JKCL-KABUM-12-NA-076

From Khyentse Lineage - A Tsadra Foundation Project
Revision as of 17:12, 17 November 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title JKCL-KABUM-12-NA-076.pdf
Location chos kyi blo gros bka' 'bum
Volume Expression error: Unrecognized word "na"., Text 76, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre "NA" is not a number.

1 Texts in this Section (sde tshan or chos tshan)

"NA" is not a number.

[edit]
གཏེར་གྱི་བསྟན་རྒྱས་སྨོན་ལམ་བཀྲ་ཤིས་ལྷ་ཡི་རྔ་ཆེན་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི། རིག་འཛིན་རྩ་བརྒྱུད་མཁའ་ལ་སྤྲིན་ལྟར་དཀྲིགས། །ཡི་དམ་ལྷ་ཚོགས་ཞི་ཁྲོའི་གར་བསྒྱུར་ཞིང་། །མཁའ་འགྲོ་ཆོས་སྐྱོངས་རྡུལ་གྱི་གྲངས་སྙེད་རྣམས། །ཐུགས་དམ་ཐུགས་རྗེས་དགོངས་པར་མཛད་དུ་གསོལ། །རྩ་གསུམ་ཀུན་འདུས་ཨོ་རྒྱན་རྡོ་རྗེ་འཆང་། །གང་གི་ཡེ་ཤེས་སྒྱུ་མའི་རྣམ་པར་འཕྲུལ། །ལྷ་ཡི་སྲས་པོ་མུ་ཏིག་བཙད་པོ་ཡི། །རྣམ་རོལ་བྱང་ཆུབ་རྡོ་རྗེ་ཞབས་བརྟན་གསོལ། །མ་ཧཱ་གུ་རུའི་ཐུགས་ཀྱི་གསང་བའི་མཛོད། །ཌཱ་ཀི་འབུམ་གྱི་སྙིང་ཁྲག་དྭངས་མའི་བཅུད། །ཐུགས་གཏེར་ཆེན་པོ་བླ་མེད་ཡང་ཏིག་ཅེས། །སྔོན་མེད་ངོ་མཚར་ཟབ་དང་རྒྱ་ཆེ་བ། །ཡི་དམ་བཀའ་འདུས་མཁའ་འགྲོ་རྒྱ་མཚོ་དང་། །དྲག་སྔགས་དགོངས་པ་འདུས་པ་ལ་སོགས་པ། །སྲེད་ལེན་མེད་པའི་བརྡའ་ཡི་རི་མོ་ལས། །འཛད་མེད་ཆོས་ཀྱི་གཏེར་མཛོད་ཆེན་པོ་ཡིས། །དམ་ལྡན་སྐལ་བཟང་སློབ་ཚོགས་སྨིན་ཅིང་གྲོལ། །གདུལ་བྱ་མི་དང་མི་མིན་མཐའ་ཀླས་འདུལ། །ནག་ཕྱོགས་ལྷ་མིན་ཀླ་ཀློའི་གདུག་རྩུབ་ཞི། །རྒྱ་འདྲེ་འགོངས་པོའི་རྒྱུ་བ་རབ་བཅད་དེ། །བོད་ཁམས་མཐའ་དབུས་ཀུན་ཏུ་དགེ་ཞིང་ཤིས། །བསྟན་འཛིན་སྐྱེས་རྣམས་སྐུ་ཚེ་བརྟན་པ་དང་། །ཆོས་སྐྱོང་རྒྱལ་པོའི་མངའ་ཐང་རབ་ཏུ་རྒྱས། །འཇིག་རྟེན་ཀུན་ཏུ་བདེ་དགེས་འབྱོར་པར་ཤོག །ཟབ་གཏེར་བསྟན་པ་མི་ནུབ་ཡུན་དུ་གནས། །ཆོས་ཀྱི་བྱིན་རླབས་གོང་ནས་གོང་དུ་འཕེལ། །འབྲེལ་པ་ཐོབ་ཚད་ཤིན་ཏུ་བཀྲ་ཤིས་ཤིང་། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་གྱུར་ཅིག །བདུད་འདུལ་བདེ་ཆེན་མཁའ་སྤྱོད་གླིང་པ་ཡི། །ཐུགས་གཏེར་ཆེན་པོ་ནོར་བུའི་མཛོད་ཆེན་རྣམས། །ཕྱོགས་དུས་ཀུན་ཏུ་དར་ཤིང་རྒྱས་པ་དང་། །བསྟན་པ་ཡུན་དུ་གནས་པའི་བཀྲ་ཤིས་ཤོག །ཅེས་ས་ཕོ་བྱི་བའི་ལོ་རྒྱལ་གྱི་ཟླ་བའི་ཚེས་བཅུ་བཟང་པོར་རིག་འཛིན་བླ་མ་ཉིད་ཀྱི་ཕྱག་བྲིས། སྐུ་གསུང་ཐུགས་རྟེན་འཆི་མེད་ཚེ་སྟོབས་བསྐྱེད་པའི་བཅུད་ལེན་རིལ་བུ་སོགས་གནང་འབྱོར་བྱུང་ཞིང་། ཟབ་གཏེར་གྱི་དཔེ་མཇལ་བ་ན་རབ་ཏུ་དྭངས་བས་མཚམས་སྦྱར་ཏེ། འཇམ་དབྱངས་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀུན་དགའ་ཕྲིན་ལས་རྒྱ་མཚོས་སྨོན་ཚིག་ཏུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།
[edit]

gter gyi bstan rgyas smon lam bkra shis lha yi rnga chen zhes bya ba bzhugs so/__/oM swasti/__rig 'dzin rtsa brgyud mkha' la sprin ltar dkrigs/__/yi dam lha tshogs zhi khro'i gar bsgyur zhing /__/mkha' 'gro chos skyongs rdul gyi grangs snyed rnams/__/thugs dam thugs rjes dgongs par mdzad du gsol/__/rtsa gsum kun 'dus o rgyan rdo rje 'chang /__/gang gi ye shes sgyu ma'i rnam par 'phrul/__/lha yi sras po mu tig btsad po yi/__/rnam rol byang chub rdo rje zhabs brtan gsol/__/ma hA gu ru'i thugs kyi gsang ba'i mdzod/__/DA ki 'bum gyi snying khrag dwangs ma'i bcud/__/thugs gter chen po bla med yang tig ces/__/sngon med ngo mtshar zab dang rgya che ba/__/yi dam bka' 'dus mkha' 'gro rgya mtsho dang /__/drag sngags dgongs pa 'dus pa la sogs pa/__/sred len med pa'i brda' yi ri mo las/__/'dzad med chos kyi gter mdzod chen po yis/__/dam ldan skal bzang slob tshogs smin cing grol/__/gdul bya mi dang mi min mtha' klas 'dul/__/nag phyogs lha min kla klo'i gdug rtsub zhi/__/rgya 'dre 'gongs po'i rgyu ba rab bcad de/__/bod khams mtha' dbus kun tu dge zhing shis/__/bstan 'dzin skyes rnams sku tshe brtan pa dang /__/chos skyong rgyal po'i mnga' thang rab tu rgyas/__/'jig rten kun tu bde dges 'byor par shog__/zab gter bstan pa mi nub yun du gnas/__/chos kyi byin rlabs gong nas gong du 'phel/__/'brel pa thob tshad shin tu bkra shis shing /__/rang gzhan don gnyis lhun gyis grub gyur cig__/bdud 'dul bde chen mkha' spyod gling pa yi/__/thugs gter chen po nor bu'i mdzod chen rnams/__/phyogs dus kun tu dar shing rgyas pa dang /__/bstan pa yun du gnas pa'i bkra shis shog__/ces sa pho byi ba'i lo rgyal gyi zla ba'i tshes bcu bzang por rig 'dzin bla ma nyid kyi phyag bris/__sku gsung thugs rten 'chi med tshe stobs bskyed pa'i bcud len ril bu sogs gnang 'byor byung zhing /__zab gter gyi dpe mjal ba na rab tu dwangs bas mtshams sbyar te/__'jam dbyangs mkhyen brtse'i sprul ming 'dzin pa 'jam dbyangs chos kyi blo gros kun dga' phrin las rgya mtshos smon tshig tu bris pa dge legs su gyur cig__/sarba dA mang+ga laM//___//

Footnotes

Other Information