DKR-KABUM-05-CA-026

From Khyentse Lineage - A Tsadra Foundation Project
Revision as of 12:32, 7 November 2022 by WikiBot2015 (talk | contribs)

Wylie title DKR-KABUM-05-CA-026.pdf
Location dil mgo mkhyen brtse bka' 'bum
Volume Expression error: Unrecognized word "ca"., Text 26, Pages (Folios to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation
Genre "CA" is not a number.

"CA" is not a number.

[edit]
༄༅། རྡོ་རྗེའི་རྒྱ་ཅན་ལས། མཚོ་སྐྱེས་འཆི་མེད་རྡོ་རྗེའི་སྒྲུབ་ཕྲིན་དབང་ཆོག་དང་བཅས་པ་འཇུག་བདེར་བཀོད་པ་བྱིན་རླབས་བདུད་རྩིའི་འཛུམ་དཀར་བཞུགས།


༄༅། བདེ་སྟོང་ཡེ་ཤེས་གཅིག་གི་རོལ་པ་ལས། །མཐའ་ཡས་སྒྱུ་འཕྲུལ་དྲྭ་བའི་བཀོད་པ་ཆེས། །ཕྱོགས་དུས་ཞིང་ཀུན་ཁྱབ་པའི་མགོན་པོ་དེར། །བཏུད་ནས་དེ་སྒྲུབ་ཐབས་ཀྱི་ལམ་བཟང་དབྱེ། །འདི་ལ་ལྔ་སྟེ། སྦྱོར་བ་དང་སྔོན་འགྲོ། དངོས་གཞི། རྗེས་རིམ། དབང་བསྐུར་རོ། །དང་པོ་སྦྱོར་བ་ནི། གནས་ཡིད་དང་མཐུན་པར་རྩ་བ་གསུམ་གྱི་རྟེན་བཀྲམ་པའི་སྤྱན་སྔར་བླ་མའི་གཏོར་མ། བཀའ་སྲུང་དང་བརྟན་མའི་གཏོར་མ། དེའི་གཡས་གཡོན་དུ་སྨན་རཀ །མདུན་དུ་ཉེར་སྤྱོད་ཀྱི་མཆོད་པ་ཕྲེང་ཚར། ཚོགས། དཀར་བགེགས་དང༌། སློབ་དཔོན་གྱི་མདུན་དུ་ནང་མཆོད། རྡོར་དྲིལ། ཌཱ་མ་རུ་གུལ་ཡུངས། འཐོར་གནས་སོགས་འདུ་བྱའོ། །གཉིས་པ་སྔོན་འགྲོ་ལ་དྲུག་ལས་དང་པོ་སྐྱབས་འགྲོ་ནི། བླ་མ་མཚོ་སྐྱེས་འཆི་མེད་རྡོ་རྗེའི་དཀྱིལ་འཁོར་མཁའ་ཁྱབ་ཏུ་སད་པར་གྱུར། ན་མོ། ཆོས་སྐུ་སྣང་བ་མཐའ་ཡས་ཚེ་ཡི་བདག །ལོངས་སྐུ་ཐུགས་རྗེའི་མངའ་བདག་སྤྱན་རས་གཟིགས། །འགྲོ་འདུལ་པདྨ་འབྱུང་གནས་སྤྲུལ་པའི་སྐུ། །སྐུ་གསུམ་གདོད་མའི་ལྷ་ལ་སྐྱབས་སུ་མཆི། །ལན་གསུམ། གཉིས་པ་སེམས་བསྐྱེད་ནི། བདག་གིས་མཁའ་མཉམ་འགྲོ་བའི་དོན་སླད་དུ། །སྐུ་གསུམ་གདོད་མའི་ལྷ་ཚོགས་བསྒྲུབས་ནས་ནི། །འགྲོ་ཀུན་འཆི་བདག་འཇིགས་པ་ལས་བསྒྲལ་ཏེ། །སྙིང་པོ་བླ་མེད་ས་ལ་འགོད་པར་བགྱི། །ལན་གསུམ་བརྗོད། གསུམ་པ་ཚོགས་བསགས་པ་ནི། བླ་མ་ཡི་དམ་མཁའ་འགྲོ་གཤེགས། །ཉི་ཟླ་པདྨའི་གདན་ལ་བཞུགས། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །ཉམས་ཆག་སྡིག་སྒྲིབ་ཐམས་ཅད་བཤགས། །གསང་སྔགས་བསྒྲུབས་ལ་རྗེས་ཡི་རང༌། །སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར། །མྱ་ངན་མི་འདའ་གསོལ་བ་འདེབས། །སྙིང་པོ་སེམས་ཅན་དོན་དུ་བསྔོ། །ཡང་དག་རྡོ་རྗེའི་དོན་རྟོགས་ཤོག །ཛཿཧཱུྃ་བཾ་ཧོཿས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། བཞི་པ་སྡོན་གཏོར་གཏོང་ཞིང་མཚམས་བཅད་པ་ལ། ཐོག་མར་མཚམས་ལྷ་བསྐྱེད་པ་ནི། ཧྲཱིཿ བདག་ཉིད་རྟ་མཆོག་རོལ་པ་དམར་ནག་མདོག །ཞལ་གཅིག་ཕྱག་གཉིས་པད་སྡོང་ཐོད་པ་འཛིན། །དབུ་གཙུག་རྟ་སྐད་འཚེར་ཞིང་དུར་ཁྲོད་ཀྱི། །ཆས་སྤྲས་མེ་དཔུང་འབར་བས་བགེགས་རྣམས་བསྲེགས། །ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་ང་རྒྱལ་བཟུང་ལ། གཏོར་མ་དཀར་དམར་གཉིས། རྃ་ཡྃ་ཁྃ་གིས་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབས། ཨོཾ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་མགྲོན་དགུག །རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ཞིང་སེ་གོལ་གཏོགས་པ་དང་བཅས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་བསྔོས་ལ། ས་བདག་ལྷ་ཀླུ་འཁོར་དང་བཅས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བདག་གིས་སྒྲུབ་པ་མ་ཐོན་བར། །ཁྱེད་ལ་གནས་འདི་བདག་གཡར་གྱིས། །གནང་བ་ལེགས་པར་བསྩལ་ནས་ཀྱང༌། །ཅི་བདེ་བར་ནི་གཞན་དུ་སོངས། །ཞེས་ཕྲིན་ལས་གསོལ་ལ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪས་རང་གནས་སུ་གཤེགས་པར་བསམ། གཏོར་མ་གཉིས་པ། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏག་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱ་དི་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བསྔོས་ལ། ཧྲཱིཿ གཉིས་འཛིན་སྣང་བའི་ལོག་འདྲེན་འབྱུང་པོའི་ཚོགས། །འདི་རུ་མ་གནས་རང་རང་སོ་སོར་དེངས། །གལ་ཏེ་མི་འགྲོ་ཁྲོ་ཚོགས་འབར་བ་ཡིས། །བརླག་འགྱུར་ཆོས་སྐུ་གསང་བའི་ཡེ་མཚམས་བཅད། །ཧྲཱིཿཕཊཿ ལྔ་པ་བྱིན་རླབས་ནི། འཆི་མེད་རིག་འཛིན་དཀྱིལ་འཁོར་སྒྲུབ་པའི་རྫས། །ཕྱི་ནང་གསང་བའི་རང་བྱུང་མཆོད་པ་རྣམས། །མ་དག་ལོག་འཁྲུལ་ཉེས་པའི་ཚོགས་རྣམས་ཀུན། །ཡེ་ཤེས་འབྲུ་གསུམ་སྦྱངས་ཤིང་བྱིན་གྱིས་བརླབས། རྃ་ཡྃ་ཁྃཿ ཨོཾ་ཨཱཿཧཱུྃ། དྲུག་པ་བྱིན་འབེབས་ནི། ཧཱུྃ་ཧྲཱིཿ སྐུ་གསུམ་ཡོངས་རྫོགས་མཚོ་སྐྱེས་རྡོ་རྗེ་ཡིས། །གསང་བའི་དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ། །འཆི་མེད་བསྒྲུབ་པའི་རྫས་ལ་བཀྲག་མདངས་ཕྱུངས། །དབང་ཆེན་དབང་བསྐུར་དབང་དང་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཨཱ་ཡུརྫྙཱ་ན་སིདྡྷི་ཕ་ལ་ཨཱ་བེ་ཤ་ཡ་ཨ་ཨཿ ཞེས་དབབ་བོ། །གསུམ་པ་དངོས་གཞི་ལ་གསུམ་ལས། དང་པོ་ལྷ་བསྐྱེད་པ་ནི། ཆོས་དབྱིངས་ངང་ལས་སྣང་བ་ཐུགས་རྗེ་ཆེ། །རང་རིག་ཧྲཱིཿལས་སྣོད་བཅུད་དག་པའི་དབྱིངས། །སིནྡྷུའི་མཚོ་དབུས་པད་སྡོང་ཉི་ཟླའི་སྟེང༌། །མཚོ་སྐྱེས་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ། །བཅུ་དྲུག་ཉམས་ཅན་དཀར་དམར་མདངས་ལྡན་གཙུག །རྟ་མགོ་ལྗང་ཁུར་རིགས་བདག་འོད་ཀྱི་ཐིག །ཕྱག་གཉིས་རྡོ་རྗེ་རྩེ་ལྔ་ཚེ་བུམ་བསྣམས། །ཙཎྜ་ལི་ཡུམ་དཀར་དམར་མདངས་ལྡན་པ། །ཚེ་མདའ་བུམ་འཛིན་ཡབ་ཀྱི་སྐུ་ལ་འཁྲིལ། །རིན་ཆེན་རུས་རྒྱན་དར་ཟབ་མེ་ཏོག་ཕྲེང༌། །གཉིས་ཀའི་ཟུར་སྤྲས་ལྔ་ལྡན་འོད་ཀློང་བཞུགས། །ཡབ་ཀྱི་གནས་གསུམ་ཡིག་འབྲུ་གསུམ་དང་ལྡན། །ཉི་ཟླར་སྲོག་ཡིག་ཡུམ་གྱི་ཐུགས་ཀར་བསྐོར། །དུང་ཁང་ཟླ་དཀྱིལ་ལོངས་སྐུ་སྤྱན་རས་གཟིགས། །སྙིང་དབུས་ཉི་ཟླར་སྤྲུལ་སྐུ་པདྨ་འབྱུང༌། །ཡབ་ཡུམ་འཁོར་དུ་དཔའ་བོ་མཁའ་འགྲོས་བསྐོར། །གཉིས་པ་སྤྱན་འདྲེན་མཆོད་བསྟོད་རྣམས་ནི། རྒྱས་པར་སྤྲོ་ན་ལྔ་ལས། དང་པོ་ནི། ཧཱུྃ། །སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་ས་མཱ་ཛཿ ཞེས་པས་དྲངས། གཉིས་པ་ནི། ཧཱུྃ། ཡིད་འཕྲོག་རིན་ཆེན་ཕོ་བྲང་དབུས། །པདྨ་ཉི་ཟླའི་གདན་སྟེང་དུ། །མཚོ་སྐྱེས་འཆི་མེད་ལྷ་ཚོགས་རྣམས། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཨ་ཡུརྫྙཱ་ན་ས་པ་རི་ཝཱ་ར་ས་མ་ཡ་ཏིཥྛ་ལྷན། གསུམ་པ་ནི། ཕྲིན་ལས་ཀུན་རྫོགས་ཐོད་ཕྲེང་རྩལ། །གང་འདུལ་སྐུར་བསྟན་སྐུ་གསུམ་ལྷ། །དཔའ་བོ་མཁའ་འགྲོ་སྲུང་མ་ལ། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ བཞི་པ་མཆོད་པ་ནི། ཧྲཱིཿ ཀུན་འདུས་བླ་མའི་དཀྱིལ་འཁོར་ལ། །མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས། །མར་མེ་དྲི་ཆབ་ཞལ་ཟས་སྒྲ། །སྨན་རཀ་གཏོར་གསུམ་སྦྱོར་སྒྲོལ་སོགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀ་ཏ་བ་ལིཾ་ཏ་མ་ཧཱ་རཀྟ་མ་ཧཱ་སུ་ཁ་པཱུ་ཛ་ཧོཿ ལྔ་པ་བསྟོད་པ་ནི། ཧྲཱིཿ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ། །པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ། །སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད། །བསྡུ་ན་རང་གཞུང་གི་སྤྱན་འདྲེན་མཆོད་བསྟོད་ནི། ཧྲཱིཿ རང་བཞིན་རྣམ་པར་དག་པའི་ཞིང་ཁམས་ནས། །སྐུ་གསུམ་ཡོངས་རྫོགས་མཚོ་སྐྱེས་རྡོ་རྗེའི་ལྷ། །འདིར་གཤེགས་བདག་དང་དབྱེར་མེད་བརྟན་པར་བཞུགས། །གཉིས་མེད་རང་རིག་ངོ་བོར་གུས་ཕྱག་འཚལ། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །གསུམ་པ་བཟླས་པ་ནི། རང་བྱུང་རྣམ་དག་གཞལ་ཡས་འདིར། །མཚོ་སྐྱེས་འཆི་མེད་རྡོ་རྗེ་རྗེ། །སྣ་ཚོགས་སྐུ་དང་ཆ་ལུགས་ལ། །ཐུགས་སྲོག་ཛཔ྄་ཀྱི་རང་སྒྲ་སྒྲོག །མི་འགྱུར་ཐུགས་ལས་འོད་ཟེར་འཕྲོས། །ཕར་འཕྲོས་སེམས་ཅན་དོན་རྣམས་རྫོགས། །ཚུར་འདུས་དངོས་གྲུབ་བཅུད་ཀུན་འདུས། །རྟགས་མཐོང་བར་དུ་རྒྱུན་མི་གཅོད། །ཅེས་པའི་དགོངས་པ་སྲོག་ཏུ་བཟུང་ལ། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཨཱ་ཡུརྫྙཱ་ན་སིདྡྷི་ཕ་ལ་ནྲྀ་བྷྲཱུྃ་ཧཱུྃ་ཛཿ ཞེས་བཟླ། མཐར་དབྱངས་གསལ་དང་ཡིག་བརྒྱ་རྟེན་སྙིང་སྔགས་ཀྱིས་ལྷག་ཆད་བསྐང་ཞིང་ནུས་པ་བརྟན་པར་བྱ། ཐུན་མཚམས་སུ། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །བག་མེད་འགལ་འཁྲུལ་ཉམས་ཆག་བཤགས། །མ་ཧཱ་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་ཁཱ་ཧི། ཞེས་མཆོད་བསྟོད་བྱའོ། །བར་འདིར་ཆོས་སྲུང་གཏོར་བསྔོ་རྒྱས་བསྡུས་གང་རིགས་གཏང་ངོ༌། །བཞི་པ་རྗེས་རིམ་ལ་ཚོགས་མཆོད་དང་རྗེས་རིམ་དངོས་གཉིས་ཀྱི་དང་པོ་ལ་བདུན་ལས། དང་པོ་ཚོགས་མཆོད་ཀྱི་ཡོ་བྱད་རློབ་པ་ནི། དམ་རྫས་སུ་འོས་པའི་ཡོ་བྱད་རྣམས་ལ་བསང་ཆུ་དང་ནང་མཆོད་བྲན་ལ། ཨོཾ་སརྦ་དྲ་བྱཾ་སཾ་ཤོ་དྷ་ནི་ཧཱུྃ་ཕཊ། ཀྱིས་བསང༌། རྃ་ཡྃ་ཁྃ། ཚོགས་རྫས་ཀྱི་དངོས་འཛིན་ཡེ་ཤེས་ཀྱི་མེ་རླུང་ཆུས་བསྲེགས་གཏོར་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་ཚོགས་གཞོང་བྷནྡྷ་འབར་བའི་ཚོགས་རྫས་ཡེ་ཤེས་ཀྱི་བདུད་རྩི་འདོད་ཡོན་གྱི་སྤྲིན་འཕྲོ་བར་བསམས་ལ། ཨོཾ་ཨཱཿཧཱུྃ་ཧྲཱིཿས་བྱིན་གྱིས་བརླབས། གཉིས་པ་སྤྱན་འདྲེན་པ་ནི། རང་བཞིན་རྣམ་དག་གཞལ་ཡས་ནས། །མཚོ་སྐྱེས་འཆི་མེད་རྡོ་རྗེ་དང༌། །རྩ་གསུམ་རྒྱལ་བ་འཁོར་དང་བཅས། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་མ་ཧཱ་གུ་རུ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཞེས་པས་ཚོགས་ཞིང་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར། གསུམ་པ་མཆོད་པ་ནི། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན། །ནམ་མཁའ་མཛོད་ཀྱི་སྒོ་ཕྱེས་ཏེ། །འབུལ་གྱིས་བཞེས་ལ་དངོས་གྲུབ་སྩོལ། །མ་ཧཱ་གུ་རུ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། བཞི་པ་བཤགས་པ་ནི། མ་རིག་ལས་དང་ཉོན་མོངས་ཀྱིས། །རྩ་བ་ཡན་ལག་དམ་ཚིག་གི །ནོངས་པར་གྱུར་པའི་ཉེས་པ་ཀུན། །གནོང་འགྱོད་སེམས་ཀྱིས་མཐོལ་ཞིང་བཤགས། །ཡིག་གེ་བརྒྱ་པ་བརྗོད། ལྔ་པ་བསྒྲལ་བསྟབ་ནི། རང་ཉིད་དབང་ཆེན་ཁྲོ་བོའི་སྐུར་གྱུར་པར་བསམ་ལ། དམིགས་བྱ་བསྐྱེད་བསྟིམ་རྒྱས་པར་བྱ་བའམ་བསྡུ་ན། ཨེ་ནྲྀ་ཏྲི་ཛཿ ཞེས་པས་ཚོགས་སྣོད་ལྕགས་ཁང་གྲུ་གསུམ་གྱི་ནང་དུ་དམིགས་རྟེན་བསྒྲལ་བྱ་དངོས་སུ་གསལ་ཞིང༌། ཛཿཧཱུྃ་བཾ་ཧོཿས་དགུག་བཅིང་བསྡམས་ནས་མྱོས་པར་བྱས་ལ། སྐུ་སྟོད་དབང་ཆེན་ཁྲོས་པའི་གཟུགས། །སྐུ་སྨད་གནམ་ལྕགས་ཕུར་བུའི་དབལ། །དགྲ་བགེགས་ལོག་འདྲེན་དམ་སྲི་ཡི། །སྙིང་ལ་བཏབ་བོ་མཱ་ར་ཡ། །ཤ་ཁྲག་རུས་ཕུང་རྡུལ་དུ་རློག །ཨོཾ་བཛྲ་ཀྲོ་ཏ་ཧྱ་གྲཱྀ་ཝ་གནོད་བྱེད་དགྲ་བགེགས་ཤ་ཏྲཱུཾ་མཱ་ར་ཡ་རྦད། ཅེས་ཕུར་བུས་བསྒྲལ་ལ་ཤ་ཁྲག་བདུད་རྩིའི་ངོ་བོ་འདོད་ཡོན་གྱི་རྣམ་པ་ཐམས་ཅད་པར་འཆར་བའི་རང་བཞིན་དུ་གྱུར་པ་ཉིད། ཨོཾ་མ་ཧཱ་གུ་རུ་ས་པ་རི་ཝཱ་ར་མ་ཧཱ་མཱཾ་ས་རཀྟ་ཀེཾ་ནི་རི་ཏི་ཁཱ་ཧི། ཞེས་བསྟབ། སྤྲོ་ན་སྐབས་འདིར་རྩ་གསུམ་སྤྱི་སྐོང་སོགས་ཇི་ལྟར་རིགས་པ་གཏོང༌། དྲུག་པ་རོལ་ཞིང་སྨོན་ལམ་གདབ་པ་ནི། ཚོགས་རྫས་རྣམས་བརྡའི་འབུལ་ལེན་སྤྱི་ལྟར་སྔོན་དུ་འགྲོ་བས་རང་ཉིད་གུ་རུའི་སྐུར་གསལ་ལ། ནང་གི་སྦྱིན་སྲེག་གི་ཚུལ་དུ་ཚིམ་པར་རོལ་པའི་མཐར། མ་ཧཱ་གུ་རུའི་དཀྱིལ་འཁོར་དུ། །ཚོགས་ཀྱི་འཁོར་ལོས་མཆོད་པ་ཡིས། །བདག་གཞན་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཅེས་སྨོན་ལམ་གདབ། བདུན་པ་ལྷག་མ་གཏོང་བ་ནི། ལྷག་མ་རྣམས་བསྡུས་ལ་བདུད་རྩིས་བསང་ཞིང༌། པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲཱིཿས་ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམ་ལ། ཨེ་ཨ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་ཞེས་པས་ལྷག་མའི་དམ་ཚིག་ལ་གནས་པའི་མགྲོན་རྣམས་སྤྲིན་ལྟར་གཏིབས་པ་བཞིན་བྱོན་པར་བསམ་ལ། །ཧྲཱིཿ མ་ཧཱ་གུ་རུའི་བཀའ་འཁོར་ན། །དམ་པའི་ཆོས་ཀྱི་སྲུང་མ་རྣམས། །ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད། །གཟའ་ཆེན་བརྒྱད་དང་གནོད་སྦྱིན་བརྒྱད། །རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང༌། །ཧ་རི་ཀ་དང་པཉྩི་ཀ །འཕྲོག་མ་མ་བུར་བཅས་པ་དང༌། །དཔལ་ལྡན་མགོན་པོ་ལྕམ་དྲལ་དང༌། །ལྷ་དང་ལྷ་མིན་མིའམ་ཅི། །དྲི་ཟ་གནོད་སྦྱིན་འབྱུང་པོ་དང༌། །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ། །མཆོད་སྦྱིན་གཏོར་མ་འདི་བསྔོས་པས། །ཅི་འདོད་ཕུན་སུམ་ཚོགས་པར་ཤོག །ཇི་ལྟར་ནུས་པའི་ཕྲིན་ལས་མཛོད། །བ་ལིཾ་ཏ་པཱུ་ཛ་ཧོ། ཞེས་བསྔོ། གཉིས་པ་རྗེས་རིམ་དངོས་ལ་བརྒྱད་ལས། དང་པོ་གཏོར་མ་སྐྱོང་བ་ནི། སྲུང་མའི་གཏོར་མ་འབུལ་ཞིང༌། སྤྲོ་ན་ཆད་ཐོ་རིགས་མཐུན་སྤྱི་ལྟར་བསྒྲག །བརྟན་མའི་གཏོར་མ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ལ། ཧཱུྃ། ཨ་སུ་ར་ཡི་བྲག་ཕུག་ཏུ། །ཨོ་རྒྱན་པདྨ་འབྱུང་གནས་ཀྱི། །སྤྱན་སྔར་ཁས་བླངས་དམ་བཅས་པའི། །བོད་ཡུལ་བརྟན་མ་བཅུ་གཉིས་དང༌། །ཕྱི་གཏོར་དབང་བར་ཁས་བླངས་རྣམས། །མཆོད་སྦྱིན་གཏོར་མ་འདི་ལོངས་ལ། །བདུད་དཔུང་ཐུལ་ལ་ཞིང་བཅུ་སྒྲོལ། །དལ་ཁ་ཆིངས་ལ་འབྲུ་ཕྱུགས་སྤེལ། །དམག་དཔུང་ཆོམས་ལ་མཚོན་རྩེ་རྟུལ། །བཅོལ་བའི་དམ་ཚིག་དྲན་པར་མཛོད། །གཉིས་པ་དངོས་གྲུབ་བླང་བ་ནི། སྒྲུབ་པ་སོགས་ཀྱི་སྐབས། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པ་རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་མོས་ལ། ཧྲཱིཿ སྐྱེ་མེད་ཆོས་དབྱིངས་ཕོ་བྲང་ནས། །ཐུགས་རྗེ་འགག་མེད་དཀྱིལ་འཁོར་ལྷ། །མཉམ་ཉིད་དབྱིངས་ནས་སྐུར་བཞེངས་ལ། །སྐུ་གསུམ་ཡོངས་རྫོགས་དངོས་གྲུབ་སྩོལ། ཞེས་བསྐུལ་ལ། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཨཱ་ཡུརྫྙཱ་ན་སིདྡྷི་ཕ་ལ་ནྲྀ་བྷྲཱུྃ་ཧཱུྃ་ཛཿ ཨོཾ་ཨཱཿཧཱུྃ་མ་ཧཱ་སིདྡྷི་ཧཱུྃ་ཞེས་བརྗོད་པ་དང༌། ལྷན་ཅིག་སྒྲུབ་རྫས་གནས་གསུམ་དུ་གཏུགས་ཤིང་མྱོང༌། གསུམ་པ་གཏང་རག་གི་མཆོད་བསྟོད་ནི། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་པུཥྤེ་ནས་ཤཔྟ་པཱུ་ཛ་ཧོཿ ཞེས་དང༌། ཨོཾ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི་ཞེས་པས་མཆོད། ཧྲཱིཿ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ། །པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ། །སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། བཞི་པ་ནོངས་བཤགས་ནི། མ་རྙེད་ཡོངས་སུ་མ་ཚང་དང༌། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱིས་པ་གང་ནོངས་པ། །དེ་ཀུན་ཁྱེད་ཀྱིས་བཟོད་མཛད་རིགས། །ཞེས་དང༌། ཡི་གེ་བརྒྱ་པས་ནོངས་པ་བཤགས། ལྔ་པ་བརྟན་བཞུགས་གཤེགས་གསོལ་ནི། མདུན་བསྐྱེད་རས་བྲིས་སོགས་ཀྱི་རྟེན་ཡོད་ན་དང༌། རྡུལ་ཚོན་གྱི་ཉིན་སྔ་མ་རྣམས། འདིར་ནི་རྟེན་དང་སོགས་ནས། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་མེ་ཏོག་ཐོར་བས་བརྟན་བཞུགས་བྱ། རྟེན་མེད་པ་དང་རྡུལ་ཚོན་གྱི་ཉིན་རྗེས་མ་ལ། ཨོཾ་ཁྱེད་ཀྱིས་སེམས་ཅན་སོགས་ནས་བཛྲ་མུཾཿས་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་དབྱིངས་སུ་གཤེགས་པར་བསམ། དྲུག་པ་བསྡུ་ལྡང་ནི། ཏིང་འཛིན་དམ་ཚིག་གི་དཀྱིལ་འཁོར། །སྣོད་བཅུད་མ་ལུས་གཞལ་ཡས་ཁང་ལ་ཐིམ། །དེ་ཉིད་འཁོར་དང་འཁོར་ཡང་གཙོ་བོར་ཐིམ། །གཙོ་བོ་མི་དམིགས་སྟོང་པའི་ངང་ཉིད་ལས། །སླར་ཡང་འཇའ་ཚོན་བཞིན་དུ་གསལ་བར་གྱུར། །ཅེས་འོད་གསལ་རྣམ་པར་མི་རྟོག་པའི་དབྱིངས་སུ་བསྡུ་ཞིང༌། སླར་ཡང་ཐུན་མཚམས་ཀྱི་ལྷར་ལྡང༌། བདུན་པ་སྨོན་ལམ་ནི། དགེ་བ་འདི་ཡིས་མཁའ་མཉམ་འགྲོ་ཀུན་གྱི། །སྒྲིབ་གཉིས་དེ་འབྲས་མ་ལུས་ཀུན་བྱང་ནས། །མ་ཧཱ་གུ་རུའི་གོ་འཕང་མངོན་གྱུར་ཏེ། །རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །བརྒྱད་པ་ཤིས་བརྗོད་ནི། ཆོས་སྐུ་སྣང་མཐའ་ལོངས་སྐུ་འཇིག་རྟེན་དབང༌། །སྤྲུལ་པའི་སྐུ་མཆོག་པདྨ་ཐོད་ཕྲེང་རྩལ། །སྐུ་གསུམ་དབྱེར་མེད་མཚོ་སྐྱེས་རྡོ་རྗེ་ཡི། །བཀྲ་ཤིས་ཕྱོགས་དུས་ཀུན་ཏུ་ཁྱབ་པར་ཤོག །ཅེས་སོགས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཇི་ལྟར་རིགས་པ་བརྗོད་ཅིང་མེ་ཏོག་གི་ཆར་སིལ་མར་བསྙིལ་བས་དགེ་ལེགས་སུ་བྱའོ། །ལྔ་པ་དབང་གི་རིམ་པ་ལ་གསུམ་སྟེ། དང་པོ་སྦྱོར་བ་ནི། གོང་གི་སྒྲུབ་རྫས་རྣམས་སུ་མ་འཐུས་པའི་སྒོས་ཆོས་འདི་ལྟར། སྒྲུབ་རྟེན་གྱི་མདུན་ངོས་སྟེགས་བུ་ཁེབས་ལྡན་གྱི་དབུས་སུ་མདུན་དཀྱིལ་མཎྜལ་ཚོམ་བུ་གཅིག་པའམ་པདྨ་འདབ་མ་བརྒྱད་ཀྱི་སྟེང་མཉྫིའི་ཁར་བུམ་པ་སོ་ལྔའི་བཅུད་ལྡན་ཁ་རྒྱན་དུ་སྐུ་ཙཀ་དང་མེ་ལོང་བཙུགས་པ། མདུན་དུ་བླ་མའི་སྐུ་འབག །གཡས་སུ་ཕྲེང་བ། གཡོན་དུ་མེ་ལོང༌། རྒྱབ་ཏུ་མདའ་དར། ཤར་ནས་བརྩམས་ཏེ་ཉེར་སྤྱོད་ཀྱི་མཆོད་པས་བསྐོར་ལ་བྱང་ཤར་མཚམས་འཛིན་སྟེང་དུ་དུང་ཆུ་བཞག །ལས་ཀྱི་བུམ་པ་དང༌། འབྱུང་གཏོར་ཏིང་ལོ་ཅན་བཅས་བྱའོ། །གཉིས་པ་སློབ་དཔོན་གྱི་བྱ་བ་ནི། བདག་མདུན་དབྱེར་མེད་ཀྱི་དགོངས་པས་གཞུང་བསྲངས་ཏེ་བཟླས་པ་ཇི་ལྟར་རིགས་པ་དང༌། བྱེ་བྲག་ཏུ། བུམ་པ་རང་བྱུང་གི་གཞལ་མེད་ཁང་དུ་བླ་མ་མཚོ་སྐྱེས་འཆི་མེད་རྡོ་རྗེའི་ལྷ་ཚོགས་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་ལྷག་པར་གསལ་བའི་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན་བབ་པས་སྣོད་ཡོངས་སུ་གང་བར་མོས་ལ། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཨཱ་ཡུརྫྙཱ་ན་སིདྡྷི་ཕ་ལ་ནྲྀ་བྷྲཱུྃ་ཧཱུྃ་ཛཿ ཨོཾ་ཨཱཿཧཱུྃ་མ་ཧཱ་སིདྡྷི་ཧཱུྃ་ཞེས་བཟླ། ལས་བུམ་དུ་རྟ་མགྲིན་གྱི་བསྐྱེད་བཟླས་ཀྱང་བྱ། མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་སྔགས་ཀྱིས་ལྷག་ཆད་བསྐང་ཞིང་ནུས་པ་བརྟན་པར་བྱས་ལ་སྟོང་ཚིག་མཆོད་བསྟོད་བྱས་མཐར། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས་བུམ་ལྷ་འོད་དུ་ཞུ། བུམ་ཆུ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་བསམ་མོ། །དེ་ནས་ཆོས་སྲུང་གི་གཏོར་བསྔོ་རྒྱས་བསྡུས་གང་རིགས་དང་ཚོགས་མཆོད་ལ་རོལ་པའི་བར་བཏང་ལ། བདག་འཇུག་གམ་རིག་པའི་མེ་ཏོག་དོར་ལ་སློབ་མ་གཞུག་པར་གནང་བར་ཞུ། གསུམ་པ་སློབ་མར་དབང་བསྐུར་བྱ་བ་ལ་སྔོན་དངོས་གཉིས་ལས། དང་པོ་སྔོན་འགྲོ་འཇུག་པའི་ཆོས་ནི། སློབ་མ་རྣམས། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ། བགེགས་གཏོར་བཏང༌། སྲུང་འཁོར་བསྒོམ། ཐུན་མོང་གི་མཚམས་སྦྱོར་ཅི་རིགས་དང༌། དེ་ལ་འདིར་བསྒྲུབ་བྱ་ཕྱོགས་དུས་སྐྱབས་གནས་རྒྱ་མཚོའི་ཡེ་ཤེས་ཀྱི་ཕུང་པོ་གཅིག་ཏུ་བསྡུས་པ། སྙིགས་མའི་གདུལ་བྱ་ཐམས་ཅད་ཀྱིས་གསོལ་བ་བཏབ་པ་ཙམ་གྱིས་བྱིན་རླབས་དངོས་གྲུབ་རྩོལ་མེད་དུ་སྩོལ་བ་ལ་ཐུགས་བསྐྱེད་སྨོན་ལམ་འགྲན་ཟླ་དང་བྲལ་བ་དེས་བསྐལ་ངན་དུས་ཀྱི་ཁུག་པ་གསོ་བའི་ཕྱིར་ཐུགས་སྒྲུབ་བྱེ་བ་ཕྲག་བརྒྱ་སོགས་ཟབ་གཏེར་གྱི་བསྟན་པ་བསམ་གྱིས་མི་ཁྱབ་པ་གཏེར་དུ་སྦས་པས་སྙིགས་མའི་གདུལ་བྱ་རྣམས་དབུགས་དབྱུང་བ་ལས། སྐབས་སུ་བབ་པ་འདི་ནི་དུས་གསུམ་ཀུན་མཁྱེན་ཨོ་རྒྱན་ཆེན་པོས་བསླུ་མེད་རྡོ་རྗེའི་ལུང་གིས་ཡང་ཡང་བསྔགས་ཤིང༌། འཇམ་པའི་དབྱངས་ཆོས་རྒྱལ་ཚངས་པ་ལྷ་ཡི་མེ་ཏོག་གི་འབྲས་བུ་མཐར་ཕྱིན་པའི་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རྣམ་འཕྲུལ་དུ་གདོད་ནས་གྲུབ་པ། གངས་ཅན་མགོན་པོ་རྒྱལ་བ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་ངག་གི་དབང་ཕྱུག་རྡོ་རྗེ་ཐོགས་མེད་རྩལ་གྱི་དག་པ་ཡེ་ཤེས་ཀྱི་སྣང་ངོར་ཤར་བའི་ཡང་གསང་རྒྱ་ཅན་གྱི་ཆོས་སྡེ་ཉི་ཤུ་རྩ་ལྔའི་བྱེ་བྲག་རྡོ་རྗེའི་རྒྱ་ཅན་ལས་མཚོ་སྐྱེས་འཆི་མེད་རྡོ་རྗེའི་དབང་བསྐུར་གསན་པའི་ཆེད་དུ་མཎྜལ་ཕུལ། སློབ་དཔོན་མཚོ་སྐྱེས་འཆི་མེད་རྡོ་རྗེ་དངོས་སུ་མོས་ལ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱཻ། བླ་མ་སྐུ་གསུམ་རིགས་འདུས་ཀྱི། །དབང་བསྐུར་དམ་པ་བསྩལ་ནས་ནི། །བདག་ཅག་དུས་མིན་འཆི་བ་ཡི། །འཇིགས་པའི་ཚོགས་ལས་སྐྱོབ་ཏུ་གསོལ། །ལན་གསུམ། རྒྱུད་སྦྱང་བའི་སླད་དུ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་མཚོ་སྐྱེས་འཆི་མེད་རྡོ་རྗེ་ཐ་མི་དད་པ་ལ་རྩ་གསུམ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་འདི་ཡི་རྗེས་ཟློས་མཛོད། ན་མོ། ཆོས་སྐུ་སྣང་བ་སོགས་ལན་གསུམ། མཁའ་ཁྱབ་ཀྱི་སེམས་ཅན་སྲིད་ཞིའི་འཇིགས་པ་ལས་བསྐྱབས་ཏེ་མཚོ་སྐྱེས་འཆི་མེད་རྡོ་རྗེའི་གོ་འཕང་ལ་འགོད་པའི་ཆེད་གུ་རུའི་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་དོན་གཉིས་དབྱེར་མེད་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། བདག་གིས་མཁའ་མཉམ་སོགས་ལན་གསུམ། རྒྱུད་ཡོངས་སུ་དག་པའི་སླད་དུ་བསགས་སྦྱང་གི་སྙིང་པོ་ཡན་ལག་བཅུ་པ་འདིའི་རྗེས་ཟློས་མཛོད། བླ་མ་ཡི་དམ་མཁའ་འགྲོ་སོགས་ལན་གསུམ་བྱ། དེ་ནས་དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། ཨོཾ་མ་ཧཱ་ཤཱུ་ནྱ་ཏས་སྟོང་པར་སྦྱང་ལ། ཆོས་དབྱིངས་ངང་ལས་སྣང་བ་ཐུགས་རྗེ་ཆེ་སོགས་ལས་བྱང་ལྟར། ཡབ་ཡུམ་འཁོར་དུ་དཔའ་བོ་མཁའ་འགྲོས་བསྐོར། ཞེས་པའི་བར་དང༌། དེ་ལྟར་གསལ་བའི་ལྷ་ཚོགས་རྣམས་ཀྱི་གནས་གསུམ་གྱི་ཡི་གེའི་འོད་ཟེར་དང༌། སློབ་དཔོན་དཀྱིལ་འཁོར་གྱི་ལྷར་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་ཏེ་བདེ་བ་ཆེན་པོའི་ཉམས་མཆོག་ཏུ་འབར་བའི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའི་ཚོགས་ནམ་མཁའ་གང་བར་སྤྱན་དྲངས་སིབ་སིབ་ཏུ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་མཛོད། སྤོས་རོལ་གདུངས་བའི་དབྱངས་དང་བཅས་མདའ་དར་གཡབ་སྟེ། ཧཱུྃ་ཧྲཱིཿ སྐུ་གསུམ་ཡོངས་རྫོགས་མཚོ་སྐྱེས་རྡོ་རྗེ་ཡིས། །གསང་བའི་དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ། །འཆི་མེད་བསྒྲུབ་པའི་རྫས་ལ་བཀྲག་མདངས་ཕྱུངས། །དབང་ཆེན་དབང་བསྐུར་དབང་དང་དངོས་གྲུབ་སྩོལ། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཨཱ་ཡུརྫྙཱ་ན་སིདྡྷི་ཕ་ལ་ཨ་ཝེ་ཤ་ཡ་ཨ་ཨཿ ཞེས་པས་བྱིན་དབབ། རྡོ་རྗེ་སྤྱི་བོར་བཞག་ལ། ཏིཥྛ་བཛྲས་བརྟན་པར་བྱ། གཉིས་པ་དངོས་གཞི་དབང་བསྐུར་བ་དངོས་ནི། བླ་མ་མཚོ་སྐྱེས་འཆི་མེད་རྡོ་རྗེའི་རྡོ་རྗེ་བཞིའི་བྱིན་རླབས་ཀྱི་དབང་རྫོགས་པར་བསྐུར་བ་ལ། ཐོག་མར་རྡོ་རྗེའི་སྐུ་ཡི་བྱིན་གྱིས་བརླབ་པའི་ཆེད་དུ། སྐུ་འབག་འདི་ཉིད་གུ་རུ་རིན་པོ་ཆེ་མཚོ་སྐྱེས་འཆི་མེད་རྡོ་རྗེར་དངོས་སུ་གྱུར་པ་སྤྱི་བོར་བཞག་པས། སྣང་སྟོང་སྐུ་རྡོ་རྗེས་ལུས་སྤྲུལ་སྐུར་བྱིན་གྱིས་བརླབས་ནས་ཐ་མལ་སྣང་ཞེན་གྱི་དྲི་མ་སྦྱངས། གསལ་སྟོང་འགག་མེད་རྡོ་རྗེའི་སྐུ་དང་དབྱེར་མེད་དུ་བྱིན་གྱིས་བརླབས་པར་མོས། སྐུ་འབག་སྤྱི་བོར་བཞག་སྟེ། ཧྲཱིཿ སྐུ་གསུམ་རིགས་འདུས་མཚོ་སྐྱེས་རྡོ་རྗེ་ཡི། །མཚན་བཟང་སྐུ་ཡི་བྱིན་རླབས་མ་ལུས་པ། །དུས་འདིར་སྐལ་ལྡན་བུ་ལ་བསྩལ་ནས་ཀྱང༌། །འགྱུར་མེད་སྐུ་ཡི་ཚེ་དབང་ཐོབ་པར་ཤོག །གོང་གི་སྔགས་ཤམ་དུ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། རྡོ་རྗེའི་གསུང་གི་བྱིན་གྱིས་བརླབ་པའི་སླད་དུ་མདུན་བསྐྱེད་ཀྱི་ཐུགས་ཀར་ཉི་ཟླའི་སྟེང་དུ་ཐུགས་སྲོག་ཧྲཱིཿཡིག་གི་མཐར་རྡོ་རྗེའི་སྔགས་ཀྱི་ཕྲེང་བ་འཁོད་པ་ལས་བྱུང་བའི་སྔགས་རྣམས་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་གར་ཉི་ཟླའི་སྟེང་དུ་ཧྲཱིཿཡིག་གསལ་བའི་མཐར་འཁོད་པས་གྲགས་སྟོང་གསུང་རྡོ་རྗེས་ངག་ལོངས་སྤྱོད་རྫོགས་སྐུར་བྱིན་གྱིས་བརླབས། ཐ་མལ་གྱི་བརྗོད་པའི་ཞེན་པ་སྦྱངས། གྲགས་སྟོང་འགག་མེད་རྡོ་རྗེའི་གསུང་དང་དབྱེར་མེད་དུ་བྱིན་གྱིས་བརླབས་པའི་མོས་པ་དང་བཅས་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཨཱ་ཡུརྫྙཱ་ན་སོགས། ལན་གསུམ་བྱ། བྱིན་རླབས་བརྟན་པའི་ཕྱིར་ཕྲེང་བ་སྔགས་ཀྱི་རྣམ་པ་མགྲིན་པར་བཞག་སྟེ། སྐུ་གསུམ་རིགས་འདུས་མཚོ་སྐྱེས་རྡོ་རྗེ་ཡི། །ཚངས་དབྱངས་གསུང་གི་བྱིན་རླབས་མ་ལུས་པ། །དུས་འདིར་སྐལ་ལྡན་བུ་ལ་བསྩལ་ནས་ཀྱང༌། །འགག་མེད་གསུང་གི་ཚེ་དབང་ཐོབ་པར་ཤོག །གོང་གི་སྔགས་ཤམ་དུ། ཝཱཀ྄་ཨ་བྷི་ཥིཉྩ་ཨཱཿ རྡོ་རྗེའི་ཐུགས་ཡེ་ཤེས་ཀྱི་དགོངས་པས་བྱིན་གྱིས་བརླབ་པའི་སླད་དུ་བདེ་སྟོང་ཡེ་ཤེས་ཀྱི་དེ་ཉིད་བརྡ་ཡིས་མཚོན་པ་མེ་ལོང་དྭངས་གསལ་སྙིང་གར་བཞག་པས། བདེ་སྟོང་ཐུགས་རྡོ་རྗེས་ཡིད་ཆོས་སྐུར་བྱིན་གྱིས་བརླབས། ཐ་མལ་གཉིས་སྣང་གི་འཁྲུལ་རྟོག་སྦྱངས། བདེ་སྟོང་ཐུགས་རྡོ་རྗེའི་དགོངས་པ་མངོན་གྱུར་དུ་བྱིན་གྱིས་བརླབས་པར་མོས་མཛོད། སྐུ་གསུམ་རིགས་འདུས་མཚོ་སྐྱེས་རྡོ་རྗེ་ཡི། །བདེ་སྟོང་ཐུགས་ཀྱི་བྱིན་རླབས་མ་ལུས་པ། །དུས་འདིར་སྐལ་ལྡན་བུ་ལ་བསྩལ་ནས་ཀྱང༌། །འཁྲུལ་མེད་ཐུགས་ཀྱི་ཚེ་དབང་ཐོབ་པར་ཤོག །སྔགས་ཤམ་དུ། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། དབྱེར་མེད་ཡེ་ཤེས་རྡོ་རྗེས་བྱིན་གྱིས་བརླབ་པའི་སླད་དུ། སྐུ་གསུམ་དབྱེར་མེད་བླ་མ་མཚོ་སྐྱེས་འཆི་མེད་རྡོ་རྗེའི་ཡེ་ཤེས་རྡོ་རྗེའི་ངོ་བོ་སྣོད་བཅུད་ཡོངས་རྫོགས་བུམ་པས་དབང་བསྐུར་བས། སྒོ་གསུམ་ཡེ་ཤེས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས། ཡེ་ཤེས་རྡོ་རྗེའི་གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོ་དང་གཉིས་སུ་མེད་པར་བྱིན་གྱིས་བརླབས་པའི་མོས་པ་མཛོད། བུམ་པ་སྤྱི་བོར་བཞག་ལ། ཨོཾ། རིན་ཆེན་བུམ་པ་ཟླུམ་པོ་གཞལ་ཡས་ཁང༌། །སྐུ་གསུམ་ལྷ་ཚོགས་འཆི་མེད་བདུད་རྩིའི་རྒྱུན། །ཉོན་མོངས་གཉིས་འཛིན་དྲི་མ་ཀུན་དག་ནས། །འཆི་མེད་ཡེ་ཤེས་ཚེ་ཡི་དབང་ཐོབ་ཤོག །གོང་གི་སྔགས་མཇུག་ཏུ། ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱིཿ ཞེས་དབང་བསྐུར་བས་འཆི་མེད་བདུད་རྩིས་ལུས་གང་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར་བའི་སྟེང་དུ་རྟ་མགྲིན་དམར་པོ་གཡས་བེ་ཅོན་དང་གཡོན་སྡིགས་མཛུབ་མཛད་པའི་སྐུ་ལས་རྡོ་རྗེ་དང་མེ་ཡི་ཚྭ་ཚྭ་འཕྲོས་པས་སློབ་མའི་ལུས་བསྲུང་བར་བསམ་སྟེ་ཚེ་མདའ་སྤྱི་བོར་རྒྱ་གྲམ་དུ་བཞག་ཅིང༌། ཧྲཱིཿ །ཡེ་ཤེས་རྡོ་རྗེ་འབར་བའི་སྐུ། །དུས་མཐའི་མེ་ཡི་ཚྭ་ཚྭ་ཡིས། །གདོན་བགེགས་འབྱུང་པོས་གླགས་བལྟ་བའི། །གོ་སྐབས་དང་བྲལ་བསྲུང་བར་གྱུར། །ཧྲཱིཿཧྱ་གྲཱྀ་ཝ་རཀྵ་རཀྵ། ཞེས་བརྗོད། དགེ་ལེགས་སུ་བྱ་བའི་ཕྱིར་ཤིས་པ་བརྗོད་པས་མངའ་གསོལ་བར་མོས་ཤིག །འཆི་མེད་ཚེ་ཡི་དཔལ་ལ་སོགས་བརྗོད། དེ་དག་གིས་མཚོ་སྐྱེས་འཆི་མེད་རྡོ་རྗེའི་བྱིན་རླབས་དབང་བསྐུར་ལེགས་པར་གྲུབ་པས་དམ་ཚིག་ཁས་བླང་བ་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་དང༌། མཎྜལ། ལུས་འབུལ། དགེ་བསྔོ་རྣམས་བྱས་ལ་སློབ་མ་གྲོལ། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་བཏང་བ་ནས་བརྩམས་ལས་བྱང་མཐར་དབྱུང་བས་གྲུབ་བོ། །འགྱུརྃ་མེདྃ་དག་ཆེན་ནོར་བུའི་མེ་ལོང་ངོགས། །ཆོས་རྒྱུན་ཏིང་འཛིན་གཟུགས་བརྒྱ་བཀྲ་བས་ཤིས། །རྨད་བྱུང་ཐེགྃ་མཆོྃག་ཆོས་ཀྱི་བསྟནྃ་པའིྃ་རྒྱན། །གྲུབ་གཉིས་རྒྱལྃ་མཚྃན་མཛེས་པའི་དཔལ་འདི་རྨད། །ཐུགས་སྒྲུབ་མཚོ་སྐྱེས་འཆི་མེད་རྡོ་རྗེའི་སྒྲུབ་ཐབས་དང་དབང་གི་ལེའུ་ཚན་ནོ།། །།
[edit]

@#/_rdo rje'i rgya can las/_mtsho skyes 'chi med rdo rje'i sgrub phrin dbang chog dang bcas pa 'jug bder bkod pa byin rlabs bdud rtsi'i 'dzum dkar bzhugs/


@#/_bde stong ye shes gcig gi rol pa las/_/mtha' yas sgyu 'phrul drwa ba'i bkod pa ches/_/phyogs dus zhing kun khyab pa'i mgon po der/_/btud nas de sgrub thabs kyi lam bzang dbye/_/'di la lnga ste/_sbyor ba dang sngon 'gro/_dngos gzhi/_rjes rim/_dbang bskur ro/_/dang po sbyor ba ni/_gnas yid dang mthun par rtsa ba gsum gyi rten bkram pa'i spyan sngar bla ma'i gtor ma/_bka' srung dang brtan ma'i gtor ma/_de'i g.yas g.yon du sman raka_/mdun du nyer spyod kyi mchod pa phreng tshar/_tshogs/_dkar bgegs dang*/_slob dpon gyi mdun du nang mchod/_rdor dril/_DA ma ru gul yungs/_'thor gnas sogs 'du bya'o/__/gnyis pa sngon 'gro la drug las dang po skyabs 'gro ni/_bla ma mtsho skyes 'chi med rdo rje'i dkyil 'khor mkha' khyab tu sad par gyur/_na mo/_chos sku snang ba mtha' yas tshe yi bdag_/longs sku thugs rje'i mnga' bdag spyan ras gzigs/_/'gro 'dul pad+ma 'byung gnas sprul pa'i sku/_/sku gsum gdod ma'i lha la skyabs su mchi/_/lan gsum/_gnyis pa sems bskyed ni/_bdag gis mkha' mnyam 'gro ba'i don slad du/_/sku gsum gdod ma'i lha tshogs bsgrubs nas ni/_/'gro kun 'chi bdag 'jigs pa las bsgral te/_/snying po bla med sa la 'god par bgyi/_/lan gsum brjod/_gsum pa tshogs bsags pa ni/_bla ma yi dam mkha' 'gro gshegs/_/nyi zla pad+ma'i gdan la bzhugs/_/lus ngag yid gsum gus phyag 'tshal/_/phyi nang gsang ba'i mchod pa 'bul/_/nyams chag sdig sgrib thams cad bshags/_/gsang sngags bsgrubs la rjes yi rang*/_/smin grol gsang sngags chos 'khor bskor/_/mya ngan mi 'da' gsol ba 'debs/_/snying po sems can don du bsngo/_/yang dag rdo rje'i don rtogs shog_/dzaHhU~M baM hoHsa tshogs zhing rnams rang la thim par bsam/__bzhi pa sdon gtor gtong zhing mtshams bcad pa la/_thog mar mtshams lha bskyed pa ni/_hrIH_bdag nyid rta mchog rol pa dmar nag mdog_/zhal gcig phyag gnyis pad sdong thod pa 'dzin/_/dbu gtsug rta skad 'tsher zhing dur khrod kyi/_/chas spras me dpung 'bar bas bgegs rnams bsregs/_/oM badz+ra kro d+ha h+ya gr-I wa hu lu hu lu hU~M phaT/_ces nga rgyal bzung la/_gtor ma dkar dmar gnyis/_ra~M ya~M kha~M gis bsang*/_swa b+hA bas sbyang*/_stong pa'i ngang las b+h+rU~M las rin po che'i snod zab cing rgya che ba'i nang du gtor ma kha dog dri ro nus pa phun sum tshogs pa bdud rtsi'i rgya mtsho chen por gyur par bsam la/_oM AHhU~M lan gsum gyis brlabs/_oM b+hU mi pa ti sa pa ri wA ra badz+ra sa mA dzaHsa mgron dgug_/rdo rje thal mo kha gyen du phye zhing se gol gtogs pa dang bcas/_b+hU mi pa ti sa pa ri wA ra oM a kA ro sogs lan gsum gyis bsngos la/_sa bdag lha klu 'khor dang bcas/_/mchod sbyin gtor ma 'di bzhes la/_/bdag gis sgrub pa ma thon bar/_/khyed la gnas 'di bdag g.yar gyis/_/gnang ba legs par bstsal nas kyang*/_/ci bde bar ni gzhan du songs/_/zhes phrin las gsol la/_b+hU mi pa ti sa pa ri wA ra gats+tshas rang gnas su gshegs par bsam/_gtor ma gnyis pa/_oM sarba big+h+nAn na maHsarba ta thA ga te b+h+yo bi shwa mu khe b+h+yaHsarba thA khaM utag te s+pha ra Na hi maM ga ga na khaM gr-ih+Ne daM ba l+ya di swA hA/_zhes lan gsum gyis bsngos la/_hrIH_gnyis 'dzin snang ba'i log 'dren 'byung po'i tshogs/_/'di ru ma gnas rang rang so sor dengs/_/gal te mi 'gro khro tshogs 'bar ba yis/_/brlag 'gyur chos sku gsang ba'i ye mtshams bcad/_/hrIHphaTaH_lnga pa byin rlabs ni/_'chi med rig 'dzin dkyil 'khor sgrub pa'i rdzas/_/phyi nang gsang ba'i rang byung mchod pa rnams/_/ma dag log 'khrul nyes pa'i tshogs rnams kun/_/ye shes 'bru gsum sbyangs shing byin gyis brlabs/_ra~M ya~M kha~MH_oM AHhU~M/_drug pa byin 'bebs ni/_hU~M hrIH_sku gsum yongs rdzogs mtsho skyes rdo rje yis/_/gsang ba'i dkyil 'khor 'di la byin chen phob/_/'chi med bsgrub pa'i rdzas la bkrag mdangs phyungs/_/dbang chen dbang bskur dbang dang dngos grub stsol/_/oM AHhU~M hrIHbadz+ra gu ru A yur+dz+nyA na sid+d+hi pha la A be sha ya a aH_zhes dbab bo/__/gsum pa dngos gzhi la gsum las/_dang po lha bskyed pa ni/_chos dbyings ngang las snang ba thugs rje che/_/rang rig hrIHlas snod bcud dag pa'i dbyings/_/sin+d+hu'i mtsho dbus pad sdong nyi zla'i steng*/_/mtsho skyes rdo rje zhal gcig phyag gnyis pa/_/bcu drug nyams can dkar dmar mdangs ldan gtsug_/rta mgo ljang khur rigs bdag 'od kyi thig_/phyag gnyis rdo rje rtse lnga tshe bum bsnams/_/tsaN+Da li yum dkar dmar mdangs ldan pa/_/tshe mda' bum 'dzin yab kyi sku la 'khril/_/rin chen rus rgyan dar zab me tog phreng*/_/gnyis ka'i zur spras lnga ldan 'od klong bzhugs/_/yab kyi gnas gsum yig 'bru gsum dang ldan/_/nyi zlar srog yig yum gyi thugs kar bskor/_/dung khang zla dkyil longs sku spyan ras gzigs/_/snying dbus nyi zlar sprul sku pad+ma 'byung*/_/yab yum 'khor du dpa' bo mkha' 'gros bskor/_/gnyis pa spyan 'dren mchod bstod rnams ni/_rgyas par spro na lnga las/_dang po ni/_hU~M/_/sngon gyi bskal pa'i dang po la:_o rgyan yul gyi nub byang mtshams:_pad+ma ge sar sdong po la:_ya mtshan mchog gi dngos grub brnyes:_pad+ma 'byung gnas zhes su grags:_'khor du mkha' 'gro mang pos bskor:_khyed kyi rjes su bdag sgrub kyis:_byin gyis rlob phyir gshegs su gsol:_gnas mchog 'di ru byin phob la:_sgrub mchog bdag la dbang bzhi skur:_bgegs dang log 'dren bar chad sol:_mchog dang thun mong dngos grub stsol:_oM AHhU~M hrIHbadz+ra gu ru A yur+dz+nyA na sa pa ri wA ra sa mA dzaH_zhes pas drangs/_gnyis pa ni/_hU~M/_yid 'phrog rin chen pho brang dbus/_/pad+ma nyi zla'i gdan steng du/_/mtsho skyes 'chi med lha tshogs rnams/_/dgyes shing brtan par bzhugs su gsol/_oM AHhU~M hrIHbadz+ra gu ru a yur+dz+nyA na sa pa ri wA ra sa ma ya tiSh+Tha lhan/_gsum pa ni/_phrin las kun rdzogs thod phreng rtsal/_/gang 'dul skur bstan sku gsum lha/_/dpa' bo mkha' 'gro srung ma la/_/lus ngag yid gsum gus phyag 'tshal/_/a ti pU hoH_pra tIts+tsha hoH_bzhi pa mchod pa ni/_hrIH_kun 'dus bla ma'i dkyil 'khor la/_/mchod yon zhabs bsil me tog spos/_/mar me dri chab zhal zas sgra/_/sman raka gtor gsum sbyor sgrol sogs/_/phyi nang gsang ba'i mchod pa 'bul/_/sku gsung thugs kyi dngos grub stsol/_/oM AHhU~M hrIHbadz+ra gu ru A yur+dz+nyA na sa pa ri wA ra ar+g+haM nas shap+ta pra tIts+tsha swA hA/_ma hA pany+tsa a mr-i ta ba liM ta ma hA rak+ta ma hA su kha pU dza hoH_lnga pa bstod pa ni/_hrIH_ma bcos spros bral bla ma chos kyi sku/_/bde chen longs spyod bla ma chos kyi rje/_/pad sdong las 'khrungs bla ma sprul pa'i sku/_/sku gsum rdo rje 'chang la phyag 'tshal bstod/_/bsdu na rang gzhung gi spyan 'dren mchod bstod ni/_hrIH_rang bzhin rnam par dag pa'i zhing khams nas/_/sku gsum yongs rdzogs mtsho skyes rdo rje'i lha/_/'dir gshegs bdag dang dbyer med brtan par bzhugs/_/gnyis med rang rig ngo bor gus phyag 'tshal/_/phyi nang gsang ba'i mchod pa rgya mtshos mchod/_/sku gsung thugs kyi dngos grub bstsal du gsol/_/gsum pa bzlas pa ni/_rang byung rnam dag gzhal yas 'dir/_/mtsho skyes 'chi med rdo rje rje/_/sna tshogs sku dang cha lugs la/_/thugs srog dzapa? kyi rang sgra sgrog_/mi 'gyur thugs las 'od zer 'phros/_/phar 'phros sems can don rnams rdzogs/_/tshur 'dus dngos grub bcud kun 'dus/_/rtags mthong bar du rgyun mi gcod/_/ces pa'i dgongs pa srog tu bzung la/_oM AHhU~M hrIHbadz+ra gu ru A yur+dz+nyA na sid+d+hi pha la nr-i b+h+rU~M hU~M dzaH_zhes bzla/_mthar dbyangs gsal dang yig brgya rten snying sngags kyis lhag chad bskang zhing nus pa brtan par bya/_thun mtshams su/_ye shes lha tshogs spyan 'dren gshegs/_/phyi nang gsang ba'i mchod pa 'bul/_/sku gsung thugs yon phrin las bstod/_/bag med 'gal 'khrul nyams chag bshags/_/ma hA a mr-i ta ba liM ta rak+ta khA hi/_zhes mchod bstod bya'o/__/bar 'dir chos srung gtor bsngo rgyas bsdus gang rigs gtang ngo*/_/bzhi pa rjes rim la tshogs mchod dang rjes rim dngos gnyis kyi dang po la bdun las/_dang po tshogs mchod kyi yo byad rlob pa ni/_dam rdzas su 'os pa'i yo byad rnams la bsang chu dang nang mchod bran la/_oM sarba dra byaM saM sho d+ha ni hU~M phaT/_kyis bsang*/_ra~M ya~M kha~M/_tshogs rdzas kyi dngos 'dzin ye shes kyi me rlung chus bsregs gtor sbyangs te stong par gyur/_stong pa'i ngang las tshogs gzhong b+han+d+ha 'bar ba'i tshogs rdzas ye shes kyi bdud rtsi 'dod yon gyi sprin 'phro bar bsams la/_oM AHhU~M hrIHsa byin gyis brlabs/_gnyis pa spyan 'dren pa ni/_rang bzhin rnam dag gzhal yas nas/_/mtsho skyes 'chi med rdo rje dang*/_/rtsa gsum rgyal ba 'khor dang bcas/_/tshogs la spyan 'dren gshegs su gsol/_/oM ma hA gu ru sa pa ri wA ra e h+ye hi/_zhes pas tshogs zhing mkha' khyab tu sad pa'i spyan sngar/_gsum pa mchod pa ni/_/gzugs sgra dri ro reg bya chos/_/kun tu bzang po'i mchod pa'i sprin/_/nam mkha' mdzod kyi sgo phyes te/_/'bul gyis bzhes la dngos grub stsol/_/ma hA gu ru ga Na tsakra pU dza khA hi/_bzhi pa bshags pa ni/_ma rig las dang nyon mongs kyis/_/rtsa ba yan lag dam tshig gi_/nongs par gyur pa'i nyes pa kun/_/gnong 'gyod sems kyis mthol zhing bshags/_/yig ge brgya pa brjod/_lnga pa bsgral bstab ni/_rang nyid dbang chen khro bo'i skur gyur par bsam la/_dmigs bya bskyed bstim rgyas par bya ba'am bsdu na/_e nr-i tri dzaH_zhes pas tshogs snod lcags khang gru gsum gyi nang du dmigs rten bsgral bya dngos su gsal zhing*/_dzaHhU~M baM hoHsa dgug bcing bsdams nas myos par byas la/_sku stod dbang chen khros pa'i gzugs/_/sku smad gnam lcags phur bu'i dbal/_/dgra bgegs log 'dren dam sri yi/_/snying la btab bo mA ra ya/_/sha khrag rus phung rdul du rlog_/oM badz+ra kro ta h+ya gr-I wa gnod byed dgra bgegs sha trUM mA ra ya rbad/_ces phur bus bsgral la sha khrag bdud rtsi'i ngo bo 'dod yon gyi rnam pa thams cad par 'char ba'i rang bzhin du gyur pa nyid/_oM ma hA gu ru sa pa ri wA ra ma hA mAM sa rak+ta keM ni ri ti khA hi/_zhes bstab/_spro na skabs 'dir rtsa gsum spyi skong sogs ji ltar rigs pa gtong*/_drug pa rol zhing smon lam gdab pa ni/_tshogs rdzas rnams brda'i 'bul len spyi ltar sngon du 'gro bas rang nyid gu ru'i skur gsal la/_nang gi sbyin sreg gi tshul du tshim par rol pa'i mthar/_ma hA gu ru'i dkyil 'khor du/_/tshogs kyi 'khor los mchod pa yis/_/bdag gzhan 'gro ba ma lus pa/_/dkyil 'khor gcig tu 'grub par shog_/ces smon lam gdab/_bdun pa lhag ma gtong ba ni/_lhag ma rnams bsdus la bdud rtsis bsang zhing*/_pany+tsa a mr-i ta hU~M ha ho hrIHsa lhag ma'i dam tshig 'dod yon gyi phung po zad mi shes pas nam mkha' gang bar bsam la/_e a ral+li hrIM hrIM pheM pheM zhes pas lhag ma'i dam tshig la gnas pa'i mgron rnams sprin ltar gtibs pa bzhin byon par bsam la/_/hrIH_ma hA gu ru'i bka' 'khor na/_/dam pa'i chos kyi srung ma rnams/_/lha chen brgyad dang klu chen brgyad/_/gza' chen brgyad dang gnod sbyin brgyad/_/rgyal chen bzhi dang phyogs skyong bcu/_/rgyu skar nyi shu rtsa brgyad dang*/_/ha ri ka dang pany+tsi ka_/'phrog ma ma bur bcas pa dang*/_/dpal ldan mgon po lcam dral dang*/_/lha dang lha min mi'am ci/_/dri za gnod sbyin 'byung po dang*/_/lha srin sde brgyad thams cad la/_/mchod sbyin gtor ma 'di bsngos pas/_/ci 'dod phun sum tshogs par shog_/ji ltar nus pa'i phrin las mdzod/_/ba liM ta pU dza ho/_zhes bsngo/_gnyis pa rjes rim dngos la brgyad las/_dang po gtor ma skyong ba ni/_srung ma'i gtor ma 'bul zhing*/_spro na chad tho rigs mthun spyi ltar bsgrag_/brtan ma'i gtor ma/_oM AHhU~M gis byin gyis brlabs la/_hU~M/_a su ra yi brag phug tu/_/o rgyan pad+ma 'byung gnas kyi/_/spyan sngar khas blangs dam bcas pa'i/_/bod yul brtan ma bcu gnyis dang*/_/phyi gtor dbang bar khas blangs rnams/_/mchod sbyin gtor ma 'di longs la/_/bdud dpung thul la zhing bcu sgrol/_/dal kha chings la 'bru phyugs spel/_/dmag dpung choms la mtshon rtse rtul/_/bcol ba'i dam tshig dran par mdzod/_/gnyis pa dngos grub blang ba ni/_sgrub pa sogs kyi skabs/_dkyil 'khor gyi lha tshogs rnams kyi gnas gsum nas 'od zer dkar dmar mthing gsum 'phros pa rang gi gnas gsum du thim pas sku gsung thugs kyi dngos grub thob par mos la/_hrIH_skye med chos dbyings pho brang nas/_/thugs rje 'gag med dkyil 'khor lha/_/mnyam nyid dbyings nas skur bzhengs la/_/sku gsum yongs rdzogs dngos grub stsol/_zhes bskul la/_oM AHhU~M hrIHbadz+ra gu ru A yur+dz+nyA na sid+d+hi pha la nr-i b+h+rU~M hU~M dzaH_oM AHhU~M ma hA sid+d+hi hU~M zhes brjod pa dang*/_lhan cig sgrub rdzas gnas gsum du gtugs shing myong*/_gsum pa gtang rag gi mchod bstod ni/_oM AHhU~M hrIHbadz+ra gu ru A yur+dz+nyA na sa pa ri wA ra puSh+pe nas shap+ta pU dza hoH_zhes dang*/_oM ma hA pany+tsa a mr-i ta rak+ta ba liM ta kha raM khA hi zhes pas mchod/_hrIH_ma bcos spros bral bla ma chos kyi sku/_/bde chen longs spyod bla ma chos kyi rje/_/pad sdong las 'khrungs bla ma sprul pa'i sku/_/sku gsum rdo rje 'chang la phyag 'tshal bstod/_/ces bstod/_bzhi pa nongs bshags ni/_ma rnyed yongs su ma tshang dang*/_/gang yang nus pa ma mchis pas/_/'dir ni bgyis pa gang nongs pa/_/de kun khyed kyis bzod mdzad rigs/_/zhes dang*/_yi ge brgya pas nongs pa bshags/_lnga pa brtan bzhugs gshegs gsol ni/_mdun bskyed ras bris sogs kyi rten yod na dang*/_rdul tshon gyi nyin snga ma rnams/_'dir ni rten dang sogs nas/_oM su pra tiSh+Tha badz+ra ye swA hA/_zhes me tog thor bas brtan bzhugs bya/_rten med pa dang rdul tshon gyi nyin rjes ma la/_oM khyed kyis sems can sogs nas badz+ra muMHsa rang bzhin ye shes kyi dkyil 'khor dbyings su gshegs par bsam/_drug pa bsdu ldang ni/_ting 'dzin dam tshig gi dkyil 'khor/_/snod bcud ma lus gzhal yas khang la thim/_/de nyid 'khor dang 'khor yang gtso bor thim/_/gtso bo mi dmigs stong pa'i ngang nyid las/_/slar yang 'ja' tshon bzhin du gsal bar gyur/_/ces 'od gsal rnam par mi rtog pa'i dbyings su bsdu zhing*/_slar yang thun mtshams kyi lhar ldang*/_bdun pa smon lam ni/_dge ba 'di yis mkha' mnyam 'gro kun gyi/_/sgrib gnyis de 'bras ma lus kun byang nas/_/ma hA gu ru'i go 'phang mngon gyur te/_/rang gzhan don gnyis lhun gyis 'grub par shog_/brgyad pa shis brjod ni/_chos sku snang mtha' longs sku 'jig rten dbang*/_/sprul pa'i sku mchog pad+ma thod phreng rtsal/_/sku gsum dbyer med mtsho skyes rdo rje yi/_/bkra shis phyogs dus kun tu khyab par shog_/ces sogs bkra shis kyi tshigs su bcad pa ji ltar rigs pa brjod cing me tog gi char sil mar bsnyil bas dge legs su bya'o/__/lnga pa dbang gi rim pa la gsum ste/_dang po sbyor ba ni/_gong gi sgrub rdzas rnams su ma 'thus pa'i sgos chos 'di ltar/_sgrub rten gyi mdun ngos stegs bu khebs ldan gyi dbus su mdun dkyil maN+Dal tshom bu gcig pa'am pad+ma 'dab ma brgyad kyi steng many+dzi'i khar bum pa so lnga'i bcud ldan kha rgyan du sku tsaka dang me long btsugs pa/_mdun du bla ma'i sku 'bag_/g.yas su phreng ba/_g.yon du me long*/_rgyab tu mda' dar/_shar nas brtsams te nyer spyod kyi mchod pas bskor la byang shar mtshams 'dzin steng du dung chu bzhag_/las kyi bum pa dang*/_'byung gtor ting lo can bcas bya'o/_/gnyis pa slob dpon gyi bya ba ni/_bdag mdun dbyer med kyi dgongs pas gzhung bsrangs te bzlas pa ji ltar rigs pa dang*/_bye brag tu/_bum pa rang byung gi gzhal med khang du bla ma mtsho skyes 'chi med rdo rje'i lha tshogs rnams dwangs pa'i mtsho la gza' skar shar ba bzhin lhag par gsal ba'i sku las byang sems bdud rtsi'i rgyun bab pas snod yongs su gang bar mos la/_oM AHhU~M hrIHbadz+ra gu ru A yur+dz+nyA na sid+d+hi pha la nr-i b+h+rU~M hU~M dzaH_oM AHhU~M ma hA sid+d+hi hU~M zhes bzla/_las bum du rta mgrin gyi bskyed bzlas kyang bya/_mthar dbyangs gsal yig brgya rten snying sngags kyis lhag chad bskang zhing nus pa brtan par byas la stong tshig mchod bstod byas mthar/_oM AHhU~M gis mchod yon phul bas bum lha 'od du zhu/_bum chu 'chi med ye shes kyi bdud rtsir gyur par bsam mo/__/de nas chos srung gi gtor bsngo rgyas bsdus gang rigs dang tshogs mchod la rol pa'i bar btang la/_bdag 'jug gam rig pa'i me tog dor la slob ma gzhug par gnang bar zhu/_gsum pa slob mar dbang bskur bya ba la sngon dngos gnyis las/_dang po sngon 'gro 'jug pa'i chos ni/_slob ma rnams/_ji ltar bltams pa sogs kyis khrus bya/_bgegs gtor btang*/_srung 'khor bsgom/_thun mong gi mtshams sbyor ci rigs dang*/_de la 'dir bsgrub bya phyogs dus skyabs gnas rgya mtsho'i ye shes kyi phung po gcig tu bsdus pa/_snyigs ma'i gdul bya thams cad kyis gsol ba btab pa tsam gyis byin rlabs dngos grub rtsol med du stsol ba la thugs bskyed smon lam 'gran zla dang bral ba des bskal ngan dus kyi khug pa gso ba'i phyir thugs sgrub bye ba phrag brgya sogs zab gter gyi bstan pa bsam gyis mi khyab pa gter du sbas pas snyigs ma'i gdul bya rnams dbugs dbyung ba las/_skabs su bab pa 'di ni dus gsum kun mkhyen o rgyan chen pos bslu med rdo rje'i lung gis yang yang bsngags shing*/_'jam pa'i dbyangs chos rgyal tshangs pa lha yi me tog gi 'bras bu mthar phyin pa'i phrin las mi zad pa rgyan gyi 'khor lo'i rnam 'phrul du gdod nas grub pa/_gangs can mgon po rgyal ba thams cad mkhyen cing gzigs pa chen po ngag gi dbang phyug rdo rje thogs med rtsal gyi dag pa ye shes kyi snang ngor shar ba'i yang gsang rgya can gyi chos sde nyi shu rtsa lnga'i bye brag rdo rje'i rgya can las mtsho skyes 'chi med rdo rje'i dbang bskur gsan pa'i ched du maN+Dal phul/_slob dpon mtsho skyes 'chi med rdo rje dngos su mos la gsol ba gdab pa 'di'i rjes zlos mdzod/_kyai/_bla ma sku gsum rigs 'dus kyi/_/dbang bskur dam pa bstsal nas ni/_/bdag cag dus min 'chi ba yi/_/'jigs pa'i tshogs las skyob tu gsol/_/lan gsum/_rgyud sbyang ba'i slad du bla ma dang dkyil 'khor gyi gtso bo mtsho skyes 'chi med rdo rje tha mi dad pa la rtsa gsum rgya mtsho'i tshogs kyis bskor ba mngon sum du bzhugs pa'i spyan sngar skyabs su 'gro ba 'di yi rjes zlos mdzod/_na mo/_chos sku snang ba sogs lan gsum/_mkha' khyab kyi sems can srid zhi'i 'jigs pa las bskyabs te mtsho skyes 'chi med rdo rje'i go 'phang la 'god pa'i ched gu ru'i rdo rje gsum gyi dkyil 'khor du 'jug pa'i phyir don gnyis dbyer med du sems bskyed pa 'di'i rjes zlos mdzod/_bdag gis mkha' mnyam sogs lan gsum/_rgyud yongs su dag pa'i slad du bsags sbyang gi snying po yan lag bcu pa 'di'i rjes zlos mdzod/_bla ma yi dam mkha' 'gro sogs lan gsum bya/_de nas dbang gi gzhi 'god pa ye shes pa dbab pa'i slad du dmigs pa 'di bzhin mdzod/_oM ma hA shU n+ya tas stong par sbyang la/_chos dbyings ngang las snang ba thugs rje che sogs las byang ltar/_yab yum 'khor du dpa' bo mkha' 'gros bskor/_zhes pa'i bar dang*/_de ltar gsal ba'i lha tshogs rnams kyi gnas gsum gyi yi ge'i 'od zer dang*/_slob dpon dkyil 'khor gyi lhar gsal ba'i thugs ka'i 'od zer gyis bskul te bde ba chen po'i nyams mchog tu 'bar ba'i 'od zer gyis ye shes sems dpa'i tshogs nam mkha' gang bar spyan drangs sib sib tu thim pas rgyud byin gyis brlabs par mos mdzod/_spos rol gdungs ba'i dbyangs dang bcas mda' dar g.yab ste/_hU~M hrIH_sku gsum yongs rdzogs mtsho skyes rdo rje yis/_/gsang ba'i dkyil 'khor 'di la byin chen phob/_/'chi med bsgrub pa'i rdzas la bkrag mdangs phyungs/_/dbang chen dbang bskur dbang dang dngos grub stsol/_oM AHhU~M hrIHbadz+ra gu ru A yur+dz+nyA na sid+d+hi pha la a we sha ya a aH_zhes pas byin dbab/_rdo rje spyi bor bzhag la/_tiSh+Tha badz+ras brtan par bya/_gnyis pa dngos gzhi dbang bskur ba dngos ni/_bla ma mtsho skyes 'chi med rdo rje'i rdo rje bzhi'i byin rlabs kyi dbang rdzogs par bskur ba la/_thog mar rdo rje'i sku yi byin gyis brlab pa'i ched du/_sku 'bag 'di nyid gu ru rin po che mtsho skyes 'chi med rdo rjer dngos su gyur pa spyi bor bzhag pas/_snang stong sku rdo rjes lus sprul skur byin gyis brlabs nas tha mal snang zhen gyi dri ma sbyangs/_gsal stong 'gag med rdo rje'i sku dang dbyer med du byin gyis brlabs par mos/_sku 'bag spyi bor bzhag ste/_hrIH_sku gsum rigs 'dus mtsho skyes rdo rje yi/_/mtshan bzang sku yi byin rlabs ma lus pa/_/dus 'dir skal ldan bu la bstsal nas kyang*/_/'gyur med sku yi tshe dbang thob par shog_/gong gi sngags sham du kA ya a b+hi Shiny+tsa oM/_rdo rje'i gsung gi byin gyis brlab pa'i slad du mdun bskyed kyi thugs kar nyi zla'i steng du thugs srog hrIHyig gi mthar rdo rje'i sngags kyi phreng ba 'khod pa las byung ba'i sngags rnams zhal nas thon/_khyed rang rnams kyi zhal du zhugs/_snying gar nyi zla'i steng du hrIHyig gsal ba'i mthar 'khod pas grags stong gsung rdo rjes ngag longs spyod rdzogs skur byin gyis brlabs/_tha mal gyi brjod pa'i zhen pa sbyangs/_grags stong 'gag med rdo rje'i gsung dang dbyer med du byin gyis brlabs pa'i mos pa dang bcas sngags 'di'i rjes zlos mdzod/_oM AHhU~M hrIHbadz+ra gu ru A yur+dz+nyA na sogs/_lan gsum bya/_byin rlabs brtan pa'i phyir phreng ba sngags kyi rnam pa mgrin par bzhag ste/_sku gsum rigs 'dus mtsho skyes rdo rje yi/_/tshangs dbyangs gsung gi byin rlabs ma lus pa/_/dus 'dir skal ldan bu la bstsal nas kyang*/_/'gag med gsung gi tshe dbang thob par shog_/gong gi sngags sham du/_wAka? a b+hi Shiny+tsa AH_rdo rje'i thugs ye shes kyi dgongs pas byin gyis brlab pa'i slad du bde stong ye shes kyi de nyid brda yis mtshon pa me long dwangs gsal snying gar bzhag pas/_bde stong thugs rdo rjes yid chos skur byin gyis brlabs/_tha mal gnyis snang gi 'khrul rtog sbyangs/_bde stong thugs rdo rje'i dgongs pa mngon gyur du byin gyis brlabs par mos mdzod/_sku gsum rigs 'dus mtsho skyes rdo rje yi/_/bde stong thugs kyi byin rlabs ma lus pa/_/dus 'dir skal ldan bu la bstsal nas kyang*/_/'khrul med thugs kyi tshe dbang thob par shog_/sngags sham du/_tsit+ta a b+hi Shiny+tsa hU~M/_dbyer med ye shes rdo rjes byin gyis brlab pa'i slad du/_sku gsum dbyer med bla ma mtsho skyes 'chi med rdo rje'i ye shes rdo rje'i ngo bo snod bcud yongs rdzogs bum pas dbang bskur bas/_sgo gsum ye shes rdo rje'i rang bzhin du byin gyis brlabs/_sgrib gnyis bag chags dang bcas pa sbyangs/_ye shes rdo rje'i gsang gsum mi zad rgyan gyi 'khor lo dang gnyis su med par byin gyis brlabs pa'i mos pa mdzod/_bum pa spyi bor bzhag la/_oM/_rin chen bum pa zlum po gzhal yas khang*/_/sku gsum lha tshogs 'chi med bdud rtsi'i rgyun/_/nyon mongs gnyis 'dzin dri ma kun dag nas/_/'chi med ye shes tshe yi dbang thob shog_/gong gi sngags mjug tu/_ka lA sha a b+hi Shiny+tsa oM AHhU~M hrIH_zhes dbang bskur bas 'chi med bdud rtsis lus gang lhag ma spyi bor 'khyil ba las rta mgo ljang zhur rta skad 'tsher ba'i steng du rta mgrin dmar po g.yas be con dang g.yon sdigs mdzub mdzad pa'i sku las rdo rje dang me yi tshwa tshwa 'phros pas slob ma'i lus bsrung bar bsam ste tshe mda' spyi bor rgya gram du bzhag cing*/_hrIH_/ye shes rdo rje 'bar ba'i sku/_/dus mtha'i me yi tshwa tshwa yis/_/gdon bgegs 'byung pos glags blta ba'i/_/go skabs dang bral bsrung bar gyur/_/hrIHh+ya gr-I wa rak+Sha rak+Sha/_zhes brjod/_dge legs su bya ba'i phyir shis pa brjod pas mnga' gsol bar mos shig_/'chi med tshe yi dpal la sogs brjod/_de dag gis mtsho skyes 'chi med rdo rje'i byin rlabs dbang bskur legs par grub pas dam tshig khas blang ba 'di'i rjes zlos mdzod/_gtso bos ji ltar sogs dang*/_maN+Dal/_lus 'bul/_dge bsngo rnams byas la slob ma grol/_slob dpon gyis tshogs la rol zhing lhag ma btang ba nas brtsams las byang mthar dbyung bas grub bo/__/'gyura~M meda~M dag chen nor bu'i me long ngogs/_/chos rgyun ting 'dzin gzugs brgya bkra bas shis/_/rmad byung thega~M mcho~Mg chos kyi bstana~M pa'i~M rgyan/_/grub gnyis rgyala~M mtsha~Mn mdzes pa'i dpal 'di rmad/_/thugs sgrub mtsho skyes 'chi med rdo rje'i sgrub thabs dang dbang gi le'u tshan no//_//

Footnotes

Other Information