phrag lam gyi grangs ldan la sku gsum gyis lhag pa 'di yang mig dmar zhes pa shing byi lor rgya mtsho chen po'i pha mtha' brgal ba'i pha ran si'i bye brag rdo gdong gi sman ljongs na mdzes pa'i la so na ri'i bsam gtan gyi khang bu bkra shis dpal 'bar gling du rje btsun bla ma'i dus kyi mchod pa nas brtsams te bris pa dpal mgon chos rje bla ma'i sku bzhi'i grong khyer nyams dga' bar gnyis su med par rtsen pa'i rgyur gyur cig/_//

Footnotes

Other Information