DKR-KABUM-02-KHA-030

From Khyentse Lineage - A Tsadra Foundation Project
Revision as of 16:02, 7 November 2022 by Mort (talk | contribs)

Wylie title ' DKR-KABUM-02-KHA-030.pdf
Location dil mgo mkhyen brtse bka' 'bum
Volume 2, Text 30, Pages (Folios 1a to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. '. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: . Delhi: Shechen Publications, 1994.
Genre Guru Yoga Texts - bla ma'i rnal 'byor
[edit]
༄༅། །རིགས་གསུམ་བླ་མའི་རྣལ་འབྱོར་མཁྱེན་བརྩེ་ནུས་པའི་མཆོག་སྦྱིན་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་བུདྡྷ་བྷོ་དྷི་སཏྭ་བྷྱ། སྐལ་བཟང་གང་ཞིག་རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་བདག་ཉིད་རིགས་གསུམ་བླ་མའི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པས། ངེས་འབྱུང་དང༌། སྙིང་རྗེ། དད་པ་ཆེན་པོའི་གཞི་བཟུང་སྟེ། སྦྱོར་བ་སྐྱབས་སེམས་ནི། ན་མོ། སྐྱབས་གནས་ཀུན་འདུས་མཁྱེན་བརྩེ་ནུས་པའི་གཏེར། །རིགས་གསུམ་བླ་མའི་ཚོགས་ལ་སྐྱབས་སུ་མཆི། །ཁམས་གསུམ་འགྲོ་ཀུན་སྲིད་གསུམ་ལས་སྒྲོལ་ཕྱིར། །སྐུ་གསུམ་བླ་མའི་རྣལ་འབྱོར་བསྒོམ་པར་བགྱི། །ལན་གསུམ། དངོས་གཞི་བླ་མའི་རྣལ་འབྱོར་ལ་གསུམ་ལས། དང་པོ་ཚོགས་རྟེན་གསལ་བ་ནི། ཨོཾ་མ་ཧཱ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། སྣང་སྲིད་རྣམ་དག་ལྷུན་གྲུབ་རྒྱལ་བའི་ཞིང༌། །དག་པ་རབ་འབྱམས་འོག་མིན་སྟུག་པོ་བཀོད། །རང་སྣང་རྣམ་དག་རྒྱན་བཀོད་ཚད་ལས་འདས། །རང་ཉིད་རྡོར་སེམས་ཕྱེད་སྐྱིལ་རྡོར་དྲིལ་མཚན། །གསལ་བའི་མདུན་མཁར་ཀུན་བཟང་མཆོད་སྤྲིན་དབུས། །རིན་ཆེན་སེང་ཁྲི་པད་ཟླ་བཀོད་ལེགས་དབུས། །རབ་འབྱམས་རྒྱལ་བའི་སྤྱི་གཟུགས་པདྨ་འབྱུང༌། །སྣང་སྲིད་ཟིལ་གནོན་རྡོ་རྗེ་ཐོད་བུམ་བསྣམས། །ཁ་ཊྭཱཾ་མཆན་བཅུག་རྒྱལ་པོ་རོལ་བའི་སྟབས། །པད་ཞྭ་རྒོད་ལྡེམ་ཁྲོ་འཛུམ་གཟི་བརྗིད་འབར། །ཐུགས་ཀར་ཡེ་ཤེས་སེམས་དཔའ་སྤྱན་རས་གཟིགས། །སེམས་ཉིད་ངལ་གསོ་དཀར་གསལ་ལོངས་སྐུའི་ཆས། །གཡས་གཡོན་མཆོག་སྦྱིན་སྐྱབས་སྦྱིན་པད་དཀར་འཛིན། །རི་དྭགས་ལྤགས་འཆང་པད་ཟླར་སེམས་སྐྱིལ་བཞུགས། །གཡས་སུ་ངག་དབང་རྣམ་པར་རྒྱལ་བའི་སྡེ། །ཞི་འཛུམ་སྨར་སྨིན་རབ་དཀར་གཟི་བརྗིད་འབར། །ཕྱག་གཉིས་ས་གནོན་མཉམ་བཞག་ཚེ་བུམ་འཛིན། །སྒོམ་ཞྭ་ཆོས་གོས་རྣམ་པ་གསུམ་གྱིས་བཀླུབས། །ཐུགས་ཀར་མཐུ་སྟོབས་ནུས་གཏེར་གསང་བའི་བདག །སྔོ་སངས་ལོངས་སྐུའི་ཆ་བྱད་རྡོར་དྲིལ་འཛིན། །སེམས་སྐྱིལ་པདྨ་ཟླ་བའི་གདན་སྟེང་བཞུགས། །ཡེ་ཤེས་མེ་འོད་འཕྲོ་བཞིན་གསལ་བར་གྱུར། །གུ་རུའི་གཡོན་དུ་པདྨ་མདོ་སྔགས་གླིང༌། །གཞོན་ཚུལ་པད་ཞྭ་གོས་དཀར་ལྕང་ལོ་ཅན། །གཡས་གཡོན་པད་སྡོང་རལ་པོད་ཚེ་བུམ་འཛིན། །ཞབས་ཟུང་སྐྱིལ་ཀྲུང་བྱིན་རླབས་བདུད་རྩིའི་གཏེར། །ཐུགས་ཀར་འཇམ་དཔལ་རྡོ་རྗེ་ལི་ཁྲིའི་མདོག །ལོངས་སྐུའི་ཆས་ཅན་རལ་གྲི་གླེགས་བམ་བསྣམས། །ཞི་མཛེས་གཞོན་ནུ་ལོངས་སྤྱོད་རྫོགས་པའི་ཆས། །རྡོ་རྗེའི་སྐྱིལ་ཀྲུང་པདྨ་ཟླ་སྟེང་བཞུགས། །འཁོར་དུ་རྩ་གསུམ་སངས་རྒྱས་བྱང་ཆུབ་སེམས། །ཡེ་ཤེས་ཆོས་སྐྱོང་བཀའ་དྲིན་རྨད་བྱུང་བའི། །སྐྱེས་ཆེན་རིས་མེད་འཁོར་ཚོགས་དང་བཅས་ཀུན། །མ་འདྲེས་ཏིལ་གྱི་གོང་བུ་བཞིན་དུ་བཞུགས། །གཉིས་པ་བསགས་སྦྱང་ནི། སངས་རྒྱས་ཕྲིན་ལས་དད་པའི་སྣང་ངོ་རུ། །འདུ་འབྲལ་མེད་པར་བཞུགས་པའི་ཕྱག་གིས་བཏུད། །སྒོ་གསུམ་ལོངས་སྤྱོད་ལེགས་པའི་ཆ་ཐམས་ཅད། །རྒྱལ་ཀུན་དགྱེས་བསྐྱེད་མཆོད་པའི་ཚུལ་དུ་འབུལ། །སྒོ་གསུམ་ནོངས་པར་སྤྱོད་པའི་ལས་མཐའ་དག །གཉེན་པོ་སྟོབས་བཞིའི་ཡན་ལག་རྫོགས་པས་བཤགས། །དུས་གསུམ་ལེགས་བྱས་ཀུན་ལ་རྗེས་ཡི་རང༌། །འགྲོ་བློའི་མོས་པ་དང་མཐུན་ཆོས་འཁོར་བསྐོར། །འཁོར་བ་ཇི་སྲིད་མྱ་ངན་མི་འདའ་བཞུགས། །ལེགས་བྱས་གང་མཆིས་བླ་མའི་རྣམ་ཐར་བཞིན། །མཁའ་ཁྱབ་སེམས་ཅན་ཀུན་གྱིས་སྤྱོད་ཕྱིར་བསྔོ། །གསུམ་པ་གསོལ་བ་གདབ་པ་ནི། རྒྱལ་བ་རྒྱ་མཚོའི་སྤྱི་གཟུགས་འཇིག་རྟེན་དབང༌། །རྡོ་རྗེའི་སློབ་དཔོན་ཚུལ་འཛིན་པདྨ་འབྱུང༌། །སྲིད་ཞི་ཉེར་འཚོའི་རྟེན་གྱུར་སྙིགས་མའི་སྐྱབས། །རྩ་གསུམ་ཀུན་འདུས་མགོན་གཅིག་གསོལ་བ་འདེབས། །སངས་རྒྱས་ཀུན་གྱི་གསང་བའི་མཛོད་འཛིན་ཅིང༌། །བདུད་འདུལ་མཐུ་སྟོབས་རྨད་བྱུང་རྡོ་རྗེ་ཅན། །དཔལ་ལྡན་འབྲུག་པའི་དོན་བརྒྱུད་ཤིང་རྟ་ཆེ། །འཇིགས་བྲལ་ངག་དབང་རྣམ་རྒྱལ་གསོལ་བ་འདེབས། །ཕྱོགས་དུས་རྒྱལ་བའི་མཁྱེན་གཉིས་ཡེ་ཤེས་གཏེར། །ཆོས་དབྱིངས་ཀུན་ཁྱབ་འཇམ་དབྱངས་མཁྱེན་བརྩེའི་དབང༌། །རྨད་བྱུང་བྱིན་རླབས་སྣང་བས་དགྱེས་དགུར་བསྐྱངས། །པདྨ་མདོ་སྔགས་གླིང་པར་གསོལ་བ་འདེབས། །དོན་དམ་དབྱིངས་སུ་རྒྱལ་ཀུན་གཉིས་མེད་ཀྱང༌། །སྔོན་གྱི་ཐུགས་བསྐྱེད་གདུལ་བྱ་དུས་བབ་པས། །ཐུན་མིན་ཐུགས་བརྩེ་བཀའ་དྲིན་ཆེན་པོ་ཡིས། །བདག་ཅག་རྗེས་སུ་འཛིན་ལ་གསོལ་བ་འདེབས། །དང་པོ་སྨིན་གྲོལ་གདམས་པས་རྗེས་སུ་བཟུང༌། །བར་དུ་བསྐྱེད་རྫོགས་ཟབ་མོའི་ལམ་ལ་སྦྱོར། །འབྲེལ་ཚད་དོན་ལྡན་མཚུངས་མེད་གཏན་གྱི་སྐྱབས། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །བདག་ཅག་ཡང་དག་ཕན་བདེའི་སྣང་བས་རྒྱས། །མི་སློབ་འབྲས་བུའི་སར་སྦྱོར་བཀའ་དྲིན་ནི། །སངས་རྒྱས་ཀུན་ལས་ལྷག་པར་རྗེས་དྲན་པའི། །གདུང་ཤུགས་དྲག་པོས་གསོལ་བ་སྙིང་ནས་འདེབས། །རང་རྒྱུད་ལས་ཉོན་འཁྲུལ་པའི་འདམ་དུ་བྱིངས། །རྒྱལ་བསྟན་སྣང་བ་འགྲིབ་ལ་ཉེ་དུས་འདིར། །སྤྲིན་བར་ཉི་བཞིན་དགེ་བའི་བློ་སྐྱེས་པ། །གོང་འཕེལ་བླ་མའི་རྣམ་ཐར་སྤྱོད་ནུས་ཤོག །དད་དང་མོས་གུས་སྐྱ་རེངས་ཀྱིས་དྲངས་པས། །རྟོགས་པ་དོན་བརྒྱུད་ཉི་མ་སྙིང་ལ་ཤར། །ཐར་གྲོལ་པདྨའི་དགའ་ཚལ་དར་བབ་པས། །ཚེ་གཅིག་ཐེག་མཆོག་འབྲས་བུའི་སར་སྦྱོར་མཛོད། །མཚན་སྔགས་བཟླ་བར་སྤྲོ་ན། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་བཛྲ་མ་ཧཱ་གུ་རུ་ཝཱ་གིནྡྲ་བི་ཛ་ཡ་སརྦ་སིདྡྷི་ཧཱུྃ། ཨོཾ་བཛྲ་མ་ཧཱ་གུ་རུ་མངྒ་ལ་ཤྲཱི་བྷཱུ་ཏི་སརྦ་སིདྡྷི་ཧཱུྃ། ཅི་རིགས་དང༌། ཐུགས་ཀའི་ཡེ་ཤེས་སེམས་དཔའ་རྣམས་ལ་དམིགས་ཏེ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་བཛྲ་པཱ་ཎི་ཧཱུྃ། ཨོཾ་ཝཱ་གཱི་ཤྭ་རི་མཱུྃ༔ ཐུགས་ཡིད་བསྲེས་ཏེ་རྡོ་རྗེའི་བཟླས་པ་བྱ་བ་མན་ངག་གོ །ཅེས་ཕུར་ཚུགས་སུ་གསོལ་བ་གདབ། གསོལ་འདེབས་བསྡུས་པ་ལ་མོས་ན། སྤྱན་རས་གཟིགས་དངོས་ཨོ་རྒྱན་སངས་རྒྱས་གཉིས། །གསང་བའི་བདག་པོ་ངག་དབང་རྣམ་པར་རྒྱལ། །འཇམ་མགོན་བླ་མས་བྱིན་རླབས་མདོ་སྔགས་གླིང༌། །བཀའ་དྲིན་མཉམ་མེད་གསུམ་ལ་གསོལ་བ་འདེབས། །ཞེས་དང༌། རྗེ་བླ་མ་རྣམས་ཀྱི་སྐྱེས་ཕྲེང་དང༌། རྣམ་ཐར་གསོལ་འདེབས། བླ་མ་རྒྱང་འབོད་སོགས་སྦྱར་རོ། །གསུམ་པ་རྗེས་རིམ་དང་པོ་དབང་ལེན་ལ། མོས་གུས་ཤུགས་ཀྱིས་བླ་མ་འོད་དུ་ཞུ། དབུས་ཀྱི་ཐིག་ལེ་དཀར་གསལ་དཔྲལ་བར་ཐིམ། །བུམ་དབང་ཐོབ་པས་ལུས་རྩའི་སྒྲིབ་པ་དག །སྣང་སྲིད་བླ་མར་ཤར་བའི་བསྐྱེད་རིམ་གྱིས། །འབྲས་བུ་བླ་མ་སྤྲུལ་སྐུའི་གོ་འཕང་ཐོབ། །གཡོན་གྱི་ཐིག་ལེ་དམར་གསལ་མགྲིན་པར་ཐིམ། །གསང་དབང་ཐོབ་ཅིང་ངག་རླུང་སྒྲིབ་པ་དག །བདག་བྱིན་བརླབ་པའི་རྣལ་འབྱོར་མངོན་དུ་གྱུར། །འབྲས་བུ་བླ་མ་ལོངས་སྐུ་མངོན་སངས་རྒྱས། །གཡས་ཀྱི་ཐིག་ལེ་མཐིང་གསལ་སྙིང་གར་ཐིམ། །གསུམ་པའི་དབང་ཐོབ་ཡིད་ཐིག་སྒྲིབ་པ་དག །ཕོ་ཉའི་ལམ་གྱིས་འཕོ་མེད་བདེ་སྟོང་བསྐྱེད། །འབྲས་བུ་བླ་མ་ཆོས་སྐུའི་དགོངས་པ་རྟོགས། །རང་དང་བླ་མ་གཉིས་མེད་གཅིག་ཏུ་འདྲེས། །བཞི་པའི་དབང་གིས་སྣང་གསུམ་འཕོ་སྒྲིབ་སྦྱངས། །ཡིད་དཔྱོད་བློ་འདས་ཡེ་ཤེས་རྒྱུད་ལ་སྐྱེས། །འབྲས་བུ་བླ་མ་ངོ་བོ་ཉིད་སྐུར་སྨིན། །དུས་གསུམ་རྟོག་པས་མ་བསླད་གཉུག་མའི་སེམས། །གསལ་སྟོང་གཉིས་མེད་འཁོར་འདས་ཀུན་གྱི་གཞི། །ངེས་དོན་བླ་མ་གཞི་འབྲས་གཉིས་མེད་པའི། །རང་བབ་རྩོལ་སྒྲུབ་བྲལ་བའི་གཤིས་ལ་བལྟ། །ཨ་ཨ་ཨ། གཉིས་པ་བསྔོ་སྨོན་ནི། ལེགས་བྱས་སྙིང་པོ་བླ་མའི་རྣལ་འབྱོར་གྱིས། །ཅིར་སྣང་བླ་མར་ཤར་བའི་དག་སྣང་དང༌། །ཐུགས་ཡིད་གཅིག་ཏུ་འདྲེས་པའི་མྱུར་ལམ་གྱིས། །སྐུ་བཞིའི་གོ་འཕང་བདེ་བླག་བགྲོད་གྱུར་ཅིག །ཚེ་རབས་ཀུན་ཏུ་བླ་མས་རྗེས་སུ་བཟུང༌། །མཉེས་པ་གསུམ་གྱི་ཞབས་ཏོག་ཕུལ་ཕྱིན་ནས། །བྱང་ཆུབ་ལམ་གྱིས་ཡོན་ཏན་མཐར་ཕྱིན་ནས། །རིགས་གསུམ་བླ་མའི་གོ་འཕང་མངོན་གྱུར་ཤོག །ཅེས་པའང་དཔལ་ལྡན་འབྲུག་པ་ཕྱོགས་ལས་རྣམ་རྒྱལ་དུ་བཀའ་རྙིང་ཟུང་འཇུག་ཆོས་རྩེའི་བླ་མ་རྡོ་རྗེ་འཛིན་པ་བཀྲ་ཤིས་རྒྱལ་མཚན་ནས་རྒྱུ་མཚན་དང་བཅས་མཎྜལ་རྟེན་གསུམ་གྱིས་གསུང་བསྐུལ་ཡང་ཡང་གནང་བ་བཞིན་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་སྐུ་རྗེས་རྡོ་རྗེ་བརྩེགས་པའི་ཀེའུ་ཚང་ནས་ཁྱབ་བདག་རྫོགས་པའི་སངས་རྒྱས་རྒྱལ་ཚབ་ཆོས་ཀྱི་ཉི་མའི་སྐུ་མཆོད་དུ་རང་བྱུང་པདྨའི་སྙིང་ཐིག་གི་ཚོགས་འབུམ་ཕུལ་བའི་སྐབས་མངྒ་ལ་ཤྲཱི་བྷཱུ་ཏིས་བྲིས་པ་འདིས་ཀྱང་སྐྱེ་ཀུན་བླ་མ་དམ་པས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །
[edit]

@#/____/rigs gsum bla ma'i rnal 'byor mkhyen brtse nus pa'i mchog sbyin zhes bya ba bzhugs so// na mo gu ru bud+d+ha b+ho d+hi satwa b+h+ya/__skal bzang gang zhig rgyal kun mkhyen brtse nus pa'i bdag nyid rigs gsum bla ma'i rnal 'byor nyams su len par 'dod pas/__nges 'byung dang*/__snying rje/__dad pa chen po'i gzhi bzung ste/__sbyor ba skyabs sems ni/__na mo/__skyabs gnas kun 'dus mkhyen brtse nus pa'i gter/__/rigs gsum bla ma'i tshogs la skyabs su mchi/__/khams gsum 'gro kun srid gsum las sgrol phyir/__/sku gsum bla ma'i rnal 'byor bsgom par bgyi/__/lan gsum/__dngos gzhi bla ma'i rnal 'byor la gsum las/__dang po tshogs rten gsal ba ni/__oM ma hA shU n+ya ta dz+nyA na badz+ra swa b+hA wa at+ma ko\u0f85haM/__snang srid rnam dag lhun grub rgyal ba'i zhing*/__/dag pa rab 'byams 'og min stug po bkod/__/rang snang rnam dag rgyan bkod tshad las 'das/__/rang nyid rdor sems phyed skyil rdor dril mtshan/__/gsal ba'i mdun mkhar kun bzang mchod sprin dbus/__/rin chen seng khri pad zla bkod legs dbus/__/rab 'byams rgyal ba'i spyi gzugs pad+ma 'byung*/__/snang srid zil gnon rdo rje thod bum bsnams/__/kha T+wAM mchan bcug rgyal po rol ba'i stabs/__/pad zhwa rgod ldem khro 'dzum gzi brjid 'bar/__/thugs kar ye shes sems dpa' spyan ras gzigs/__/sems nyid ngal gso dkar gsal longs sku'i chas/__/g.yas g.yon mchog sbyin skyabs sbyin pad dkar 'dzin/__/ri dwags lpags 'chang pad zlar sems skyil bzhugs/__/g.yas su ngag dbang rnam par rgyal ba'i sde/__/zhi 'dzum smar smin rab dkar gzi brjid 'bar/__/phyag gnyis sa gnon mnyam bzhag tshe bum 'dzin/__/sgom zhwa chos gos rnam pa gsum gyis bklubs/__/thugs kar mthu stobs nus gter gsang ba'i bdag__/sngo sangs longs sku'i cha byad rdor dril 'dzin/__/sems skyil pad+ma zla ba'i gdan steng bzhugs/__/ye shes me 'od 'phro bzhin gsal bar gyur/__/gu ru'i g.yon du pad+ma mdo sngags gling*/__/gzhon tshul pad zhwa gos dkar lcang lo can/__/g.yas g.yon pad sdong ral pod tshe bum 'dzin/__/zhabs zung skyil krung byin rlabs bdud rtsi'i gter/__/thugs kar 'jam dpal rdo rje li khri'i mdog__/longs sku'i chas can ral gri glegs bam bsnams/__/zhi mdzes gzhon nu longs spyod rdzogs pa'i chas/__/rdo rje'i skyil krung pad+ma zla steng bzhugs/__/'khor du rtsa gsum sangs rgyas byang chub sems/__/ye shes chos skyong bka' drin rmad byung ba'i/__/skyes chen ris med 'khor tshogs dang bcas kun/__/ma 'dres til gyi gong bu bzhin du bzhugs/__/gnyis pa bsags sbyang ni/__sangs rgyas phrin las dad pa'i snang ngo ru/__/'du 'bral med par bzhugs pa'i phyag gis btud/__/sgo gsum longs spyod legs pa'i cha thams cad/__/rgyal kun dgyes bskyed mchod pa'i tshul du 'bul/__/sgo gsum nongs par spyod pa'i las mtha' dag__/gnyen po stobs bzhi'i yan lag rdzogs pas bshags/__/dus gsum legs byas kun la rjes yi rang*/__/'gro blo'i mos pa dang mthun chos 'khor bskor/__/'khor ba ji srid mya ngan mi 'da' bzhugs/__/legs byas gang mchis bla ma'i rnam thar bzhin/__/mkha' khyab sems can kun gyis spyod phyir bsngo/__/gsum pa gsol ba gdab pa ni/__rgyal ba rgya mtsho'i spyi gzugs 'jig rten dbang*/__/rdo rje'i slob dpon tshul 'dzin pad+ma 'byung*/__/srid zhi nyer 'tsho'i rten gyur snyigs ma'i skyabs/__/rtsa gsum kun 'dus mgon gcig gsol ba 'debs/__/sangs rgyas kun gyi gsang ba'i mdzod 'dzin cing*/__/bdud 'dul mthu stobs rmad byung rdo rje can/__/dpal ldan 'brug pa'i don brgyud shing rta che/__/'jigs bral ngag dbang rnam rgyal gsol ba 'debs/__/phyogs dus rgyal ba'i mkhyen gnyis ye shes gter/__/chos dbyings kun khyab 'jam dbyangs mkhyen brtse'i dbang*/__/rmad byung byin rlabs snang bas dgyes dgur bskyangs/__/pad+ma mdo sngags gling par gsol ba 'debs/__/don dam dbyings su rgyal kun gnyis med kyang*/__/sngon gyi thugs bskyed gdul bya dus bab pas/__/thun min thugs brtse bka' drin chen po yis/__/bdag cag rjes su 'dzin la gsol ba 'debs/__/dang po smin grol gdams pas rjes su bzung*/__/bar du bskyed rdzogs zab mo'i lam la sbyor/__/'brel tshad don ldan mtshungs med gtan gyi skyabs/__/rje btsun bla ma'i zhabs la gsol ba 'debs/__/bdag cag yang dag phan bde'i snang bas rgyas/__/mi slob 'bras bu'i sar sbyor bka' drin ni/__/sangs rgyas kun las lhag par rjes dran pa'i/__/gdung shugs drag pos gsol ba snying nas 'debs/__/rang rgyud las nyon 'khrul pa'i 'dam du byings/__/rgyal bstan snang ba 'grib la nye dus 'dir/__/sprin bar nyi bzhin dge ba'i blo skyes pa/__/gong 'phel bla ma'i rnam thar spyod nus shog__/dad dang mos gus skya rengs kyis drangs pas/__/rtogs pa don brgyud nyi ma snying la shar/__/thar grol pad+ma'i dga' tshal dar bab pas/__/tshe gcig theg mchog 'bras bu'i sar sbyor mdzod/__/mtshan sngags bzla bar spro na/__oM AHhU~M badz+ra gu ru pad+ma sid+d+hi hU~M:___oM badz+ra ma hA gu ru wA gin+d+ra bi dza ya sarba sid+d+hi hU~M/__oM badz+ra ma hA gu ru mang+ga la shrI b+hU ti sarba sid+d+hi hU~M/__ci rigs dang*/__thugs ka'i ye shes sems dpa' rnams la dmigs te/__oM ma Ni pad+me hU~M/__oM badz+ra pA Ni hU~M/__oM wA gI shwa ri mU~M:__thugs yid bsres te rdo rje'i bzlas pa bya ba man ngag go__/ces phur tshugs su gsol ba gdab/__gsol 'debs bsdus pa la mos na/__spyan ras gzigs dngos o rgyan sangs rgyas gnyis/__/gsang ba'i bdag po ngag dbang rnam par rgyal/__/'jam mgon bla mas byin rlabs mdo sngags gling*/__/bka' drin mnyam med gsum la gsol ba 'debs/__/zhes dang*/__rje bla ma rnams kyi skyes phreng dang*/__rnam thar gsol 'debs/__bla ma rgyang 'bod sogs sbyar ro/__/gsum pa rjes rim dang po dbang len la/__mos gus shugs kyis bla ma 'od du zhu/__dbus kyi thig le dkar gsal dpral bar thim/__/bum dbang thob pas lus rtsa'i sgrib pa dag__/snang srid bla mar shar ba'i bskyed rim gyis/__/'bras bu bla ma sprul sku'i go 'phang thob/__/g.yon gyi thig le dmar gsal mgrin par thim/__/gsang dbang thob cing ngag rlung sgrib pa dag__/bdag byin brlab pa'i rnal 'byor mngon du gyur/__/'bras bu bla ma longs sku mngon sangs rgyas/__/g.yas kyi thig le mthing gsal snying gar thim/__/gsum pa'i dbang thob yid thig sgrib pa dag__/pho nya'i lam gyis 'pho med bde stong bskyed/__/'bras bu bla ma chos sku'i dgongs pa rtogs/__/rang dang bla ma gnyis med gcig tu 'dres/__/bzhi pa'i dbang gis snang gsum 'pho sgrib sbyangs/__/yid dpyod blo 'das ye shes rgyud la skyes/__/'bras bu bla ma ngo bo nyid skur smin/__/dus gsum rtog pas ma bslad gnyug ma'i sems/__/gsal stong gnyis med 'khor 'das kun gyi gzhi/__/nges don bla ma gzhi 'bras gnyis med pa'i/__/rang bab rtsol sgrub bral ba'i gshis la blta/__/a a a/__gnyis pa bsngo smon ni/__legs byas snying po bla ma'i rnal 'byor gyis/__/cir snang bla mar shar ba'i dag snang dang*/__/thugs yid gcig tu 'dres pa'i myur lam gyis/__/sku bzhi'i go 'phang bde blag bgrod gyur cig__/tshe rabs kun tu bla mas rjes su bzung*/__/mnyes pa gsum gyi zhabs tog phul phyin nas/__/byang chub lam gyis yon tan mthar phyin nas/__/rigs gsum bla ma'i go 'phang mngon gyur shog__/ces pa'ang dpal ldan 'brug pa phyogs las rnam rgyal du bka' rnying zung 'jug chos rtse'i bla ma rdo rje 'dzin pa bkra shis rgyal mtshan nas rgyu mtshan dang bcas maN+Dal rten gsum gyis gsung bskul yang yang gnang ba bzhin o rgyan chos kyi rgyal po'i sku rjes rdo rje brtsegs pa'i ke'u tshang nas khyab bdag rdzogs pa'i sangs rgyas rgyal tshab chos kyi nyi ma'i sku mchod du rang byung pad+ma'i snying thig gi tshogs 'bum phul ba'i skabs mang+ga la shrI b+hU tis bris pa 'dis kyang skye kun bla ma dam pas rjes su 'dzin pa'i rgyur gyur cig__/

Footnotes

Other Information