JKCL-KABUM-12-NA-075

From Khyentse Lineage - A Tsadra Foundation Project

གཏེར་ཆེན་སྟག་ཤམ་ནུས་ལྡན་རྡོ་རྗེའི་ཟབ་གཏེར་བསྟན་པ་རྒྱས་པའི་སྨོན་ལམ་ལྷ་ཡི་རྔ་ཆེན།
Wylie title gter chen stag sham nus ldan rdo rje'i zab gter bstan pa rgyas pa'i smon lam lha yi rnga chen JKCL-KABUM-12-NA-075.pdf
Location chos kyi blo gros bka' 'bum
Volume 12, Text 75, Pages 343-344 (Folios 1a1 to 1b6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. gter chen stag sham nus ldan rdo rje'i zab gter bstan pa rgyas pa'i smon lam lha yi rnga chen. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 12: 343-344. Bir, H.P.: Khyentse Labrang, 2012.
Genre Prayers - smon lam
Colophon

།ཅེས་པའང་མཚོ་ཁ་བླ་མ་ལུང་དང་རྟོགས་པའི་དབང་ཕྱུག་སྐལ་བཟང་འགྱུར་མེད་ནས་བཀྲ་ཤིས་པའི་ལྷ་རྫས་རིན་གཉིས་མེ་ཏོག་བཅས་བསྐུལ་ངོར་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པ་དགེ་ལེགས་གྱུར་ཅིག །མངྒ་ལཾ།།

/ces pa'ang mtsho kha bla ma lung dang rtogs pa'i dbang phyug skal bzang 'gyur med nas bkra shis pa'i lha rdzas rin gnyis me tog bcas bskul ngor mkhyen brtse'i sprul ming 'dzin pa chos kyi blo gros pas gsol ba btab pa dge legs gyur cig__/mang+ga laM//

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
གཏེར་ཆེན་སྟག་ཤམ་ནུས་ལྡན་རྡོ་རྗེའི་ཟབ་གཏེར་བསྟན་པ་རྒྱས་པའི་སྨོན་ལམ་ལྷ་ཡི་རྔ་ཆེན་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ། མཁའ་ཁྱབ་ཞིང་བཞུགས་རྩ་གསུམ་རབ་འབྱམས་ཀྱི། །ཡེ་ཤེས་གཅིག་བསྡུས་དཀྱིལ་འཁོར་རྒྱ་མཚོའི་བདག །ལྷར་བཅས་སྲིད་དང་ཞི་བའི་གཙུག་གི་རྒྱན། །ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་ཤིས་པ་སྩོལ། །ལྔ་བརྒྱ་ཐ་མ་གདུལ་དཀའི་སེམས་ཅན་རྣམས། །སྐྱོབས་མཛད་པད་འབྱུང་དངོས་སྣང་བསམ་གཏན་གླིང་། །རིག་འཛིན་སྟག་ཤམ་ནུས་ལྡན་རྡོ་རྗེ་ཡི། །ཟབ་གཏེར་བསྟན་པ་མི་ནུབ་དར་རྒྱས་ཤོག །བསྐྱེད་དང་རྫོགས་དང་རྫོགས་པ་ཆེན་པོ་ཡི། །རྒྱུད་ལུང་མན་ངག་རྒྱ་མཚོ་བསྲུབ་པའི་བཅུད། །བླ་རྫོགས་ཐུགས་གསུམ་ནོར་བུའི་ལྷུན་པོ་ཡི། །ཟབ་གཏེར་བསྟན་པ་མི་ནུབ་དར་རྒྱས་ཤོག །པདྨ་གསུང་གི་སྒྲུབ་སྡེའི་ཡང་སྙིང་མཆོག །རིག་འཛིན་གྲུབ་ཐོབ་བྱེ་བའི་ཐུགས་ཁྲག་ནི། །ཡི་དམ་དབང་ཆེན་གསང་སྔགས་དགོངས་འདུས་ཀྱི། །ཟབ་གཏེར་བསྟན་པ་མི་ནུབ་དར་རྒྱས་ཤོག །བྱིན་རླབས་རྩ་བ་བླ་མ་ཞི་དྲག་དང་། །དངོས་གྲུབ་འབྱུང་གནས་ཡི་དམ་ཞི་དང་ཁྲོ། །ཕྲིན་ལས་དཔལ་སྟེར་མཁའ་འགྲོ་ཆོས་སྐྱོང་གི །ཟབ་གཏེར་བསྟན་པ་མི་ནུབ་དར་རྒྱས་ཤོག །རྒྱུད་ཀྱི་བཤད་བཀའ་དབང་གི་ཆུ་བོ་དང་། །གདམས་ངག་ཉམས་ལེན་སྒྲུབ་ཕྲིན་ཕྱག་བཞེས་བཅས། །སྔ་འགྱུར་བཀའ་བབ་ཆུ་བོ་རྣམ་བཞི་ཡི། །ཟབ་གཏེར་བསྟན་པ་མི་ནུབ་དར་རྒྱས་ཤོག །བསྙེན་སྒྲུབ་ཏིང་འཛིན་དཔག་བསམ་རྒྱས་པའི་རྩེར། །མཆོག་ཐུན་དངོས་གྲུབ་འབྲས་བུའི་ཁུར་གྱིས་ལྕི། །སེལ་མེད་བརྒྱུད་པའི་བྱིན་རླབས་འདོད་རྒུ་འཇོ། །ཟབ་གཏེར་བསྟན་པ་མི་ནུབ་དར་རྒྱས་ཤོག །འདི་འཛིན་འཆད་སྤེལ་དཔེ་ཙམ་བཞུགས་པ་ཡི། །ཡུལ་ཕྱོགས་གང་དེར་ནད་མུག་མཚོན་འཁྲུགས་ཞི། །ལྷ་མིན་ཀླ་ཀློ་བདུད་སྡེ་མཐར་བྱེད་པའི། །ཟབ་གཏེར་བསྟན་པ་མི་ནུབ་དར་རྒྱས་ཤོག །ཇི་སྲིད་འཁོར་བ་སྟོང་པར་མ་གྱུར་བར། །དེ་སྲིད་དམ་པའི་ཆོས་འདི་མི་ནུབ་ཅིང་། །སྨིན་ཅིང་གྲོལ་བའི་ཕྲིན་ལས་རླབས་པོ་ཆེའི། །ཟབ་གཏེར་བསྟན་པ་མི་ནུབ་དར་རྒྱས་ཤོག །གཏེར་འབྱིན་རྒྱ་མཚོའི་འཁོར་ལོས་བསྒྱུར་བ་ནི། །དཔལ་ཆེན་རྡོ་རྗེ་གྲོ་ལོད་སྟག་ཤམ་རྗེའི། །ཟབ་གཏེར་བསྟན་པས་ཛམ་གླིང་ཁྱབ་པ་དང་། །ཕྱོགས་དུས་ཀུན་ཏུ་བཀྲ་ཤིས་བདེ་ལེགས་ཤོག །ཅེས་པའང་མཚོ་ཁ་བླ་མ་ལུང་དང་རྟོགས་པའི་དབང་ཕྱུག་སྐལ་བཟང་འགྱུར་མེད་ནས་བཀྲ་ཤིས་པའི་ལྷ་རྫས་རིན་གཉིས་མེ་ཏོག་བཅས་བསྐུལ་ངོར་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པ་དགེ་ལེགས་གྱུར་ཅིག །མངྒ་ལཾ།། །།
[edit]

gter chen stag sham nus ldan rdo rje'i zab gter bstan pa rgyas pa'i smon lam lha yi rnga chen zhes bya ba bzhugs so/__/na mo gu ru/__mkha' khyab zhing bzhugs rtsa gsum rab 'byams kyi/__/ye shes gcig bsdus dkyil 'khor rgya mtsho'i bdag__/lhar bcas srid dang zhi ba'i gtsug gi rgyan/__/o rgyan mtsho skyes rdo rjes shis pa stsol/__/lnga brgya tha ma gdul dka'i sems can rnams/__/skyobs mdzad pad 'byung dngos snang bsam gtan gling /__/rig 'dzin stag sham nus ldan rdo rje yi/__/zab gter bstan pa mi nub dar rgyas shog__/bskyed dang rdzogs dang rdzogs pa chen po yi/__/rgyud lung man ngag rgya mtsho bsrub pa'i bcud/__/bla rdzogs thugs gsum nor bu'i lhun po yi/__/zab gter bstan pa mi nub dar rgyas shog__/pad+ma gsung gi sgrub sde'i yang snying mchog__/rig 'dzin grub thob bye ba'i thugs khrag ni/__/yi dam dbang chen gsang sngags dgongs 'dus kyi/__/zab gter bstan pa mi nub dar rgyas shog__/byin rlabs rtsa ba bla ma zhi drag dang /__/dngos grub 'byung gnas yi dam zhi dang khro/__/phrin las dpal ster mkha' 'gro chos skyong gi__/zab gter bstan pa mi nub dar rgyas shog__/rgyud kyi bshad bka' dbang gi chu bo dang /__/gdams ngag nyams len sgrub phrin phyag bzhes bcas/__/snga 'gyur bka' bab chu bo rnam bzhi yi/__/zab gter bstan pa mi nub dar rgyas shog__/bsnyen sgrub ting 'dzin dpag bsam rgyas pa'i rtser/__/mchog thun dngos grub 'bras bu'i khur gyis lci/__/sel med brgyud pa'i byin rlabs 'dod rgu 'jo/__/zab gter bstan pa mi nub dar rgyas shog__/'di 'dzin 'chad spel dpe tsam bzhugs pa yi/__/yul phyogs gang der nad mug mtshon 'khrugs zhi/__/lha min kla klo bdud sde mthar byed pa'i/__/zab gter bstan pa mi nub dar rgyas shog__/ji srid 'khor ba stong par ma gyur bar/__/de srid dam pa'i chos 'di mi nub cing /__/smin cing grol ba'i phrin las rlabs po che'i/__/zab gter bstan pa mi nub dar rgyas shog__/gter 'byin rgya mtsho'i 'khor los bsgyur ba ni/__/dpal chen rdo rje gro lod stag sham rje'i/__/zab gter bstan pas dzam gling khyab pa dang /__/phyogs dus kun tu bkra shis bde legs shog__/ces pa'ang mtsho kha bla ma lung dang rtogs pa'i dbang phyug skal bzang 'gyur med nas bkra shis pa'i lha rdzas rin gnyis me tog bcas bskul ngor mkhyen brtse'i sprul ming 'dzin pa chos kyi blo gros pas gsol ba btab pa dge legs gyur cig__/mang+ga laM//___//

Footnotes

Other Information